ཟླ་བ་གཞོན་ནུ།
རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ལོ་ཙཱའི་ཚད་གཞིའི་ལྟ་བ་མང་དུ་སྣང་ལ་དེ་ལས་ཀྱང་རྒྱ་ནག་ཏུ་ཆེས་གྲགས་ཆེ་ཞིང་ཚད་མར་འཛིན་པ་ཞིག་ཡོད་པ་ནི་(信达雅)༼བསྟུན་མཚོན་སྙན༽་སྟེ། མ་ཡིག་ལ་བསྟུན་པ་དང་བསྒྱུར་མར་འབྲེལ་ཆགས་པ། ཚིག་སྦྱོར་སྙན་ཞིང་འཇེབས་པ་བཅས་ཡིན་ལ། དེར་བསྟན་པའི་མ་ཡིག་ལ་བསྟུན་དགོས་ཞེས་པ་དེས་གཙོ་བོ་མ་ཡིག་གི་བརྗོད་དོན་དང་བསྒྱུར་ཡིག་གཉིས་འགལ་མི་རུང་བ་མཚོན་ཞིང༌། དེ་ནི་རྒྱ་ནག་ལོ་ཙཱ་བ་རྣམས་ཀྱིས་ཚད་འཛིན་སའི་གཞི་དང་ཁུངས་གཏུགས་སའི་ཚད་གཞི་ཞིག་ཡིན་པར་མ་ཟད་ལོ་ཙཱའི་བྱ་བར་མཛུབ་སྟོན་བྱེད་སའི་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུར་བརྩིས་ཡོད་པས། ཀོ་མའོ་རོ་ཡིས་”མ་བསྟུན(信)ན་འཆད་བསྒྱུར་དང་འཁྲུལ་བསྒྱུར་ཡིན་ལ། མཚོན་(达)མ་ནུས་ན་རྫོབ་བསྒྱུར་དང་བཙན་བསྒྱུར་ཡིན། དེ་མིན་སྙན་(雅)པའམ་བརྗོད་མ་བདེ་ན་ཉོག་གཏམ་དུ་འགྲོ་སྲིད།”ཅེས་གསུངས་ཡོད་པ་བཞིན་ནོ།། ད་དུང་ཁྲིན་ཀྲེན་ཆིས་ཀྱང་”ཡིག་སྒྱུར་སྐབས་གོ་བ་ལེན་པ་དང་ཕྱིར་མཚོན་བར་གྱི་འགལ་བ་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་རྩོམ་གྱི་ཉམས་འགྱུར་དང་ནང་དོན་སོགས་བསྒྱུར་ཡིག་ཁྲོད་མ་ཡིག་ལ་བསྟུན་དགོས་སོ།། དེ་ནི་ལོ་ཙཱའི་རེ་འདུན་ཡིན་པར་མ་ཟད་ལོ་ཙཱའི་ཚད་གཞི་འང་ཡིན”ཞེས་གསུངས་ཡོད།
ལྷག་པར་དུ་ཕྱི་རྒྱལ་ན་ཡིག་བསྒྱུར་གྱི་ཚད་གཞིའི་སྐོར་ཤིན་ཏུ་མང་ལ་རེ་རེས་ཀྱང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནུས་པ་བསམ་གྱི་མི་ཁྱབ་པ་འདོན་བཞིན་ཡོད་ནའང་དེང་སང་ཆེས་གྲགས་ཆ་ཨ་མེ་རི་ཀའི་ལོ་ཙཱ་བ་ཆེན་མོ་ནེ་ཏཱ་མཆོག་གིས་”ལོ་ཙཱ་ཞེས་པ་ནི་བསྒྱུར ་བྱ་མ་ཡིག་གི་སྐད་ལས་བྱུང་བའི་འཕྲིན་བརྡ་རེ་རེ་ལ་ཆེས་ཉེར་མཚུངས་དང་ཆེས་བབ་ཆགས་ཡིན་པའི་སྐད་དོད་དོ་མཉམ་ཞིག་བཙལ་ནས་བསྒྱུར་ཡིག་ཁྲོད་ཇི་ལྟ་བ་བཞིན་བསྐྱར་འདོན་བྱེད་པ་ཞིག་ཡིན་”ཞེས་བསྟན་ཡོད་ལ། འདིར་”ཆེས་བབ་ཆགས་”ཞེས་པ་ཡིས་བསྒྱུར་ཡིག་གི་རྗེས་ཤུལ་མེད་པ་མཚོན་ཞིང༌། ”ཆེས་ཉེར་མཚུངས་”ཞེས་པ་ཡིས་ནང་དོན་མ་ཡིག་ལ་བསྟུན་པ་ནི་ལོ་ཙཱའི་སྲོག་ཤིང་ཡིན་པ་བསྟན་ཡོད། ”ཆེས་ཉེར་མཚུངས་”ཡིན་ནའང་འདྲ། ”ཆེས་བབ་ཆགས་”ཡིན་ནའང་འདྲ། གང་ལྟར་གཉིས་ཀས་”དོ་མཉམ་གྱི་སྐད་ཆ་ལ་”ཡོངས་སུ་རམ་འདེགས་བྱེད་པ་ཞིག་ཡིན། སྤྱིར་ཡིག་སྒྱུར་གྱི་ལག་ལེན་ཁྲོད་མཐར་ཐུག་གི་དོ་མཉམ་གྱི་སྐད་ཆ་ཞིག་མེད་ནའང༌། སྒྱུར་བ་བོས་ངེས་པར་དུ་ཆེས་བབ་ཆགས་དང་ཆེས་ཉེར་མཚུངས་ཀྱི་དོ་མཉམ་སྐད་ཆར་ནུས་ཤུགས་གོང་ཡོད་འདོན་དགོས་པ་ཞིག་ཡིན་ནོ།།
ལོ་ཙཱ་བའི་བླང་བྱ་འགའ།
༡༽ ཡིག་སྒྱུར་གྱི་ལག་ལེན་ཁྲོད་ཡང་དག་སྒོད་མ་ཡིག་ལ་གོ་བ་ལེན་རྒྱུ་ནི་མཚོན་སྟངས་ཡང་དག་ཅིག་གི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གོ་བ་ཡང་དག་བླངས་བའི་རྨང་གཞིའི་སྟེང་མཚོན་སྟངས་ཡང་དག་ཅིག་ལ་བརྩོན་ལེན་བྱེད་རྒྱུ་ནི་བསྒྱུར་ཡིག་བཟང་ཤོས་ཤིག་གི་གཞི་རྩའི་རྩ་དོན་ཡིན།
༢༽ དེ་ཡང་མ་རྩོམ་གྱི་སྐད་ཆ་བརྒྱུད་དེ་མ་རྩོམ་གྱི་དགོངས་གཞིའི་ནང་དོན་ལ་གོ་བ་ལེན་པ་དང་བསྒྱུར་ཡིག་གི་སྐད་ཆའི་རྣམ་པ་བརྒྱུད་དེ་མ་རྩོམ་གྱི་དགོངས་གཞིའི་ནང་དོན་ཕྱིར་མཚོན་བྱེད་རྒྱུ་ནི་ཡིག་སྒྱུར་ལག་ལེན་གྱི་གོ་རིམ་ཤིག་ཡིན།
༣༽ ལོ་ཙཱའི་བྱ་བ་གང་དང་གང་ཡིན་རུང་དེའི་དམིགས་ཡུལ་གཏད་ས་བསྒྱུར་བྱའི་དོན་སོར་འཇོག་དང༌། བསྟན་དོན་གང་ཡིན་པ་དེ་ཇི་ལྟ་བ་བཞིན་བསྒྱུར་ཡིག་གི་སྐད་ལ་བསྒྱུར་རྒྱུ་ནི་ལོ་ཙཱའི་བྱ་བ་ཡོད་དོ་ཅོག་གི་གཞི་རྩ་ཡིན།
