ལོ་རྒྱུས་ཀྱི་སྒྲུང་རིང་། Posted on 2008-10-21 By ཡེ་ཤེས་ 13 Comments on ལོ་རྒྱུས་ཀྱི་སྒྲུང་རིང་། ཀླུ་སྨྱོན། ཁྱོ་གས་དཔལ་འབྱོར་གྱི་ཉམས་ཉེན་མ་ཐེགས་པར་དུག་འཐུངས་ནས་རང་སྲོག་བཅད་རྗེས། མོས་ཀྱང་རང་གི་གཅེས་ཕྲུག་གསུམ་དང་མཉམ་དུ་རླངས་འཁོར་བསྐོར་ནས་བྲག་གཡང་དུ་མཆོངས། བརྩམས་སྒྲུང་།
བརྩེ་དུང་གི་སྒྲུང་རིང་། དོན་གྲུབ་བྱང་ཨ་རིར་ཐོན་མ་ཐག་དགའ་རོགས་རྙིང་པ་མགོ་སེར་མ་དང་མཉམ་དུ་གཉེན་བསྒྲིགས་རྗེས། ཁོའི་དགའ་རོགས་ལྷ་སྐྱིད་ཀྱིས་ཀྱང་རྒྱ་གར་གྱི་གསར་བུ་ནག་སིང་བ་དེ་དང་མཉམ་དུ་འཚོ་བ་རོལ་འགོ་ཚུགས།
ཨ་ལགས། ཟླ་བས་ཉི་མ་གཡུགས་ནས་འཇོན་ལ་ཞོན་ནས་ཨ་རིར་བཞུར་བའི་གཏམ་ཐོས་རྗེས། ཁོས་མིག་གཉིས་ཀླད་ལ་འཁོར་ནས་ཉིན་གང་བསམ་བློ་བཏང་མཐར་འཕུར་སྟངས་གཞན་ཞིག་ཡིད་ལ་འཁོར་རོ།
ཁྱེད་ཀྱི་རྩོམ་འདི་མཐོང་ཐག ངས་བོད་ནང་གི་སྙན་ངག་པར་ཁས་འཆེ་བ་ཞིག་གིས་བྲིས་པའི་སྙན་ངག་གཅིག་ཡིད་ལ་འཁོར་བྱུང་། སྙན་ངག་དེ་ནི་འདི་རེད། མི། དཀར་པོ་དང་ནག་པོ སྙན་དག་འདིར་གོ་རྒྱུ་འདྲ་འདུག་གམ།
རྩོམ་ཡིག་ཡག་པོ་ཞིག་འབྲི་རྒྱུ་དེ་རྩོམ་མཁན་གྱི་འགན་ཁུར་རེད་ལ། རྩོམ་ཡིག་ལ་གོ་བ་ལེན་ཐུབ་རྒྱུ་དེ་ནི་ཀློག་མཁན་གྱི་འགན་ཁུར་རེད།
དུས་རབས་གཅིག་གི་བརྗེད་བྱང་། གདོན་འདྲེའི་དུས་ཆེན་ལ་བསླེབས་པ་ན། ཡང་ལོ་གཅིག་རྫོགས་ལ་ཉེ་བ་རྟོགས་བྱུང་། དུས་ཚོད་མེད་དུས་རྩོམ་ཡིག་འབྲི་ན་འདི་ཙམ་གྱིས་ལོས་ཆོག
