ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་ཀྱི་ལག་རྩལ་ཚད་མཐོན་པོར་བསླེབས་པ། Posted on 2013-09-072013-09-07 By ཁ་བརྡ་ 93 Comments on ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་ཀྱི་ལག་རྩལ་ཚད་མཐོན་པོར་བསླེབས་པ། ལུང་རྟོགས། སྤྱི་ལོ། ༡༠༡༣/༩/༥ གཟའ་ཕུར་བུའི་ཉིན་ནོར་ཝེ་བོད་སྐད་རླུང་འཕྲིན་གྱི་འཕྲོད་བསྟེན་ཤེས་བྱ་ཞེས་པའི་ལེ་ཚན་ནང་། སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་ཞུ་བ་ཞིག་གིས་ངོ་སྤྲོད་གནང་དོན་ལྟར་ན། སྔོན་མ་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་གྱ་གྲངས་ནང་། རྒྱ་གཞུང་གི་ཞིབ་འཇུག་པ་ཁག་ཅིག་གིས་བོད་ཀྱི་ས་ཁུལ་གང་སར་གནའ་ཤུལ་སྔོག་འདོན་བྱས་ཡོད་ཅིང་། དེའི་སྐབས་སུ་ཁམས་ཆབ་མདོའི་ཁ་རུབ་ཞེས་པའི་ས་གནས་ནས་སྔོན་མའི་གནའ་ཤུལ་ཞིག་རྙེད་ཡོད་པ་དང་། དེར་ཁང་པ་ཞིག་རོ་ཞིག་གི་ནང་ནས་རྡོ་སྒྲོམ་ནང་བཅུག་པའི་མི་རོ་ཁ་ཤས་རྙེད་ཡོད་ཅིང་། དེ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་དེའི་ནང་གི་མི་རོ་གཅིག་གཉིས་ཤིག་གི་མགོ་ཡི་རྣ་ལྟག་གཉིས་དང་། ཚོག་གསང་ལྟག་པའི་མདུད་སྒོ་བཅས་ཕྱོགས་བཞི་ནས་མཛུབ་མོ་ཐར་ཙམ་གྱི་ཁུང་བུ་ཕུག་ཡོད་པ་རྟོགས་ཤིང་། དེ་ཅི་ཞིག་ཡིན་མིན་ཚན་རིག་དང་། སྨན་དོན། ལོ་རྒྱུས་སོགས་ཀྱི་མཁས་པ་ཁག་ཅིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མི་དེ་དག་གི་ཀླད་པའི་ནང་སྲིན་འབུ་ཞུགས་པའམ་སྨྱོ་ནད་ལྟ་བུ་ཞིག་བྱུང་བ་ལ་རྟེན་ནས། ཀླད་པར་གཤག་བཅོས་བྱས་པ་ཞིག་ཡིན་པ་དང་། ཁུང་བུ་དེ་དག་ཀྱང་རྡོ་ཤིན་ཏུ་རྣོན་པོ་ཞིག་གིས་ཕུག་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁུང་བུ་ཕུག་སའི་མཚམས་ནས་རུས་པ་གསར་དུ་སྐྱེས་པ་ལ་བརྟག་ན་གཤག་བཅོས་བྱས་པའི་རྗེས་སུ་མི་དེ་དག་ལོ་བཅུ་བཞི་ནས་བཅོ་ལྔ་བར་འཚོ་ཐུབ་ཡོད་པ་ཤེས་པ་དང་། རུས་ཁོག་དེ་དག་ལོ་ཇི་ཙམ་སྔོན་གྱི་ཡིན་མིན་བརྟག་དཔྱད་བྱས་སྐབས་ལོ་ལྔ་སྟོང་ལྷག་ཙམ་སོང་ཡོད་པ་ཤེས་རྟོགས་བྱུང་འདུག དེས་ན་ལོ་ལྔ་སྟོང་གི་སྔོན་ནས་བོད་ཀྱི་མིའི་ཀླད་པ་གཤག་བཅོས་བྱེད་པའི་ལག་རྩལ་ཚད་མཐོན་པོར་སོན་ཡོད་པ་ཤེས་ཐུབ་པ་ཞིག་རེད་ཟེར། འདི་ནི་ང་ལ་མཚོན་ན་ཐོས་པ་ཐེང་དང་པོ་ཡིན་ལ། སྐད་ཆ་འདིས་ང་ཧ་ལས་ཧོན་ཐོར་དུ་བཅུག་པ་མ་ཟད། རང་གི་མི་རིགས་འདིས་རིག་རྩལ་ལ་སྤོབས་པ་ཞིག་ཀྱང་སྐྱེས་སོང་། གསར་འགྱུར།