༤༽ རྔོག་ལོ་ཆེན་པོས་”སྒྲ་དོན་གཉིས་ཀ་ཉམས་སུ་བདེར་ལོན་ཏེ།། མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ།།”ཞེས་མ་ཡིག་གི་ཚིག་དོན་གཉིས་དོན་མཐིལ་ཕྱིན་པར་རྟོགས་དགོས་པ་བསྟན་ཡོད།
(ཡིག་སྒྱུར་བ་དག་ལ་ངེས་པར་ཕན་པའི་ལེགས་བཤད་རྨ་མེད་པ་རུ་འཁུམས་པས་བདག་གི་རེག་ཟིག་ལས་བཏུས་པའོ།།)
བསྒྱུར་གྱི་སྐོར་ལ།
སྒྲ་སྦྱོར་བེམ་པོ་གཉིས་པའི་ནང་ན་་ཁ་གསལ་ཞིག་འདུག་དྲན། ད་དུང་མཁས་དབང་དུང་དཀར་ཚང་གི་བོད་ཀྱི་སྐད་ཡིག་གི་འཕེལ་རིན་སྐོར་གླེང་བ་ཡིན་བསམ། དེབ་ཀྱི་མིང་ད་ལྟ་གསལ་བོ་ཞིག་མི་དྲན། དེའི་ཐོག་ལ་ན་ཡང་ཁ་གསལ་ཞིག་འདུག ངེད་ཀྱི་བློ་ལ་དེ་ཚོ་ཧ་ཅང་འཐད་པོ་བྱུང་།
ཡིག་བསྒྱུར་ཐད་ནས་དེང་སང་མང་པོ་ཞིག་གིས་དོན་བསྒྱུར་བྱེད་ཀྱི་ཡོད་མོད། དོན་བསྒྱུར་འདིའི་རྩོམ་པ་པོའོ་དགོངས་དོན་འཁྱོགས་པོར་འགྲོ་སྲིད། གང་ཡིན་ཞེ་ན། ཡིག་བསྒྱུར་ཀྱིས་བརྗོད་བྱ་དོན་ལ་གོ་བ་བླངས། གོ་བ་དེ་གནད་ལ་མ་འཁེལ་བར་གོ་ལོག་ཅིག་བསྒྱུར་བསྡད་ན་རྩོམ་པ་པོའི་དགོངས་དོན་ལས་བསྒྱུར་པ་པོའི་དགོངས་དོན་མངོན་པར་འགྲོ་སྲིད།
གནའ་སྔ་མོའི་ཡིག་བསྒྱུར་རྣམས་ལ། སྒྲ་བསྒྱུར་ལོ་པན་གླིང་གི་གཏན་འབེབས་བྱས་པའི་ཁྲིམས་ཞིག་ཡོད་པ་རེད་ཟེར། དེ་ནི་ཐོག་མར་གང་ཐུབ་ཐུབ་ཐད་བསྒྱུར་ལ་བརྩོན་དགོས་ཟེར། རེ་ཟུང་ཐད་བསྒྱུར་བྱས་ནས་མི་ཡོང་ན། དེ་ནས་ལྡོག་བསྒྱུར་ལ་བརྩོན་དགོས་ཟེར། ལྡོག་བསྒྱུར་བྱས་ནའང་མི་ཡོང་ན་དེ་ནས་དོན་བསྒྱུར་མ་བྱས་རང་བྱས་ཆགས་གི་ཡོད་ས་རེད། དེ་ན་ཡིག་བསྒྱུར་ཟེར་བ་དེ་དོན་བསྒྱུར་མིན་པ་ཤེས་ཐུབ་ཀྱི་རེད། ལོ་ཚྰ་བ་ཟེར་བ་དེ་ཡིག་བསྒྱུར་བ་རེད་མ་གཏོགས། དོན་བསྒྱུར་བ་མ་རེད། དེ་ནས་དོན་བསྒྱུར་འདི་ངེས་པར་དུ་གང་ཉུང་ཉུང་བྱེད་ཐུབ་ཚེ་ལེགས་པོ་ཡོད་ས་རེད།
གཞོན་ནུ་ཟླ་མེད།
ལྡོག་བསྒྱུར་ཟེར་བ་དོན་གོ་མ་སོང་བས། དཔེ་བརྗོད་ཅིག་དང་ལྷན་འགྲེལ་བཤད་གནང་རོགས་ཞུ།
བརྩམས་སྒྲུང་དང་སྙན་ངག་ལྟ་བུ་སྒྱུ་རྩལ་རྩོམ་རིག་ཡིན་ན། ཐད་སྒྱུར་རྩལ་དུ་འདོན་དགོས།
ཚན་རིག་གི་ཤེས་བྱ་དང་ལོ་རྒྱུས་ལྟ་བུ་ཡིན་ན། བརྗོད་ངག་གི་སྒྱུ་རྩལ་གལ་མི་ཆེ་བས། དོན་བསྒྱུར་བྱས་ན་བཟང་།
can i come in? འདི་བོད་ཡིག་ནང་ཐད་བསྒྱུར་བྱས་ན། ཆོག་གམ་ཡོང་ང་ནང་། ཟེར་བ་ཅིག་ཐོབ་ཀྱི་རེད། འོན་ཀྱང་དེ་ལྟར་བསྒྱུར་ན་བོད་ཚིག་གི་འགྲོ་སྟངས་མེད་པར་མ་ཟེར། ནང་དོན་མེད་པ་ཆགས་པའི་ཉེན་ཡོད་པ་རེད། དེ་ནས་ཚིག་གི་གོ་རིམ་ལྡོག་ནས་༼ ང་ནང་ལ་ཡང་ཆོག་གམ༽ ཟེར་དགོས་པ་རེད། དེ་ལྟར་བྱས་ན་ཚིག་འདི་འདྲའི་རིགས་ལ་ལྡོག་བསྒྱུར་ཡག་ཤོས་ཡིན་ནི་རེད།
ད་དུང་གོང་དུ་བཤད་པའི་ནང་དུ་སྒྲ་བསྒྱུར་ཟེར་བ་དེ་ཆད་འདུག སྒྲ་བསྒྱུར་བྱེད་དགོས་ས་ཡང་ཡོད་པ་རེད། སྔར་བཀའ་བསྟན་ནང་དུ་སྒྲ་བསྒྱུར་བྱས་པ་མང་། སྒྲ་བསྒྱུར་མ་བྱས་ན་གོ་ལོག་ཏུ་འགྲོ་སྲིད་པ་དཔེ་ཞིག་དྲང་ན། རྒྱ་ནག་སྐད་དུ། ཉུག་ཀྲུའུ་རིན་ཟེར་བ་དེ་བོད་ཚིག་ཏུ་བསྒྱུར་ན་༼བ་ལང་དཔོན་པོ༽ ཟེར་བ་ཞིག་གོ་ཡོང་གི་འདུག དེ་ལས་སྒྲ་བསྒྱུར་བྱས་ན་དོན་ལོག་པར་འགྲོ་མི་སྲིད་པ་རེད། དེ་བས་ནས་སྔར་བཀའ་བསྟན་བསྒྱུར་སྐབས་སྔགས་ཀྱི་རིགས་མང་ཆེ་ཤོས། སྒྲ་བསྒྱུར་བྱས་ནས་བཞག་འདུག་ཀ།
ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་།།
freed from all defects,
ཡོན་ཏན་ཀུན་གྱིས་བརྒྱན་པ་པོ།།
adorned with all good qualities,
སེམས་ཅན་ཀུན་ཀྱི་གཉེན་གཅིག་བུ།།
The sole friend of all beings,
ཐམས་ཅན་མཁྱེན་ལ་ཕྱག་འཚལ་ལོ།།
I bow down to the Omniscient.
