ཤར་ཕྱོགས་ཁུག་རྟ།
ཀུན་གྱིས་མཁྱེན་གསལ་ལྟར། མང་གཙོའི་འོས་འཕེན་གྱི་རླུང་བུའི་རྒྱུ་ཕྱོགས་ནི་སྐབས་རེར་སྤྱི་དོན་ཆེད་གཡུགས་ཤིང་། མཚམས་རེར་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་གཡུགས་བཞིན་པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་འོས་བསྡུའི་སྐབས་སྤྱི་དོན་དང་ཕྱོགས་རིས་ཞེན་ཁོག་གི་བཀའ་བཀོད་གཉིས་ལས་གང་ཞིག་གཙོ་བོ་འཛིན་གྱི་ཡོད་མེད་ཉེ་བའི་ལོ་འགའི་ནང་ཇེ་གསལ་དུ་སོང་ཡོད་ཅིང་། མང་གཙོའི་ཁྱད་ཡོན་དང་དགོས་དམིགས། འགྲོ་ལུགས་བཅས་སྔོན་དུ་མ་སྦྱངས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི། མང་གཙོའི་ལམ་བུའི་ནང་ཐོལ་བརྒལ་བྱས་པ་ནི་བསྙོན་དུ་མེད་ཅིང་། གལ་སྲིད་གནས་ཡུལ་རྒྱ་གར་དང་ནུབ་ཕྱོགས་ཨ་རི་ལྟ་བུའི་འོས་ཤོག་འགྲན་རྩོད་ཀྱི་རྗེས་མཐུད་དུ་སོང་ཚེ། སྐྱབས་བཅོལ་བོད་མིའི་རྩ་དོན་ལ་ཕན་ཐོག་ག་ཚོད་ཡོད་མེད་བཤད་ཚོད་དཀའ་བ་ཙམ་མ་ཟད། མི་ཉུང་ཉུང་སྤར་མོ་གང་འདིའི་ནང་མི་གསོད་ཁྲག་སྦྱོར་མི་ཡོང་བའི་ངེས་པའང་མི་འདུག་སྙམ་པ་ནི་དུ་བ་མཐོང་པས་མེ་ཡོད་པར་གཏན་འཁེལ་ཐུབ་པའི་ཟླ་རུ་གྱུར་འདུག
ཉེ་བའི་ལོ་ཤས་གོང་ནས་བཙན་བྱོལ་དུ་ཕེབས་མཁན་ལས་ཕྱིར་ལོག་འགྲོ་མཁན་མང་བ་དང་། ཕྱིར་ལོག་འགྲོ་མཁན་ཚོའི་ཁྲོད་ནས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་འདོད་པ་མ་ཁེངས་པ་མང་ཚུལ་གོ་ཐོས་ཙམ་མིན་ཞིང་། གཞིས་བཞུགས་བོད་མི་དོ་སྣང་ཅན་གང་འཚམ་གྱིས་ཀྱང་༸རྒྱལ་བ་རིན་པོ་ཆེར་མ་གཏོགས་གཞན་ལ་རེ་བ་རྒྱག་གི་མེད་ཚུལ་གསར་འགྱུར་རྒྱུད་ལམ་ཆེ་སར་ཡོངས་གྲགས་ཀྱིས་ཐོན་བཞིན་པའི་སྐབས་འདི་འདྲར། རང་ཉིད་མདོ་སྨད་སྤྱི་འཐུས་ཤིག་བར་མའི་འོས་བསྡུ་བྱེད་དགོས་པའི་འོས་གཞིའི་ཁྱབ་བསྒྲགས་ཁྲོད་ཚུད་ཅིང་། ཡུལ་མདོ་སྨད་ཀྱི་མཁྱེན་ལྡན་བྱས་ཅན་དང་། གསར་སྐྱེས་ཤེས་ཡོན་ཅན་ཙམ་དུ་མ་ཟད། ཆོལ་ཁ་གཞན་གྱི་གནད་ཡོད་མང་དག་ཅིག་གིས་ཀྱང་ཁོ་བོར་འོས་གཞིར་ལངས་དགོས་པའི་སྐུལ་མ་གནང་བར་བརྟེན། ཁོང་རྣམས་པའི་འབོད་སྐུལ་གནང་བའི་རྒྱུ་མཚན་ལ་ཉན་ཞིབ་དང་འབྲེལ་དེ་དེ་བཞིན་དུ་ཞུ་ངེས་པའི་ལན་ཕུལ་བ་ལས། ཡོངས་གྲགས་འདིའི་ཐད་ད་བར་རང་གི་བསམ་ཚུལ་གང་ཡང་བརྗོད་མེད།
ཡིན་ནའང་། གཞིས་ལུས་བོད་མི་ཤེས་ལྡན་ཅན་མང་པོས་བོད་ཕྱིར་རེ་བ་རྒྱག་ཚུལ་དེང་སང་གི་མགྱོགས་ལ་མྱུར་བའི་བརྒྱུད་ལམ་ཁག་ནས་ཚང་མས་ཤེས་གསལ་ལྟར་དང་། བཙན་བྱོལ་གཞིས་ཆགས་ཕལ་མོ་ཆེས་ཀྱང་ཕྱི་རྒྱལ་ཤིག་ཏུ་ཐར་ཐབས་ལ་འབད་པས་ངལ་བ་བླ་ལྷག་ཏུ་བསྟེན་བཞིན་པ། ༸གོང་ས་སྐྱབས་མགོན་ཆེན་པོས་སྲིད་འགན་རྩིས་སྤྲོད་གནང་ནས་ཡུན་རིང་འགོར་བ། རྒྱལ་སྤྱིའི་གྲོས་ཚོགས་ཁག་གི་གྲོས་ཆོད་ཙམ་ལས་རང་ལུས་མེར་སྲེག་བརྒྱ་དང་ལྷག་ལ་ད་ལྟའི་ཆར་ཅི་ཡང་བསྟན་རྒྱུ་མ་རྙེད་ཁར། མཐར་༸གནས་ཆུང་ཆོས་རྒྱལ་ཆེན་པོར་ལག་པ་འཕྱིས་ནས་རང་སྲེག་མི་བྱེད་རྒྱུར་འབོད་སྐུལ་བྱས་པའི་ཁ་སྟབས་འདི་དག་གི་འོག་ཏུ། ཁོ་བོ་ལྟ་བུ་སྤྱི་འཐུས་ལ་ལངས་ན་ལོ་རྒྱུས་ཀྱི་ནག་ཉེས་སྤྱི་མཚུངས་སུ་འབབ་རྒྱུའང་བཤད་ཚོད་མི་ཐིག་པ་ལྟ་བུ་ཞིག་འདུག་ནའང་། མ་འོངས་པར་མི་རབས་གསར་པ་ཚོས་སྐབས་དེར་མདོ་སྨད་མཐའ་མཚམས་ནས་ཡོང་བའི་ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་སྤྱི་འཐུས་འོས་གཞིར་ལངས་འདུག
ཁོས་ལངས་དགོས་པའི་རྒྱུ་མཚན་འདི་ལྟར་བཤད་འདུག་ཟེར་བ་ཞིག་ངེས་པར་དུ་ཡོད་དགོས་པར་མཐོང་སྟེ། ལོ་རྒྱུས་ལ་འགན་ཁུར་ཆེད་དང་གལ་སྲིད་སྤྱི་འཐུས་སུ་སླེབས་ཀྱང་དོན་འབྲས་འབྱུང་མིན་ལ་མ་བལྟས་པར་རང་གིས་གང་ཞིག་སྒྲུབ་འདོད་ཡོད་པ་རྣམས་དོན་ཚན་དུ་བགར་ནས་བཤད་དགོས་པར་མཐོང་བ་ལས། འོས་ཤོག་སློང་བ་ནི་གཞར་ཡང་མིན་ལ། མང་གཙོའི་འོས་འཕེན་གྱི་རླུང་འདིར་ཁོ་བོར་དེ་ཙམ་ཡིད་ཆེས་མེད་པ་ནི་གོང་དུ་བཤད་ཟིན་པ་ལྟར། སྤྱིར་འཕྲལ་ཕུགས་རྒྱང་གསུམ་མཐོང་མཁན་ཞིག་འོས་འདེམས་བྱ་སྟངས་མང་ཁ་ཉུང་གིས་ལེན་པའི་ཚུལ་འདིས་ཐག་གཅོད་ཐུབ་ན། མཁས་རྣམས་བྱོན་པའི་དགེ་བའང་དེ་ཙམ་དུ་ཟད་པས་དེ་དོན་འདིར་སྤྲོས་འདོད་མེད། ཁོ་བོས་གཤམ་དུ་བཙན་བྱོལ་བོད་མིའི་སྒྲུབ་བྱ་གལ་ཆེན་གཉིས་དང་འབྲེལ་ནས་ཆབ་སྲིད་དང་འཛིན་སྐྱོང་། གྲོས་ཚོགས་བཅས་ཀྱི་ཐད་སྤྱི་འཐུས་སུ་སླེབས་ན་སྲི་ཞུ་ཅི་ལྟར་སྒྲུབ་མིན་དང་། ཞོར་དུ་གསལ་བཤད་གཅིག་བཅས་མཉམ་དུ་ཞུ་འདོད་བྱུང་།
གཅིག འཛིན་སྐྱོང་།
༡༽ བོད་དོན་བདེན་མཐའ་གསལ་རྒྱུ་དང་གཞིས་ཆགས་བརྟན་བརླིང་ཡོང་ཐབས་ནི་བཙན་བྱོལ་བོད་མིའི་ལས་འགན་གཡོལ་དུ་མེད་པ་གཉིས་ཡིན་པ་ལྟར། བོད་དོན་བདེན་མཐའ་མ་གསལ་བར་གཞིས་ཆགས་ཁག་ངེས་པར་དུ་བརྟན་བརླིང་ཡོང་དགོས་ཤིང་། དེ་བརྟན་བརླིང་ཡོང་ཐབས་ཀྱང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་ནས་ཡར་རྒྱས་འགྲོ་དགོས་པ་གཡོལ་ཐབས་མེད་པ་ཞིག་རེད། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞིས་ཆགས་བརྟན་བརླིང་མ་བྱུང་ན། དབུས་བོད་མིའི་སྒྲིག་འཛུགས་ནི་འཐབ་རྩོད་ཀྱི་གཟིགས་ལྤགས་གྱོན་པའི་ཕྱི་ཚུལ་ཙམ་དུ་གྱུར་ཏེ་མཐར་མི་འདོད་ཀྱང་འཐོར་བཤིག་ཏུ་འགྲོ་རྒྱུ་དེ་རེད། དེ་ལྟའི་གནས་སྟངས་ཤིག་མི་ཡོང་ཆེད་འོས་འདེམས་བྱས་པའི་འཛིན་སྐྱོང་གི་དབུ་ཁྲིད་ཚད་ལྡན་ཞིག་ཡོང་དགོས་ཤིང་། འཛིན་སྐྱོང་གིས་ཕྱི་རྒྱལ་ཁག་ཏུ་ཁ་འཐོར་དུ་འགྲོ་དགོས་པའི་གནས་བབ་འདི་ལས་སྐྱོབ་ཆེད། གཞིས་ཆགས་རྣམས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་བརྟན་བརླིང་ཡོང་ཐབས་ལ་བསྐྱར་ཞིབ་ཚད་ལྡན་བྱེད་དགོས་ཤིང་། རྒྱ་ནག་དང་རྒྱལ་སྤྱིར་ལྟོས་དགོས་པའི་རང་རེའི་ཆབ་སྲིད་འཐབ་རྩོད་ནི་གཞན་དབང་ཅན་ཡིན་ནའང་། གཞིས་ཆགས་ཁག་ཡར་རྒྱས་ཡོང་ཐབས་ཀྱི་ལས་གཞི་གསར་བསྐྲུན་བྱེད་ཕྱོགས་ནི་གཞན་ལ་ངེས་པར་དུ་ལྟོས་དགོས་པའི་གྲལ་མིན།
ཁོ་བོ་སྤྱི་འཐུས་སུ་སླེབས་ན། ད་ཡོད་ཀྱི་གཞིས་ཆགས་ཁག་གི་གནས་སྟངས་ཤེས་རྟོགས་ཡོད་པ་འདིའི་ཁར་རང་ངོས་ནས་ཉམས་ཞིབ་ཚད་ལྡན་གྱིས། གཞིས་ཆགས་བརྟན་གནས་ཡོང་ཐབས་ཀྱི་སྒྲིག་གཞིའི་འཆར་ཟིན་ཞིག་གྲོས་ཚོགས་ལ་འབུལ་རྒྱུ་ཡིན། དེ་ནི་ད་ལྟའི་”ས་ཁང་སྒྲིག་གཞི་”ལྟ་བུ་འདི་འདྲ་ཞིག་མིན་ཞིང་། རིགས་ཞེན་བསམ་བློའི་སློབ་གསོ་དང་འཚོ་བའི་མཐུན་རྐྱེན་ཡོང་ཁུངས་གཉིས་ཀ་ཟུང་འབྲེལ་གྱིས་”མི་རིགས་ཤིག་གི་རང་དབང་འཐབ་རྩོད་པའི་འགན་ཁུར་དང་བློས་གཏོང་”དབུས་སུ་བཞག་སྟེ་བཟོ་འདོད་ཡོད་ཅིང་། གཙོ་བོ་མི་མང་གི་སེམས་རང་གི་དབུ་ཁྲིད་དང་དེའི་མགོ་ཁྲིད་པའི་སྒྲིག་འཛུགས་ལ་ཕྱོགས་ཐབས་དང་། དགའ་སྣང་ཡོང་ཐབས། ཡིད་ཆེས་སྐྱེ་ཐབས། སྐྱོན་ཡོན་གཉིས་ལ་དོ་སྣང་དང་ཐེར་འདོན་བྱེད་ཐུབ་མཁན་གྱི་གཞིས་ཆགས་ཤིག་དང་གཞིས་མི་ཞིག་བཟོ་རྒྱུ་དེ་ཡིན། དེ་ལས་ལྡོག་སྟེ་ནམ་ཞིག་གཞིས་མི་རང་ནས་སྒེར་གྱི་འཚོ་ཚིས་གཙོ་བོར་བྱས་ཏེ་མི་རིགས་ཀྱི་སྤྱིའི་ཐོབ་ཐང་སྣང་མེད་དུ་གཏོང་ན། དེའི་ཚོད་ཀྱིས་དབུས་སྒྲིག་འཛུགས་ལ་ཐབས་ཤེས་ལངས་ཕྱོགས་ག་འདྲ་ཞིག་འཛིན་དགོས་མིན་གྱི་ངེས་པ་ཞིག་རྙེད་ངེས་པས་རང་ལྗིད་རང་གིས་ལོན་པའི་དམིགས་ཚད་ལྡན་པའི་འཐབ་རྩོད་ཀྱི་འགྲོས་ཤིག་ཆགས་རྒྱུ་གདོད་མི་ཟ།
