—–ཅོག་མྱི།
ལོ་རྒྱུས་ནི་སྨྲ་མི་ཤེས་པའི་བོང་བུ་ཞིག་ཡིན།
སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞོན་པ་སྣ་ཚོགས་རྒྱབ་ལ་ཐེག་ནས།
ཆོས་སྲིད་ཀྱི་ཟློས་གར་གང་བྱུང་ལ་འཁྲབ་ཏུ་བཅུག
ལོ་རྒྱུས་ཀྱི་བོང་བུ་ལ་རང་བཙན་ཟེར་བ་ཞིག་མེད་ལ་དབུ་མ་ཟེར་བ་ཞིག་ཀྱང་ག་ལ་ཡོད།
ལན་རེར་ངུ་སྐད་ཐེངས་གསུམ་བརྒྱབ་ནའང་།
ཞོན་པས་དེ་ནི་འདོད་ཆགས་དང་ཞེ་སྡང་གི་བརྡ་རྟགས་ཤིག་ལ་འཁྲུལ་ནས།
བོང་བུའི་ཐོབ་ཐང་ཞིག་ལ་བརྩི་གིན་མེད།
ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ཐོབ་ཐང་ཡོད་ལ་ལོ་རྒྱུས་ཀྱི་བརྡ་སྤྲོད་དང་ལུས་ཕུང་ཡང་ཡོད་པས།
བོད་ཁ་བ་ཅན་གྱི་ལོ་རྒྱུས་ཀྱི་བོང་བུ་ལ།
དབུ་རང་གཉིས་ཞོན་ཏེ་འཐབ་དུས།
ཀ་ཡེ། ཡིད་སྐྱོ་བའི་བོང་བུ་ལགས།
ཁྱེད་རང་ཡི་མུག་གམ།
ཐང་ཆད་དམ།
སྙན་ངག་ཡག་པོ་ཞེ་དྲག་འདུག
ཐུགས་རྗེ་ཆེ་དེ་ག་རང་རེད་ང་ཚོའི་ལས་ཀ་འདི་འདྲ་རང་རེད་དོ་།
རང་བཙན་དབུ་མའི་ཁ་དམག་འགན་འཁུར་འོག་།
བོད་དོན་བདེན་མཐའ་ཉིན་མོའི་སྐར་མ་ཙམ་།
མི་ལོ་ལྔ་བཅུ་མི་ཡུལ་མགོ་བོ་འཁོར་།
བོད་ཀྱི་རིག་གཞུང་ལ་མོ་རྒྱབ་འགྲོ་འདའ་།