ལུང་རྟོགས་ལགས། བརྟག་དཔྱད་བྱེད་དགོས། བདེན་སྲིད་ལ་རྫུན་ཡང་སྲིད་པའི་གཏམ་འདི་ཚོ་ཚད་མར་འཛིན་རྐྱང་བྱས་ན་རྗེས་སུ་མི་བཟང་། དེ་ལས་ངང་གིས་རྒུག་ནས་བརྟག་དཔྱད་ཀྱིས་དང་བཟང་།
སྤོབས་པ་ལགས། བརྟག་དཔྱད་བྱས་མི་འདུག་གམ། ཚན་རིག་དང་སྨན་དོན་ལོ་རྒྱུས་སོགས་ཀྱི་མཁས་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ཞིག་རེད་འདུག སྤྱིར་དེང་སང་བརྟག་དཔྱད་བྱས་བས་བཤད་པའི་སྐད་ཆ་ཉུང་ཉུང་མ་རེད་དམ།
ཀླད་པའི་ནང་སྲིན་འབུ་ཞུགས་པ་ལ་གཤག་བཅོས་བྱས་པའི་ལོ་རྒྱུས་སྙན་པོ་ཅིག་སྔར་ངས་བཀླགས་མྱོང་ཡང་། ད་ལྟ་ག་བ་ཡོད་མེད་ཐེ་ཚོམ་ཙམ་ལས་མི་དྲན།
སྔོན་མ་ཞིག་ལ་བོད་ལྗོངས་ཞིབ་འཇུག་ཡིན་ནམ་ཡང་ན་མཚོ་སྔོན་སློབ་གསོ་ཞིག་ཡིན་ནམ། གང་ལྟར་དུས་དེབ་གང་ཡིན་གསལ་བོ་དྲན་མ་སོང་མོད། དེའི་ཐོག་ན་བོད་ཀྱི་གསོ་རིག་བཤའ་བཅོས་ལག་རྩལ་དང་དེ་དང་འབྲེལ་ནས་བཤའ་གྲི་མང་པོའི་འདྲ་རིས་བཀོད་པ་ཞིག་མཐོང་མྱོང་། བཤའ་གྲི་དེ་དག་གང་ཞིག་ནས་གཏེར་ནས་བཏོན་པའི་སྐོར་ཡང་རྩོམ་ཡིག་དེར་གསལ་ཡོད་བསམ་མོད། གསལ་བོ་ཞིག་ཞུ་ཤེས་མ་སོང་། རྣམ་པ་ཚོས་དྲན་ན་འདིར་དེའི་སྐོར་རེ་ཡང་འགོད་རོགས་ཞུ།
གནས་ཚུལ་འདི་སྨན་པའི་ལྷན་ཚོགས་ནས་སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་སུ་མིག་འགྲིབས་ཕྱེ་བའི་ལག་ལེན་སྐོར་བཅར་འདྲི་བྱས་པའི་གཟུགས་མཐོང་འོད་སྡེར་ཞིག་ལས་ཕྲན་གྱིས་དངོས་སུ་ཐོས། ཁོང་གིས་གནས་ཚུལ་འདི་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་གསུང་རྩོམ་ཞིག་ནས་མཐོང་སྐོར་གསུངས་བྱུང་།
དོལ་སྨྱོན་ནས་འདི་ལྟར་གནས་ཚུལ་བཏང་གནང་བར་གུས་འདུད་ཞུ། བྱས་ཙང་ང་ཚོའི་བོད་མི་རིགས་འདི་དུས་རབས་བདུན་པའི་ཡར་སྔོན་དུ་གླེན་པ་ཁྱུ་གཅིག་མིན་པར་བསྟན་པ་རེད། དེ་ནི་བོད་མི་རིགས་ལ་མཚོན་ན་དགའ་འོས་པའི་གཏམ་བཟང་ལས་དེ་ལ་ད་དུང་དོག་འདྲོག་བྱེད་དགོས་པ་མི་འདུག རྒྱ་ནག་གིས་ག་དུས་ཡིན་ཀྱང་བོད་མི་རིགས་འདི་ཆེས་རྨོངས་དད་དང་བོད་ཀྱི་ཡོད་ཚད་རྒྱ་ནག་ལས་བྱུང་བ་ལས་བོད་རང་གི་ལོ་རྒྱུས་རིག་གནས་བཅས་པའི་ལོ་རྒྱུས་ཤོད་དུས་ལོ་གྲངས་ཆེས་ཉུང་ངུ་ཞིག་ལས་མི་ཕྱིན་རབས་བཤད།
ལོ་ངོ་སྟོང་ཕྲག་ལྔའི་གོང་དུ་བོད་ལ་བཤགས་བཅོས་འདུག་ཟེར་ན་སྣང་བ་མི་འགྲོ་བའི་གཏམ་ཞིག་མིན། འོན་ཀྱང་བཤགས་བཅོས་དེ་རྡོ་ཤིན་ཏུ་རྣོན་པོ་ཞིག་གིས་བྱས་འདུག་ཟེར་ན་ཤིན་ཏུ་ནས་རྒོད་བྲོ་བའི་གཏམ་ཞིག་རེད། ཤ་དང་རུས་པ་འཇམ་པོ་ངང་ནས་གཏུབ་ནུས་ཀྱིས་རྡོ་ཞིག་དེ་བས་ཡོད་མི་སྲིད། དེ་དུས་བོད་ལ་ལྕགས་མེད་པ་རེད་དམ། །