༢༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་ལ་ཉམས་ཞིབ་དང་། དེའི་འོག་གི་ལས་འབོར་ལ་ཉམས་ཞིབ་ཀྱིས་ལས་ཁུངས་འཁུ་བསྡུ་དང་ལས་བྱེད་འཁུ་བསྡུའི་སྙན་ཐོ་ཞིག་གྲོས་ཚོགས་ལ་འབུལ་རྩིས་ཡིན། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀྱི་གྲངས་འབོར་མང་དྲག་པ་དང་ལས་འབོར་ལ་ཡར་རྒྱས་ཀྱི་རྣམ་པ་མེད་པ། ད་ལྟའི་གནས་བབ་དང་མི་འཚམས་པའི་ལས་འཆར་རིགས་ཤིག་ཀྱང་ཡོད་མུས་ལ་བརྟེན། ཁོ་བོའི་སྙན་ཐོ་དེའི་ནང་དབུས་སྒྲིག་འཛུགས་ལས་ཕྱོགས་མཐའ་ཁག་གི་ལས་བྱེད་ཀྱི་སྤུས་ཚད་ཡར་རྒྱས། ལས་དོན་སྣ་མང་གི་ལས་ཁུངས་ཇེ་མང་དུ་གཏོང་ཆེད་ལས་བྱེད་ཀྱི་གྲངས་འབོར་མང་ཆེ་བ་ས་གནས་ཁག་ཏུ་བགོ་རྒྱུ་འཁོད་འདོད་ཡོད། ད་ལྟའི་ལྷན་ཁང་གང་ཞིག་ཡིན་རུང་མི་གཅིག་གིས་སྒྲུབ་ན་འགྲུབ་པ་དང་། འགྲུབ་རྒྱུར་དུས་ཚོད་ཀྱི་འགོར་འགྱངས་མེད་པའི་ལས་དོན་མང་པོ་ཞིག་ལས་བྱེད་གསུམ་ནས་བཞིའི་འོས་འགན་དུ་ཆ་བགོས་བྱས་ཏེ། ལས་བྱེད་ཕལ་མོ་ཆེར་དེ་ཙམ་གྱི་ལས་ཀ་མེད་ཅིང་། ལྷན་ཁང་ཞིག་ལ་བཅར་མི་ཁོ་ནར་ཐོ་འགོད་བྱེད་མཁན་ལ་ལས་བྱེད་གཅིག་ཡོད་པ་ལྟ་བུ་ལས་འབོར་ཉུང་ལ་ལས་བྱེད་མང་སྐྱོན་ནི་ཡོངས་གྲགས་ཆགས་ཡོད་པས། ཤེས་ཚད་ལ་གཞིགས་པའི་ལས་བྱེད་འཁུ་བསྡུ་དང་། སྐྱབས་བཅོལ་བ་ཡིན་པའི་ཆ་ནས་ལས་བྱེད་ཀྱི་ཡུན་ཚད་ཀྱང་ལོ་ ༥ ནས་ ༢༠ བར་བཟོ་དགོས་པ་དང་། འཁུ་བསྡུ་བྱས་པའི་དཔལ་འབྱོར་གྱི་གཏོང་དམིགས་རྣམས་ཤེས་ཡོན་ཐོག་གཏོང་རྒྱུ་དེ་རེད།
༣༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་ཞུགས་པར་ཨིན་བོད་གཉིས་ཀྱི་ཡིག་རྒྱུགས་ཀྱི་ལམ་ཁ་ཡོད་པ་བཞིན། རྒྱ་བོད་གཉིས་ལའང་སྤྱི་མཚུངས་ཀྱི་ལམ་ཁ་ཡོད་པའི་སྙན་ཐོ་འདོན་རྒྱུ་ཡིན་ཞིང། དེ་ནི་༸རྒྱལ་བ་རིན་པོ་ཆེས་ལན་མང་གསུངས་པའི་རྒྱ་རིགས་འབྲེལ་མཐུད་ལས་གཞི་ཡར་རྒྱས་དང་ལག་བསྟར་དོན་འཁྱོལ་བྱེད་པ་དེའི་ཆེད་ཡིན། སྙན་ཐོ་འདིའི་ནང་དབུས་བོད་མིའི་སྒྲིག་འཛུགས་ལ་ལས་བྱེད་སྤུས་དག་ཉུང་ངུ་ལས་མི་དགོས་པ་དང་། དེའི་ཁྲོད་ས་གནས་གཞིས་དགོན་ཁག་ཏུ་ལས་ཀ་བྱེད་མཁན་ཕུད། གཞན་རྒྱ་རིགས་འབྲེལ་མཐུད་ལྷན་ཁང་གི་ལས་བྱེད་མི་སྣར་བསྐོ་བཞག་བྱས་ཏེ་ཁྱོན་ཡོངས་ནས་རྒྱ་ནག་མི་མང་ལ་འབྲེལ་བ་བྱེད་པའི་ཚ་རླབས་ཇེ་ཆེར་གཏོང་རྒྱུ་དེ་རེད། དེ་ཡང་ལོ་ཚད་ངེས་ཅན་ནང་གྲུབ་འབྲས་ལ་གཞིགས་ཏེ་རྒྱུན་སྐྱོང་བྱེད་པ་ལས། མགོ་བཙུགས་པ་ཡིན་ན་བརྟན་གནས་དགོས་པའི་ངེས་པ་མེད་པ་ཡིན།
༤༽ ང་ཚོས་ཆབ་སྲིད་ཐད་གྲུབ་འབྲས་ཆེན་པོ་མ་ལོན་ན་ཡང་། ཤེས་ཡོན་ཐད་འབད་བརྩོན་བྱེད་པའི་མྱུར་ཚད་སྐར་ཆ་གཅིག་ཀྱང་ཆུད་ཟོས་གཏོང་ཐབས་མེད་པས། འབྲིང་རིམ་དང། མཐོ་རིམ། ཞིབ་འཇུག་རིགས་གཅིག་རྐང་འཛིན་བཅས་ཡོད་པའི་གཙུག་ལག་སློབ་གཉེར་ཁང་སུ་གང་ལའང་ལྟོས་མི་དགོས་པ་ཞིག་གསར་འཛུགས་བྱས་ཏེ། སློབ་གླིང་དེའི་ནང་ཆེད་ལས་ཡིག་བསྒྱུར་སྡེ་ཁག་ཅིག་གསར་འཛུགས་ཀྱིས་ཨེ་ཤ་ཡའི་འབྲུག་ཆུང་བཞིའི་ཡ་གྱལ་ཐའེ་ཝན་ནང་བཞིན་འཛམ་གླིང་ནང་སྐད་གྲགས་ལྡན་པའི་དཔེ་དེབ་རྣམས་དུས་ལྟར་རང་སྐད་དུ་བསྒྱུར་ཐུབ་པ་དང་། བོད་སྐད་ཡིག་ནང་གི་རིག་གཞུང་ཇེ་ཕྱུག་ཏུ་གཏོང་བ། གཞི་འབྲིང་མཐོ་གསུམ་གྱི་སློབ་དེབ་གསར་བཟོའི་མཁས་པའི་ལྷན་ཚོགས་ཤིག་བཙུགས་ཏེ་བོད་ཕྱི་ནང་གཉིས་ཀར་དམིགས་པའི་སློབ་དེབ་གསར་བཟོ་དུས་ལྟར་བྱེད་པ། མཐོ་རིམ་ཐོན་རྗེས་ཞིབ་འཇུག་དང་རིགས་གཅིག་རྐང་འཛིན་འབུམ་རམས་པ་སོགས་རྩེ་ཐོན་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་མགོ་ཁྲིད་ནང་ཡོང་ཐབས་བྱེད་པ་བཅས་ཡིན་ལ། འདི་ཡོང་ཐབས་མིན་ནི་ད་བར་གྱི་སློབ་གྲྭ་ཁག་གི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་མ་འོངས་པར་སློབ་གྲྭ་རྣམས་འཁུ་བསྡུ་བྱེད་མིན་ལ་རག་ལས་པ་དེ་ཡིན་ནའང་། གཙོ་བོ་ད་ཡོད་ཀྱི་ལས་སྣེ་རྣམས་ནས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་མནོ་སེམས་ཐོངས་མིན་ལ་ཐུག་ཡོད། སྐྱབས་བཅོལ་པའི་གནས་སྐབས་འདིར་ཤེས་ཡོན་སྲིད་བྱུས་ལག་བསྟར་སོགས་ཕྱོགས་གང་ནས་བལྟས་ཀྱང་ཕ་མ་དང་དགེ་རྒན་ཁ་མཐུན་པ་ཡིན་ན་འཛིན་སྐྱོང་གིས་ཐེ་བྱུས་བྱེད་མི་ཐུབ་པའི་གནས་སྟངས་ཡོང་ཐབས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཤེས་ཡོན་ཡར་རྒྱས་ཀྱི་གནད་འགག་འཛིན་སྐྱོང་གི་ལག་ཏུ་ཡོད་པ་འདི་བེད་སྤྱོད་ཚད་ལྡན་ཞིག་ཡོང་ཐབས་ལ་འབོད་སྐུལ་ཚ་ནན་བྱེད་རྒྱུ་དང་། དགེ་རྒན་གྱི་ཆེ་མཐོང་གོང་འཕེལ་གཏོང་ཕྱོགས་ཀྱིས་མཚོན་པའི་ཁོར་ཡུག་བསྐྲུན་སྟངས་རྣམས་ཞིབ་ཏུ་འཁོད་པའི་སྙན་ཐོ་ཚད་ལྡན་ཞིག་གྲོས་ཚོགས་ལ་འབུལ་རྒྱུ་ཡིན།
གཉིས། ཆབ་སྲིད།
༡༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་རྒྱབ་སྐྱོར་འཚོལ་བའི་ཁ་ཕྱོགས་དང་བོད་དོན་དྲིལ་བསྒྲགས་གཉིས་ཀ་འགྱུར་བ་གཏོང་དགོས་པའི་བསམ་འཆར་སྙན་ཐོ་འདོན་རྒྱུ་ཡིན། དེ་ནི་ད་བར་གྱི་ཨ་རི་དང་ཡོ་རོབ་སོགས་ཀྱི་གྲོས་ཚོགས་དང་གཞུང་འཛིན་གྱི་རྒྱབ་སྐྱོར་གྱི་ཚད་གཞིར་ཕྱོགས་སྡོམ་དང་། དེའི་ནུས་ཤུགས་རྒྱུན་གནས་ཡོང་ཐབས་ཐད་བདེན་པ་ཁོ་ན་འགྲེལ་བཤད་གནང་ནས་འདུག་རྒྱུ་མིན་པར། སྒྲིག་འཛུགས་ལྡན་པའི་རྒྱབ་སྐྱོར་འཚོལ་ཐབས་ཀྱི་འཆར་གཞི་འགོད་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན། སིང་གཱ་པོར། ཧོང་ཀོང་། ཉི་ཧོང་། རྒྱ་གར་སོགས་སུ་བོད་དོན་དྲིལ་བསྒྲགས་ཐད་ཐབས་ཤེས་གང་ཡོད་འདོན་དགོས་པ་དང་། དེ་ཚོའི་ཐད་དབུས་སྒྲིག་འཛུགས་ནས་སྲིད་བྱུས་གསར་པ་དང་དོན་གཅོད་ཁག་ཡར་རྒྱས། མེད་པ་འཛུགས་ཐུབ་བཅས་ལ་འབད་བརྩོན་གནང་དགོས་པ་དང་། དེ་ཚོའི་ས་ནས་ཐོབ་ངེས་ཀྱི་རྒྱབ་སྐྱོར་མང་པོ་ཞིག་ང་ཚོས་མ་གནང་བར་ལྷག་ལུས་སུ་གྱུར་བ་གང་མང་ཐོན་ཡོད། དཔེར་ན་ཐའེ་ཝན་ནང་སྐྱབས་བཅོལ་ལག་དེབ་སེར་པོའི་སྟེང་ཟླ་དྲུག་མཚམས་ཕྱིར་འབུད་དགོས་པ་དེའི་དཀའ་ངལ་སེལ་རྒྱུར། ང་ཚོའི་དབུས་ནས་བཀའ་མོལ་གནང་ན་གནང་ས་ཡོད་པ་ཐའེ་ཝན་གྱི་མཐོ་རིམ་མི་སྣ་ཞིག་ནས་ངེད་ལ་དངོས་སུ་གསུངས་མྱོང་།
༢༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡུལ་མིའི་འོས་འགན་ཐད་བསྐྱར་བཅོས་དམིགས་བསལ་ཞིག་འགྲོ་དགོས་པའི་ཁྲིམས་འཆར་རྒྱས་པ་ཞིག་འདོན་རྒྱུ་ཡིན། དེ་ནི་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པ་དང་། སྐྱབས་བཅོལ་དུ་སླེབས་མཚམས་ང་ཚོའི་གནས་བབ་དང་ཁ་སྟབས་ལ་དཔག་པའི་འོས་འགན་དམིགས་བསལ་ཞིག་རང་བཞིན་གྱིས་ཡོད་པར་ཁྲིམས་ཐོག་ནས་སྤྱི་དམངས་ལ་དབང་བསྐུར་དགོས་ཀྱི་འདུག་ལ། རང་བཙན་ཡོད་པའི་རྒྱལ་ཁབ་ཇི་ལྟ་བ་བཞིན་ཡུལ་མིའི་འོས་འགན་འགའ་ཞིག་ས་མིག་མ་སྟོང་ཙམ་དུ་བཀོད་པ་དེས་སྐྱབས་བཅོལ་བའི་བཅའ་ཁྲིམས་ཡིན་པ་དང་། སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་དམིགས་བསལ་གྱིས་འཁྲི་བའི་འགན་གང་ཡོད་པ་རྣམས་བཙན་བྱོལ་བོད་མི་རྣམས་དྲན་སྐུལ་གཏོང་ཐུབ་ཀྱི་མེད་པས། དེའི་སྐོར་གསལ་འདོན་གྱིས་མི་རབས་གསར་པའི་ཁྲོད་འཐབ་རྩོད་ཀྱི་ཚོར་ཤུགས་དང་འགན་ཁུར་གཉིས་ཀ་ཇེ་གསལ་ཇེ་དོད་དུ་གཏོང་རྒྱུ་ཡིན།
༣༽ བཙན་བྱོལ་གཞི་རིམ་མི་མང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གསལ་བོ་རྟོགས་པ་དང་། དེའི་ལྷན་ཁང་ཁག་གི་འོས་འགན་དང་ལས་དོན་གནང་ཕྱོགས་གསལ་བོ་རྟོགས་རྒྱུ་གཉིས་ནི་ཧ་ཅང་གལ་ཆེན་ཡིན་སྟབས། དྲིལ་བསྒྲགས་ལས་ཁུངས་ནས་སྲིད་བྱུས་ལངས་ཕྱོགས་འགྲེལ་བཤད་ངེས་འདྲོངས་ཐོན་པ་ཡོང་ཐབས། སྡེ་ཁག་ཟུར་འཛུགས་ཀྱིས་གཞིས་ཆགས་ཁག་ཏུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གང་དུ་སླེབས་ཡོད་མེད། བོད་དོན་གནས་བབ་གང་དུ་སླེབས་ཡོད་མེད་དུས་ནས་དུས་སུ་མི་མང་ལ་ངེས་ཐབས་བྱེད་རྒྱུ་དང་། ད་ལྟའི་དབུ་མའི་ལམ་གྱི་དྲིལ་བསྒྲགས་ཆེད་ལས་བྱེད་གཅིག་ལས་མེད་པའི་གནས་སྟངས་འདི་འདྲར་ངེས་པར་དུ་འགྱུར་བ་བཏང་སྟེ། གྲོས་ཚོགས་ནས་ཀྱང་སྔོན་རྩིས་བཀའ་འཁྲོལ་ཕོན་ཆེ་གནང་རྒྱུ་མ་ཟད་དེར་གྲོས་ཚོགས་ནས་ཐད་ཀར་ཕྱག་རོགས་དགོས་ཀྱང་མཉམ་རུབ་གནང་རྒྱུའི་བསམ་འཆར་ཞིབ་ཚགས་ཤིག་འདོན་རྒྱུ་ཡིན་ལ། འདི་ནི་ལོ་མང་རིང་གཞིས་དགོན་དང་། སློབ་གྲྭ་ཁག་ཏུ་༸གོང་ས་ཆེན་པོའི་དགོངས་གཞི་མཛད་འཕྲིན། དབུ་མའི་ལམ་སོགས་ངོ་སྤྲོད་བྱས་པའི་ཉམས་མྱོང་གཞི་བྱས་ཏེ་ཡོངས་ཁྱབ་སྙན་ཐོ་འདོན་གྱི་ཡིན།