སྒྱུ་རྩལ་རྩོམ་རིག་དེ་ཉིད་ཁྱད་འཕགས་ཀྱི་བསམ་བློ་དང་ཐུན་མིན་གྱི་ཁྱད་ཆོས་ད་དུང་ཚོར་འདུ་རྗེན་པ་ལས་བྱུང་བའི་མཛེས་དཔྱོད་ཀྱི་རིན་ཐང་སོགས་ཀྱི་ཆ་ནས་བཤད་པ་ལས་ཚིག་མང་ཉུང་དང་སྡེབ་སྦྱོར་མཁས་མིན་ཙམ་གྱིས་འཇོག་པ་མ་ཡིན། དེས་ན་ཚེ་རིང་གི་བུས། མི། དཀར་པོ་དང་ནག་པོ། ཞེས་པ་འདི་སྙན་ངག་ཡིན་པ་ལ་ཟུར་ཟ་དང་བཅས་ཏེ་གསུངས་འདུག སྤྱིར་ཕྲན་རང་སྙན་ངག་ལ་ཧ་ཅང་དགའ་མཁན་ཞིག་ཡིན་སྟབས་བོད་ནས་དོན་པའི་སྙན་ངག་གི་དེབ་ཕལ་ཆེར་ཀློག་མྱོང་ཡང་འདི་མཐོང་མ་མྱོང་མོད། གང་ལྟར་ངས་སྙན་ངག་ཚད་ལྡན་ཞིག་ཏུ་འདོད། འདི་དང་བོད་ཀྱི་དེང་རབས་སྙན་ངག་མཁན་སྒྱུ་རྩལ་བ་སྐུ་ཞབས་ལྗང་བུས། འཇིག་རྟེན་དང་མི། ཤོག་དཀར་དང་ནག་ཐིག ཅེས་པ་འདི་གཉིས་འཆར་འགོད་བྱེད་ཚུལ་ཧ་ཅང་མཚུངས། ཡིན་ཡང་ཀློག་པ་པོས་རོལ་མྱོང་བྱེད་དུས་བསྟན་དོན་གྱི་བྱ་དངོས་འབྱེད་པའི་རིམ་པ་སོ་སོར་ཏུ་གྱུར་པ་སྣང་།
ཁྱེད་ཅག་གིས་འདི་ལ་གཅིག་གཟིགས་དང་བློ་བསྐྱེད་གསར་པ་ཞིག་རག་སྲིད།http://www.tibetabc.cn/u/hahaha/archives/2008/20083816756.html
གོང་གི་དྲྭ་ཚིགས་དེ་བོད་ནང་གི་ཟིན་བྲིས་ཚ་བ་སྒང་པའི་འབྲོག་ཁྱིམ་ཟེར་བ་དེ་རེད། གོ་ཐོས་ལ་ཁོང་ཉིད་ནང་ཆོས་ལ་མཁས་པའི་མཁན་པོ་ཞིག་རེད་ཟེར། ཡིན་ཡང་ཁོང་གིས་ནང་པའི་ཐེག་པ་ཆེ་ཆུང་བྱུང་རིམ་དང་བཅས་པ་ལ་དགག་རྒྱག་ནན་པོ་ཞིག་བྱས་འདུག ད་དུང་ཁོས་་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཨ་ལགས་དོལ་ཞི་སོགས་ཀྱིས་ལན་སྒུག་ནས་ཡོད་ཟེར། གང་ལྟར་རྩོམ་དེ་ཧང་སང་དགོས་པ་ཞིག་འདུག མིང་ལ་ལོག་རྟོག་སྙིང་སྟོབས་ཅེས་བརྗོད་འདུག
གལ་སྲིད་ཚ་བ་སྒང་བ་ཨ་རིའི་ཕྱོགས་སུ་ཡོང་རྒྱུའི་སྐད་ཆ་རེ་གོ་ན་ང་ལ་བརྡ་ཞིག་རྒྱག་རྒྱུ་མ་རྗེད། གང་ཡིན་ཟེར་ན་ངས་ཁོ་དང་མནའ་གཅོད་ན་འདོད། ངས་བཤད་འདོད་པ་མང་ཞིག་ཁོས་ངལ་དུབ་ཆེན་པོའི་སྒོ་ནས་བརྗོད་འདུག