རྟ་བདུན་དབང་པོས་བཤད་པ་བདེན། མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་ཟེརབ་དེ་རིམ་གྱིས་རིམ་གྱིས་ཡར་རྒྱས་བཏང་ནས་ཡོང་བ་རེད། རང་རེའི་བོད་སྨན་དུ་གྲགས་པའི་སྲོལ་རྒྱུན་གྱི་བཅོས་ཐབས་དེ་ལ་ལོ་ལྔ་སྟོང་གོང་ཙམ་དུ་མ་ཟད་ད་དུང་ཡང་ཀླད་པ་གཤག་བཅོས་ཕར་ཞོག ཐ་ན་ཆམ་པ་དྲག་སྤྱད་ཅིག་དང་། རྨ་ཁ་ལ་ཕན་སྤྱད་ཀྱི་བྱུག་སྨན་སྟབས་བདེ་ཞིག་ཀྱང་འདོན་ཐུབ་མེད། ལག་ཆ་ལ་རྡོ་རྣོན་པོ་མ་གཏོགས་བཟོ་མི་ཤེས་མཁན་ཞིག་གིས་ཀླད་པ་ལ་གཤག་བཅོས་བྱེད་ཤེས་པ་ཡ་མཚན་ཆེ།
ལུང་རྟོགས་ལགས། དེ་དུས་ལྕགས་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་མ་བྱུང་། གཟུགས་པོའི་ཆ་གཞན་གཤག་བཅོས་ཐུབ་པའི་དབང་དུ་བཏངས་ཡང་། ཀླད་པའི་གཤགས་བཅོས་རྡོ་ཞིག་གིས་མི་ནུས་སྙམ། དུས་རབས་ཉེར་གཅིག་པའི་སྐབས་ལྟ་བུ་ཡང་ཀླད་པའི་གཤག་བཅོས་ཤིན་ཏུ་ནས་ཉེན་ཁ་ཅན་ནམ། ཡང་ན་དཀའ་ཤོས་སུ་བརྩིས་སྣང་འདུག།
བོད་སྨན་པ་མང་པོ་ཞིག་བླ་རྫུན་ཞིག་ས་ཆ་རྒྱུས་མེད་པ་ཐོན་པ་དང་གཅིག་མཚུངས་རེད། ཁ་ཕོ་ཆེན་པོ་བསྒྲགས་རྒྱུ་ལ་དགའ་བ་རེད། བར་ལམ་ཞིག་ལ་བོད་སྨན་པ་ཞིག་གིས་ང་ཚོའི་བོད་སྨན་གྱིས་ཨ་ཙིའི་ནད་བཅོས་ཐུབ་ཟེར་ནས་ཁ་ཕོ་བསྒྲགས་པ་རེད།
བོད་སྨན་གྱི་ནུས་པས་ཨེ་ཙི་བཅོས་རྒྱུ་དཀའ་མོ་རེད། འོན་ཀྱང་ནང་ཆོས་ལ་བརྟེན་ནས་བཅོས་ཐབས་ཡོད་དམ་སྙམ། ཡི་དམ་གང་རུང་ཞིག་གི་དྲག་སྔགས་ཅི་ནུས་ཤིག་གསག་ན་ག་འདྲ་ཡིན་ནམ། ཨེ་ཙིའི་དྲག་ཐུབ་བམ། ངས་ནི་ཡི་དམ་གྱི་བསྙེན་པ་མང་བོ་ཞིག་བཏངས་ན་ཨེ་ཙིའི་ན་ཚ་དྲག་གི་རེད་བསམ་གྱིན་ཡོད། གཅིག་བྱས་ན་རྨོངས་དད་ཡིན་སྲིད།།
ལོ་ངོ་ལྔ་སྟོང་སྔོན་ལ་ལག་ཆ་རྣམས་རྡོ་ལ་བརྟེན་པ་ཚན་རིག་གིས་ར་འཕྲོད་པ་རེད། དེ་དུས་མཚོན་ཆ་རྣམས་ཀྱང་རྡོ་ལ་བརྟེན་གྱི་ཡོད། དེའི་སྐབས་ལྕགས་འཛམ་བུའི་གླིང་ན་སུ་གཅིག་གིས་བཟོ་ཐུབ་མེད། བོད་པས་བཟོ་མ་ཐུབ་པ་ལ་ཧ་ལས་རྒྱུ་མེད། གསོ་རིག་ལ་བསམ་མ་སྲོལ་རྒྱུན་གྱི་སྨན་པ་ཧང་སངས་དགོས་པ་དེ་འདྲ་རྒྱལ་ཁབ་མང་པོའི་ལོ་རྒྱུས་ནང་ཡོད་ཙང་། བོད་ལ་ཡང་སྨན་པ་དེ་འདྲ་བྱུང་མ་ཆོག་པ་གང་ཡོད།
དེ་རེད། རྡོ་ཡི་ལག་ཆ་ཅན་ཞིག་གིས་ཀླད་པའི་བཤག་བཅོས་བྱེད་པ་དེ་ལ་ཧ་མ་ལས་ན་གང་ལ་ཧ་ལས། ང་ནི་ཧ་ལས་ནས་ཤི་གྲབས་འདྲ་བྱས་སོང་། ད་ཧམ་པ་བཤད་མཚམས་ཞོག