༤༽ ད་ལྟའི་བཙན་བྱོལ་ནང་གི་མགོ་ཁྲིད་མང་ཆེ་བས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འགྲེལ་བཤད་བསྐྱོན་སྟངས་ནི་མགྲིན་དབྱངས་གཅིག་གྱུར་དང་། ཞིབ་ཚགས་མིན་པ། མཛུབ་མོ་འཛུགས་ས་ལས་གནམ་དུ་འཕུར་ཤེད་ཆེ་བ་ཞེ་གཅིག་ཡིན་སྟབས། སྲིད་བྱུས་ཉམས་ཞིབ་ཁང་ལྟ་བུ་ལ་ཆེད་མངགས་རྒྱ་ནག་ཐོག་ཆེད་མཁས་པ་བསྡུ་སྐོང་དང་། རྒྱ་ནག་གིས་བོད་ཁུལ་དུ་བཀོད་སྒྲིག་བྱས་པའི་ཁུལ་དང་རྫོང་ཞང་རིམ་པ་བཅས་ཚང་མར་ལག་བསྟར་བྱས་པའི་སྲིད་བྱུས་རྣམས་ལ་ཞིབ་ཚགས་ཤིང་དཔེར་མཚོན་འདྲེན་རྒྱུ་ཡོད་པའི་ལམ་ནས། སྲིད་བྱུས་ཀྱིས་མ་འགྲིག་པའི་རྒྱུ་མཚན་འདྲེན་པ་དང། དབུས་གཞུང་དང་ས་གནས་བར། ཡང་ན་ས་གནས་ནས་ཚུལ་བཞིན་ལག་བསྟར་བྱས་ཀྱང་དབུས་ནས་ངག་ཐོག་སོགས་ནས་གློ་བུར་བཀོད་ཁྱབ་སྣ་ཚོགས་བཏང་ནས་ལག་བསྟར་ཁྲོད་ཉམས་ཉེས་བཏང་རིགས་རྣམས་སྦོམ་བཤད་ཙམ་མིན་པར། ད་སྔ་ཡན་གྱི་”བོད་ཐོག་འཛིན་པའི་སྲིད་བྱུས”་ཟེར་བའི་ལས་སླ་མདོག་དེ་འདྲ་མིན་པའི་ཞིབ་འཇུག་ཚད་ལྡན་བྱེད་རྒྱུར་ཆེད་མཁས་བསྐོ་གཞག་གསོ་སྐྱོང་བྱེད་ཐུབ་པ་སོགས་ཀྱི་ཆེད་བཀའ་སྤྱི་མཉམ་འབྲེལ་གྱི་སྟངས་འཛིན་འོག་ཡོད་པའི་རང་དབང་ཅན་གྱི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་ཆགས་རྒྱུར་སྙན་ཐོ་ཚད་ལྡན་འདོན་རྒྱུ་ཡིན།
གསུམ། གྲོས་ཚོགས།
ངེད་རང་ད་བར་ལོ་ངོ་དྲུག་ཙམ་ལ་གྲོས་ཚོགས་ཀྱི་ཟུར་ཉན་དུ་བཅར་མྱོང་ཞིང་། གནད་དོན་གང་ཅིར་དོ་སྣང་ཞིབ་ཚགས་བྱེད་མཁན་ཞིག་ཡིན། གྲོས་ཚོགས་འཐུས་མིའི་ཆ་ཤས་ལེན་སྟངས་ལ་གཞིགས་ན། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་ཉམས་ཞིབ་མ་ཐུབ་ཀྱང་། འཛིན་སྐྱོང་གི་ལས་དོན་གནང་སྒོ་ཁག་ལ་དོ་སྣང་གནང་བ། གྲོས་ཚོགས་ཀྱི་འགྲོ་ལུགས་དང་འཐུས་མིའི་འོས་འགན། ཁྲིམས་ལུགས་དབང་འཛིན་གྱི་འོས་འགན་བཅས་ཀ་བ་གསུམ་ལ་དེ་ཙམ་རྒྱུས་མངའ་ཆེར་མེད་པའི་ཚོར་སྣང་མང་དུ་བྱུང་། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་གདོང་ཐུག་རྒྱབ་པའི་གནས་ཚུལ་ལས་གཞན། སྤྱི་འཐུས་སྒེར་གྱི་གསལ་བཤད་སོགས་ཀྱི་དུས་ཚོད་བླངས་ཏེ་ད་བར་སྤྱི་འཐུས་སུ་གང་གིས་སྒྲུབ་བྱ་གཉིས་ཀྱི་ཐད་སྙན་ཐོ་ཚད་ལྡན་གང་ཡང་བཏོན་མི་འདུག་པའི་གནས་བབ་ལ་བལྟས་ན། ང་ཚོའི་གྲོས་ཚོགས་འཐུས་མི་རྣམས་ནི་”བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་གྱི་བོད་ཀྱི་འཐུས་མི་”རྣམས་དང་བསྡུར་ཐབས་བྲལ་བ་ལྟ་བུ་ཞིག་རེད།
ཁོང་ཚོས་སྤྱི་ཚོགས་བདེ་དོན་དང་། དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་སྐོར་བཅའ་ཁྲིམས་ཀྱི་རྒྱ་ལས་མ་བརྒལ་བའི་གསར་གཏོད་རང་བཞིན་ལྡན་པའི་བསམ་ཚུལ་དང་། སྐྱོན་ཆ་ཡང་དག་པའི་ངོས་འཛིན་དང་བཅོས་ཐབས་ཚད་ལྡན་གྱི་སྙན་ཐོ་འདོན་པ་དག་ནི་ཚང་མས་ཤེས་གསལ་རེད་ལ། ཉེ་སྔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཏོན་པའི་བོད་སྐད་ཡིག་སྐོར་གྱི་བསམ་ཚུལ་ནི་དེའི་དཔེ་མཚོན་གསལ་ཤོས་ཤིག་རེད། དེའི་རྐྱེན། སྤྱི་འཐུས་ཀྱི་འོས་འགན་སྒྲིག་གཞིའི་ནང་རྣམ་གྲངས་ཇེ་མང་དུ་གཏོང་བ་དང་། རྒྱུན་ལས་ལས་ཐོག་ཡིན་མིན་ལ་མ་ལྟོས་པར་ལོ་ལྔའི་རིང་རང་གི་ནུས་པ་ཕྱོགས་གང་སར་བེད་སྤྱོད་གཏོང་ཆེད་གཞུང་གྲོན་གྱིས་མཐུན་འགྱུར་ཡོད་པ་བཟོ་རྒྱུ་དང་། ལོ་ལྔ་ཚང་མཚམས་གྲུབ་འབྲས་ཕྱོགས་སྡོམ་གྱིས་གྲོས་ཚོགས་མཐའ་མའི་སྟེང་གཟེངས་བསྟོད་འབུལ་སྲོལ་འཛུགས་རྒྱུ་སོགས་ཀྱི་བསམ་ཚུལ་སྙན་ཐོ་ཞིབ་ཚགས་ཤིག་འདོན་རྒྱུ་ཡིན།
བཞི། གསལ་བཤད་གཅིག
ངས་”མི་རིགས་འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་གྱི་ལས་འགུལ་”སྤེལ་བར་མི་མང་པོ་ཞིག་གིས་དངོས་དོན་གང་ཡིན་ལ་མི་གཟིགས་པར་ཐད་ཀར་སྐར་ལྔའི་དར་དམར་སྟེང་འཆོང་རྐྱང་བྱེད་ཀྱི་འདུག་པའི་སེམས་ཚོར་ལ་ངས་བསམ་ཤེས་མི་ཐུབ་པ་མེད་ཀྱང་། དེ་འདྲའི་སེམས་ཚོར་ཞིག་གིས་བོད་དོན་རང་དབང་སྒྲུབ་ཐུབ་ལ་གྲོགས་ཅི་གང་མི་ནུས་པའངཞོར་དུ་ཤེས་དགོས་པ་འདྲ། ངས་ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་དང་མངོན་འདོད། དེའི་རིགས་པའི་གཞུང་ལུགས་རྣམས་” རྒྱུ་མཚན་ཆེན་པོ་བཅུ་གཉིས་”སོགས་སུ་གསལ་བས། བསྐྱར་ཟློས་བྱེད་འདོད་མེད་ཀྱང། ངའི་བྱེད་སྟངས་དེ་འགྲིག་ཡོད་མེད་བོད་དོན་ཐད་མཁྱེན་རྒྱ་ཟབ་པའི་འཛམ་བུ་གླིང་གི་མཁྱེན་ལྡན་སུ་འདྲ་ཞིག་ལ་བཀའ་འདྲི་ཞུས་ནའང་འགྲིག་མི་འདུག་ཅེས་རྩ་བ་ནས་མི་གསུངས་པའི་ཡིད་ཆེས་བརྟན་པོ་ཡོད་ཅིང་། རང་རེའི་ཆེས་མཐོའི་མགོ་ཁྲིད་ཁ་ཤས་དང་མཉམ་དུ་འདིའི་ཐད་ཞིབ་ཏུ་བསམ་ཚུལ་ཞུས་པས་མཐའ་སྡོམ་ངེད་རང་གོམ་པ་གཅིག་གི་མགྱོགས་དྲག་པའི་དགོངས་ཚུལ་ཕེབས་པ་ལས། དབུ་མའི་ལམ་གྱི་གཞུང་ལུགས་དང་མི་མཐུན་པ་བོད་དོན་ལ་མི་ཕན་པ་སོགས་ཚིག་གཅིག་ཀྱང་གསུངས་མ་སོང་ལ། ངའི་ཐབས་ལམ་འདི་ལ་དགག་གཞག་ཡོད་མཁན་ཚོས་ཀྱང་དེ་བསྟུན་རྒྱུ་མཚན་གྱི་ལམ་ནས་དགག་གཞག་གནང་ན་ལས། ངའི་ལངས་ཕྱོགས་འདི་ལ་འགྱུར་བ་སྤུ་ཙམ་མེད་པ་ད་ཐེངས་གསལ་བཤད་ཞུས་པ་ཡིན།
གོང་གི་བསམ་ཚུལ་འདི་དག་ནི་ངས་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་བབ་དང་དེའི་རང་དབང་འཐབ་རྩོད་སྒྲུབ་ཕྱོགས་གཉིས་ཀར་གཞིགས་ཏེ་ཁ་ཡོད་ལག་ཡོད་ཀྱིས་དགོས་ངེས་ཅན་དང་། འབད་བརྩོན་ལྷོད་མེད་བྱས་ན་སྒྲུབ་ཐུབ་པའི་རིགས་སུ་གཏོགས་པའི་གནད་འགག་ཅན་ཁག་ཅིག་ཁོལ་དུ་ཕྱུངས་ཏེ་སྤྱན་བསྟར་ཞུས་ཡོད་ན། ད་ཐེངས་རྒྱབ་སྐྱོར་པ་རྣམས་ཀྱི་འབོད་སྐུལ་ལ་ལེགས་སོ་ཞུས་པ་ཚིག་སྐམ་པོ་ཙམ་དུ་མི་འགྱུར་ཆེད་དང་། ལྷག་དོན་དྲིལ་བསྒྲགས་འདི་རིགས་བོད་ཕྱི་ནང་གང་སར་ཁྱབ་ཀྱི་ཡོད་སྟབས། འོས་ཐོབ་མིན་གནད་འགག་ཏུ་མ་བརྩིས་པར། དེ་དག་ལའང་རང་ཉིད་ཀྱིས་འགན་ཅི་ལྟར་ཁུར་གྱི་ཡོད་མེད་ད་ལྟ་དང་མ་འོངས་པ་གཉིས་ཀར་གསལ་སྟོན་བྱ་ཆེད། ཞིབ་འཇུག་བྱ་བའི་བར་གསེང་ནས་མཚན་གྱི་ཆུ་ཚོད་སྤྱད་དེ་བྲེལ་སྟབས་སུ་སྦྱར་བ་འདིས་ཐམས་ཅད་ཤིས་པར་གྱུར་ཅིག་ཅེས་སྨོན་པ་དང་།
ངས་འདི་ལྟར་ག་རེ་བྱས་ནས་འབོད་སྐུལ་དང་དུ་བླངས་མིན། ཁྱེད་གྲོས་ཚོགས་ནང་སླེབས་ན་ག་རེ་བྱེད་ཀྱི་ཡིན་མིན་ཐད་བསམ་ཚུལ་སྙིང་བསྡུས་ཙམ་བྲིས་པ་འདི། ང་ཚོའི་མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་༼མ་འོངས་ལས་འཆར་༽དམན་སར་འདེད་ཆེད་དང་། ལས་ཐོག་སྤྱི་འཐུས་རྣམ་པ་ཚོར་གོ་རྒྱུ་ཡོད་པའི་བརྡ་བསྟན་པ་སོགས་གང་ཡང་མིན་པར་རང་གིས་རང་གི་མི་རིགས་དང་རང་ཉིད་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཞིག་གི་ཟོལ་དུ་ཡོད་པ་འདི་ལ་ལོ་རྒྱུས་ནང་འགན་ཁུར་ཆེད་བྱུང་རབས་དེབ་ཐེར་དུ་བྲིས་པ་ཙམ་ཡིན་ལ། གུས་པར་སྤྱི་འཐུས་ཐོབ་ཀྱང་མ་ཐོབ་ཀྱང་ད་བར་བྱས་པའི་ལས་དོན་འདི་དག་རྒྱུ་འབྲས་དྲང་བཞག་དང་དངོས་ཡོད་གཤིབ་བསྡུར་གང་གི་ཆ་ནས་བཤད་ཀྱང་སྤྱི་འཐུས་རྣམ་པ་ཚོའི་ཕྱག་ལས་དང་བསྡུར་ཆོག་ཆོག་ཅིག་ཡོད་པས། ཐོབ་མི་ཐོབ་དེ་གུས་པར་གལ་ཆེ་གང་ཡང་མིན་ཞིང་། གཙོ་བོ་རྒྱ་ཆེའི་སེར་སྐྱ་མི་མང་གིས་སྐབས་འདི་འདྲར་བོད་ཀྱི་གནས་བབ་ལ་གཞིགས་ཏེ་མང་གཙོའི་འོས་འཕེན་༸ཐུགས་རེ་གནང་བ་ནང་བཞིན་ཞིག་ལོངས་སུ་སྤྱོད་ཤེས་སོང་ན་དེས་ཡིད་ཚིམས་སོང་བ་ཡིན་ནོ་ཞེས་མདོ་སྨད་ཙོང་ཁ་གསེར་གྱི་རེབ་གོང་སྟེ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་བུ་ལྕགས་ལོ་ཚང་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས།། །།
༢༠༡༤། ༢། ༥། ཉིན།།
བཀླགས་ཟིན། ཤིན་ཏུ་ལེགས། ངའི་རང་དབང་གི་འོས་ཤོག་ཁྱེད་ཁོ་ནར་དབང་སོང་།