གོང་གི་འགྱུར་འདི་ལ་མཚོན་ན་ལྡོག་བསྒྱུར་རྩལ་ལ་བཏོན་འདུག་སྙམ། འདི་ཨ་རི་ནང་གི་ཡིག་བསྒྱུར་གྲགས་ཅན་ཞིག་གིས་བསྒྱུར་བ་རེད། ཁོང་གིས་བསྒྱུར་བ་ལ་དོན་བསྒྱུར་ཞེ་དྲག་མེད་པ་རེད། དོན་བསྒྱར་ཟེར་བ་དེ་འགྱུར་འུ་ཐུག་རེད་བསམ། ཡིག་བསྒྱུར་བ་ལ་སྐད་དམ་ཡི་གེས་མ་འདངས་ཚེ་དེ་ནས་དོན་བསྒྱུར་མ་བྱས་རང་བྱས་རེད།
དེས་ན་ལྡོག་བསྒྱུར་ཟེར་བ་འདི་དགོས་མེད་ཀྱི་ཁ་སྣོན་ཞིག་རེད་འདུག
Empty vessels make most noise
ཟེར་བར། སྟོང་བའི་སྣོད་རྣམས་འབྱིན་མང་ཤོས་སྒྲ་ཞེས་སུས་ཀྱང་བསྒྱུར་མི་སྲིད།
སྣོད་སྤྱད་སྟོང་བས་སྒྲ་ཆེན་འབྱིན ཞེས་ན་ ཐད་བསྒྱུར་དང་།
ཡོན་ཏན་མེད་པར་ཀུ་ཅོ་ཆེ་ཞེས་བསྒྱུར་ན དོན་བསྒྱུར་རེད།
ལྡོག་བསྒྱུར་ཟེར་བ་དོན་མེད་ག་ལ་ཡིན། གོ་རིམ་བཞིན་དུ་ཡོང་ན། ཐད་བསྒྱུར་གཙོ་བོ་ཡིན་དུས། དེའི་རྗེས་དེ་མ་ཐང་དུ་ཐད་བསྒྱུར་བྱས་ནས་དོན་ལོག་པ་ཆགས་འགྲོ་ན་ཅི་བྱེད་དགོས་པའི་དྲི་བ་སླེབས་ཀྱི་མི་འདུག་གམ། དེ་ནས་ལྡོག་བསྒྱུར་བྱེད་དགོས་པ་སླེབས་གི་རེད། ལྡོག་བསྒྱུར་བྱས་ན་ཡང་སྐད་རིགས་ཀྱི་དབང་གིས་སྦྱོར་མི་ཐུབ་པ་དེ་ཚོ་ཇི་བྱེད་དགོས་མིན་དོགས་པ་སླེབས་ཀྱི་རེད། དེ་ནས་དོན་བསྒྱུར་བྱེད་དགོས་པ་ཆགས་ཀྱི་རེད།
ངྷར་མ་སྟེ་བོད་སྐད་དུ་ཆོས་ལ་བསྒྱུར་ཡོད་པ་འདི། དབྱིན་ཇི་ནང་ཇི་ལྟར་བསྒྱུར་དགོས་སམ
དེང་སང་དབྱིན་ཇིའི་ཆོས་སྐད་ནང་ལེགས་སྦྱར་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་པས་ཆོས་ལ་དྷར་མ་རང་ཟེར་གྱི་ཡོད།
ནང་པའི་ཆོས་གཞུང་དབྱིན་སྐད་སོགས་གཞན་གྱི་སྐད་ཐོག་ཏུ་བསྒྱུར་གྱི་ཡོད་ན་ཚིག་བསྒྱུར་དང་དོན་བསྒྱུར་གཉིས་ལས་དོན་བསྒྱུར་དེ་གལ་ཆེ་བར་མཐོང་གི་ཡོད།
ཡང་དག་སྒོད་ སྒོས་ཡིན།
མཁས་དབང་རཀ་ར་མཆོག་གི་གནས་བརྒྱད་ཐ་སྙད་ཐི་གུ་ལས།
གནས་བརྒྱད་ལས་སྒྱུར་བའི་གནས་བཤད་པ་ལ།
གནས་བརྒྱད་བསྡུས་སྡོམ་ལས། །བསྒྱུར་བའི་བསྒྱུར་བྱའི་མཐུ་ཤེས་ཤིང་། །སྐད་བྱིངས་ཁོང་དུ་ཆུད་པར་འགྱུར། །ཅེས་དང་། སྒྲ་ལ་འཇུག་པ་ལས། སྐད་ཀྱི་བྱིངས་མ་བསྒྱུར་བར། ཐེ་ཚོམ་ཐ་དག་སེལ་པའོ། །ཞེས་པ་ཙམ་ལས་རྒྱས་པར་མ་བསྟན་ཡང་། མཁས་འཇུག་ཏུ་ཕྲན་བུ་རྒྱས་པས་འོག་ཏུ་འབྲི་བར་བྱའོ། དེ་ལ་དབྱེ་ན། བརྒྱུད་དེ་བསྒྱུར་བ། ཡན་ལག་བསྒྱུར་བ། རྣམ་གྲངས་བསྒྱུར་བ། དྲང་ཐད་དུ་བསྒྱུར་བ་དང་བཞིའོ།
གཞོན་ནུ་ཟླ་མེད་ལགས། ངྷར་མ་ཟེར་བ་འདི་དབྱིན་ཡིག་ནང(change)ཞེས་བསྒྱུར་ན་ག་འདྲ་འདུག
བོད་ཀྱི་འགྱུར་གྱི་ལོ་རྒྱུས་ནང༌། བསྒྱུར་ལ་དབྱེ་ན་གསུམ་དུ་འཇོག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེ་ཡང་དོན་བསྒྱུར། ཐད་བསྒྱུར། དེ་ནས་སྒྲ་རང་སོར་བཞག་པ་བཅས་ཡིན། ་དོན་བསྒྱུར་དེ་སྐྱོ་བ་ཞིག་དང༌། སྒྲ་བསྒྱུར་དེ་ཉིད་ལེགས་ཤོས་ཡིན་པའི་བསམ་ཚུལ་གསུངས་མཁན་ཡང་འདུག་ ཚིག་སྒྲུབ་རིང་པོ་ཞིག་གི་ནང་དུ་དོན་བསྒྱུར་དང་། ཐད་བསྒྱུར། སྒྲ་རང་སོར་བཞག་པ་བཅས་གསུམ་ག་ཡོད་ཆོག རྒྱུ་མཚན་ནི། ཚིག་སྒྲུབ་མ་བསྒྱུར་བའི་སྔོན་དུ་མིང་ཚིག་རེ་རེ་བསྒྱུར་དགོས། མིང་ཚིག་རེ་རེ་སྒྱུར་སྟངས་དེ་ལ་ཡང་ཐད་བསྒྱུར་སོགས་གསུམ་གྱི་ཐོག་ནས་སྒྱུར་གྱི་ཡོད། དཔེར་ན། ལུང་པ་དང་མིའི་མིང་སོགས་ནི་སྒྲ་རང་སོར་བཞག་དགོས་པ་དང༌། གཞན་ནི་སྐབས་བབས་སུ་ཇི་ལྟར་ལེགས་པ་ཡོད་པ་དེ་ལྟར་བསྒྱུར་དགོས།
དཔེར་ན། དཀོན་མཆོག་ལ་ཕྱག་འཚལ་ལོ། ཞེས་པ་ནི་ལེགས་སྦྱར་སྐད་དུ། རཏྣཱཡ་ནམཿ་ ཞེས་ཡོད། ཚིག་སྒྲུབ་ལ་བལྟས་ན། འགྱུར་དེ་ཐད་འགྱུར་རེད། འོན་ཀྱང༌། ཚིག་རེ་རེ་བལྟས་ན། དོན་བསྒྱུར་ཀྱང་ཡོད་དེ། དཔེར་ན། རཏྣཞེས་པ་དེ་ཐད་བསྒྱུར་བྱས་ཚེ། རིན་པོ་ཆེ་ལ་གོ་ཡི་ཡོད་པ་མཁྱེན་གསལ་ལྟར་ལགས། དཀོན་མཆོག་ཞེས་པ་ནི་དོན་བསྒྱུར་ཡིན། དེས་ན། འགྱུར་གང་འདྲ་ཞིག་གི་ནང་དུ་ཡང་དོན་བསྒྱུར་དང་ཐད་བསྒྱུར། སྒྲ་རང་སོར་བཞག་པ་བཅས་གསུམ་ཡོད་ཆོག
ཡང་ཅིག་ཞུ་ན།
1. ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་།།
freed from all defects,
ཡོན་ཏན་ཀུན་གྱིས་བརྒྱན་པ་པོ།།
adorned with all good qualities,
སེམས་ཅན་ཀུན་ཀྱི་གཉེན་གཅིག་བུ།།
The sole friend of all beings,
ཐམས་ཅན་མཁྱེན་ལ་ཕྱག་འཚལ་ལོ།།
I bow down to the Omniscient.