ཧ ཧ ཧ ཧ དེ་དག་ང་ཚོས་བགྲོས་ཟིན་པའི་གཤིན་རྡོས་བསད་པའི་མི་རོ་ཚོ་རྙེད་པ་མིན་ནམ། ཧ ཧ ཚན་རིག་པའི་གླན་རྟགས་བརྟན་པ་རེད། རོ་དེ་དག་ནད་ལས་དྲག་སོང་བ་ཡིན་པར་ཅི་ཞིག་གི་གོ ད་དུང་རྡོས་བསད་པ་ཡིན་མིན་ཡང་གསལ་ཁ་བྱས་མི་འདུག
ཞིབ་འཇུག་པའི་གནས་ཚུལ་སྤེལ་སྟངས་འདི་འདྲ་ཞིག་མིན། བརྟག་དཔྱད་ཞིབ་འཇུག་ཅན་གྱི་གནས་ཚུལ་འགོད་སྟངས་ནི། རྡོ་དེའི་རྡོ་ངོ་འཕྲོད་དགོས། ནད་དེའི་ནད་མྱིང་གསལ་དགོས། ཡུལ་དུས་གཉིས་བོ་གསལ་ཙམ་ཡོད་པས་རྒྱུ་མཚན་གྱིས་བཤད་བཤད་པོ་བདེན་དུ་བཟུང་ནས་ཧ་ལས་དགོས་དོན་གང་ལ་ཡོད། འགྲོ་བ་མི་འདི་དུད་འགྲོ་ལས་ཁྱད་དུ་འཕགས་པ་ནི་ལོ་ལྔ་སྟོང་ལས་མ་ཚད་པའི་ཡར་ན་ཡོད་ནི་རེད། དེ་ན་དེ་དང་དེ་བཞིན་གྱི་གདེང་འཇོག་ཞིག་ཡོད་ན། ང་ཚོ་ཡང་སྔ་རྗེས་མི་རིག་པའི་ལག་ན་ལག་རྩལ་གྱིས་སྟོང་བའི་ཁ་གསོན་འགའ་ལུས་ཡོད་པ་ལོས་ཤེས། གཤོབ་རྐྱལ་ཟིག་གིས་གཤོབ་སྟེག་པས། ཧེབ་རྒན་ཟིག་ལ་གཉིད་མ་ཡོང་ཟེར་བ་དང་གཅིག་པ་འདྲ་ཟིག་རེད།
སྐབས་དེར་རྡོ་ཆས་ཀྱི་དུས་རབས་ཡིན་ནའང་མིའི་འབྱུང་ཁམས་ཀྱི་ནུས་སྟོབས་དང་བཟོད་གསན། ཐལ་སྤྱོད་ཀྱི་ལག་ཐབས་སོགས་ནི་ད་ལྟའི་མིའི་བྱེད་སྟངས་ལས་དགུ་འགྱུར་ཆེ་བར་ཡོད་རྩང་བཤག་བཅོས་དེ་དག་བྱས་མི་ཆོག་པ་གང་ཡང་མེད་སྙམ། བོད་ཀྱི་གསོ་ཐབས་ལག་རྩལ་ནང་དུ་མིའི་རྒྱུ་མ་ཆད་ན་ར་ལུག་གི་རིལ་མ་རྒྱུ་རློན་དུ་བཅུག་ནས་མིད་ན་རྒྱུ་ཆད་མཐུད་པའི་ལག་རྩལ་དེ་འདྲ་ཡོད་ནི་རེད། ང་ཚོས་ད་ལྟའི་ཚན་རིག་གི་ནུས་ཐབས་སླ་པོ་འདིར་བསམ་བློ་གཏོང་ནས་འདས་པའི་ལོ་རྒྱུས་ནང་མིས་གཅིག་བྱས་ཐུབ་ཡོད་རྒྱུ་མ་རེད། གཉིས་ནུས་ཀྱི་མ་རེད་སོགས་གླེང་ཅུང་དཔྱད་པ་མ་གཏོང་བ་ཞིག་དྲན། སྐབས་དེར་ཆ་རྐྱེན་དེ་ཙམ་མེད་ཀྱང་ཡ་ཡུད་དང་ཉེས་ཁ་ཅན་གྱི་ཐབས་ལམ་མང་པོ་ཞིག་བེད་གཏན་གཏན་སྤྱད་ཡོད་ནི་རེད་དྲན། དེ་ལྟར་ཡ་ཡུད་ཅན་གྱི་བཤའ་བཅོས་དང་གསོ་ཐབས་ལག་ལེན་དེ་དག་ལ་བརྟེན་ནས་གྲུབ་འབྲས་ཐོན་པ་ནི་ད་ལྟ་ལས་ཆེས་ཉུང་བ་ཡོད་རྒྱུ་རེད་སྙམ།
སྨན་པ་ལགས་ནས་གནས་ཚུལ་འདི་དུང་དཀར་ལགས་ཀྱི་གསུང་རྩོམ་ཞིག་ནས་མཇལ་སྐོར་གསུང་བྱུང་། འོན་ཀྱང་དེབ་བམ་དུས་དེབ་སོགས་གང་ཞིག་ནས་མཇལ་བའི་གསལ་ཁ་མི་འདུག ང་ཚོས་དུང་དཀར་བའི་གསུང་རྩོམ་དག་ནས་རྩོམ་ཡིག་འདི་རག་པ་ཡིན་ན། གནས་ཚུལ་གསལ་པོ་ཞིག་ཡོད་རྒྱུ་གཏན་གཏན་རེད། དེ་མིན་རང་ལྟ་མཆོག་འཛིན་གྱི་བསམ་ཚུལ་རྐྱང་པས་ཅང་མི་ཕན།
དོལ་སྨྱོན་ལགས། ང་ཚོས་རྒྱུ་མཚན་དང་དཔང་རྟགས་ལ་ཁུངས་བཅོལ་དགོས་པ་རེད། དུང་དཀར་བློ་འཕྲིན་ཚད་མར་བཟུང་དགོས་ཟེར་ན་ཡ་མཚན་པོ་ཆགས་ཡོང་གི་རེད་ལགས།