ཁྲག་དཀྲུགས་ཟར་བུ་ཐན་བྱ་འདི།། ནམ་ཡང་མདོ་སྨད་སྤྱི་མཐུན་དུ།། སླེབས་པར་མི་སྲིད་ན་རཀ་ཀན།། གལ་ཏེ་སླེབས་ན་བོད་ཁམས་ཉིད།། ཐན་ལྟས་ནམ་མཁའ་གང་བར་མངོན།། བློ་ཆོས་བྱིས་བུའི་ཀླད་པ་ཅན།། སྒམ་ཚུགས་མེད་པའི་ནད་སྐྱོན་ཅན།། ཡ་རབ་མེད་པའི་གནོད་སེམས་ཅན།། མདོ་སྨད་ཡོངས་ཀྱིས་ཟློག་པ་རྒྱོབ།། སྐབས་རེར་གཟུ་བོ་གནས་འདོག་བྱེད།། མཚམས་རེར་སྒེར་ནད་སྤྱི་ལ་གཡུགས།། མཚམས་འགའ་སྒྲིག་འཛུགས་གཏོར་གྲོགས་བྱེད།། བྱ་བྱེད་མང་བའི་གཏི་བོ་ཞིག། ཆོས་ལས་ཞེན་ལོག་སྲིད་ལ་འཁྱར།། སྲིད་ལས་མི་ཕན་ཕུང་དཀྲུགས་སླངས།། ཆོས་སྲིད་གང་ལས་བོད་སྤྱི་ལ།། ནམ་ཡང་མི་ཕན་དཀོན་མཆོག་གསུམ།།
་་་་་་ གུས་པར་སྤྱི་འཐུས་ཐོབ་ཀྱང་མ་ཐོབ་ཀྱང་ད་བར་བྱས་པའི་ལས་དོན་འདི་དག་རྒྱུ་འབྲས་དྲང་བཞག་དང་དངོས་ཡོད་གཤིབ་བསྡུར་གང་གི་ཆ་ནས་བཤད་ཀྱང་སྤྱི་འཐུས་རྣམ་པ་ཚོའི་ཕྱག་ལས་དང་བསྡུར་ཆོག་ཆོག་ཅིག་ཡོད་པས། ཐོབ་མི་ཐོབ་དེ་གུས་པར་གལ་ཆེ་གང་ཡང་མིན་་་་་་་
འོས་མ་ཐོབ་ན་ཡང་འགྲིག་པ་ཤར་ཁུག་ལས། འོས་ཐོབ་ན་ཁས་བླངས་པའོ་དོན་ལག་ལེན་དུ་ལྟར་འདོད་ཡོད་པ་ཚང་དབྱངས་རྒྱ་མཚོ་རང་འོས་མི་དྲགས་པ་ཡིན་ཚོད་འདུག
མི་གཞན་གྱིས་ཅི་བཤད་ཀྱང་རུང་གི ཁོ་བོས་ནི་ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་འདི་ཀློག་སྐབས་གནད་ལ་ཁེལ་བ་དང་། འཆར་གཞི་ལྡན་ཞིང་ཕུགས་རྒྱང་རིང་བ་སོགས་ཁ་ཚ་དགོས་གཏུག་གིས་བསྒྲུབ་བྱ་ཉག་གཅིག་ཏུ་མཐོང་བས། ཁོ་བོའི་འོས་ཤོག་གི་ཐོང་ཐང་ནི་ཁྱེད་ཁོ་ནར་དབང་བ་ཡིན་ནོ། །
བསྟོད་ར་བཏང་བ་མིན། གནད་འགག་ཆ་ཚང་འཇུས་ཚར་བའི་ཚོར་བ་གཅིག་སྟེར་གྱི་འདུག ད་ལྟའི་ལས་ཐོག་སྤྱི་འཐུས་ཚོར་དྲི་བ་དང་གོ་བརྡ་ཡག་ཐག་ཆོད་ཅིག་སྤྲད་འདུག ངས་བསམས་ན་ཤར་ཕྱོགས་པ་ཁྱེད་ཀྱིས་ད་ལྟ་ཕྱག་ལས་གལ་ཆེན་པོ་དེ་ཚོ་གནང། རྗེས་མར་མཉམ་དུ་སྲིད་སྐྱོང་ལ་ལངས་ན་ཡག་ས་རེད། མང་གཙོའི་འགྲོ་ལུགས་དང་འགན་ཁུར་ལ་བརྩི་བཀུར་ཡག་ཐག་ཆོད་བྱས་འདུག ཧྲ་ལ་བྱོས། ཨ་མའི་བུ་རྒོད། རིག་པ་འབྱུང་བའི་བུ།
གསེར་ཆོས་ཞིག་བཤད་འདུག ངའི་འོས་ཤོག་ཁྱེད་ཁོ་ནར་དབང་བ་ཡིན་ནོ།
ཐན་བྱ་འདིའི་གནས་ལུགས་ཅན་ཞིག་བྲིས་མེད་གི་ན་་་་ཡུམ་དུམ་པ།
ངའི་རྒྱུགས་རྟ་བྱང་ནོ་ཅིག་ཅིག་ངར་ག རྒྱུགས་མི་རྒྱུག་མེད་ཀི རྒྱུགས་ཐག་ཅིག་ཅིག་རིང་རྒྱུ་ན་་་་ཧཧཧཧཧཧཧ
སྤྱི་འཐུས་འོས་མི་ཞིག་གིས་རང་སྣང་གང་ཤར་དངོས་ཡོད་དོན་འཁྱོལ་ལ་མ་ལྟོས་པར་བོད་མི་མང་གི་མདུན་དུ་གསལ་ལེར་བཞག་པར་བསྔགས་བརྗོད་ཞུ། ཁྱེད་ཀྱིས་ཁ་ནང་དུ་བསྐོར་ནས་བསམ་གཞིགས་དང་ཕྱི་ལ་བལྟས་ནས་རང་གི་གང་འཇོན་ནུས་པའི་སྐོར་ཡིག་ཐོག་བཀོད་པ་སྔོན་ནས་བཙན་བྱོལ་ནང་སྤྱི་འཐུས་ཤིག་གིས་དེ་འདྲ་བྲིས་པ་ད་བར་མཐོང་མ་མྱོང་། རྒྱང་ལྟ་ཐུབ་པ་ནི་ཆབ་སྲིད་པའི་དགོས་མཁོ་ཡིན་ཀྱང་སྤྱི་ཚོགས་དང་ཡུལ་དུས་ལ་དཔག་པས་གོམ་པ་རྒྱབ་རྒྱུ་དེ་ཡང་ངེས་པར་དགོས་པའི་ཆ་རྐྱེན་ཞིག་ཡིན། ལར་ནས་རང་ཉིད་ལ་རྒྱ་དར་འཕྱར་བའི་རྒྱུ་མཚན་བཅུ་བཅིུས་ཇི་ཙམ་ཡོད་ཀྱང་ཡུལ་དུས་གནས་སྐབས་ལ་གཞིག་ནས་འགྲོ་དགོས་པ་ལས་ཕོ་རོག་ནག་པོ་ལྟར་བྱེད་ན་རང་དོན་འཁྱོལ་རྒྱུའི་ཚབ་ཏུ་རང་མགོ་རང་གི་བརྡུང་བས་ད་ལྟའི་ཁྱེད་ཀྱི་སྣང་ཚུལ་དེ་མི་མང་ནང་བྱུང་བ་རེད། ང་མདོ་སྨད་པ་ཞིག་མིན་མ་གཏོགས་ཁྱེད་ལ་འོས་བསླུགས་ངེས་ཡིན།
ཤར་ཕྱོགས་པ་རྒྱ་བྱ་ཁུག་རྟར་དངོས་གནས་རྒྱ་ཤན་འདུག རང་དབང་གིས་བསམ་ཚུལ་ལ་གསལ་བཤད་བྱེད་དགོས་པ་ནི་རྒྱ་བྱ་འདིས་བོད་མི་རིགས་ཀྱི་སྤོབས་པ་གཅོག་མྱོང་བའི་རེད་གདའ། རང་བཙན་དོན་གཉེར་བ་དག་གི་མགོ་བོ་འབུར་འཇོམས་ཆེད་རྒྱ་དར་ཕྱར་བ་དེ་གོམ་གང་མདུན་སྤོས་ཡིན་ཚུལ་སྒྲོགས་པ་ནི་ཧམ་བཤད་རང་རེད། རང་བཙན་ནི་ཡོང་དཀའ་བར་༧གོང་ས་མཆོག་གི་གསུང་གིན་ཡོད་ཅིང་དེ་དང་མཉམ་དུ་བོད་མི་རིགས་ལ་བོད་མི་རིགས་ཀྱི་རིག་པ་དང་བོད་མི་རིགས་ཀྱི་དར་ཆ་དགོས་པ་དེ་༧གོང་ས་མཆོག་གིས་གསུངས་མྱོང་བ་ཙམ་མ་ཟད། མའོ་ཙེ་ཏུང་གིས་ཀྱང་བོད་མིར་དར་ཆ་ཕྱར་ན་འགྲིག་ཚུལ་བཤད་པ་བསྐྱར་བཟློས་གནང་མྱོང་ཡོད།
རྒྱ་བྱའི་ཉེས་པ་ནམ་མཁར་མི་ཤོང་།
སྐྱབས་བཅོལ་དུ་ཡོང་བ་ནི་རྒྱ་དར་ལ་རེ་བ་མེད་པས་ཡིན།
རྒྱ་དར་ཕྱར་འདོད་ན་འཕྱར་ཆོག་མོད་དེ་ནི་བོད་རྒྱ་ཞི་འགྲིག་བྱུང་ཟིན་པའི་ཉིན་མོ་ཡིན་དགོས།
བོད་དར་ཕྱར་མཁན་རྒྱ་མི་ག་ཚོད་འདུག་གམ།
རྒྱ་མི་ཚོའི་ལག་པར་བོད་པ་འཇོམས་བྱེད་ཀྱི་གོ་མཚོན་བཟུང་ཡོད་མོད་བོད་དར་ཕྱར་གི་མེད། བོད་མི་ཚོས་རྒྱ་མགོ་གནོན་བྱེད་ཀྱི་མཚོན་ཆ་བཟོས་མེད།
ཁུག་རྟའི་རྒྱ་དར་ཕྱར་བ་ནི་མཐུན་སྒྲིལ་མ་རེད། ཞུ་བ་འཐེན་མཁན་གྱི་ཐོག་མ་ཡིན་མདོག་བསྟན་པ་ཙམ་རེད། རྒྱ་མིར་ཞུ་བ་འཐེན་ཆེད་དུ་བོད་མི་རྣམས་སྐྱབས་བཅོལ་དུ་བྱུང་བ་མིན། རྒྱ་ལ་ཞུ་བ་མཐེན་ན་ཞི་འགྲིག་མི་ཡོང་བ་ནི་རྒྱལ་ཁབ་གཞན་ལ་ཞུ་བ་འཐེན་ན་བོད་པའི་རང་བཙན་མི་ཡོང་བ་དང་གཅིག་མཚུངས་ཡིན། རྒྱ་བྱའི་ནོར་འཁྲུལ་ཆེ་ཤོས་གཅིག་ནི་རྒྱ་བོད་གཉིས་བར་ན་ར་འཕྲོད་པ་མངས་པོ་ཡོད་བསམ་པ་ཙམ་རེད། བོད་མིའི་བསྒྲིག་འཛུག་དང་ན་གཞོན་བར་གྱི་དཀའ་ངལ་ནི་མགོ་མདོག་དང་རང་མགོ་རང་ཐོན་བར་གྱི་འགལ་བ་ལ་རྨོངས་པ་དེ་རེད། རང་མགོ་རང་ཐོན་ནི་ཁ་གསོ་བ་ཙམ་ལ་གཏན་ནས་གོ་བ་ལེན་མི་རུང་། རང་མགོ་རང་ཐོན་ནི་བློ་སེང་གིས་གསར་བཟོས་ཀྱི་ཐ་སྙད་ཅིག་མ་རེད། རང་མགོ་རང་ཐོན་གྱི་ནང་དུ་བོད་མི་སྐྱབས་བཅོལ་བ་ཙམ་མ་ཟད་རྒྱལ་ཁབ་ཡོད་པའི་ཆབ་འབངས་ཀུན་ཀྱིས་ཉམས་སུ་བསྟར་འོས་པ་གཅིག་རེད། མགོ་མདོག་ནི་རྒྱ་བྱ་ལྟར་གཞན་གྱི་མཇེ་མ་ལང་སྔོན་ལ་གསང་ཁེབ་ཕུད་དེ་གཉའ་མ་བཟེད་ཅིང་དེའི་རྗེས་ལ་གོང་ཚད་བསྒྲིག་ཡ་ཡིན། རང་མགོ་རང་ཐོན་ནི་གཉའ་མ་བཙོང་དགོས་བྱུང་ནའང་གོང་ཚད་འགྲིག་པའི་རྗེས་ལ་གཉའ་མ་བཟེད་བགྱིད་དེ་ཡིན། གསལ་བཤད་ནི་སྐྱག་བཤད་རང་རེད། སྨད་བཙོང་དགོས་བྱུང་ནའང་རིན་གྱི་རང་དབང་ཡོད་པ་ལྟར་རྒྱ་དར་སྔོན་ལ་འཕྱར་ཡ་གཅིག་མ་རེད།
རྒྱ་མི་ཚོར་ར་མ་འཕྲོད་པའི་ཆ་ཡོད་དེ་ནི་བོད་སའི་ཁེ་དབང་མི་དབང་བའི་རྒྱ་མི་རྣམས་ལ་ཏོག་ཙམ་ར་སྤྲོད་ཡ་ཡོད་མོད། དེ་ཡང་རྒྱ་གཞུང་གིས་བོད་ཀྱི་ཁེ་དབང་རྒྱ་མི་ཚོར་བགོ་བཤའ་ཡག་པོ་བྱེད༌པ་ལ་ཕན་པ་ལས་བོད་ཀྱི་ཁེ་དབང་བོད་མིར་ཐོབ་ཆེད་དེ་ཙམ་མི་ཕན།
རྒྱུ་མཚན་རྒྱ་གཞུང་གིས་བོད་སའི་ཁེ་དབང་རྣམས་རྒྱ་མིར་བགོ་བཤའ་ཡག་པོ་བརྒྱབ་ན་དེ་གས་རྒྱ་མི་ཚོར་འགྲིག་འགྲོ་གི་རེད།
ཀྲུང་གོས་ཡག་པོ་བྱེད་ཀྱིན་མི་འདུག ཀྲུང་གོས་བོད་ལ་ཡག་པོ་བགྱིས་ན་རྒྱ་དར་འཕྱར་དགོས་ན་ཕྱར་ཆོག་འདི་ལབ་དགོས་པ་རེད།
རྒྱ་བྱ་ནི་རང་ཡིན་ན་ད།
འགྱུར་བ་མེད་པའི་དངོས་པོ་ཞིག་ཡོད་མི་སྲིད་པ་རེད། རྒྱ་ནག་འགྱུར་བཞིན་པ་མཐོང་གི་མི་འདུག་གམ། ཐོབ་ཐང་གི་ཆེ་ཆུང་ཙམ་མ་གཏོགས་ཅིག་ཐོབ་རྒྱུ་ནི་ཉག་གཅིག་རེད། འོན་ཀྱང་ང་ཚོས་རང་ཉིད་ལ་མཐོང་ཆུང་བྱས་ཏེ་་་ཅི་ཡང་མི་ཡོང་བ་ཞིག་་་མི་ཐུབ་པ་ཞིག་ལ་་་་་དེ་བས་ཅི་ཡང་མ་བྱས་ན་ག་ལ་འགྲིགས་་་་་
དབུ་འོས་བསྡུ་ལྷན་ཁང་གི་ངོ་བོ་མག་མུག་ཏུ་གྱུར་པའི་མདོ་སྨད་བར་མའི་འོས་བསྡུ་འདིའི་འོས་མི་རྣམས་གང་སྤྱི་ཐད་གཞོན་སྐྱེས་ཤེས་ཡོན་ཅན་ཀྱང་མཐོང་གི་འདུག། ངས་ཁོངས་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། ངའི་རང་དབང་གི་འོས་ཤོག་འདི་ཀླུ་མཁར་བྱམས་ལ་འབུལ་རྒྱུ་ཡིན། ཁོང་ནི་ཁ་བཤད་ཙམ་མ་ཡིན་པའི་རྒྱ་མིའི་བཙོན་དུ་ཚུད་མྱོང་མཁན་མི་བུ་ཞིག་ཡིན་པས་ཡིན།།
ཁུག་རྟ་འདི་སྤྱི་འཐུས་ནས་སྲིད་སྐྱོང་བར་དུ་སོང་ན་བོད་དོན་ཀྱི་མེ་རོ་ལྟ་བུར་གྱུར་བའི་གཞིས་ཆགས་རྩ་སྟོངས་སུ་འགྲོ་རྒྱུ་ཡིན་པ་ང་ཚོས་རིག་ཡོད་པས་དགག་པ་ཡིན། ལོག་ལམ་ལ་རྒྱུགས་རྟ་ཇི་ལྟར་མགྱོགས་པར་རྒྱུགས་ན་དེ་ལྟར་ང་ཚོའི་རྩ་དོན་ལ་གནོད།