གྲགས་ཅན་ཡིག་སྒྱུར་བ་ཁོང་གིས་བསྒྱུར་བ་དེའི་ནང་ངས་བལྟས་ན། དོན་བསྒྱུར་གྱིས་ཁེངས་འདུག
དཔེར་ན། freed ཞེས་པ་དེ་དང་རྣམ་གྲོལ་ཞིང༌། ཟེར་བ་དེ་གཉིས་དོན་ཉེ་བ་ཙམ་ལས། རྣམ་པར་གྲོལ་བ་ཞེས་པའི་དོན་ཆ་ཚང་སྟེར་མི་ཐུབ། དེས་ན་དེ་ནི་ཐད་བསྒྱུར་གཙང་མ་ཞིག་མིན་པ་སྟོན་ཡོད། དོན་བསྒྱུར་རང་དུ་ངེས། དོན་ཉེ་བ་ཙམ་དུ་བཞག་པས་སོ།། ཉེས་པ་ཞེས་པ་དང་defect ཞེས་པ་དེ་ཡང་གོང་ལྟར་མཚུངས། རྩ་བའི་ནང་ བརྒྱན་པ་པོ། ཞེས་བྲིས་ཡོད་པ་ལས། བརྒྱན་པ་ཞེས་བྲིས་མེད། དབྱིན་སྐད་དུ་ adorned ཞེས་པའི་དོན་ནི་བརྒྱན་པ་ཞེས་པའི་དོན་ཡིན་པ་ལས་སྔ་མའི་དོན་མིན་ནོ༎
དབྱིན་སྐད་ནང་དུ་ཚན་རིག་གི་ལྟ་བ་ཡང་ཤུགས་ཆེན་འདྲེས་ཡོད་པས། being ཞེས་པའི་གོ་དོན་དང་སེམས་ཅན་གྱི་གོ་དོན་ལ་ཁྱད་ཆེན་པོ་ཡོད། དབྱིན་ཇིའི་ཚིག་མཛོད་ནང་ being གི་གོ་དོན་ནི་འདི་ལྟར། a person or thing that exists or the state of existing གོ་དོན་དེའི་ནང་སེམས་ཅན་མིན་པའི་དངོས་པོ་་(thing) ཡང་ཚུད་ཡོད། དེས་ན་དོན་གང་ཉེ་ཉེ་ཙམ་ཞིག་ལས་ཐད་བསྒྱུར་བྱ་རྒྱུའི་གོ་སྐབས་ཀྱང་མེད་པ་ལྟ་བུར་འགྱུར་ཡོད།
ཐམས་ཅད་མཁྱེན་པ་ཞེས་པའི་དོན་དང་་ Omniscient.་ ཞེས་པའི་དོན་གཉིས་ཀྱང་ཐད་བསྒྱུར་རེད་ཟེར་དཀའ་མོ་རེད། bow ཞེས་པ་དང་ཕྱག་འཚལ་ཞེས་པ་གཉིས་ཀྱི་དོན་ཁྱད་པར་ཆེན་པོ་ཡོད། སྐབས་འདིའི་ཚིག་བཅད་ནང་དུ། སངས་རྒྱས་ཀྱི་ཕྱག་ཏུ་ལུས་ངག་ཡིད་གསུམ་ཡོངས་སུ་རྫོགས་པ་ཕུལ་ཡོད་ཅེས་པའི་དོན་དང་ལྡན་ཡོད། དབྱིན་སྐད་ཀྱི་གོ་བ་ནི་གུས་ཞབས་ཀྱི་ངང་ནས་གུས་འདུད་བྱས་པའི་དོན་ཙམ་ཡིན། དེས་ཐད་བསྒྱུར་ཡོང་ཐབས་འདུག་གམ།
བོད་ཀྱི་ལོ་ཙ་བ་སྔ་མ་ཚོའི་འགྱུར་འདི་དག་ནི་འཛམ་གླིང་ཡོངས་རྫོགས་ནང་ནས་འགྱུར་ལེགས་ཤོས་ཀྱི་གྲས་ཡིན་པར་ཕྱི་ནང་མཁས་པ་ཀུན་ལ་གྲགས་ཡོད།

གྲོགས་པོ་ཝ་ར་ཎ་སི་ལགས།
ཁ་ཤས་ཀྱིས་དོན་བསྒྱུར་སྐྱོ་བ་དང་ཚིག་བསྒྱུར་ལེགས་པར་གསུངས་ན། དེ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། དེ་གང་ཡིན་གསལ་པོ་གསུངས་ན་ག་འདྲ་འདུག
གོང་གི་ཡང་དག་སྒོད་ཅེས་པ་དེ་ཡང་དག་སྒོས་སུ་བཅོས་རོགས།
རིག་འབྱུང་དོན་བཀྲ་ལགས། ཁྱེད་ཀྱིས་བཤད་པའི་དུང་དཀར་ཚང་གི་ཡིག་བསྒྱུར་སྐོར་གྱི་གསུང་རྩོམ་དེ་ནམ་ཞིག་ལ་རེག་ན་ངས་འདིར་དགོད་ངེས་ཡིན།
སྔོན་མ་ཞིག་ལ་བཀླགས་མྱོང་། སྒྲ་སྦྱོར་བམ་གཉིས་ཀྱི་ཡིག་སྒྱུར་རྩ་དོན་དང་འབྲེལ་བའི་རྩོམ་པ་ཞིག་ཡིན་བསམས་སོང་།
དེ་བློ་ལ་འབབ་པོ་ཞིག་ཡོད།
གྲོགས་པོ་ལགས།
དོན་བསྒྱུར་དེ་སྐྱོ་བ་དང་སྒྲ་བསྒྱུར་ལེགས་པར་འདོད་མཁན་ལ་རྒྱུ་མཚན་ཡང་དག་ཡོད་མིན་གང་ལྟར་ཡང༌། རྒྱུ་མཚན་ཡོད་པ་གོང་དུ་དྲ་གྲོགས་ཁ་ཅིག་ནས་གསུངས་ཟིན་འདུག དེ་ལ་ཁྱེད་ཀྱིས་གཟིགས་ཙམ་གནང་ན་གསལ་བ་མཁྱེན་གྱི་རེད།
ང་རང་སྒེར་གྱི་བསམ་ཚུལ་བྱས་ན། དོན་བསྒྱུར་དང་སྒྲ་བསྒྱུར་གང་ཡིན་རུང་གནས་སྐབས་སོ་སོར་གང་འཚམས་པ་དེ་བེད་སྤྱོད་བྱེད་དགོས་པ་ལས། གང་རུང་གཅིག་གཙོ་བཟུང་གིས་མཁྲེགས་འཛིན་བྱས་ན། འགྱུར་ལེགས་པོ་ཡོང་བར་གེགས་བྱ་རྒྱུ་ལས་ཕན་པ་ཞིག་མ་མཐོང༌།
ཝཱ་རཱ་ཎ་སིས་བཤད་པ་བདེན་པ་རེད།
ཕྱོགས་གཅིག་ཁོ་ན་ལ་འཇུས་པ་ནི་མ་འོས་པར་མཐོང་།
སྐབས་རེར་དོན་བསྒྱུར་ལ་དགེ་མཚན་ཡོད་པ་ལྟར་དུ་སྒྲ་བསྒྱུར་ལའང་དགེ་མཚན་མི་དམན་པ་ཞིག་ཡོད་རེད་འདོད་ལ།
གཙོ་ཆེ་བ་ནི་སྒྱུར་མཁན་གྱི་མ་ནོར་བའི་འདམས་གསེས་བྱེད་སྟངས་ལ་རག་ལས་བར་འདོད།
བོད་ཀྱི་འགྱུར་གྱི་ལོ་རྒྱུས་ནང༌། བསྒྱུར་ལ་དབྱེ་ན་གསུམ་དུ་འཇོག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེ་ཡང་དོན་བསྒྱུར། ཐད་བསྒྱུར། དེ་ནས་སྒྲ་རང་སོར་བཞག་པ་བཅས་ཡིན། ་དོན་བསྒྱུར་དེ་སྐྱོ་བ་ཞིག་དང༌། སྒྲ་བསྒྱུར་དེ་ཉིད་ལེགས་ཤོས་ཡིན་པའི་བསམ་ཚུལ་གསུངས་མཁན་ཡང་འདུག་ ཚིག་སྒྲུབ་རིང་པོ་ཞིག་གི་ནང་དུ་དོན་བསྒྱུར་དང་། ཐད་བསྒྱུར། སྒྲ་རང་སོར་བཞག་པ་བཅས་གསུམ་ག་ཡོད་ཆོག རྒྱུ་མཚན་ནི། ཚིག་སྒྲུབ་མ་བསྒྱུར་བའི་སྔོན་དུ་མིང་ཚིག་རེ་རེ་བསྒྱུར་དགོས། མིང་ཚིག་རེ་རེ་སྒྱུར་སྟངས་དེ་ལ་ཡང་ཐད་བསྒྱུར་སོགས་གསུམ་གྱི་ཐོག་ནས་སྒྱུར་གྱི་ཡོད། དཔེར་ན། ལུང་པ་དང་མིའི་མིང་སོགས་ནི་སྒྲ་རང་སོར་བཞག་དགོས་པ་དང༌། གཞན་ནི་སྐབས་བབས་སུ་ཇི་ལྟར་ལེགས་པ་ཡོད་པ་དེ་ལྟར་བསྒྱུར་དགོས།
འདི་ག་རེ་རེད། མགོ་ཚོས་མ་སོང་།
གཞོན་ནུ་ཟླ་མེད་ལགས།
ཉུག་ཀྲུའུ་རིན་བོད་སྐད་དུ་བསྒྱུར་ན་༼བ་ལང་དཔོན་པོ༽ཇི་ལྟར་ཡིན་ནམ།
ཉུག་ཟེར་བ་དེ་བ་ལང་ལ་གོ་བ་རེད་དམ།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཧི་ཧི་ཧི་
ངྷར་མ་ཟེར་བ་འདི་དབྱིན་ཡིག་ནང(change)ཞེས་བསྒྱུར་ན་ག་འདྲ་འདུག་
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཧི་ཧི་ཧི་