མཁས་དབང་དུང་དཀར་ལགས་ཀྱིས་བོད་ཀྱི་གསེར་ཟངས་ལྕགས་ཀྱི་བདུལ་སྦྱོང་ནི་དུས་རབས་དང་པོའི་ཡར་སྔོན་ལ་ཡིག་ཐོག་ནས་ཨུ་ཚུགས་རྒྱབ་མེད། ཡིན་ནའང་གནའི་རྫས་ལ་དཔྱད་པས་ཁུངས་འདྲ་མིན་སྐྱེལ་སྲིད་པར་ཁོང་གིས་དགོངས་ཡོད་པ་རེད། གནའ་རྫས་བརྟག་དཔྱད་ཞིབ་འཇུག་བྱེད་ཚུལ་ཧ་ལས་པ་ཞིག་རེད། གནའ་རྫས་ཀྱི་ཁུངས་སྐྱེལ་བ་ལ་གནའ་རྫས་དགོས་ཀྱིན་ཡོད། དེང་སང་སེམས་སྐྱོ་དགོས་པ་ཞིག་ནི་ཙི་ཁུང་རྙིང་པ་ཞིག་རྙེད་སོན་བྱུང་ན་ཡང་དང་པོར་རྒྱ་མི་ཚོས་ནང་དུ་བལྟ་དགོས་ཀྱིན་རེད། ཡུལ་མི་ཤ་ཚ་ཅན་ཞིག་མ་སླེབས་སྔོན་དུ་རྐུ་ཡང་ཤོར་སྲིད་པ་དང་། ཡུལ་མི་ཚོའི་རྣམ་རྟོག་གིས་རྩ་མེད་ཡང་བཟོ་སྲིད། ཉེ་ཆར་གནའ་རྫས་ཟེར་ན་སྐད་གྲགས་ཏོག་ཙམ་བྱུང་མོད། བཙོང་ན་གོང་ཆེ་བ་དེ་ཙམ་རེད། རང་དབང་མེད་ན་རེ་བ་ཞེ་དྲག་ལྷག་ཡོད་པ་མ་རེད། རང་དབང་གི་རེ་བ་དེ་ད་གང་དྲག
དྲ་འབུ་ནི་དྲ་འབུ་རང་རེད། རང་གི་བློ་ལ་མི་འགྲོ་བ་ཙམ་རྒྱུ་མཚན་དུ་བྱས་ནས་འདི་འདྲ་འབྱུང་མི་སྲིད་པར་བཤད་པ་ནི་སྐད་ཆ་ཆོ་མེད་རེད། གལ་ཏེ་གནས་ཚུལ་འདི་འདྲ་ཞིག་ནུབ་ཕྱོགས་ལུང་པ་ཞིག་ན་བྱུང་ཡོད་འདུག་ཅེས་ནུབ་ཕྱོགས་པའི་མཁས་པ་ཞིག་གིས་བཤད་ཡོད་ན། མི་འདི་ཚོས་བདེན་ཅོག་ཅོག་གིས་ཁས་ལེན་ཐག་ཆོད་ཡིན། འདི་འདྲ་བྱུང་ཡོད་མི་སྲིད་པ་གང་ཡང་མ་རེད། དཔེར་ན་གཟི་ལ་མཚོན་ན་གནའ་སྔ་མོ་ནས་བོད་ཀྱི་མིའི་ལག་རྩལ་ལས་བྱུང་བ་ཞིག་རེད། དེང་སང་དུས་རབས་ཉེར་གཅིག་པའི་ནང་ལ་ཡང་གཟི་དངོས་གནས་ཤིག་སུས་ཀྱང་བཟོ་ཐུབ་ཀྱི་མེད་པ་ལྟ་བུ་རེད།
ཨ་ཕྱི་རྒན་མོས་རྩོམ་ཀློག་ཤེས་ཀྱི་མེད་པ་འདྲ། མགོ་རུས་རྡོ་ཡིས་ཕུག་པའི་རྗེས་སུ་ལོ་བཅུ་བཞི་བཅོ་ལྔ་ཙམ་འཚོ་ཐུབ་ཡོད་པ་ནི། ཕུག་མཚམས་ནས་རུས་པ་གསར་དུ་སྐྱེས་པ་ལས་ཤེས་རྟོགས་ཐུབ་པ་བཤད་མི་འདུག་གམ། མི་ཤི་ཚར་ནས་རུས་པ་གསར་དུ་ཇི་ལྟར་སྐྱེ། ཧཧཧ
ལུང་རྟོགས་ལགས། དེང་སང་གཟི་དངོས་གནས་བཟོ་མི་ཤེས་པ་བདེན་ཡང་། གཟི་གནའ་སྔ་མོའི་བོད་མིའི་ལག་རྩལ་ལས་བྱུང་བའི་ཁུངས་ཁེར་ཤོག
མི་དགོས་མི་དགོས་དངོས་གནས་མི་དགོས། རྗེས་མར་གཟབ་གཟབ་གནང་རོགས་ཨ། གང་བྱུང་མང་བྱུང་ཞུ་དུས་ཡ་རབས་ཟེར་བ་དྲན་གསོས་ཤིག