རེད་རེད། ཁྱི་རྐུན་ལ་འོས་བླུགས་པ་ལས་མ་བླུགས་ན་བཟང་། ཁུག་རྟ་འདི་དམག་གྲབས་ན་ཡོད་ན་སྐེ་གཅོད་དགོས་པའི་གྲབས་རེད། རང་ལུས་མེར་བསྲེགས་པའི་མིང་བེད་སྤྱད་ནས་སྡིངས་ཆར་འཛེག་འདོད་སྐྱེས་པ་རེད། གཞིས་བྱེས་གཞུང་དམངས་གཉིས་ཀས་གང་ཡང་ཅི་ཡང་གནང་བ་རེད། སྲིད་སྐྱོང་མཆོག་ནས་གནང་ན་གནས་ཆུང་གིས་གནང་ན་རང་ལུས་མ་གནོང་རོགས་ཅེས་ཞུ་འོས་པ་ཅིག་རེད། ཁྱིམ་ཚང་གི་ཨ་ཕ་ཡིན་ན་འདྲ། ཁྱིམ་ཚང་གི་ལྷ་ཡིན་ན་འདྲ། འཁུར་འོས་པའི་འགན་ནི་ཁྱིམ་མིའི་སྔོན་ལ་རང་ཉིད་བསྲེག་པའམ། ཡང་ན་ཁྱིམ་མི་སྐྱོབས་པའི་ཐབས་ལ་བརྟེན་པ་ཡང་དག་པ་རེད།
མུ་མཐུད་ནས་བཤད་ན། ཕ་ལྷས་མེར་མི་བསྲེགས་པའི་སྐུལ་མའི་ཐད་ལ་ཁུག་རྟས་འཆལ་སྤྱོད་སྤེལ་བ་ནི་འཆི་ཁའི་ཞལ་ཆེམས་མིན་པར་མཐུས་མིར་བཞེངས་ཁའི་ཁ་རྩོད་ལྟ་བུར་གྱུར་པ་འདིའི་བདག་ཁུག་རྟར་ཡིད་གཏིང་ནས་ཆད་དོ།
ཡིན་ནའང་ཁུག་རྩོད་རྒྱ་བྱ་དར་འཕྱར་མ་ཅིག་གི་ཁ་རྩོད་ཡིན་སྟབས་སེམས་སྡུག་གི་མི་འདུག་གོ
ཉེ་བའི་ལོ་ཤས་གོང་ནས་བཙན་བྱོལ་དུ་ཕེབས་མཁན་ལས་ཕྱིར་ལོག་འགྲོ་མཁན་མང་བ་དང་། ཕྱིར་ལོག་འགྲོ་མཁན་ཚོའི་ཁྲོད་ནས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་འདོད་པ་མ་ཁེངས་པ་མང་ཚུལ་གོ་ཐོས་ཙམ་མིན་ཞིང་།།།།།།།།།།།།།།།
རྒྱ་བྱའི་ད་བར་སྲིད་སྐྱོང་ལ་སྐྱོན་བརྗོད་ནས་བསྡད་པ་རེད། ད་རིང་ཧམ་པ་འདི་འདྲ་བཤད་འདུག བོད་སྡང་རྒྱ་བསྟོད་མ།
ངའི་གྲོགས་པོ་ཞིག་གིས་བཤད་ན་ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་ད་ལྟའི་ཆར་རྡ་སའི་རི་ལུང་དང་ལྷག་པར་དུ་སེང་གེའི་ཕོ་བྲང་བསྒུལ་བའི་བྱ་རྒོད་ཅིག་ཏུ་ཆགས་ཡོད་པ་རེད་ཟེར། ཁོས་གོང་དུ་བསྒྲགས་པའི་སྐད་ཆ་རྣམས་བཙན་བྱོལ་བའི་ཆབ་སྲིད་ཀྱི་གཏིང་སར་ག་ཚོད་འཛུལ་ཡོད་པ་ངས་གསལ་བོ་ཞིག་བཤད་མི་ཤེས་མོད། ཁོའི་སྐད་ངག་དེ་དག་ལ་ཐེངས་གཅིག་ཉན་པས་བྱ་ཕྲུག་འདིས་ནམ་ཞིག་འགུལ་བསྐྱོད་གསར་པ་ཞིག་གཏོང་ས་རེད་སྙམ་པ་བྱུང་། །
ཨེ་ཤ་ཡའི་འབྲུག་ཆུང་བཞིའི་ཡ་གྱལ་ཐའེ་ལྦན་ད་ལྟ་ཨེ་ཤ་ཡའི་སྦལ་བར་གྱུར་ཡོད་པ་ཁུག་རྟས་ད་དུང་མཁྱེན་གིན་མི་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཤེས་རྟོགས་དང་མིག་རྒྱ་ད་ཨོ་ཙིག་རེད།
ཤར་ཁུག་གིས་བཤད་བཤད་ཚང་མ་མཐར་ཐུག་གི་བདེན་པ་ཡིན་མདོག་མདོག་གི་ང་རྒྱལ་བྱེད་ཀྱི་ཡོད་ཚོད་འདུག་པས་ཁ་ཤས་འབྲི་འདོད།
ཁྱེད་ཀྱིས་གཞིས་ཆགས་སྲ་བརྟན་གྱི་འཆར་གཞི་བཟོ་གི་ཡིན་རབས་བཤད་བཞིན་པ་ནི། ཆུ་སྣ་གྱེན་ལ་འདྲེན་གི་ཡིན་ཟེར་བ་དང་གཅིག་པ་རེད། སྒོར་མོ་དང་སྒེར་ཉམས་དོད་རྒྱུ་ལས་དམིགས་ཡུལ་གང་ཡང་མེད་པའི་གཞི་ཆགས་ཀི་ཕྲུ་གུ་ཚོ་སྒོར་མོ་གང་ན་མང་ན་དེ་ལ་འགྲོ་རྒྱུ་ཡིན་པ་འགོག་ཐབས་མེད་པ་ཞིག་རེད། གདོང་དབྱིབས་གཅིག་པོ་བོད་པ་ཡིན་པ་ཙམ་ལས། བསམ་བློ་དང་ཀུན་སྤྱོད། མི་རིགས་དང་རིག་གཞུང་གི་ལར་ཞེན། སྐད་ཡིག་སོགས་ཀྱི་ཐད་ནས་གཞིས་ཆགས་ཀི་ཕྲུ་གུ་ཚོ་རྒྱ་གར་བ་ཆགས་ཚར་ཡོད་པས། བོད་པ་ཚོས་རྒྱ་གར་གྱི་ཕྲུ་གུ་ཚོར་རེ་བ་བརྒྱབ་ནས་དེའི་ཆེད་འཆར་གཞི་བཟོ་འདོད་པ་ནི་རང་སྡུག་ཉོ་འདོད་པ་རེད། གཞིས་ལུས་བོད་མི་ཚོས་རེ་བ་བརྒྱག་ས་མི་ཉན་པ་ཤེས་བཞིན་དུ་ཁོ་ཚོར་རེ་བ་བརྒྱབ་ནས་དེའི་ཆེད་དུ་འཆར་གཞི་བཟོ་འདོད་པ་ནི། གཞི་ཆགས་ཀྱི་ཕྲུ་གུའི་མི་གཤིས་ལ་རྒྱུས་མངའ་མེད་སྟབས། རེ་བ་མེད་ས་ཞིག་ལ་རེ་བ་བྱེད་བཞིན་པ་ནི་རང་མགོ་རང་གི་གཡོག་འདོད་པ་རེད། མདོར་བསྡུས་ན་རྒྱ་གར་ན་བོད་པ་བརྒྱ་ཤོག་ཅིག་ལས་མེད་པ་ཤེས་རོགས་གྱིས། བོད་པའི་གདོང་དབྱིབས་འདྲ་བོ་མང་པོ་ཡོད་རེད།
གཞུང་ཞབས་ཉུང་དུ་གཏོང་རྒྱུ་དང་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་བརྟན་བརླིང་བཟོ་རྒྱུ་གཉིས་དག་དག་ནང་འགལ་ཆགས་ཡོད། ལས་མེད་མང་དུ་བཏང་ནས་ལས་མེད་ཚོ་ཕྱི་རྒྱལ་ལ་གཏོང་གི་ཡིན་ནམ། བོད་ལ་གཏོང་གི་ཡིན་ནམ། ཡང་ན་རྒྱ་གར་ནང་བཙན་ཤེད་ཀྱི་བསྡོད་འཇུག་གི་ཡིན་ནམ། ལས་གཞི་རྒྱ་ཆེ་རུ་དང་ལས་ཀའི་རྣམ་གྲངས་མང་དུ་གཏོང་རྒྱུའི་འཆར་གཞི་མེད་པར། ལས་བྱེད་ཕྱིར་འབུད་བཏང་ནས་ལས་གཞི་རྒྱ་ཆུང་དུ་དང་ལས་ཀའི་རྣམ་གྲངས་ཉུང་དུ་གཏོང་དགོས་ཟེར་བ་ནི། ཡོད་མེད་བཟོས། མེད་ཐལ་བ་བཟོས་ཟེར་བའི་སྲིད་ཇུས་ཡིན་པས་རྒྱབ་སྐྱོར་བྱེད་མཁན་ཡོང་གི་མ་རེད།
དེའི་འོག་ཏུ་ཀློག་མེད་པས་བསམ་ཚུལ་བཤད་རྒྱུ་མེད།
ཤར་ཁུག་གིས་བརྗོད་པ་འདི་ཚང་མ་འཛིན་སྐྱོང་བཀའ་ཤག་གིས་བྱེད་དགོས་རྒྱུ་རྐྱང་རེད་འདུག་མ་གཏོགས་སྤྱི་འཐུས་སྒེར་བས་བྱེད་ཐུབ་པ་དང་བྱེད་ཐུབ་རྒྱུ་གཉིས་ཀ་མ་རེད། ཤར་ཁུག་ཁྱོད་ཀྱིས་གཞིས་ཆགས་སྲ་བརྟན་གྱི་སྐད་ཆ་ཆེན་པོ་དེ་མ་བཤད་སྔོན་ལ་གཞིས་ཆགས་སྐྱོ་བོའི་ནང་མི་གཅིག་ལ་ཤེས་ཡོན་སློབ་སྦྱོང་ཐོག་དཔལ་འབྱོར་གྱི་རོགས་རམ་འདི་འདྲ་ཞིག་བཙལ་གི་ཡིན་ལབ་ནས་དམ་བཅས་ད་ངས་འོས་ཤོག་ཁྱོད་ལ་བླུགས། ཁྱོད་ཀྱིས་བློ་སེང་དང་ཁོང་གི་བཀའ་ཤག་ལ་སྐྱོན་རྒྱག་ཞོར་དུ་བློ་སེང་གི་བྱེད་སྟངས་རྐུན་མ་བརྒྱབ་འདུག་ག
རྒྱ་ནག་གི་ཏུན་ཞའོ་ཕུན་དང་དེའི་རྗེས་རབས་པས་དམག་དང་གཞུང་ཞབས་ཉུང་ངུར་གཏོང་བའི་སྲིད་བྱུས་(精兵简政)ཟེར་བ་ཞིག་ལག་བསྟར་བྱས་རབས་ཡོད་མོད་གྲུབ་འབྲས་ཅི་ཡང་བྱུང་མེད། རྒྱའི་ཆབ་སྲིད་ལ་ཐོས་ལོ་ཙམ་ཡོད་པའི་ཤར་ཕྱོགས་ཁུག་རྟས་ཀྱང་རྒྱ་ནག་གི་བྱེད་སྟངས་ཆེ་ཆུང་ནང་འདྲེན་བྱེད་རྩིས་ཡོད། རྒྱ་རི་རིན་པོ་ཆེས་གསན་ན་གད་མོ་ཤོར་ནས་ཚེམས་ཆག་ཆ་བོ་ལྷུང་རྒྱུ་རེད་ཡ།
བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་སྟངས་ཁག་མགོ་ཚོས་མཁན་ཞིག་ཡིན་ན་ཤར་ཁུག་གི་གཏམ་འདི་དག་བྱིས་བའི་འཆར་སྣང་ཙམ་རེད་ལ་དོན་དངོས་བོའི་གནས་ཚུལ་ལ་ཕ་རིའི་སྤང་རྒྱན་རེད་དོ། བོད་མིའི་སྒྲིག་འཛུགས་མགོ་མི་ཚོས་མཁན་ཞིག་ཡིན་ན་འདི་སྒྱུ་མ་མཁན་གྱི་ལག་གི་མིག་འཕྲུལ་སྟོན་བྱེད་ཀྱི་དབྱུག་པ་དེ་རེད།
ང་སྤྱི་འཐུས་སུ་སླེབས་ན། བོད་ནང་གི་བོད་མི་ཚོར་རྒྱ་གར་ན་བོད་ཀྱི་མི་རྒྱུད་རྫོགས་འགྲོ་གི་ཡོད་པ་དང་། རྒྱ་གར་ནང་གི་བོད་ཀྱི་མི་རྒྱུད་རྣམས་རྒྱ་གར་གྱི་མི་སེར་ལ་ཁ་སྣོན་ཙམ་དུ་གྱུར་དུ་འགྱུར་བཞིན་པས་རྒྱ་གར་ན་རེ་བ་བརྒྱག་སའི་བོད་མི་མང་པོ་མེད་པ་གསལ་བཤད་བྱེད་ས་རེད། ལོ་རྒྱུས་ཀྱི་ཐོག་གི་ནང་བའི་གནས་ཆེན་ཁག་ཀྱང་རྩ་སྟོང་དུ་འགྲོ་བཞིན་པས་རྒྱ་གར་ནང་ང་ཚོར་རེ་བ་བརྒྱག་ས་གནས་འཇལ་ལ་འགྲོ་ས་མང་པོ་མེད་པ་གསལ་བསྒྲགས་བྱེད་ས་རེད།
བོད་ནང་གི་བོད་མི་ཚོས་ཐད་ཀར་རྒྱ་ནག་གཞུང་ལ་ཡིག་ཐོག་ནས་ཞུ་གཏུགས་ཧུར་བརྩོན་བྱེད་རྒྱུ་ལས་གཞན་མེད་པ་ཤེས་འཇུག་ས་རེད། སེང་གེ་ནི་གཟི་བརྗིད་ཁོག་སྟོང་ཤོག་བུའི་སེང་གེ་ཡིན་པ་ལས་གཞན་གང་ཡང་མིན་པ་ངོ་སྤྲོད་བྱེད་ས་རེད།
སེང་གེ་ནི་ཤོག་བུའི་སྟེང་གི་སེང་གེ་རེད་ལ་ཁུག་རྟ་ཡང་ཤོག་བུའི་སྟེང་གི་ཁུག་རྟ་རེད།
སྒྲོ་ཟད་པའི་ཁུག་རྟ་རེད།
དྲ་གྲོགས་ཚང་མའི་བློ་སེམས་རྣལ་དུ་ཕབ་ནས་རྒྱ་ཆེ་མི་མང་གི་འདོད་པ་དང་རེ་བ་ཞིག་བཤད་དགོས་བ་རེད།
ཀླུ་མཁར་བྱམས་དང་བློ་བཟང་ཆོས་འབྱོར་གཉིས་ཀྱིས་བོད་ཕྱི་ནང་གི་བོད་མི་ལ་རྡབ་བསིགས་བཏང་བ་ནི་ཆུང་ཆུང་རྩེ་མཚར་གྱི་ཚུར་དུ་འཇོག་རུང་བ་ཞིག་མ་རེད།
མི་ངན་འདི་གཉིས་ཀྱི་ཁ་འབུར་བ་དང་བོད་ཕྱི་ནང་གཉིས་ཀྱི་གླེང་རྙོག་གི་གྱོད་དོན་ཐོག་མ་དེ་ཤར་བ་རེད། ཉིན་དེ་ནས་བཟུང་།
མྱི་ངན་འདི་གཉིས་ཀྱི་གླེང་སློང་གིས་བོད་ཕྱི་ནང་གཉིས་ཀྱི་མཛའ་མཐུན་ལག་རྡང་ལ་གཏོར་སྐྱོན་རྒྱ་ཆེན་གཏང་ཡོད་པ་རེད།
ཀླུ་མཁར་བྱམས་ཀྱིས་༧གོང་ས་རྒྱལ་བ་མཆོག་ལ་མཚན་སྨད་ཞུས་བས་བོད་ཕྱི་ནང་གི་དད་ལྡན་འགྲོ་བ་བོད་མའི་སྙིང་ལ་གྲི་བཙུག་བ་ལྟ་བུའི་ལས་བསགས་ཡོད་པ་དང་། ལས་དེ་འདྲ་བསགས་པའི་མྱི་ཞིག་ལ་བོད་ཕྱི་ནང་གི་དད་ལྡན་པ་ཚོས་ནམ་ཡང་མི་བཀུར་བས། ཁོང་ད་རེ་མདོ་སྨད་སྤྱི་འཐུས་ལ་མི་འོས་བ་ཚང་མས་ཤེས་དགོས།
(ཀླུ་མཁར་གྱིས་བཤད་རྒྱུར། ངས་མཚན་སྨད་ཞུས་བ་ནི་རང་གི་ཨ་མ་མ་གཏོགས་མྱི་སུ་ལ་ཕོག་ན་ཡང་སྡུག་སྦྱོང་ཡིན་)ཞེས། བོད་མི་སྤྱིའི་སེམས་ཁམས་ལ་དོ་ཁུར་མི་བྱེད། འདི་ཤེས་དགོས་བ་ཡིན།
