དོལ་སྨྱོན།
ལོ་རིམ་དང་པོ།
ཞོགས་པའི་སྐྱ་རེངས་དང་འདྲ་བའི་ལོ་རིམ་དང་པོ།
དཔྱིད་མགོའི་བསིལ་རླུང་དང་འདྲ་བའི་ལོ་རིམ་དང་པོ།
འབུས་མ་ཐག་པའི་ལྗང་བུ་གཞོན་ནུ་ཞིག་དང་འདྲ་ནའང་།
བཞད་མ་ཐག་པའི་མེ་ཏོག་གི་ཚོམ་བུ་ཞིག་དང་མཚུངས་ནའང་།
ཚེ་སྲོག་གི་དོན་སྙིང་མ་རྟོགས་པའི་ངས།
རིག་གཞུང་གི་ནང་དོན་མ་ཤེས་པའི་ངས།
རྙེད་པར་དཀའ་བའི་དུས་ཚོད་ཀྱི་ཡོ་ལང་རིང་མོ།
ལེ་ལོ་དང་རྣམ་གཡེང་གིས་རྫོགས་སོང་།
ཟ་ཉལ་དང་རྩེད་འཇོ་ཡིས་ཟད་སོང་།
ལོ་རིམ་གཉིས་པ།
བྱིས་པའི་གོག་འགྲོས་དང་འདྲ་བའི་ལོ་རིམ་གཉིས་པ།
རྟེའུའི་བང་རྩལ་དང་འདྲ་བའི་ལོ་རིམ་གཉིས་པ།
ཞོགས་པའི་སྐྱ་རེངས་ཤིག་དང་འདྲ་ནའང་།
ཉི་ནུབ་ཀྱི་མཚམས་སྤྲིན་ཞིག་དང་མཚུངས་ནའང་།
མེས་པོ་ཡི་ཤུལ་རྗེས་མ་ཟིན་པའི་ངས།
མི་གཞི་ཡི་ལྗིད་ཚད་མ་རྟོགས་པའི་ངས།
རྙེད་པར་དཀའ་བའི་དུས་ཚོད་ཀྱི་ཡོ་ལང་རིང་མོ།
སང་ཉིན་དང་གནངས་ཉིན་གྱིས་རྫོགས་སོང་།
ངག་འཁྱལ་དང་ཀུ་ཅོ་ཡིས་ཟད་སོང་།
ལོ་རིམ་གསུམ་པ།
གཞི་རིམ་སློབ་གྲྭའི་བྱིས་པ་ཞིག་དང་འདྲ་བའི་ལོ་རིམ་གསུམ་པ།
གནས་ལ་འབྱོར་མ་ཐག་པའི་གསར་མོ་ཞིག་དང་འདྲ་བའི་ལོ་རིམ་གསུམ་པ།
དཔྱིད་དུས་ཀྱི་ཞིང་ས་གཤིན་པོ་ཞིག་དང་འདྲ་ནའང།
ཞོ་ཟེའུ་ནང་གི་འོ་མ་མངར་མོ་ཞིག་དང་མཚུངས་ནའང་།
མི་ཚེའི་རིན་ཐང་མ་ཤེས་པའི་ངས།
དུས་ཚོད་ཀྱི་ཕྱི་རྗེས་མ་ཟིན་པའི་ངས།
རྙེད་པར་དཀའ་བའི་དུས་ཚོད་ཀྱི་ཡོ་ལང་རིང་མོ།
བརྙན་འཕྲིན་དང་རྩེད་མོ་ཡིས་རྫོགས་སོང་།
མགོ་སྐོར་དང་བསླུ་བྲིད་ཀྱིས་ཟད་སོང་།
ལོ་རིམ་བཞི་པ།
སྨིན་ལ་ཉེ་བའི་སྟོན་དུས་ཀྱི་ལོ་ཏོག་དང་འདྲ་བའི་ལོ་རིམ་བཞི་པ།
ཚོས་ལ་ཉེ་བའི་ལྡུམ་རའི་ཀུ་ཤུ་དང་འདྲ་བའི་ལོ་རིམ་བཞི་པ།
དཔྱིད་རླུང་བསིལ་མོའི་ལྡང་ཕྱོགས་ཤིག་དང་འདྲ་ནའང་།
སྟོན་ཉི་དྲོན་མོའི་ཤར་ཕྱོགས་ཤིག་དང་མཚུངས་ནའང་།
དམིགས་ཡུལ་ལ་ལྷོད་ཡངས་ཤོར་བའི་ངས།
རང་ཉིད་ལ་ཡིད་ཆེས་བརླགས་པའི་ངས།
རྙེད་པར་དཀའ་བའི་དུས་ཚོད་ཀྱི་ཡོ་ལང་རིང་མོ།
སྟོང་འདང་དང་ཕྱི་བཤོལ་གྱིས་རྫོགས་སོང་།
ལྷོད་ཡངས་དང་འཐུས་ཤོར་གྱིས་ཟད་སོང་།