བོད་ཀྱི་སྲོལ་རྒྱུན་རིག་གནས་སྨྲ་བ་ཚོས། ཚན་རིག་པས་གསར་དུ་རྙེད་པ་མང་པོ་ཞིག་ང་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་ནས་རྙེད་ཡོད་ཅེས་ཁ་ཕོ་སྒྲོག་གི་འདུག གལ་སྲིད་དེ་ལྟར་ཡིན་ན་ད་ལྟ་ང་ཚོས་འཚོ་བ་དངོས་ཀྱི་ཁྲོད་ཁབ་ཅིག་ཚུན་ཆད་ཚན་རིག་པར་རེ་བ་བཅོལ་དགོས་ཐུག་གི་འདུག་མོད། དངོས་ཡོད་མདུན་དུ་བཞག་ནས་ད་དུང་འུད་ཤོབ་ཤོད་པ་ནི་ཧམ་པ་མིན་ན་ཅི་ཡིན། གོང་གི་རྩོམ་ཡིག་འདིའི་ཁུང་ཡོད་ཚད་ཚན་རིག་ཞིག་འཇུག་ཅིག་ལ་ཁུངས་བཅོལ་གྱི་འདུག་མོད། ཚན་རིག་པ་སྒེར་རེ་རེའི་ཞིབ་འཇུག་སྡོམ་ཚིག་ཡོད་ཚད་ལ་ཡིད་རྟོན་བྱས་ནས་ཚད་མར་སྨྲ་བ་ནི་དེ་བས་ཀྱང་དགོད་བྲོ་བ་ཞིག་རེད། དེ་ལྟར་ན་སྔ་མོའི་ཚན་རིག་པའི་ཁྲོད་སའི་གོ་ལ་ལེབ་ལེབ་ཡིན་པར་སྨྲ་མཁན་ཡང་བྱུང་མོད་དེ་ཚོ་ཡང་བདེན་པར་འཛིན་རྒྱུ་ཡིན་ནམ། འཐུས་ཚང་རང་བཞིན་གྱི་ཚན་རིག་གི་སྡོམ་ཚིག་ཅིག་ཡིན་མིན་ནི་སྡོམ་ཚིག་དེ་དང་དེར་ཚན་རིག་པ་སྤྱི་ཡོངས་ཀྱིས་གདེང་འཇོག་ཐོབ་པ་ཞིག་ཡིན་དགོས་ཀྱི། གོང་གི་དེར་དེ་འདྲའི་དཔང་རྟགས་འདྲ་ཡོད་དམ། དེ་འདྲའི་དཔང་རྟགས་འདྲ་ཡོད་ན་རྡོ་བས་ཀླད་པ་གཤགས་བཅོས་བཏང་རབས་ཀྱི་བོད་ཀྱི་ཐུན་མིན་ཚན་རིག་ལག་རྩལ་དེ་ (Times) དུས་དེབ་བརྒྱུད་ནས་ཁྱབ་བསྒྲགས་ཐོངས་ཤོག་དང་། འཛམ་གླིང་གི་ཚན་རིག་པ་ཚང་མས་མགྲིན་གཅིག་ཏུ་ཁྲེལ་དགོད་བྱེད་ངེས་པར་ངས་ཁག་ཐེག་བྱེད་ཆོག ཧཧཧཧཧ
བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་ཟུར་ཙམ་ཡང་མེད། ད་གཟོད་མིའི་ཁོག་པའི་ནང་ནས་རྡོ་གཏེར་འདོན་དུ་འཇུག་པ་རེད། ངས་སྐད་ཆ་འདི་འོལ་ཚོད་བྱས་ནས་བཤད་པ་མིན་ཏེ། བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་ནད་རོ་ཁ་ཤས་དཔང་རྟགས་དང་བཅས་དངོས་སུ་སྟོན་རྒྱུ་ཡོད། ཡིད་མི་ཆེས་ཟེར་མཁན་ཚོ་བདག་གི་གམ་དུ་ཕེབས་ཤོག་དང་མངོན་སུམ་དུ་ར་སྤྲོད་བྱེད་ཆོག
བོད་ཀྱི་གསོ་རིག་ལ་ཆ་བཞག་ན་བཤག་བཅོས་ཀྱི་ལག་ཆ་མང་པོ་ཡོད་པ་དེ་ཚོ་སྔ་མོ་བཤག་བཅོས་བྱས་ཀྱི་ཡོད་པ་ར་འཕྲོད་པ་རེད། མི་ཚོ་ཆེད་ལས་པས་ཞིབ་འཇུག་བྱས་ནས་གསལ་བཤད་བྱེད་ཀྱི་ཡོད་རེད་མ་གཏོགས་ང་ཚོ་ནང་བཞིན་རང་གི་སྣང་བ་གང་ཤར་དེ་ཨུ་ཚུགས་རྒྱབ་ནས་དྲྭ་རྒྱའི་ནང་བཀོད་པ་དེ་འདྲ་མ་རེད།
བོད་ཞེན་ཆེ་དྲག་པས། ཁྱོད་ཁྲོམ་པའི་ཁ་འི་སྦལ་བ་འདི། ཁྲོམ་པའི་ནང་ལ་མཆོང་རྩིས་བྱེད་བཞིན་མེད་པ་ཨ། ཤིང་རྡོ་ལ་བརྡར། རྡོ་ཤིང་ལ་བརྡར་ནས་རྣོ་རལ་གྲི་འདྲ་ཟིག་འདོན་ཐུབ་པའི་ཨ་མྱེ་རེ་ཡོད་ན་ཡག་པོ་མ་རེད་ཟེར་ས་གང་ལ་འགྲོ་ཡང་། ཡིན་ན་ཡང་བློ་དང་ཐབས་ཚང་མ་དུར་སར་ཁྱེར་སོང་བ་འདི། ཨ་མྱེ་རིག་རྒོད་ཁྱོད་འདྲ་བ་ཞིག་མིན་དང་ཟིག་གི་མོ། དེ་ཨེ་ལྡན་གི། བོད་ཞེན། བོད་ཀི་ས་ཐོག་ནས་ཤི་རོ་རག་ན་བོད་པ་རང་ཡིན་དགོས་བ་དེ་སུའི་བཀའ་རེད། ལོ་ངོ་སྟོང་ལྔ་འི་སྔོན་ཟིག་གི་རོ་དེས་བོད་སྐད་བཤད་ཀི་ཡོད་མེད་སུས་ཤེས་ཡོད་ཀི། བརྟག་དཔྱད་ཞིབ་འཇུག་བྱས་ཡོད་ན་ལན་ཡོད་ཡོད་པ་རེད། ཨ་ཡོ་ཧོ་ཟིག་ལ།