བློ་བཟང་ཆོས་འབྱོར་གྱིས་རང་སྲོག་བློས་གཏོང་ཐུབ་པའི་འཆི་གསོན་གྱི་དཔའ་བོ་དཔའ་མོ་དག་གི་མྱིག་མདུན་ནས་དགྲ་དར་མགོ་ལ་ཕྱར་ནས། ཤ་མི་ཚ་བ། རུས་ལ་མི་གཏོགས་བའི་འཛམ་གླིང་དང་དགྲ་བོའི་མྱི་སྔུན་ནས་ཆེ་མདོག་དང་མཁས་མདོག་གྱིས། རང་རིགས་ཀྱི་བདེ་སྡུག་དང་བྱེད་ལས་ལ་སེམས་ཁ་མི་དཀར་བའི་མཐོང་ཆུང་དང་ཁྱད་གསོད་བྱས་ཡོད་པས། མཛུ་གུ་ལྔ་བཅང་ཁུ་ཚུར་མིན་པའི་བོད་མི་ལ་བོད་མིས་ནམ་ཡང་མྱི་གྲལ་དུ་འཇོག་པ་དང་། མྱི་གྲལ་ལ་མེད་ནི་ཞིག་གིས། བོད་ཕྱི་ནང་གི་རྒྱ་ཆེ་མི་མང་གི་ཚབ་མཚོན་མུ་ཐུབ་པས། ཁོང་ད་རེ་མདོ་སྨད་སྤྱི་འཐུས་ལ་མི་འོས་བ་ཚང་མས་ཤེས་དགོས།
(ཁུག་རྟས་བཤད་རྒྱུར། ངས་དགྲ་དར་ཕྱར་བ་ནི། དགྲ་བོ་དང་འཛམ་གླིང་གི་མྱི་ཆེན་ཚོས་དགག་པ་མ་བྱས་ན་ང་མཁས་སོ་ཞེས)། གཞན་ཕྱི་ནང་གི་བོད་མི་ནི་ལྐུག་པ་ཡིན་པས་ག་རེ་བཤད་ན་ཡང་ཡ་མི་བྱེད་པའི་བློ་ཅན་ཡིན་པས། འདི་ཤེས་དགོས།
བསམ་བློའི་འཁྱེར་ཕྱོགས་མི་བཟང་ན། ཁ་ནས་བཤད་ཤེས་བ་ཞིག་དང་ལག་པས་འབྲི་ཤེས་བ་ཙམ་གྱིས་ཅི་གང་མི་ཕན། མྱི་འདི་གཉིས་ལ་འདི་ལས་ལྷག་པའི་ཡོན་ཏན་ཞིག་མེད་པ་གསལ་བོ་རེད། ཕ་བཟང་པོ་ཞིག་གིས་བཏུལ་མེད་ནོ་དང་། མ་བཟང་མོ་ཞིག་གིས་སྐྱངས་མེད་ནོ་གསལ་པོ་རེད། བོད་སེམས་བོད་མིན་པའི་བོད་པ་ཞིག་ཡོད་ལས་མེད་ན་བཟང་།
སྔར་བྱས་ལ་འགྱོག་བཤགས་དང་ཕྱི་བྱུང་ལ་དམ་ཚིག་མ་བཟུང་བར་དུ། མྱི་འདི་གཉིས་འུད་ཚང་གི་མགོ་མགོ་གཙོ་གཙོ་ཞིག་ལ་དུད་དུ་མི་འཇུག་པ། སོ་སོའི་འོས་ཤོག་ལ་ཐུག་ཡོད་པས་ཚང་མས་ཐུགས་གཟབ་གཟབ་ངང་བོད་རྒྱལ་བའི་མྱི་སྣ་གསོ་རོགས་ཞུ་ཞུ་ཞུ།
དེ་རིང་མ་གཏོགས་ཤར་ཁུག་གི་མཚན་དངོས་མ་ཅི་ཡིན་མ་ཤེས། གནམ་གྱིས་མཁོ་སྤྲོད་བྱས་པ་བཟང་སོང་། ཕྱིས་སུ་བྱ་མིང་ཞིག་ལ་སྐྱོན་བརྗོད་བྱེད་པ་ལས་མྱི་མིང་ཞིག་ལ་སྐྱོན་བརྗོད་བྱས་ན་དོན་ལ་གནས། ཁོར་ར་ཁོར་ཡུག་གི་བྱ་འདི་ཚོ་སྙིང་མ་རྗེ། གངས་ཅན་བོད་ཀྱི་དོན་མ་འགྲུབ་ན། འདབ་ཆགས་བྱ་ཡང་འདུག་ཐབས་མི་འདུག
རྟ་གྱི་ལིང་རྒྱུགས་ས་ན། རྟི་ལི་རེ་འགའ་ཡོད་པ་རེད་ཅེས་པ་ལྟར། མདོ་སྨད་ཀྱི་འོས་མི་ཚོའི་ནང་གི་རྩེ་གྲས་ཤར་ཁུག་དང་ཀླུ་མཁར་གཉིས་ཀ་ཡིན་པ་འདི་གསལ་བོ་ཆགས་ན་ཡག་གི་རེད། ཁོ་གཉིས་ཀར་འོས་ཐོབ་མ་ཐོབ་ན་ཁྱད་པར་ཡོད་པ་མ་རེད། ཡིན་ནའང། དེང་སང་མགོ་ཐོག་ཚད་ཀྱིས་སྤྱི་འཐུས་སུ་ལངས་ཀི་ཡིན་ཟེར་གྱི་ཡོད་པ་འདྲ། ང་གད་མོ་ནི་དེ་ཚོར་ཤོར་གི་འདུག
དྲང་མོ་བཤད་ན་ཁ་སང་དེ་རིང་གི་དུས་ཚོད་འདིར་མི་ལ་ལྟ་བའི་དུས་ཚོད་མ་རེད། ཚིག་ལ་ལྟ་བའི་དུས་ཚོད་རེད། ང་ཚོ་ལ་དགོས་པ་ནི་མི་དེའི་ཚིག་ཡིན་པ་ལས་མི་དེའི་རོ་མིན། དོན་དག་འདི་ལ་གཟུར་གནས་ཡིན་ཟེར་མཁན་དང་། དྲང་བདེན་ཡིན་ཟེར་མཁན། ཡ་རབས་ཀྱི་ཀུན་སྤྱོད་ཚངས་ཡོད་ཟེར་མཁན་ཚང་མས་དོ་སྣང་བྱེད་དགོས་པ་འདུག་བསམས།
གནམ་ཟེར་པའི་པེད་ཤག་གི་དུག་སྦྲང་ཁྱེད། ངྷ་སར་ཤི་འཐམས་རོ་འཐམས་བྱེད་པའི་ཀླུ་ཤར་གཉིས་ལ་ཅིག་བཤད་རྒྱུ་ཨེ་ཡོད། བྱས་རྗེས་སྤུ་ཙམ་མེད་པར་ཁ་བཏང་ནས་བསྡད་ན་བྱབ་ཆུང་གི་རང་རྟགས་མ་རེད་དམ། ཧཧཧཧཧཧཧ རང་སར་མི་བཞག མི་སར་རང་བསྡད་ཟེར་ག དབུས་གཙང་གི་གཏམ་དཔེ་འདི་ཚོ་མི་ཆོས་རིག་གནས་ཀྱི་གནད་འགག་རྐྱང་རྐྱང་མ་རེད་དམ།།
ད་ཤར་ཁུག་འདི་འཛིན་སྐྱོང་བཀའ་བློན་གྱི་འོས་གཞིར་འགྲོ་ཡི་ཡོད་པའི་སྐད་ཆ་འགའ་བཤད་འདུག། ཁོ་པས་གྲོས་ཚོགས་དང་འཛིན་སྐྱོང་གི་བྱེད་སྒོར་དབར་གོ་ནོར་རམ་བཤད་ནོར་ཤོར་ནི་མིན་འགྲོ། ཁ་སྟོང་གིས་ཚིག་སྟོང་དག་དག་བཤད་ནི་རེད། གྲོས་ཚོགས་ཀྱི་མཐུན་མིར་ཐོབ་རྒྱུ་མིན་པའི་གནད་ལུགས་དེ་ཤེས་འདུག། ཧཧཧཧཧཧཧཧཧཧ།
ཡུལ་དབུས་ཀྱི་གཏམ་དཔེ་དེ་སྙན་པོ་བྱུང་། ངའི་སར་མྱི་བཞག་ན། མྱི་དེ་མྱི་གྲལ་གྱི་མྱིན་ཡིན་རྒྱུ་རེད། གཞན་སར་ང་བཞག་ན། ང་བོད་ལ་འདྲེ་གཅིག་གིས་ཇེ་མང་དུ་སོང་བ་དེ་རེད་མོ། དེ་འདྲ་བྱས་ན་མི་བཟང་གི་ཨ། ཨ་ཁྱུང་ཆེན། ཁྱོས་ར་མྱི་སྐད་ཞིག་བཤད་ཤེས་ནོ་བཟང་གི། ཁ་སང་དེ་རང་བྱ་བྱིའུ་ཁྱོད་དང་ཁུག་རྟ་ལྟ་བུ། ཀླུ་རིགས་ཀླུ་མཁར་ལྟ་བུ། དུད་འགྲོ་སང་གེ་ལྟ་བུ། མྱི་མིན་ནི་ཏག་ཏག་མྱི་གྲལ་ལ་འཚང་ན། ད་དགོད་རྒྱུ་ངུ་རྒྱུ་གཉིས་ཀ་ཡོང་གི་ཨ་རོ།
ཁྱེད་དང་འུ་གཉིས་ཀས་མྱི་ཡིན་པའི་མྱི་རྟགས་གང་ཡང་མ་བསྟན་པར། སེང་གེ་ཁུག་རྟ་ཀླུ་མཁར་གསུམ་ལ། དུད་འགྲོ་རེད་ལབ་བསྡད་པས་ལ་ཏག་མ་སོང་ང། མྱི་རྟགས་མེད་ཀྱང་མྱི་དྲི་ཟིག་འཐུལ་གི་བཅུགས་རྗེས། ཁ་མྱིར་གཏད་ནས་དུད་འགྲོ་རེད་ལབ་ན་ལན་པོ་འདུག་གཱ ངས་བསམས་ན་ཁྱེད་ཡང་ང་བཞིན། བོད་ཀྱི་རྩ་དོན་ནང་རྩ་སྐམ་བསོད་བདེ་ཉམས། པེད་ཤག་གི་དུག་སྦྲང་གི་སྐྱེ་བ་ལ་ནི་བླངས། ལས་ཀ་ཚར་ནས་ཉི་མ་མ་ཆོད་དུས། ཁ་ངྷ་རམ་ས་ལའི་ཆབ་སྲིད་ནང་འཁོར་ནས་ཡར་བཤད་མར་བཤད་ནས་སྡོད་མཁན་དེ་འདྲ་རེད་འདུག་གཱ ང་ཚོའི་ཁ་སྟབས་འདི་རེད་མོ། ད་ཧ་མི་གོ་རྒྱུ་མེད་ལ། མི་ལ་བཤད་རྒྱུ་ཅང་ལྷག་མེད་གཱ ཧཧཧཧཧཧཧཧ
གོང་གི་མཆན་འདེབས་མཁན་ཁ་ཤས་ཀྱིས་མི་སྒེར་ལ་སྐྱོན་འཛུགས་བྱས་ཏེ་རང་ཉིད་མཁས་དོག་དང་ཡོད་དོག་སྟོན་གྱི་འདུག དེ་ནི་སོ་སོ་སྤྱི་འཐུས་ལ་ལོངས་ལྟད་མོ་ལྟ་ཆོག་གི་རེད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བློ་སྟོབས་ཆེན་པོས་རང་གི་འདུན་པ་དང་འཆར་གཞི་རྣམས་ངེད་ཚོར་མཁོ་སྤྲོད་གནང་བ་ནི་ཐུགས་རྗེ་ཆེ་ཞུ་བ་ལགས། ཁྱེད་ཀྱིས་བཏོན་པའི་གནད་དོན་དག་ལ་དོ་སྣང་བྱེད་རིན་ཆོག་པ་དང་དེ་དག་ལ་ངེས་པར་བགྲོ་གླེང་དགོས་པས་སྤྱི་ཚོགས་ལ་ཕན་པ་ཆེ་བ་ཡོང་ངེས།
ངའི་རེ་བ་ལ། ཨ་རིའི་རླུང་འཕྲིན་སྡེ་ཚན་ནས་ཁྱེད་དང་ཚངས་དབྱངས་གཉིས་གདན་ཞུ་བྱས་ནས་བགྲོ་གླེང་ཞིག་གོ་སྒྲིག་ཐུབ་ན་དེས་ང་ཚོའི་དམངས་གཙོའི་ལམ་ལུགས་དར་བར་གཏན་གཏན་ཕན་སྙམ།
ཁྱེད་ཀྱིས་བཏོན་པའི་རྒྱ་བོད་གཉིས་ཀྱི་སྐད་ཡིག་ཐོག་ལས་བྱེད་བསྡུ་བ་དེ་གལ་ཆེ་རེད། རྒྱ་བོད་གཉིས་ཀྱི་འབྲེལ་བ་འཛུགས་པ་དང་། འབྲེལ་བ་སྐྱོང་བ། མཐའ་མ་གྲོས་བསྡུར་བྱེད་པར་ངེས་པར་ལས་བྱེད་ཀྱི་དཔུང་ཁག་འདི་ནི་མེད་དུ་མི་རུང་བས། ང་ཚོས་འདི་ལ་བསམ་གཞིགས་ངེས་པར་དགོས། འདི་ལ་རྒྱབ་སྐྱོར་ཡོད། འདི་གཅིག་པུ་ལག་བསྟར་ཐུབ་ནའང་ལས་ཀ་ཆེན་པོ་རེད།
འདས་པའི་ལོ་ལྔ་ལྷག་ཙམ་གྱི་བོད་དོན་གྱི་ཁོར་ཡུག་ནང་ལ་འགྱུར་བ་ཆེ་ཤོས་དེ་རྒྱ་རིགས་མི་མང་གིས་བོད་དོན་ལ་དོ་སྣང་བྱེད་པ་འདི་རེད། གནས་བབ་འདི་དང་བསྟུན་ནས་ང་ཚོས་ཀྱང་གྲ་སྒྲིག་བྱེད་དགོས་པ་དང་། རྒྱ་ནག་གི་ཤེས་ཡོན་དང་ལོ་རྒྱུས་ཤེས་མཁན་ལ་གོ་སྐབས་སྐྲུན་པ་འདི་ཤིན་དུ་ནས་གལ་འགངས་ཆེ།
ཤར་ཕྱོགས་རྒྱ་ཡི་ཁུག་རྟ་ནག་པོ་ཁྱོད་ཀྱི་བཤད་པའི་སྐད་ཆ་རིགས་གཅིག་ནི་ད་ལྟ་འཛིན་སྐྱོང་གྱི་འབད་རྩོན་བྱེད་བཞིན་པ་དང་རིགས་གཅིག་ནི་ང་ཚོ་བོད་མི་རིགས་ལ་མི་དགོས་པ་ཞིག་རེད་འདུག་པས་ཁུག་ནག་སྤྱི་མཐུས་ལ་སླེབ་ཀྱང་ཕན་ཐོགས་པ་ཞིག་གང་ཡང་མེད་པ་མ་ཟད་ཁུག་རྟ་ནག་པོས་ཁྲག་དར་དམར་པོ་གྲོས་ཚོགས་ར་བའི་ནང་མི་འཁྱེར་བའི་ངེས་པ་མི་འདུག་པས་ད་རེབ་ཀྱི་འོས་གཅིག་དེ་ཀླུ་གར་བྱམས་རང་ལེགས་
ཤར་ཁུག་དགོང་པ་གཏན་ནས་མ་ཚོམ་ང་ལ་འོས་གཅིག་མ་གཏོགས་མེད་དུས་ཁྱོད་ལ་བླུག་ཐབས་མི་འདུག
ངས་ཀླུ་མཁར་ལ་བླུག་དགོས། ཁོང་ངའི་མི་རིགས་ཀྱི་དཔའ་བོ་དང་བསམ་བློ་བ་ཡིན། གལ་སྲིད་ང་ལ་འོས་གཉིས་ཀྱི་ཐོབ་ཡོད་རྒྱུ་ན་གཅིག་ཁྱོད་ལ་སྟེར། འོན་གྱང་ད་ཅི་བྱེད།
ཤར་ཕྱོགས་རྒྱ་ཡི་ཁུག་རྟ་ནག་པོས་རང་སྲོག་བློས་གཏོང་ཐུབ་པའི་འཆི་གསོན་གྱི་དཔའ་བོ་དཔའ་མོ་དག་གི་མྱིག་མདུན་ནས་དགྲ་དར་མགོ་ལ་ཕྱར་ནས། ཤ་མི་ཚ་བ། རུས་ལ་མི་གཏོགས་བའི་འཛམ་གླིང་དང་དགྲ་བོའི་མྱི་སྔུན་ནས་ཆེ་མདོག་དང་མཁས་མདོག་གྱིས། རང་རིགས་ཀྱི་བདེ་སྡུག་དང་བྱེད་ལས་ལ་སེམས་ཁ་མི་དཀར་བའི་མཐོང་ཆུང་དང་ཁྱད་གསོད་བྱས་ཡོད་པས། མཛུ་གུ་ལྔ་བཅང་ཁུ་ཚུར་མིན་པའི་བོད་མི་ལ་བོད་མིས་ནམ་ཡང་མྱི་གྲལ་དུ་འཇོག་པ་དང་། མྱི་གྲལ་ལ་མེད་ནི་ཞིག་གིས། བོད་ཕྱི་ནང་གི་རྒྱ་ཆེ་མི་མང་གི་ཚབ་མཚོན་མུ་ཐུབ་པས། ཁོང་ད་རེ་མདོ་སྨད་སྤྱི་འཐུས་ལ་མི་འོས་བ་ཚང་མས་ཤེས་དགོས།