ལོ་རིམ་ལྔ་པ།
གཤོག་རྩལ་རྒྱས་པའི་བྱ་རྒྱལ་རྒོད་པོ་དང་འདྲ་བའི་ལོ་རིམ་ལྔ་པ།
རྩལ་དྲུག་རྫོགས་པའི་རྒྱ་སྟག་ངར་མོ་དང་འདྲ་བའི་ལོ་རིམ་ལྔ་པ།
ཕྱི་སྨིན་ནང་ཚོས་ཀྱི་ཀུ་ཤུ་མངར་མོ་ཞིག་དང་འདྲ་ནའང་།
འདོད་རྒུ་སྐོང་བའི་དཔག་བསམ་ལྗོན་ཤིང་ཞིག་དང་མཚུངས་ནའང་།
དུས་ཚོད་ཀྱི་བསླུ་བྲིད་ཕོག་པའི་ངས།
ཡོད་ཚད་ལ་གས་ཆག་ཤོར་བའི་ངས།
རྙེད་པར་དཀའ་བའི་དུས་ཚོད་ཀྱི་ཡོ་ལང་རིང་མོ།
སྨྲེ་ངག་དང་འོ་དོད་ཀྱིས་རྫོགས་སོང་།
གནོང་འགྱོད་དང་སེམས་ཕམ་གྱིས་ཟད་སོང་།
17.10.2012
ལྕགས་པོ་རི་རྒྱལ་གྱུར་ཅིག ཨ་ཅེ་སེ་སྒྲོན་རྒྱལ་གྱུར་ཅིག
ཨོ་ཝེ། མེ་དཀར།
ཙོག་གེ་སྡོད་མ་གཏོགས་ཁ་མཆུ་བསླང་ཡོང་།
ངའི་གྲོགས་པོ་ཁྱོད་བདེན། ཡིན་ནའང་ཆུང་འདྲེས་བློས་གཏོང་རྒྱུ་ལས་སླ་པོ་ཞིག་མ་རེད་ཨང་། ཧ་ཧ་ཧ་ཧ་
ད་ང་གཉིས་གཅིག་པ་ཡིན་ས་རེད། ང་ཡང་དེ་འདྲ་ཞིག་ཆགས་སྡད་ཡོད།
ཕྱི་ནས་གུས་གུས་ཞུམ་ཞུམ་འདྲ་བྱས། དེ་ནས་བྱིས་པ་ཚོ་ལ་ཀ་ར་ཀུ་ཤུ་འདྲ་བྱིན། ཧ་ཧ་ཧ་ཧ
རེད་རེད། མ་ལ་དགའ་ན་བུ་ལ་བྱམས།། ཧ་ཧ་ཧ་
གཏམ་དྲིས་ན་མི་ཤེས་འགུག་ན་ཤེས། ཟེར་བ་ཅིས་་མ་བདེན། ཧ་ཧ་ཧ་ཧ
མ་ལ་བལྟས་ན་མཛེས་པའི་ལང་ཚོ་ཞིག །
བུ་ལ་བལྟས་ན་མཛེས་པའི་འཛུམ་མདངས་ཤིག །
ཧ་ཧ་ཧ་ཧ
དོལ་སྨྱོན་དང་མེ་དཀར་ཁྱེད་གཉིས་ཀྱི་སེམས་ནང་གི་ན་ཚ་གཅིག་པ་ཡིན་ས་རེད། ཧཧཧཧཧཧཧ
མ་བུའི་མཛེས་འཛུམ་བར་ནས་ངའི་གྲོགས་པོ། །
དོལ་པོ་སྨྱོན་པའི་གདོང་ལ་སྐྱོ་ཉམས་ཤིག ། ཧ་ཧ་ཧཧ་ཧ་
མ་ཡི་འཛུམ་མདངས་སེམས་ཀྱི་འཚོ་བཅུད་རེད།།
བུ་ཡི་འཛུམ་མདངས་མིག་གི་དགའ་སྟོན་རེད།།
ཧ་ཧ་ཧ་ཧ
ཉམ་ཆུང་ཡ་རབས་ལྡན་པའི་སྲས་སྐུ་ཞོས།།
སྟོབས་ཆེན་མནན་ཚུལ་བློ་ལ་འཆར་དཀའ་ཡ། །ཧ་ཧ་ཧ་ཧཧ
ཉམ་ཆུང་ཡ་རབས་ཅན་གྱིས་སྲས་སྐུ་ཞོས།།
སྟོབས་ཆེན་མནན་ཚུལ་བློ་ལ་འཆར་དཀའ་ཡ། །ཧ་ཧ་ཧ་ཧཧ
ཕྱི་ཡི་རྣམ་པ་ཡ་རབས་ཉམས་ཆུང་ལ།།
ནང་གི་སྟོབས་ཤུགས་བླ་ན་འཕགས་པ་ཅན།།
མི་རབས་གསུམ་གྱི་སྨན་པའི་རྒྱུད་ཡིན་པས།།
སྟོབས་སྐྱེད་བརྟ་བྱའི་ཉམས་མྱོང་འབུམ་གྱིས་ཕྱུག།
ཧ་ཧ་ཧ་ཧ
ཨ་མ་མ།
སྟག་གི་རི་མོ་ཕྱི་ལ་ཡོད་པ་དང་། །
མི་ཡི་རི་མོ་ནང་ལ་ཡོད་དོ་ཞེས། །