ཧཧཧ། ད་ཡང་གནམ་རྒན་མ་འདིས་བཤད་ཀྱི་འདུག བོད་ཀྱི་ས་ཐོག་བས་ཤི་རོ་རག་པ་དེ་བོད་པ་མིན་ན་སུ་ཡིན་དགོས་པ་རེད། བོད་པ་བྱུང་བའི་གོང་ན་བོད་ཀྱི་ས་ཐོག་ལ་མི་རིགས་གཞན་ཞིག་བྱུང་མྱོང་བའི་ལོ་རྒྱུས་བཤད་རྒྱུ་ཨེ་ཡོད། ཡོད་ན་ཁྱེར་ཤོག་དང་ཉན་ནས་སྡད་ཡོད།
ལོ་ལྔ་སྟོང་སྔོན་ནས་བོད་ཡུལ་ཡོད་པ་དང་དེར་བོད་མིའི་འགྲོ་བ་ཆགས་ཚར་ཡོད་པ་ཧ་གོ་བ་ཙམ་གྱིས་འགྲིག་ཚར་བ་རེད། མང་པོ་ཤོད་མི་དགོས། །
བཀྲ་ཤིས་དོན་འགྲུབ་ནས། ༼བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་ཟུར་ཙམ་ཡང་མེད། ད་གཟོད་མིའི་ཁོག་པའི་ནང་ནས་རྡོ་གཏེར་འདོན་དུ་འཇུག་པ་རེད།༽ ཁྱེད་ཀྱི་སྐད་ཆ་འདི་ཅུང་ཡ་མཚན་པོར་མཐོང་སོང་། ཁྱེད་ཀྱིས་བོད་སྨན་ནི་མི་ཡི་ཁོག་པར་རྡོ་ཆགས་པར་བྱེད་མཁན་ཞིག་ཡིན་པ་དང་། དེའི་རྒྱུ་མཚན་ནི་རྡོ་དང་ལྕགས་རིགས་མང་པོ་ཞིག་ལ་བོད་སྨན་ནང་བཞུ་བཏུལ་བྱེད་པའི་ལག་རྩལ་མེད་ཟེར། དེ་འདྲ་གཏན་ནས་མིན་ཏེ། རྡོ་རིགས་ནང་ནས་སྨན་ནང་འགྲོ་ཆེ་ཤོས་ནི་ཅོང་ཞི་རེད། ཅོང་ཞི་གཅིག་པུ་ལ་མཚོན་ན་དེའི་འདུལ་སྦྱོང་གི་རིག་པ་ནི་ནད་ཀྱི་གནས་སྟངས་ལ་ལྟོས་ནས་ཐབས་མི་དྲ་བ་དུ་མ་ཞིག་གསུངས་ཡོད། ལྕགས་ལ་མཚོན་ནའང་ཐོག་མར་ལྕགས་ཀྱི་རྒྱུ་ཆ་དེ་ནས་དེའི་འདུལ་སྦྱོང་དང་དུག་འདོན་ཐབས་སོགས་རྒྱ་ཆེ་ལ་གཏིང་ཟབ་པའི་སྒོ་ནས་གསུངས་ཡོད་ལ། ད་ཡོད་སྨན་སྦྱོར་སྡེ་ཚན་དག་ནས་དེ་དག་ལ་ལག་ལེན་སྤུས་དག་བྱེད་བཞིན་ཡོད། གཞན་ཡང་བོད་སྨན་ཟོས་ནས་མི་ཡི་ཁོག་པར་རྡོ་ཆགས་པའི་གནས་ཚུལ་ཡོད་སྲིད་མོད། དེ་ཡང་སྨན་རང་གིས་རྡོ་སྐྱེད་མིན་དེ་ཡང་ཞིབ་འཇུག་གི་གནས་རེད། རྒྱུ་མཚན་ནི་ནད་པ་དེའི་ཟས་སྤྱོད་དང་ཡུལ་དུས་སོགས་ལའང་ལྟོས་དགོས་པས་སོ།།
མདོར་ན་རྨ་དང་རྡབ་འགྲམས་སོགས་བློ་བུར་བའི་ནད་རིགས་འགའ་ཞིག་ལས། དེ་མིན་ཕྱི་ལུགས་ཀྱིས་བཅོས་ཐབས་བྲལ་བའི་ནད་རིགས་མང་པོ་ཞིག་བོད་སྨན་གྱིས་བཅོས་བཞིན་པ་མངོན་གསུམ་རེད། གུས་པར་མཚོན་ན་སློབ་མཐར་ཕྱིན་རྗེས་ཉམ་གསོག་གི་ལས་ཀར་ཞུགས་ནས་ཟླ་བ་གཅིག་ལས་ཕྱིན་མེད་མོད། དུས་ཡུན་དེ་ཙམ་གྱི་ནང་དུའང་ནད་པའི་ཁ་གྲངས་ནད་དྲག་སྐྱེད་ཀྱི་གནས་ཚུལ་དག་ལ་བསམས་ན། བོད་སྨན་འདི་ལ་དད་པ་སྐྱེ་བ་ཞིག་དང་རང་ཉིད་རིག་གཞུང་འདི་ལྟ་བུ་ཞིག་ལ་ལག་ལེན་བྱེད་སྐལ་འབྱུང་བར་སྤོབས་སེམས་བྱེད་བཞིན་ཡོད། ད་དུང་ནད་ཐོག་ཉམ་མྱོང་དང་གཞུང་ལུགས་རྒྱབ་རྟེན་ལ་ཧུར་བརྩོན་གྱིས་འབྱུང་འགྱུར་ཉམ་ཐག་ནད་པའི་འགོན་དཔུང་ཞིག་ཏུ་འགྱུར་བར་སྨོན་ལམ་འདེབས་བཞིན་ཡོད།