རང་གི་བསམ་ཚུལ་འདི་ལྟར་འགན་ཁུར་ཡོད་པའི་ཐོག་ནས་བརྗོད་པར་བསྔགས་བརྗོད་དང་ཡི་རངས་ཞུ། དྲ་འབུ་དང་དཔྱད་མཆན་པ་རྣམས་ཀྱིས་ཀྱང་སྙིང་བོ་གང་བརྗོད་ཀྱི་ཡོད་མེད་ཐད་བསམ་ཚུལ་སྤུངས་ཐུབ་ན་ལེགས་ཤོས་སུ་མཐོང་བས་དེ་ལྟར་གནང་རོགས། འོས་སུ་ལ་ཐོབ་མིན་དེ་གལ་ཆེན་རེད། དོན་དམ་པའི་སྤྱི་འཐུས་ཀྱི་གནས་ཚད་སུ་ལ་ཡོད་མེད་དེ་གསལ་བོ་ཆགས་དགོས་པ་ཞིག་རེད།
དགོངས་དག་མ་ཞིག་ཆད་འདུག
འོས་སུ་ལ་ཐོབ་མིན་དེ་གལ་ཆེན་མ་རེད། གཙོ་བོ་སུ་ལ་སྤྱི་འཐུས་ཀྱི་གནས་ཚད་ལོངས་ཀྱི་ཡོད་མེད་གསལ་ཁ་འབྱེད་རྒྱུ་དེ་གལ་ཆེན་རེད།
ཤར་ཁུག་ལ་ང་རྒྱལ་ཚ་བོ་དང་སྤོབས་པ་མཐོན་པོ་ཡིན་ཙང། ད་ཐེངས་ཀྱི་བསྒྲགས་གཏམ་འདིས་ཐད་ཀར་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པ་ཚོར་གོ་རྒྱུ་ཞིག་བཏང་འདུག་བསམས་ལ། དེ་དང་མཉམ་དུ་བོད་ནང་གི་ཤེས་ལྡན་པ་ཚོར་འགན་ཁུར་གནང་འདུག འདིའི་ཆ་ནས་ངས་ད་དུང་ཤར་ཁུག་གི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་བབ་སྐོར་ག་རེ་བྲིས་མི་ཡོང་ངམ་བསམས་པ་ཞིག་བྱུང།
གྲྭ་སའི་འོས་ཤོག་གི་རླུང་དེ་ཕལ་ཆེར་རླུང་གི་གཡུག་ཕྱོགས་ལ་འབྲེལ་བ་ཏན་ཏན་འདུག གྲྭ་བ་རེ་འགའ་མ་གཏོགས་གཏིང་ཟབ་པོའི་དོ་སྣང་མེད་སྟབས།་དགའ་ཁ་འཁྱེར་ཕྱོགས་དང་ཨ་མདོ་ཁམས་པ་དབུས་གཙང་གི་སྐད་ཆ་འདི་སླེབས་ཀྱི་ཡོད་པ་འདྲ། ད་གང་ལྟར་འོས་འཕེན་དུས་འཕེན་མཁན་གྱིས་བསམ་བློ་གཟབ་མནན་མ་བཏང་དུས་གྱོང་སྤྱི་ལ་རག་གི་རེད།།
ཤར་ཁུག་ལགས། ངོ་མ་སྐུ་ཉིད་ཀྱི་ཆབ་སྲིད་ཁྲབ་སྟངས་ཀུན་རྣ་བར་གཅིག་ར་འགྲོ་མ་སོང་ལ་སོང་མྱོང་མེད་ལ་མ་འོངས་པ་ན་འགྲོ་རྒྱུ་མིན། གང་ཡིན་ཟེར་ན། ཁྱོད་ནི་མི་རིགས་ཀྱི་ཞབས་འདྲེན་པ་ཡིན་དུས་ངས་མི་རིགས་ཀྱི་ཞབས་འདྲེན་པ་དེ་ཚོ་གཏན་ནས་མིག་ནང་ན་འཇོག་གི་མེད། ཁྱོད་ལས་མི་རིགས་ཀྱི་དཔའ་བོ་ཀླུ་མཁར་བྱམས་ལ་རང་ཉིད་ཀྱི་འོས་ཤོག་རིན་ཐང་ཅན་པོ་འཕེན་རྒྱུ་ཡིན། བློ་མཐུན་ཀླུ་མཁར་བྱམས་ལགས་ནི་ཆབ་སྲིད་ཀྱིས་ཕོངས་བའི་མི་རིགས་ཀྱི་དཔའ་བོ་ཡིན། ་་་་་་་་
གནད་དོན་ལ་མི་དཔྱད་པར་གང་ཟག་སྒེར་ལ་དམོད་ར་བྱེད་པ་འདིས། ཤར་ཁུག་གི་བ་སྤུ་ཙམ་ཡང་སྒུལ་མི་ཐུབ་པས་རང་མཚང་མངོན་པ་ཁོ་ན་རེད། རྒྱུ་མཚན་དང་གནས་ལུགས་ཐད་ནས་སུས་ཀྱང་སྐྱོན་བརྗོད་བྱས་མི་འདུག གང་ལྟར་གོང་གི་མཆན་བུ་མང་ཤོས་ཀྱིས་ཤར་ཁུག་གི་སྙིང་ལ་བདེ་བ་ཏོག་ཙམ་སྦྱིན་ཡོད་ཀྱི་རེད།
ཀླུ་མཁར་བྱམས་ལགས་ནས་བདེ་སྲུང་ཉམས་ཞིབ་ཁང་ནས་བོད་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་ལ་དང་ལེན་བྱེད་མ་ཕོད་པར་ཕྱིར་ཐོན་པ་རེད། ད་གྲོས་ཚོགས་ནང་ཡར་འཛུལ་ནས་དམིགས་བསལ་ཅང་ལས་འཇོག་རྒྱུ་ག་རེ་ཡོད་པ་རེད་དམ། དབུ་མའི་ལམ་གྱི་སྲིད་བྱུས་ལ་ནི་ཤུགས་མི་རྒྱག་པ་ཤེས་གསལ་རེད། རང་བཙན་བཤད་ནས་བཤད་སྟངས་གསར་པ་ཞིག་མེད་པའང་དེ་མཚུངས་རེད། སོང་ཙང། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆེད་མངགས་དགག་རྒྱག་བར་ཆད་གཏོང་འདོད་ཡོད་ན། ཀླུ་མཁར་བྱམས་ཡར་ཕེབས་ན་ཡག་གི་རེད། ཡིན་ནའང། སྤྱི་འཐུས་ཚོགས་གཙོ་དང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱིས་དེ་རིང་སང་ཉིན་རང་གི་ཤ་རོགས་ཆང་རོགས་ཡིག་རྨོངས་ཞིག་སྤྱི་འཐུས་ལ་ལོངས་ཞེས་བཀའ་མངགས་གནང་གི་ཡོད་པ་འདྲ། དེས་ན་ཚོགས་གཙོ་ཀླུ་མཁར་བྱམས་ལ་གཤེ་གཤེ་བཏང་བ་ལའང་རིན་ཐང་ཞིག་མེད་པ་དང། དངོས་གནས་༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་ན་མ་འགྲིག་པར་དགོངས་ཀྱི་མེད་པར་དེ་ནི་ཁ་ལག་པ་འཕྱི་ས་ཞིག་ཡིན་རྟགས་བསྟན་པ་མ་རེད་དམ། གང་ལྟར་ངས་ནི་ད་ལྟའི་གནས་བབ་འདིའི་འོག་རང་གི་འོས་འཕེན་ས་བྱེད་དགོས་ན། ཤར་ཁུག་ལ་འཕེན་གྱི་ཡིན། རང་གི་འོས་འཕེན་ས་ཤར་ཁུག་ཡིན་ན་ཀླུ་མཁར་སྡུག་ཅེས་ཀྱང་བཤད་ཀྱི་མེད་པ་དེའོ།།
བྱ་རྒྱལ་ཁྱུང་ཆེན་འཕུར་བྱུང། གནམ་ལ་གཤོག་ལྕག་གཞུས་སོང།
བསམ་ཤེས་སྲིད་པ་རྒད་པོས། སྲིད་ཐམ་ཁུག་རྟར་གནང་སོང།
མདོ་སྨད་རྟ་ཡི་ཡུལ་ལ། རྟ་མཆོག་གཅིག་ལས་གཅིག་ལྷག
རྟ་རྒྱུགས་འགྲན་ཐང་ཆེན་མོར། ལྟད་མོས་འཚང་ཁ་ཤིག་ཤིག
ང་ཡང་ལོ་འགའི་སྔོན་ལ། གོམ་ལག་ཅན་གྱི་རྟ་ཞིག
ད་ལྟ་ན་སོ་རྒས་ཀྱང། ད་དུང་མགོ་རྣ་ཀྲོག་ཀྲོག
ཧཧཧཧ ཁ་བརྡ་བ་ཚོར་བར་སྐབས་ཀྱི་ངལ་གསོའི་ཤགས་གླུ་ཞིག་གི་ཚུལ་དུ།
རྟ་ལ་རྟ་མཆོག་གྱི་ལིང།། རྔོགས་མ་གནམ་ལ་ཕྱོགས་པ། གོམ་པ་ཐང་ལ་དབང་བས།། རྟ་བརྒྱའི་དྭངས་མ་ཆབ་བྲག།
རྟ་ལ་རྒས་ཀྱི་ཡོད་ཀྱང།། གོམ་པ་རྡོ་ལ་བབས་འདུག། རྔོགས་མའི་ཁ་དོག་འགྱུར་ཡང།། གཡུ་རལ་ཞབས་འོག་རྫིས་འདུག།
ངས་ནི་ཡག་བྱུང་ཞེས་བསྟོད་པའི་མགོ་བོ་ནང་ལ་ལྡེམ་གྱིན་ཡོད། མང་གཙོ་ཟེར་བ་འདི་ཡང་མཐར་གཏུགས་ན་བསམ་ཚུལ་མི་འདྲ་བ་དང། ལངས་ཕྱོགས་མི་འདྲ་བ། ལྟ་བ་དང་གཞུང་ལུགས་མི་འདྲ་བ་སོགས་ལ་བརྩི་སྲུང་གིས་མཉམ་གནས་བྱེད་དུ་འཇུག་ཐུབ་པའི་གཞུང་ལུགས་ཤིག་རེད། གང་ལྟར་འགྲིག་མིན་ལ་མ་ལྟོས་པར་མི་རིགས་ཀྱི་བདེ་དོན་ཆེད་དུ་རང་ཉིད་ཀྱི་བསམ་ཚུལ་སྲོང་བོར་བརྗོད་པ་འདི་ཡང་མང་གཙོའི་ཐོབ་ཐང་ཡང་དག་པར་ལོངས་སུ་སྤྱད་པ་ཞིག་གི་མཚོན་རྟགས་ཡིན་པས། རྗེས་སུ་ཡི་རངས་ཞུ།
ཤར་ཁུག་གིས་གཞིས་ཆགས་སྲ་བརྟན་ལ་ཤུགས་བརྒྱབ་ཆེད། ལས་ཁུང་མང་པོ་ཞིག་སྒོ་བརྒྱབ་ནས་ལས་མེད་ལས་ཤོར་བ་དེ་ཚོ་གཞིས་ཆག་ཁག་གི་བརྟན་སྲུང་ལ་གཏོང་འཆར་ཡོད་པ་འདྲ།
ཤར་ཁུག་ལ་ནི་དུས་ནམ་ཡང་རྒྱབ་སྐྱོར་མེད།
རྒྱ་བྱ་ཁུག་རྟ་འདིས་ལོ་རྒྱུས་ལ་འགན་ཁྱེར་སྟངས་དེ་དགོད་བྲོ་བ་ཞིག་རེད་འདུག དེ་སྔོན་དམར་པོའི་དར་ཆ་ཁྱེར་སྟེ་དམར་པོའི་གཞུང་ཚབ་ཀྱི་མདུན་དུ་མགོ་འབུལ་ལུས་འབུལ་བྱེད་པར་བསྐྱོད། བོད་ནང་བོད་མི་མང་པོས་སེང་དར་ཁྱེར་ནས་རང་སྲོག་འབེན་ལ་བཙུགས།
ད་ཆ་རྒྱ་བྱ་འདིས། གཞི་མེད་ཀྱི་སྙོན་འཛུགས་མི་ཉུང་བ་ཞིག་གིས་སྣེ་དྲངས་ཏེ་ལོ་རྒྱུས་ལ་འགན་ཁྱེར་ཁུལ་གྱིས་རང་ཉིད་སྤྱི་འཐུས་སུ་བསླེབས་ཚེ་ལས་དོན་མི་ཉུང་བ་ཞིག་ལ་བསྒྱུར་བཅོས་བྱ་རྒྱུ་ཡིན་ལུགས་བརྗོད། ངོ་མ། མི་འདི་རིགས་ལ་ངོ་ཚ་ཁྱོན་ནས་མེད་པ་ཅི་ཡིན། ཁོས་གཞིས་ཆགས་དང་། བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་གཏོང་རྒྱུ་ཡིན་ལུགས་ཨ་ཁུ་སྟོན་པའི་སྒྲུང་ལྟ་བུ་ཞིག་བཤད། ཨ་ཙི། རྒྱ་བྱ་འདི་ཡིན་ན། ་་་་་་
དེ་བཞིན་དུ་ཆབ་བྲག་དེ་ཡང་བང་རྩལ་མེད་པའི་རྟ་ཞིག་ཡིན་པ་འདྲ། གྲོས་ཚོགས་ནང་། ཨེ་མ། ལྷ་ཡུལ་ཡ་ལྷ་ཡུལ། དེ་ལྟ་བུའི་མཛེས་སྡུག་སོགས་དང་། དེ་མིན་སྤྲིན་པའི་རྒྱབ་ཕྱོགས་ན་མི་མངོན་པའི་དངོས་པོ་ཅི་ཞིག་ཡོད་ལུགས་སོགས་མདོར་ན་དེ་ལྟ་བུའི་རྣམ་མཐར་སྐྱངས་ནས་བསྡད་པ་རེད། ད་རྒྱ་བྱ་དེ་རང་ཉིད་ཀྱི་ཤུལ་འཛིན་དུ་གཏོང་རྩིས་ཡོད་པ་འདྲ། རྟ་དེ་ཚོ་བོང་བུ་ལས་བལ་རྩལ་ཞན་པ་འདུག་ཀ
དེང་གི་རང་རིགས་ཤེས་ཡོན་པར་འཆེས་པ་རྣམས་ཀྱི་ཐུན་མོང་གི་ཞན་ཆ་གཅིག