མིའུ་ཕྲུག་གིས་བྲིས་པའི་དྲ་གནས་འདི་ཡེ་ཤེས་ཀྱིས་བྲིས་པའི་དྲ་གནས་ཚོ་བཞིན་ཀློག་ཐུབ་ཀྱི་མི་འདུག ཁྱེད་གཉིས་ཀྱི་གློག་ཀླད་ཀྱི་ན་ཚ་གཅིག་པ་ཡིན་པ་འདྲ།
ངས་འདི་ནས་དྲ་གྲོགས་གཞན་པ་ཚོའི་དེ་ལམ་སེང་ཀློག་ཐུབ་ཀྱི་འདུག ཡིན་ན་ཡང་གློག་ཀླད་ཀྱི་ཁྱད་པར་ཞིག་ཡོད་ཏན་ཏན་རེད། ཚེ་རིང་གི་བུ་ཟེར་བ་དེས་བྲིས་པ་དག་ཀྱང་ངས་འདི་ནས་ལམ་སེང་ཀློག་ཐུབ་ཀྱི་མི་འདུག
བརྩེ་དུང་གི་སྒྲུང་རིང་།
དོན་གྲུབ་བྱང་ཨ་རིར་ཐོན་མ་ཐག་དགའ་རོགས་རྙིང་པ་མགོ་སེར་མ་དང་མཉམ་དུ་གཉེན་བསྒྲིགས་རྗེས། ཁོའི་དགའ་རོགས་ལྷ་སྐྱིད་ཀྱིས་ཀྱང་རྒྱ་གར་གྱི་གསར་བུ་ནག་སིང་བ་དེ་དང་མཉམ་དུ་འཚོ་བ་རོལ་འགོ་ཚུགས།
ཨ་ལགས།
ཟླ་བས་ཉི་མ་གཡུགས་ནས་འཇོན་ལ་ཞོན་ནས་ཨ་རིར་བཞུར་བའི་གཏམ་ཐོས་རྗེས། ཁོས་མིག་གཉིས་ཀླད་ལ་འཁོར་ནས་ཉིན་གང་བསམ་བློ་བཏང་མཐར་འཕུར་སྟངས་གཞན་ཞིག་ཡིད་ལ་འཁོར་རོ།
ཁྱེད་ཀྱི་རྩོམ་འདི་མཐོང་ཐག ངས་བོད་ནང་གི་སྙན་ངག་པར་ཁས་འཆེ་བ་ཞིག་གིས་བྲིས་པའི་སྙན་ངག་གཅིག་ཡིད་ལ་འཁོར་བྱུང་། སྙན་ངག་དེ་ནི་འདི་རེད།
མི།
དཀར་པོ་དང་ནག་པོ
སྙན་དག་འདིར་གོ་རྒྱུ་འདྲ་འདུག་གམ།
རྩོམ་ཡིག་ཡག་པོ་ཞིག་འབྲི་རྒྱུ་དེ་རྩོམ་མཁན་གྱི་འགན་ཁུར་རེད་ལ། རྩོམ་ཡིག་ལ་གོ་བ་ལེན་ཐུབ་རྒྱུ་དེ་ནི་ཀློག་མཁན་གྱི་འགན་ཁུར་རེད།
དུས་རབས་གཅིག་གི་བརྗེད་བྱང་།
གདོན་འདྲེའི་དུས་ཆེན་ལ་བསླེབས་པ་ན། ཡང་ལོ་གཅིག་རྫོགས་ལ་ཉེ་བ་རྟོགས་བྱུང་།
དུས་ཚོད་མེད་དུས་རྩོམ་ཡིག་འབྲི་ན་འདི་ཙམ་གྱིས་ལོས་ཆོག
ཉི་མ་གཅིག་ལ་རྩོམ་ཡིག་བརྒྱ་ཞེས་པ་དེ་འདི་ལྟར་བྲིས་ན་ལོས་ཆོག ང་ཚོ་ཚང་མ་རྩོམ་པ་པོར་འགྱུར་འདོད་ན།
མགོ་འཁོར་ནས་ཁ་བརྡ་ཚང་ལ་ཡོང། །
སྟབས་ལེགས་ནས་རྩོམ་ཡང་འབྲི་སྟངས་ཤེས། །