རིག་གནས་གོང་སྤེལ་དང་མི་རིགས་འཕེལ་རྒྱས་ཀྱི་ལས་དོན་དེ་ཉིད་ཕྱོགས་སྣ་ཆིག་རྐྱང་ཙམ་ཞིག་ཏུ་གཏན་མ་སོང་བར། ཕྱོགས་དང་སྒོ་དུ་མ་ནས་འཛིན་ཞིང་སྤེལ་བའི་མཐུན་རྐྱེན་གྱི་གཞིར་རིག་གནས་གསར་བའི་ཆུ་སྣ་བསྡུ་བའི་ལས་ཀ་དེའང་ཟམ་མ་འཆད་པར་བསྒྲུབས་ཏེ། སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གྱི་དགོས་དོན་དང་རིག་གནས་གསར་བ་ནང་འདྲེན་གྱི་མཁོ་དོན་གཉི་ཀ་དོ་མཉམ་གང་འོས་སུ་ཡོང་བར་འབད་པ་ནི་རང་རེའི་རིག་གནས་གང་ཞིག་མི་ཉམས་གོང་དུ་འཕེལ་བའི་ཐབས་དམ་པ་སྟེ།
རྒྱ་ནག་གི་མཁས་པའི་དབང་བོ་འདས་སོང་ཅི་ཞན་ལིན་མཆོག་གིས། ཀྲུང་ཧྭ་རིག་གནས་འདི་ཉིད་གནའ་ནས་ད་ལ་ཐུག་གི་བར་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོ་བོས་བསམ་ན་ལོ་ཙཱ་ལ་རག་ལས་ཡོད། ཆུ་རྒྱུན་ལ་ཆ་བཞག་ན། ཀྲུང་ཧྭ་རིག་གནས་ཀྱི་ཆུ་རྒྱུན་རིང་མོ་འདི་ཉིད་ཆུ་རྒྱས་པའི་སྐབས་ཡོད་ལ་བྲི་བའི་དུས་ཀྱང་ཡོད། འོན་ཏེ་ནམ་ཡང་བསྐམ་མ་མྱོང༌། རྒྱུ་མཚན་ནི་ཆུ་སྣ་གསར་བ་ནང་དུ་བསྡུ་བཞིན་ཡོད་པས་སོ། །ཆུ་སྣ་བསྡུ་གྲངས་ཆེ་ཆུང་བགྲང་གིས་མི་ཟིན་ཡང་ཆེས་ཆེ་བ་ནི་ཐེངས་གཉིས་ཏེ། གཅིག་ནི་རྒྱ་གར་ནས་ཐོན་པའི་ཆུ་སྣ་དང༌། ཅིག་ཤོས་ནི་ནུབ་ཕྱོགས་ནས་ཐོན་པའི་ཆུ་སྣ་ཡིན། དེ་ལྟ་ནའང་ཆུ་སྣ་ཆེན་པོ་འདི་གཉིས་སྡུད་པར་ལོ་ཙཱ་ལ་མ་བརྟེན་པ་གང་ཡང་མེད། ཀྲུང་ཧྭ་རིག་གནས་འདི་ཉིད་ལང་ཚོའི་གཟི་མདངས་མ་ཉམས་པར་གནས་བྱེད་ཀྱི་བདུད་རྩིའི་སྨན་མཆོག་ནི་ལོ་ཙཱ་ཡིན་པས། ལོ་ཙཱའི་ཕན་ཡོན་ནི་ཅི་འདྲ་ཆེ་བ་ལ་ཨང༌། ཞེས་གསུངས་མྱོང༌།

འདི་ནི་མི་ཚང་མའི་བློ་ལ་གཤགས་དགོས་པའི་དོན་དག་ཅིག་རེད་བཞག
བོད་མི་རིགས་ཀྱི་ལ་རྒྱ་བསམས་པ་རྣམས་ཀྱིས་འབད་པ་གནང་རོགས།
ལེགས་པའི་ཆ་ཡོད་ན་དགྲ་བོ་ལས་ཀྱང་ལེན་དགོས། མི་ལེགས་པ་ཡིན་ན་གྲོགས་པོའི་ཡིན་ཀྱང་གཡུག་དགོས།
དྲ་གྲོགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
གཡུ་མཚོ་ལགས་ནས་དགོངས་འཆར་ལྷུག་པོར་གནང་འདུག
འདིའི་སྐབས་ཀྱི་ཉུག་ཟེར་བ་དེ་(牛)འདི་ལ་ཟེར་གྱིན་ཡོད་ན་ནི་བ་ལང་ཡིན་མིན་ཐེ་ཚོམ་རེད་མོད།
མི་འགྲིག་པའང་ཆེར་མེད་པར་འདོད། འདི་སྤྱིའི་མིང་ཡིན་མོད། སྤྱི་མིང་བྱེ་བྲག་ཏུ་འཇུག་པའི་ཚུལ་ཏུ་ཟླ་མེད་ལགས་ནས་གོ་བ་ལེན་གནང་གི་ཡོད་པ་འདྲ།
གཞོན་ནུ་ཟླ་མེད་མཆོག་ལའང་དགོངས་ཚུལ་དམིགས་བསལ་བ་རེ་ཡོད་ཀྱི་རེད་འདོད་དོ༎
དྲྭ་གྲོགས་གཡུ་ཡི་མཚོ་མོ་ལགས།
གལ་ཏེ་ཁྱེད་ཀྱིས་ཁོ་བོའི་མཆན་ཐུང་འདི་དབུ་མ་འཚོས་པ་ཡིན་ན། ཐོག་མར་སྒྲ་སྦྱོར་བམ་གཉིས་ཀྱི་དབུ་ནས་ཤོག་ལྷེ་འགའ་ཤས་ཤིག་གཟིགས་རོགས་གནང༌ཞུ་རྒྱུ་ཡིན། དེ་ནས་ཁྱེད་རང་གིས་གསལ་པོ་མཁྱེན་རྟོགས་ཡོང་གི་རེད། གལ་ཏེ་སྒྲ་སྦྱོར་བམ་གཉིས་ཕྱག་ཏུ་མ་སོན་པ་ཡིན་ན། དུང་དཀར་ཚིག་མཛོད་ནང་དུ་ཡོད་ངེས་རེད།
ཚང་མར་ཞུ་རྒྱུ་ཞིག་ལ།
ཉུའུ་ཀྲུའུ་རིན་ཞེས་པའི་ཉུའུ་དེ་ནི་སྐབས་ཐོག་གང་ཟག་གི་མིང་ཡིན་པས་སྒྲ་རང་སོར་བཞག་ན་ཤིན་ཏུ་ལེགས། དེ་མིན་འཁྲུལ་གཞི་དང་མི་མཛེས་པ་ཡོང་རྒྱུ་ལས་གཞན་ཅི།
སྤྱིར་སྒྲ་སྦྱོར་བམ་གཉིས་ཀྱི་བཀས་བཅད་དགོངས་དོན་ནང་དུ་གང་ཟག་དང༌། ཡུལ་མིང་། དེ་བཞིན་རྩེ་ཤིང་སོགས་ཀྱི་མིང་སྒྲ་རང་སོར་འཇོག་པ་ལས་བོད་བསྒྱུར་མི་བྱ་བའི་གཏན་འབེབས་བྱས་ཡོད། འོན་ཀྱང་ལོ་ཙཱ་བ་སོ་སོས་གཏན་འབེབས་གཞིར་བཟུང་ལག་བསྟར་མ་བྱས་སྟབས། བཀའ་བསྟན་གྱི་ཁྲོད་དུ་འཁོད་པའི་ཡུལ་མིང་མང་པོ་ཞིག་བོད་བསྒྱུར་བྱས་པ་དེས། ད་ཆ་རྒྱ་གར་གྱི་ཡུལ་གྲུ་གང་དང་གང་ཡིན་ངོས་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད།
དཔེ་མཚོན་ཞིག་ཞུ་ན། མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་ཏུ་ཕེབས་ཞེས་པ་འཁོད་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། འོན་ཀྱང་ཀླུ་ཡུལ་ཞེས་པ་ལུང་པའི་མིང་ཡིན་དང༌། ལྷ་ཀླུར་གཏོགས་པའི་ཀླུ་ཡི་ཡུལ་ཡིན་ཤེས་རྟོགས་ཧ་ཅང་དཀའ། ནཱག་པུར་ཞེས་པའི་ས་ཆ་དེ་འདྲ་དེང་སང་ཡང་ཡོད། གྲགས་ཆེ་བ་དེ་གྲོང་ཁྱེར་ཆེན་པོ་ཞིག་གི་མིང་ཡིན།

ཝཱ་ར་ཎཱ་སི་དང་ཟླ་བ་གཞོན་ནུ་གཉིས་ལ།
དཀོན་མཆོག སངས་རྒྱས། ཆོས། དགེ་འདུན། བླ་མ་ཞེས་པའི་ཐ་སྙད་འདི་དག་ནང་ཆོས་བོད་ལ་མ་དར་སྔོན་ནས་བོད་སྐད་ནང་ཡོད་པ་ཞིག་མ་ཡིན་ནམ། གལ་སྲིད་བོད་སྐད་ནང་ཐ་སྙད་འདི་དག་མེད་པ་ཡིན་ན་ལེགས་སྦྱར་སྐད་གཞིར་བཞག་ནས་དོན་འདྲ་སེ་བ་ཞིག་ལ་བསྒྱུར་དགོས་རྒྱུ་ལ་དེ་ལྟར་མིན་པར་བོད་ལ་རྒྱུས་མེད་ཅིང་ལེགས་སྦྱར་སྐད་དང་ཡང་མི་མཐུན་པ་ཞིག་ཏུ་བསྒྱུར་དགོས་དོན་ག་རེ་ཡིན་ནམ།
ཝཱ་རཱ་ཎ་སིས་ལགས། གོང་དུ་ཉུག་གི་སྐོར་བཤད་པ་དེ། གཞོན་ནུ་ཟླ་མེད་ལགས་ནས་སྒྲ་བསྒྱུར་བྱེད་དགོས་སར་མ་བྱས་ན་གོ་ལོག་འབྱུང་ཞིང་དགོད་བྲོ་བ་ཡོང་བའི་དཔེ་མཚོན་དུ་དྲངས་པ་རེད།
འོག་གི་མཆན་དག་ནི་ཚིག་རྩོད་ཙམ་རེད།
དེ་རིགས་དོན་བསྒྱུར་བྱེད་དགོས་དོན་དམིགས་བསལ་མེད་པར་བདག་ཀྱང་འཐད་དོ༎