ང་ནི་ཁྱད་མཁས་དང་། རྩོམ་པ་པོ། ཡང་ན་བསམ་བློ་བ་སོགས་མིང་རྫིག་པོ་དེ་རིགས་ཡོད་མཁན་ཞིག་གཏན་ནས་་མིན་ཀྱང་། ནམ་ཀུན་ནས་ཤེས་རིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན། དོ་སྣང་དེར་བརྟེན་ནས་ང་ང་རེའི་སྤྱི་ཚོགས་ཀྱི་རྩོམ་པ་པོ་དང་། བསམ་བློ་བར་འཆེས་པ་མི་ཉུང་བ་ཞིག་གིས་བྲིས་པའི་རྩོམ་རིགས་ཁག་ལ་བལྟ་ཀློག་བྱས་དང་བྱེད་མུས་ཡིན། དེ་ལྟ་ལྟ་བུའི་དཔེ་དེབ་བལྟ་ཀློག་གི་རྒྱུད་རིམ་ཁྲོད་ང་ལ་བྱུང་བའི་མྱོང་ཚོར་ཟབ་ཤོས་གཅིག་ནི་ང་ཚོའི་རྩོམ་པ་པོའི་རྩོམ་རིགས་སྤྱི་དང་ལྷག་པར་དུ་ཆབ་སྲིད་དཔྱད་བརྗོད་རིགས་ལ་སྲོག་རྩ་མེད་པ་དེ་རིམ་བཞིན་རྟོགས། ངས་འདིར་བརྗོད་པའི་སྲོག་རྩ་ནི་གཞན་གང་ཡང་མིན་པར་བསམ་བློ་གསར་པ་དང་། ཁུངས་ལྡན་དཔྱད་གཞི་མེད་པར་སྲང་ལམ་གྱི་སྐད་ཆ་བསྒྲུགས་ནས་བྱུང་རྒྱལ་ལ་སྨྲ་བ་དེ་རིགས་ལ་གོ་ཡི་ཡོད། དེ་ཡང་དཔེ་མཚོན་ཞིག་བརྗོད་ན། ཆབ་སྲིད་དཔྱད་བརྗོད་ཕལ་མོ་ཆེ་ནི་གཞི་མེད་བྱུང་རྒྱལ་སྨྲས་པའི་ཉོག་གཏམ་ལྟ་བུ་ལས་ཁུངས་ལྡན་གྱི་ལུང་འདྲེན་དང་། རྒྱབ་ལྗོངས་སོགས་གང་ཡང་མེད་པར་སྲང་ལམ་གྱི་སྐད་ཆ་ཕྱོགས་གཅིག་ཏུ་སྤུངས་བཞིན་ཡོད། དེ་ལྟ་བུའི་རྩོམ་འབྲིའི་ལུགས་སྲོལ་ངན་པ་དེ་རིགས་ནི་ཚད་ལྡན་གྱི་དཔྱད་བརྗོད་ཕར་ཟད་ཐ་ན་སློབ་འབྲིང་སློབ་མ་ཞིག་གི་རྩོམ་ཡིག་གི་གནས་ཚད་དུའང་ཚུད་ཀྱི་མེད། དེར་བརྟེན། གནད་དོན་ཅི་འདྲ་ཞིག་ལ་དམིགས་སྟེ་རྩོམ་འབྲི་བྱས་ཀྱང་བྱུང་རྒྱལ་གྱི་གཏམ་ཉོག་སྨྲ་བའི་ཚབ་ཏུ་ཁུངས་ལྡན་ལུང་འདྲེན་དང་ལུང་རིགས་ཚད་ལྡན་དགོས་རྒྱུ་དེ་གལ་ཆེར་མཐཽང་ངོ་།
རྟ་གཡང་ར་དགྲ་དར་ཅན་པོ།། རྒྱ་རྒྱ་མོའི་འོག་གི་མདོ་བ།
ཁྱོས་རྒྱུག་རབས་འདུར་རབས་མ་ཤོད། ཁྱོད་རྒྱུག་རུང་དགྲ་བོའི་ཕྱོགས་རེད།།
རྒན་ལྷ་མོས་རེ་བའི་རྒྱ་རྟ།། ཟམ་བླ་མས་བཅིབ་པའི་ལག་རྟ།།
རྟ་ཆོལ་ཁའི་རྟ་ར་ནང་ནས།། རྟ་མ་ཡས་རྫོད་ཀི་མ་འདུག།
ཁ་བརྡ་བ་ཚོར་བར་སྐབས་ཀྱི་ངལ་གསོའི་འགལ་གླུ་ཞིག་གི་ཚུལ་དུ།
འཆར་གཞི་དེ་ཚོ་ནི་སྤྱི་འཐུས་བྱེ་བྲག་པ་ཞིག་གི་དབང་ཚད་དང་ནུས་ཤུགས་གཉིས་ཆ་ནས་བརྒལ་བ་རེད། གལ་སྲིད་ཁྱེད་རང་སྲིད་སྐྱོང་ལྟ་བུ་ཞིག་ཏུ་ལངས་ན་སྐད་ཆ་དེ་ཚོ་ཡག་པོ་མེད་འགྲོ
གང་ལྟར་ངས་ནི་འོས་ཤོག་གཅིག་པོ་དེ་ཀླུ་མཁར་བྱམས་རང་ལ་བླུགས་རྒྱུ་ཡིན། རྡ་རམ་ས་ལའི་མྱི་ཁ་དང་དཀའ་ངལ་འོག་ནས་རྡ་ས་བློང་མི་གཏོང་བའི་ཀླུ་མཁར་ཁོང་ལ་བླུགས་རྒྱུ་ཡིན། ང་ཚོས་སྤྱི་ཚོགས་འདིར་ལྟ་བ་དང་བསམ་ཚུལ་སོགས་མི་འདྲ་བ་དགོས་པ་ཡང་གལ་ཆེན་རེད།
གཤམ་གྱི་ཁོང་གི་གཏམ་བཤད་ལ་ཅིག་ཉན་ན་གསལ་བོར་ཤེས་ངེས། བོད་སྤྱི་ཚོགས་ལྟ་བ་ཆིག་རྐྱང་ཅན་དང་རིག་གཞུང་ཅིག་རྐྱང་ཅན་དུ་ནམ་ཡང་ཆགས་མི་རུང་།
http://www.youtube.com/watch?v=XPpqbKUCWOw
ཤར་ཁུག་གི་ཞན་ཆ།
དང་པོ་སེང་གེའི་བཀའ་ཤག་ལ་སྐྱོན་བཤད་ནས་ལས་ཀ་ཤོར་ཁར། བཀའ་ཁྱིའི་སར་ཐེངས་བཅུ་དྲུག་ཙམ་ལ་དགོངས་སེལ་ཞུ་རུ་སོང་བ་ངོ་ཚ་ཆེན་པོ་ཞིག་རེད།
ཚིག་རྩུབ་དང་ཁྱོད་ཤི་ང་གསོན་གྱི་བཤད་སྟངས་སྤྱད་་ནས་ལམ་དབུ་མ་ནག་པོ་ཆགས་བཞིན་པ། ད་ཡང་ལྷ་སྲུང་སྐོར་ལ་ཚིག་རྩུབ་སྤྱད་ནས་ནང་ཁུལ་གྱི་འགལ་ཟླ་རྣམས་འཁོན་སེམས་ཆེ་རུ་སློང་བཞིན་པ་སོགས་རེད།
ཁུག་རྟ་དུད་འགྲོའི་ཁ་ནང་།
ཆབ་བྲག་ཆབ་ཆེན་འདོར་དུས།
ཐན་བྱ་ལྟོ་བ་འགྲངས་ནས།
ཐན་སྐད་སྣ་ཚོགས་སྒྲོག་བྱུང་།
དེ་རིང་འདིར་མཆན་མཐའ་མ་ཞིག་བྲིས་ན་་་་་་་་ད་རེས་རྒྱ་བྱ་ཁུག་རྟ་སྤྱི་མཐུས་ལ་སླེབ་སོང་ན་ཉི་མ་དེ་ནས་མདོ་སྨད་མི་དམངས་ལ་ཡིད་ཆེས་དང་རེ་བ་ཞིག་རྩ་བ་ནས་མི་རྒྱག་ཁོ་ཐག་ཡིན་
ཁུག་རྟ་དུད་འགྲོའི་ཁ་ནང་།
ཆབ་བྲག་ཆབ་ཆེན་འདོར་དུས།
ཐན་བྱ་ལྟོ་བ་འགྲངས་ནས།
ཐན་སྐད་སྣ་ཚོགས་སྒྲོག་བྱུང་། རང་གི་བསམ་ཚུལ་དང་མཐུན་པའི་ཚིག་རྐང་བཞི་པོ་འདི་གཡར་པོ་ཞུ་བ་ཡིན་
ཁུག་རྟ་ཆོག་གི་་ད་བར་དུ་སྤྱི་འཐུས་ལྟ་ཅི་བཀའ་བློན་ཞིག་གིས་ཀྱང་འཇོན་རབས་ཤིག་མེད་པས་མི་འཇོ་་མཁན་ཚོའི་ཁ་སྣོན་ལ་ཁྱོད་བཞེང་བཞག་འདུག
དམངས་གཙོའི་རྟ་རྒྱུགས་ཀྱི་མགུར་ཐུང།
རྟ་ཕོ་མ་རྒྱུགས་གོང་ལ། རྟ་དཔྱད་སུས་ཀྱང་བྱེད་ཆོག
རྒྱུགས་ནས་ཁྲི་ཁ་ནོན་དུས། རྟ་དཔྱད་སུ་མཁས་ཤེས་འོང།
རྟ་རྒྱུགས་ཐང་ནས་བྱེད་དུས། ལྟད་མོ་སྒང་ནས་ལྟ་དགོས།
རྟིང་མ་སུ་ལ་ཐོབ་ཀྱང། མ་དགའ་ཕྱོགས་ཞེན་འདོར་དགོས།
རྒྱུགས་ཐང་དམངས་གཙོའི་ཐང་ཆེན། སུ་རྒྱུགས་སོ་སོའི་རང་དབང།
བང་རྩལ་བཟང་ངན་ཤོར་ན། འཕྲ་ཁ་གཞན་ལ་མ་སྐོར།
རྟ་འདོ་བ་རྒྱ་བྱ་ཟེར་ནོ། གླིང་རྒྱ་ཚ་ཞལ་དཀར་དམག་རྟ།།
བྱ་ཁུག་རྟ་གཤོག་འགྱུར་ཅན་པོ། དཔེ་གན་ན་བཞག་ནོ་རྟེན་འབྲེལ།
ཆབ་བྲག་ཀླུ་ཆབ་སྔོན་མོ། ཀླུ་མོ་སྟོང་གི་ནུ་ཆུ།
ལས་དང་སྐལ་བ་མེད་ན། སུ་ཡིན་ཁ་ལ་མི་རག ཧཧཧཧཧཧ
ཁུག་རྟའི་གཤོག་རྩལ་ཨ་སྔོན་དགུང་ནས་ངོམས།།
འབུ་སྲིན་འགའ་ཡི་སྲོག་རྩ་ས་ནས་འདར།།
ཁུག་རྟའི་སྨྱུག་རྩལ་དྲ་ལམ་ཁག་ནས་ངོམས།།
གླེན་རྒན་འགའ་ཡི་ཁོང་ཁྲོ་ཁོག་ནས་འབར།།
ངོ་མ་གནས་ལུགས་ཅན་དང་གོ་རྒྱུ་ཅན་བྲིས་འདུག། སྤྱི་འཐུས་ཐོབ་མིན་ཇི་ལྟར་ཡང་ཁྱོད་ཀྱི་རྩོམ་ཡིག་ལ་རྒྱབ་སྐྱོར་ཡོད།
ཚངས་དབྱངས་ཀྱི་དམིགས་ཡུལ་དྲུག
༡༽ རྒྱ་གཞུང་གིས་དོན་དངོས་སྦས་སྐུང་གི་འཁྱོག་བརྗོད་དང་། སྐུར་འདེབས་ཁག་གཡོགས་སོགས་ལ་དུས་ལྟར་དྲང་བདེན་གྱིས་ལན་འདེབས་བྱེད་རྒྱུ།
༢༽ རྒྱ་མི་རིགས་ལ་བོད་མིའི་གནས་སྟངས་དང་། དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་དོན་དངོས་དགོས་མཁོ་ཁག་དུས་ནས་དུས་སུ་གསལ་བཤད་བྱེད་འདོད།
༣༽ ས་གནས་མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་རིགས་བཀའ་ཤག་དང་གྲོས་ཚོགས་ལ་འབུལ་རྒྱུ་སོགས་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ཞུ་འཆར་ཡིན།
༤༽ ད་ལྟའི་བཀའ་ཤག་གིས་གཞིས་ལུས་བོད་མིའི་གནས་སྟངས་ལ་དཔག་པའི་སྲིད་བྱུས་འཛིན་སྟངས་དང་། ལས་འགུལ་སྤེལ་སྟངས་སོགས་དོན་སྨིན་འབྱུང་བར་ཤུགས་སྣོན་དང་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད།
༥༽ ད་ལྟའི་བཀའ་ཤག་གིས་འཛིན་སྐྱོང་གནང་སྟངས་སྐོར་ལ་གནད་དུ་བཟུང་ནས་ཞིབ་འཇུག་དང་། དོགས་སློང་བྱ་དགོས་ས་ཤིན་ཏུ་མང་བར་འདོད་ཡོད། དཔེར་ན། ཤེས་ཡོན་སྲིད་བྱུས་སྐོར་རེད། འདི་རིགས་ལ་བསྐྱར་ཞིབ་དང་དོགས་སློང་གི་སྒོ་ནས་འཕེལ་རྒྱས་མཐའ་དག་གི་རྩ་བ་ཤེས་ཡོན་སྲིད་བྱུས་ལ་དངོས་འབེབས་བྱེད་ཆེད་རང་ནུས་རྩལ་སྤྲུགས་བྱ་རྒྱུའི་འདུན་པ་བཅངས་ཡོད།
༦༽ མི་རིགས་འདིའི་སྲོག་རྩ་བོད་ཀྱི་སྐད་ཡིག་གི་ཉམ་ཉེས་ལ་མེར་བསྲེགས་མེར་གཏུགས་ཀྱི་འབད་རྩོལ་བསྟེན་རྒྱུའི་འཆར་སྣང་བཅངས་ཡོད།
ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན། ཞེས་པ་ནས་བཏུས།
གང་ལྟར་ཤར་ཁུག་གིས་འགན་ཁུར་གྱི་སྐད་ཆ་བཤད་པར་ཡི་རངས་ཡོད། ཆེ་ཆུང་ལ་མ་བལྟས་པར་ཁོང་ལྟར་འགན་ཁུར་དང་འབྲེལ་ནས་བསམ་ཚུལ་བརྗོད་ན་ཡག་པོ་འདུག
ཧཧཧཧཧ དབྱངས་ཅན་འབངས་ལགས། ཚངས་དབྱངས་ཟེར་པ་དེས་ག་རེ་བྱེད་ཀྱི་ཡིན་ཟེར་མིན་དེ་གནད་འགག་མིན་པར་ཁོར་དེ་ལྟར་བྱེད་རྒྱུའི་ནུས་པ་བྲལ་བ་ཚད་མས་གྲུབ། ཤར་ཁུག་དང་ཀླུ་མཁར་ལྟ་བུ་ཞིག་ཡིན་ན། ནུས་པ་ཅི་ཞིག་ཡོད་མེད་སྤྱི་ཚོགས་ནང་ཡོངས་གྲགས་ཆགས་ཟིན་པ་རེད། ཚངས་དབྱངས་ཟེར་པས་ཚོགས་འདུ་ཁག་གི་གྲོས་ཆོད་འདྲ་ཞིག་ཁུར་ཡོང་ནས་བྱེད་ཀྱི་ཡིན་ཟེར་པ་ནི་ཟེར་པ་རང་རེད་མ་གཏོགས། ཁོས་ད་བར་རྩོམ་ཡིག་ཚད་ལྡན་གཅིག་ཀྱང་བྲིས་མ་མྱོང་བ་དང་འབྲི་མི་ཤེས་པ་དེ་ང་ཚོ་དྲ་མྱུལ་བ་ཚོས་ཤེས་གསལ་རེད། དེས་ན། དགོད་ཁ་སློང་ཞིང་རང་མགོ་བསྐོར་པའི་གཏམ་དེ་རྣམས་བྱ་རྒྱ་ཁྱུང་ཆེན་གྱི་རིགས་རྒྱུད་ཤར་ཁུག་དང་ཀླུ་མཁར་ཡོད་ཁྱེར་མ་ཡོང་ན་ཡག་གི་རེད།།
སྤྱི་ཚོགས་སྟེང་ནུས་པ་ཅི་ཞིག་བཏོན་ཡོད་མིན་བྱས་འབྲས་ལ་བལྟ་དགོས་རེད་མ་གཏོགས་འུར་གཏམ་བརྗོད་ན་བྱས་རྗེས་བརྗོད་ན་ནོར་སོང་བ་རེད། ཤོར་ཁུག་ཡིན་ནའང་འདྲ་ཀླ་མཁར་ཡིན་ནའང་འདྲ་གང་ལྟར་གཉིས་ཀ་མཐའ་གཉིས་སུ་ཕྱིན་བའི་མི་སྣ་རེད། ཁོ་གཉིས་མཐའ་གཉིས་སུ་འགྲོ་རྒྱུའི་རྒྱུ་མཚན་གཙོ་བོ་དེ་ཡང་རང་ཉིད་ལ་མཚན་སྙན་རག་ཐབས་དེ་རེད། དེ་ལས་གཞན་པའི་གནས་ལུགས་གང་ཡང་མེད།
རྒྱ་བྱ་ནི་ཀླད་རྡིབ་འདི།
བཤད་ན་ནི་རྟ་རིགས་རེད།
རྒྱུགས་ཁ་ནི་རྒྱ་ལ་དྲང་།
རྟ་རྭ་ནི་བོད་ཀྱི་ཡིན།
ཙོང་ཁ་ན་རྟ་མང་ཡང་།
དམག་གི་ནི་བཅིབ་རྟ་དཀའ།
རྒྱ་སྲན་གྱི་ཆས་བཟང་བས།
འདོ་བའི་ནི་གོམ་ལག་ངན།
རྩྭི་ཏོག་ནི་ཟོས་པའི་རྟ།
ན་ནིང་ནི་ད་ནིང་དཀའ།
བོང་བུ་ནི་ལྕགས་བཀོལ་ནས།
རྒྱ་རྫོང་ནི་བྱ་བ་སླ།