མནའ་མི་རྒན་པོའི་གཏམ་དེ་སླར་ཡང་འདིར། །
བདེན་པ་ཡིན་པའི་ར་སྤྲོད་གསལ་བ་ལ། །ཧ་ཧ་ཧཧ་
འདི་མོ་འདི་གོ་ན་བསུན་གི། མེ་དཀར་ལགས།
༦༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༩ གི་ཆུ་ཚོད་ ༡༢ སྐར་མ་ ༠༢
གཏམ་དྲིས་ན་མི་ཤེས་འགུག་ན་ཤེས། ཟེར་བ་ཅིས་་མ་བདེན། ཧ་ཧ་ཧ་ཧ
བོད་ཁ་བ་ཅན་གི་གནའ་གཏམ་ལ།
གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཟེར་བ་རེད།
ཨ་མེ་དཀར་དཀྱོག་ལོག་ཁ།
དེ་ཕལ་ཆེར་ཁྱོད་ཀྱིས་བཤད་པ་བདེན་ཡོང་། ངོས་ལེན་ཡོད།
ཡིན་ནའང་ཅན་གྱི་དང་ཅན་གི་སུ་དག ཚར་གཅིག་གཟིགས་མཛོད།
ནང་གི་ཟུངས་ཀྱི་ནུས་པ་བརྟས་གྱུར་ན།།
ཕྱི་ཡི་ཤ་ལྤགས་སྐམ་རུང་ཅི་ཞིག་སྐྱོན།།
ནང་གི་ལུས་ཟུངས་མདངས་མཆོག་ཟད་གྱུར་ན།།
ཕྱི་ཡི་ཤ་ལྤགས་རྒྱས་རུང་དོན་མེད་རེད།།
ཧ་ཧ་ཧ་ཧ་ཧ
གྲོགས་པོ་ལགས། བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ་ཞེས་པའི་ནང་། ཉིད་ཀྱིས། ཀ་ཁ་ག་ང་ངོ་མི་ཤེས། །ཟེར་བའི་རྩོམ་ལ་ཁ་སྣོན་བྱས་པས་སྤྱན་ཟུང་གཡོ་ཙམ་མཛོད། དེ་བཞིན་ཡན་ལག་བདུན་པ་ཞིག་ཀྱང་ཡོད། ཧཧཧཧཧ
མེ་དཀར་ལགས།
ཀྱི་གྱི་གི་འི་ཡི་དང་ཀྱིས་གྱིས་གིས་འིས་ཡིས་སོགས་བྱེད་འབྲེལ་གྱི་རྣམ་དབྱེ་ཡ་བཏགས་ཅན་ལ་ཡ་བཏགས་མི་སྦྱོར་བའི་དུས་རབས་ཞིག་གི་སྐད་ཀི་དཀྱོག་མཚམས་ཙམ་བསྟན་པའི་ཚིག་དོན་ཡིན་པས། ནོར་བ་ཡིན་པར་འདོད་མེད། གྲོགས་པོ་ལགས།
ཨ་གནམ་རྒན་མ། སྒུག་དང་འགུག་ལ་ཁྱད་པར་ཡོད་པ་དང་གྱི་གི་ལ་ཁྱད་པར་མེད་པར་སྨྲ་བ། ཁུངས་ལུང་མེད་པའི་མི་རྒོད་འདི་འདྲ་ལ་ཁ་ཡ་བྱས་པ་དེ་མནོང་ངོ་།། འགྱོད་དོ།། ཕྱིན་ཆད་ཡ་མི་བྱེད་དོ།།
མེ་དཀར།
ཁྱོད་ཀྱི་ཁ་དང་ལག་པ་དེ། ཧ་ཧ་ཧ་ཧ་ཧ་ཧ
འོ་འོ། དེ་འདྲ་ལ་རོལ་མོའམ་རོལ་རྩེད་ཅེས་བྱའོ།། ཧ་ཧ་
ཀྱི་གྱི་གི་འི་ཡི་ལྔ་པོ་དལ་པོར་བཞག་ནས། ང་འགྲོ་བགྱི་ཡིན། ང་འགྲོ་བགྱིད་ཡོད། ཁོ་ཡིན་བགྱིད་རེད་སོགས་བེད་སྤྱད་ན་འདས་ད་མ་འོངས་བློ་ལ་འཆར་སླ་བ་སོགས་ཀྱི་དགོས་པ་མིན་འདུག་གམ། ལགས།
སྐུ་ཉིད་ཀྱིས་རྩོམ་ཡིག་འདི་ལྟས་ན་བློ་འགྱོད་ཞེ་དྲག་བྱུང་པ་འདྲ