ལོ་པཎ་རྣམས་ཀྱིས་བཀའ་བསྟན་གྱི་ཁྲོད་དུ་ཡུལ་མིང་དང་མི་མིང་མང་བོ་ཞིག་བོད་བསྒྱུར་བྱས་པ་དེ་ད་ཆ་འཚལ་རྒྱུར་དཀའ་ཚེགས་མི་ཉུང་བ་ཞིག་ཡོད་ཀྱང་། དེ་ནི་འགྱུར་གྱི་དགོངས་པ་དང་བསྟུན་ཏེ་བྱས་པ་ཞིག་ཏུ་འདོད་དོ༎ དཔེར་ན་བོད་མི་ཞིག་ལ་ནཱག་ཛུན་ཟེར་བ་ལས་ཀླུ་སྒྲུབ་ཏུ་བོས་ནས་འགྲེལ་ན་བོད་མིང་འདྲ་བས་ཡིད་ལ་འཛིན་སླ་བའི་ཁྱད་ཆོས་ཤིག་མི་འདུག་གམ། ལོ་ཙཱ་བ་རྣམས་ཀྱིས་ཀྱང་གཙོ་བ་འདི་ལ་དམིགས་པ་རེད་འདོད། ༼སྒྲ་སྦྱོར་བམ་གཉིས༽སུ་བོད་ལ་གང་བདེ་གྱིས་ཞེས་པ་ཞིག་ཡོད་པ་དེར་བསྟུན་པ་རེད་འདོད།
ཝཱ་རཱ་ཎ་སི་ལགས། ཁྱེད་ལྟར་ན་མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་ཞེས་པ་དེ་ནཱག་པུར་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
༼སྤྱིར་སྒྲ་སྦྱོར་བམ་གཉིས་ཀྱི་བཀས་བཅད་དགོངས་དོན་ནང་དུ་གང་ཟག་དང༌། ཡུལ་མིང་། དེ་བཞིན་རྩེ་ཤིང་སོགས་ཀྱི་མིང་སྒྲ་རང་སོར་འཇོག་པ་ལས་བོད་བསྒྱུར་མི་བྱ་བའི་གཏན་འབེབས་བྱས་ཡོད། འོན་ཀྱང་ལོ་ཙཱ་བ་སོ་སོས་གཏན་འབེབས་གཞིར་བཟུང་ལག་བསྟར་མ་བྱས་སྟབས། བཀའ་བསྟན་གྱི་ཁྲོད་དུ་འཁོད་པའི་ཡུལ་མིང་མང་པོ་ཞིག་བོད་བསྒྱུར་བྱས་པ་དེས། ད་ཆ་རྒྱ་གར་གྱི་ཡུལ་གྲུ་གང་དང་གང་ཡིན་ངོས་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད།༽
གྲོགས་ཝཱ་རཱ་ཎ་སི་ལགས། གོང་གི་འདིར་ཁྱེད་ཀྱིས༼ སྤྱིར་སྒྲ་སྦྱོར་བམ་གཉིས་ཀྱི་བཀས་བཅད་དགོངས་དོན་ནང་དུ་གང་ཟག་དང༌། ཡུལ་མིང་། དེ་བཞིན་རྩེ་ཤིང་སོགས་ཀྱི་མིང་སྒྲ་རང་སོར་འཇོག་པ་ལས་བོད་བསྒྱུར་མི་བྱ་བའི་གཏན་འབེབས་བྱས་ཡོད།༽ཅེས་སྒྲ་སྦྱོར་བམ་གཉིས་ཀྱི་བཀས་བཅད་དགོངས་དོན་དུ་གང་ཟག་དང་། ཡུལ་མིང་། དེ་བཞིན་རྩི་ཤིང་སོགས་ཀྱི་མིང་སྒྲ་རང་སོར་འཇོག་པ་ལས་བོད་བསྒྱུར་མི་བྱ་བའི་གཏན་འབེབས་བྱས་ཡོད་བྲིས་གནང་བ་འདི་བདེན་མིན་བརྟག་བྱར་མཐོང་། དེ་བཞིན་གཏན་དུ་ཕབ་ཡོད་མེད་ཟེར་གྱིན་ཡོད།
རྒྱུ་མཚན་གོང་དུའང་ཅུང་ཙམ་བརྗོད་ཡོད་ལགས།
མདའ་ཚན་པ་ལགས། ཁྱེད་ཀྱི་ཐུགས་ཕན་སོས་མིན་མི་ཤེས་ཀྱང་། རང་གི་གང་ཤེས་བྱུང་རྒྱལ་དུ་སྨྲ་ན།
གོང་གི་ཐ་སྙད་དེ་དག་ནི་གཞུང་དུ་ཤིན་ཏུ་གསལ་བའི་ཐ་སྙད་ཁག་ཅིག་རེད།
དེ་དག་དེ་ལྟར་སྒྱུར་དགོས་དོན་རེ་རེ་ནས་འགྲེལ་བཤད་གསལ་གསལ་ཐིང་ཐིང་གནང་ཡོད་པ་རེད།
དཀོན་དང་མཆོག སངས་དང་རྒྱས། ཆོས། དགེ་བ་དང་འདུན་པ་སོགས་རེ་རེ་ནས་ལེགས་སྦྱར་ནས་མ་བསྒྱུར་སྔོན་དུ་ཡོད་ཆོག་ཀྱང་། རཏྣ་ལ་དཀོན་མཆོག་དང་། བུདྔྷཱ་ལ་སངས་རྒྱས། ངྷརྨ་ལ་ཆོས། སཾགྷ་ལ་དགེ་འདུན། གུ་རུ་ལ་བླ་མ་ཞེས་སི་བསྒྱུར་བ་བརྡ་ཆད་ཀྱི་ངོ་བོ་གྱུར་བས། ལོ་ཙཱའི་ལག་ལེན་ཁྲོད་བྱུང་བའི་ཐ་སྙད་ཡིན་པར་འདོད་དོ༎
འོན་ཀྱང་ལེགས་སྦྱར་ཚིག་ངོས་ན་བོད་འགྱུར་གྱི་ཐ་སྙད་དེ་དག་གི་དོན་ཇི་བཞིན་ཡོད་པ་རེད་དམ། ཞེ་ན་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན། རཏྣ་དཀོན་མཆོག་ཏུ་སྒྱུར་དོན་ཞིག་སི་ཏུ་པཎ་ཆེན་གྱིས་ཀྱང་མུ་ཏིག་ཕྲེང་མཛེས་སུ་གླེང་ཡོད་པ་ཡིད་ལ་དྲན་པ་ལྟར་ན་འདི་བཞིན་ཏེ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར༎ མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི༎ རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར༎ འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད༎ ཅེས་གསལ་བོར་གསུངས་ཡོད་པ་ད་དུང་ཡང་དྲན།
གོང་གི་བུདྔྷཱ་ལྟ་བུ་སོགས་སངས་རྒྱས་སོགས་སུ་བསྒྱུར་བ་དེ་དག་སྒྱུར་རྩལ་ཧ་ལས་པ་རེད་ཅེས་ཟམ་གདོང་བླ་མས་གཟེངས་སུ་བསྟད་དང་སྟོད་ཀྱིན་པ་ལྟར་རེད། དེའང་བླ་ཐབས་སུ་སྦྱར་ཞེས་པ་ཡོད་པ་ལྟར་ལེགས་སྦྱར་གྱི་ཚིག་དོན་ལ་མེད་ཀྱང་བོད་འགྱུར་དུ་གསལ་བའང་གང་མང་ཡོད། ཟམ་གདོང་བླ་མས་རྟག་པར་བོད་འགྱུར་འདི་དག་གི་དོན་ལེགས་སྦྱར་རང་ལས་ཀྱང་དོན་ལ་འབྱོར་པོ་འདུག་ཅེས་ཐེངས་མང་གསུངས་པ་དངོས་སུ་ཐོས་མྱོང་།

མདའ་ཚན་པ་ལགས།
ཁོ་བོས་གདེང་སྤབས་དང་བཅས་ཏེ་ཞུ་རྒྱུར། སངས་རྒྱས། ཆོས། དགེ་འདུན། དཀོན་མཆོག དེ་བཞིན་བླ་མ་བཅས་ནི་ལེགས་སྦྱར་གྱི་སྐད་ནས་བོད་བསྒྱུར་བྱས་པ་ཞིག་ཡིན་པར་ཐེ་ཚོམ་མེད། རྒྱུ་མཚན་ནི། རྒྱུ་བླ་མར།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར༎
མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི༎
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར༎
འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད༎ ཅེས་ཚིག་བཅད་དེ་ལས། རཏྣ་ཞེས་པ་དཀོན་མཆོག་ཏུ་དོན་བསྒྱུར་བྱས་ཡོད་པ་དང༌། དོན་བསྒྱུར་དེ་ཡང་རྒྱ་གར་གྱི་གཞུང་གི་དགོངས་པ་དང་བསྟུན་ནས་བསྒྱུར་ཡོད་པ་གསལ་པོ་མཐོང་ཐུབ།
ལུང་འདྲེན་འགའ་ཤས་ཞིག་ངག་ཐོག་ནས་དྲན་གྱི་མི་འདུག་ལ། དཔེ་ཆ་ཡང་རག་གི་མི་འདུག་པས། རྗེས་སུ་ཞུ་ཆོག་པ་ཞེས་ཞུ་རྒྱུ་ཡིན།
ཟླ་བ་གཞོན་ནུ་ལགས།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་གང་དུ་འཁྲུངས་ཡུལ་གང་དུ་ཡིན་མིན་དེར་ཁོ་བོས་མཐའ་གཅིག་ཏུ་ཞུ་སྤོབས་མ་མཆིས། ཡུལ་མིང་སོགས་བསྒྱུར་ན། དཀའ་ངལ་ག་རེ་འཕྲད་བཞིན་ཡོད་མེད་ཀྱི་སྐོར་ལ་ཡིན་མ་གཏོགས། མཐའ་གཅིག་ཏུ་ཡུལ་མིང་སོགས་དོན་བསྒྱུར་བྱས་ན་མི་རུང་བ་དང༌། དེ་བཞིན་དོན་སྟོན་མི་ཐུབ་པ་དེ་འདྲའི་ཁྱབ་པ་ཁོ་བོས་བཏང་མེད།
བོད་པས་བོད་ཡིག་ཐོག་བཀླག་རྒྱུ་བྱུང་ན་སྟབས་བདེ་དང་བདེ། ད་ལྟའི་སྐབས་བབས་ཀྱི་གནད་དོན་ནི། ཡུལ་སོགས་ངོས་འཛིན་བྱེད་པའི་ཚེ་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་རེད། བོད་སྐད་དུ་བསྒྱུར་བ་དེ་སླར་ལེགས་སྦྱར་སྐད་དུ་རང་སོར་བསྒྱུར་ལོག་གཏང་དགོས་ན། ཇི་ཙམ་ཞིག་ཏག་ཏག་ཡོང་གི་ཡོད་མེད་ལ་ཐེ་ཚོམ་ཧ་ཅང་ཆེ། དཔེར་ན། སློབ་དཔོན་སེང་གེ་བཟང་པོ་དེ་ལེགས་སྦྱར་སྐད་དུ་བསྒྱུར་ན། ཕལ་ཆེ་བས་སིངྒ་བྷདྲ་ཞེས་བསྒྱུར་ཉེན་ཆེན་པོ་ཡོད། དེ་སྔོན་སྒྱུར་མཁན་བྱུང་མྱོང་ཡོད། དོན་དུ་སེངྒ་བྷདྲ་མིན་པར་ཧ་རི་བྷདྲ་སྟེ། འཕྲོག་བྱེད་བཟང་པོ་ཞེས་པ་ཡིན། ལེགས་སྦྱར་གྱི་མ་དཔེ་རྙེད་སོན་བྱུང་བའི་ཞལ་བྱང་དུ་ཧ་རི་བྷདྲ་ཞེས་འཁོད་ཡོད། འཕྲོག་བྱེད་ནི་སེང་གེའི་མངོན་བརྗོད་ཀྱང་ཡིན། འཁྲུལ་གཞི་བྱུང་རྐྱེན་གཅིག་འདི་འདྲ་འདུག གཞན་ག་ཚོད་ག་ཚོད་ཡོད་སུས་ཤེས།
གྲོགས་ཝཱ་རཱ་ཎ་སི་ལགས་ནས་ལྗགས་ལན་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་གསལ་བཤད་གནང་བ་མཐོང་བས་དགའ་བོ་བྱུང་།
དགོངས་འཆར་ལྷུག་སྩོལ་གནང་རོགས།
གྲོགས་ཝཱ་རཱ་ཎ་སི་ལགས་ནས་ལྗགས་ལན་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་གསལ་བཤད་གནང་བ་མཐོང་བས་དགའ་བོ་བྱུང་།
དགོངས་འཆར་ལྷུག་སྩོལ་གནང་རོགས།
རྒྱ་ནག་གི་མཁས་པའི་དབང་བོ་འདས་སོང་ཅི་ཞན་ལིན་མཆོག་གིས། ཀྲུང་ཧྭ་རིག་གནས་འདི་ཉིད་གནའ་ནས་ད་ལ་ཐུག་གི་བར་གནས་ཐུབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཁོ་བོས་བསམ་ན་ལོ་ཙཱ་ལ་རག་ལས་ཡོད། ཆུ་རྒྱུན་ལ་ཆ་བཞག་ན། ཀྲུང་ཧྭ་རིག་གནས་ཀྱི་ཆུ་རྒྱུན་རིང་མོ་འདི་ཉིད་ཆུ་རྒྱས་པའི་སྐབས་ཡོད་ལ་བྲི་བའི་དུས་ཀྱང་ཡོད། འོན་ཏེ་ནམ་ཡང་བསྐམ་མ་མྱོང༌། རྒྱུ་མཚན་ནི་ཆུ་སྣ་གསར་བ་ནང་དུ་བསྡུ་བཞིན་ཡོད་པས་སོ། །ཆུ་སྣ་བསྡུ་གྲངས་ཆེ་ཆུང་བགྲང་གིས་མི་ཟིན་ཡང་ཆེས་ཆེ་བ་ནི་ཐེངས་གཉིས་ཏེ། གཅིག་ནི་རྒྱ་གར་ནས་ཐོན་པའི་ཆུ་སྣ་དང༌། ཅིག་ཤོས་ནི་ནུབ་ཕྱོགས་ནས་ཐོན་པའི་ཆུ་སྣ་ཡིན། དེ་ལྟ་ནའང་ཆུ་སྣ་ཆེན་པོ་འདི་གཉིས་སྡུད་པར་ལོ་ཙཱ་ལ་མ་བརྟེན་པ་གང་ཡང་མེད། ཀྲུང་ཧྭ་རིག་གནས་འདི་ཉིད་ལང་ཚོའི་གཟི་མདངས་མ་ཉམས་པར་གནས་བྱེད་ཀྱི་བདུད་རྩིའི་སྨན་མཆོག་ནི་ལོ་ཙཱ་ཡིན་པས། ལོ་ཙཱའི་ཕན་ཡོན་ནི་ཅི་འདྲ་ཆེ་བ་ལ་ཨང༌། ཞེས་གསུངས་མྱོང༌།
འདི་ནི་མི་ཚང་མའི་བློ་ལ་གཤགས་དགོས་པའི་དོན་དག་ཅིག་རེད་བཞག
བོད་མི་རིགས་ཀྱི་ལ་རྒྱ་བསམས་པ་རྣམས་ཀྱིས་འབད་པ་གནང་རོགས།
ལེགས་པའི་ཆ་ཡོད་ན་དགྲ་བོ་ལས་ཀྱང་ལེན་དགོས། མི་ལེགས་པ་ཡིན་ན་གྲོགས་པོའི་ཡིན་ཀྱང་གཡུག་དགོས།
ཝཱ་ར་ཎཱ་སི་དང་ཟླ་བ་གཞོན་ནུ་གཉིས་ལ།
དཀོན་མཆོག སངས་རྒྱས། ཆོས། དགེ་འདུན། བླ་མ་ཞེས་པའི་ཐ་སྙད་འདི་དག་ནང་ཆོས་བོད་ལ་མ་དར་སྔོན་ནས་བོད་སྐད་ནང་ཡོད་པ་ཞིག་མ་ཡིན་ནམ། གལ་སྲིད་བོད་སྐད་ནང་ཐ་སྙད་འདི་དག་མེད་པ་ཡིན་ན་ལེགས་སྦྱར་སྐད་གཞིར་བཞག་ནས་དོན་འདྲ་སེ་བ་ཞིག་ལ་བསྒྱུར་དགོས་རྒྱུ་ལ་དེ་ལྟར་མིན་པར་བོད་ལ་རྒྱུས་མེད་ཅིང་ལེགས་སྦྱར་སྐད་དང་ཡང་མི་མཐུན་པ་ཞིག་ཏུ་བསྒྱུར་དགོས་དོན་ག་རེ་ཡིན་ནམ།
མདའ་ཚན་པ་ལགས།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཧི
གཡུ་ཡི་མཚོ་མོ།
ཁྱེད་ཀྱིས་ཀྲུང་ཧྭ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་རྩ་བ་ནས་མ་གནང་རོགས། དེའི་ཚབ་ཏུ་རྒྱ་ནག་ཞེས་བེད་སྤྱོད་བྱོས་ཞེས་ཞུ་རྒྱུ་ཡིན།

ཨ་ལགས་ཚེ་ཏན་གྱི་གསུང་ཞིག་ཏུ་འདིའི་ཕྱོགས་ལ་ཅིག་བཤད་པ་གཤམ་གསལ་བཞིན།
གསུམ་པ། བསྒྱུར་ཚུལ་ལ་དོན་བསྒྱུར། ཐད་བསྒྱུར། རང་སོར་བཞག་པ་གསུམ་གྱི་ཁྱད་པར་བྱུང་ཚུལ།
ད་ནི་ལེགས་སྦྱར་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ་ལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་བསྒྱུར་ཚུལ་སྐོར་ཐག་གཅོད་པའི་ཡི་གེ་སྒྲ་སྦྱོར་བམ་གཉིས་ཞེས་བྱ་བ་དང་། བྱེ་བྲག་རྟོགས་བྱེད་ཅེས་བྱ་བའི་དགོངས་དོན་ལྟར་དབྱེ་སྒོ་གསུམ་ལས།
༡༽དོན་བསྒྱུར་ཇི་ལྟར་བྱས་ཚུལ། ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ། པཱ་ར་མི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི་དཔེར་ན་ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་ཏུ་བརྒལ་བའི་དོན་དང་། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའང་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་དང་། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི་གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་ཡིན་ན་ཡང་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི། སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པ་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུ་སྟེ། འདི་དག་ནི་དོན་བསྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་པ་ཙམ་མོ།།
༢༽ཐད་བསྒྱུར་ཇི་ལྟར་བྱས་ཚུལ། ལེགས་སྦྱར་གྱི་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱར་བ་སྟེ། པྲ་ཛྙ་ཞེས་པ་ཤེས་རབ་ཡིན་ལ། པྲ་རབ་དང་མཆོག་གི་དོན་དང་ཛྙ་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་པ་དང་། སུངྷཱིཿཞེས་པ་བློ་བཟང་སྟེ་སུ་བཟང་པོ་དང་ངྷཱིཿནི་བློ་སྟེ་བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་པ་དང་། རིན་པོ་ཆེ་ཨིནྡྲནཱིལ་ཞེས་པ་དབང་སྔོན་ཏེ་ཨིནྡྲ་ནི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་པ་སྟེ་འདི་ལྟ་བུའི་སྒོ་ནས་ཐད་བསྒྱུར་བྱས་པའི་ཚུལ་གོ་བར་བྱའོ།།
༣༽ལེགས་སྦྱར་སྐད་རང་སོར་བཞག་པའི་སྐོར། ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་གོ་སླ་བར་མི་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་ལ་གཉིས་ལས། དང་པོ་ཡིག་གཟུགས་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན་ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམ་པ་ཀ གླང་ཆེན་ཁ་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡིག་གཟུགས་ཀྱང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང་། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པར་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི་གངྒཱ་ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང་། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་བས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ།། གཞན་ཡང་མཚོ་ལས་སྐྱེས་པའི་པདྨ་དང་དྲོ་སར་སྐྱེས་པའི་ཙམ་པ་ཀ་སོགས་བོད་བསིལ་བའི་ཡུལ་དུ་མི་སྐྱེ་བའི་དབང་གིས་ཀྱང་བོད་རང་ལ་དེའི་མིང་བརྡ་མ་བྱུང་བའི་རྒྱུ་མཚན་གྱིས་བོད་སྐད་དུ་བསྒྱུར་བ་ལས་ལེགས་སྦྱར་སྐད་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་དོ།། དེ་ནི་དཔེར་ན་སྔོན་གྱི་དུས་སུ་སོན་འདེབས་མི་བྱེད་པའི་བཙོང་དང། ཀེའུ། ལ་ཕུག སྐེ་ཚེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད་དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ།། དཔེ་དེ་དང་འདྲ་བ་ནི་རྒྱ་ནག་ལ་མེད་པའི་རྩམ་པ། གངས་ཏི་སེ། ཡང་ཀླུང་གཙང་པོ་རྣམས་ཀྱི་མིང་ཡང་ཟུར་ཅུང་ཟད་རེ་ཉམས་ནས་འབོད་པའི་ཐ་སྙད་རྒྱ་ནག་ལ་དར་སོ་ཆེ་བ་བཞིན་ནོ།། བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་མི་ཐོན་ཅི་རིགས་ཡོད་ཀྱང་ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་བཞིན་པ་འབྲི་ཐུབ་པའི་གནད་ནི་གོང་སྨོས་ལྟར་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ཡིན་ལ། རྒྱ་ནག་སྐད་ཀྱི་གདངས་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི་རྒྱ་ནག་སྐད་དང་ཡི་གེ་ལ་སྔགས་ཀྱི་གདངས་འགའ་རེར་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན་ཨ་མི་ཏ་བྷ་འོད་དཔག་མེད་ལ་ཨ་མིས་ཐོ་ཧྥོ་དང་། རྗེ་བཙུན་བྱམས་པ་མེེཏྲི་ལ་མུས་ལེ་དང་། ག་ཡ་ཞེས་པ་འོད་སྲུང་ལ་ཀྱ་ཡ་དང་། མཆོག་ཟུང་ཤ་རིའི་བུ་ལ་ཧྲེ་ལིས་ཙི་དང་། ཨནྟན་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་མོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ། ། གཉིས་པ་བོད་ཀྱི་ཁ་ལ་བདེ་ཆེད་ཡིག་གཟུགས་ཅུང་ཟད་རེ་འགྱུར་བ་ལྟར་དུ་གླེགས་བམ་གྱི་གཞུང་རྣམས་སུ་བཀོད་པའི་སྐོར། ཛམྦུ་དཱི་པ་ཞེས་པ་འཛམ་བུའི་གླིང་དུ་འབོད་པ་ནི་དཱི་པ་གླིང་དུ་བསྒྱུར་པ་དོན་བསྒྱུར་དང་། ཛམྦུ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་འགྲོ་སྟངས་དང་བསྟུན་ཏེ་འཛམ་བུའི་གླིང་ཞེས་གྲུབ། དེ་བཞིན་དུ་ཀལྤ་ཞེས་པ་དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་འཇུག་བ་དང་ས་མགོ་སྦྱར་བ་དང་། ཀཏྤུར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡིག་གཟུགས་འགྱུར་བའི་སྨན་ག་བུར་དང་། ཀུངྐུམ་ཞེས་པ་གུར་ཀུམ་དུ་འགྱུར་བ་དང་། སྷིང་ཞེས་པ་སེང་གིའམ་སེངྒེ་རུ་འགྱུར་བ་དང་། པུ་སྟི་ཀ་ཞེས་པ་གླེགས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས་འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ།།

གོང་གི་རྩོམ་འདིའི་མ་རྩོམ་ཆ་ཚང་ལ་བལྟ་འདོད་ན།འབྲེལ་ཐག་འདི་ལ་གཟིགས་རོགས།
http://www.tibettimes.net/blogs.php?id=197&post_id=8482