དོལ་སྨྱོན་ལགས་ཞུ་བ་ཁྱེད་ཀྱིས་གསལ་བཤད་གནང་བར་ངས་ཡིད་རངས་བྱེད་དགོས་ངེས་ལགས་ཀྱང་། ཁྱེད་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་རྡོ་ལྕགས་རིགས་བཞུ་བཏུལ་བྱེད་ཐབས་བཤད་ལུགས་བརྗོད་འདུག་ལ། ངས་ནི་བོད་ཀྱི་གསོ་བ་རིག་པའི་ནང་བཤད་པའི་བཞུ་བཏུལ་བྱེད་སྟངས་དེ་དག་བཞུ་བཏུལ་བྱེད་སྟངས་ཚད་ལྡན་ཞིག་མིན་པ་མངོན་སུམ་གྱིས་ར་སྤྲོད་བྱས་ཡོང་གི་ཡོད་ཙང་། ད་གཟོད་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་མེད་ཟེར་བ་ཡིན། གཉིས་པ་བོད་སྨན་གྱིས་ཁོག་པའི་ནང་རྡོ་བསྐྱེད་པའི་སྐད་ཆ་དེ་ངས་ཞིབ་འཇུག་མ་བརྒྱུད་པའི་ཟེར་འགྲོས་ཁ་ལ་ཁྱེར་བ་མིན་ཏེ། ཕྱི་ལུགས་སྨན་པས་ཞིབ་འཇུག་བྱས་ཤིང་འཕྲུལ་ཆས་ཀྱིས་བརྟག་དཔྱད་བཏང་ནས་དཔང་རྟགས་ཡོད་པའི་སྐད་ཆ་ཡིན་པས། དེར་དེ་ལས་ལྷག་པའི་ཞིབ་འཇུག་བྱེད་དགོས་པ་མི་འདུག
དམ་པའི་ཆོས་མངོན་པ་མཛོད་ན། གང་གི་ཟླ་མཚན་ལས་བྱུང་མ།། ཟེར་བའི་ཚིག་ཅིག་འདུག དེ་ལ་འགྲེལ་བ་རྣམས་ཀྱིས་འགྲེལ་བཤད་བྱེད་དུས། ཨ་མ་ལ། སྐྱེས་པའི་ཨ་མ། གསོ་བའི་ཨ་མ། ནུ་མ་སྣུན་པའི་ཨ་མ། སོགས་བྱིས་པ་གཅིག་ལ་མཚོན་ན་ཨ་མ་མང་པོ་ཞིག་གྲངས་ཀ་བརྒྱབ་ནས། མ་བསད་པའི་མཚམས་མེད་འབྱུང་ས་ངོ་མ་དེ་ཐོག་མར་རང་གི་ལུས་པོ་བསྐྱེད་བྱེད་ཀྱི་ཟླ་མཚན་གང་ལ་འབྱུང་ས་དེ་ཡིན་པ་དང་། ཟླ་མཚན་དེ་བུད་མེད་གཞན་གྱི་མངལ་ལ་བླུག་ནས་བུད་མེད་གཞན་གྱིས་མངལ་ནས་བསྐྱེད་ཅིག བུད་མེད་དེས་སྐྱེས་ན་ཡང་། ཨ་མ་ངོ་མ་དེ་གང་གི་ཟླ་མཚན་ཐོག་མར་ཐོན་ས་དེ་ཡིན་པར་གསུངས་འདུག བུད་མེད་ཀྱི་མངལ་བཤགས་བཅོས་བྱེད་པའི་ལག་རྩལ་དེ་ནི་གནའ་སྔོན་མ་ཞིག་ལ་ཡོད་ས་རེད། མ་མཐའ་ཡང་མངོན་པ་མཛོད་རྩ་བ་རྩོམ་པའི་སྔོན་ནས་ཡོད་དགོས་པ་རེད་མ་གཏོགས། མངོན་པ་མཛོད་ཀྱི་ནང་དུ་ཐོན་མི་སྲིད། འདིའི་མཚན་ནས་གོང་གི་རྩོམ་ཡིག་དང་འབྲེལ་ནས་བཤད་ན། ཀླད་པ་བཤགས་བཅོས་ཀྱི་ལག་རྩལ་དེ་ཡང་དེ་སྔོན་ཞིག་ལ་ཡོད་སྲིད་པ་རེད་ཟེར་རྒྱུ་ཡིན། ཡང་དེང་སང་བོད་ན་མེད་པ་ཅི་རེད་ཟེར་ནས་དྲི་བ་འདོན་མཁན་རྣམས་ལ། དྲི་བ་ཕར་འདྲི་རྒྱུ་ལ། དེང་སང་རྒྱལ་པ་རིན་པོ་ཆེ་བོད་ན་མེད་པ་ཅི་རེད།
འདི་ནང་གི་དྲ་གྲོགས་ཁ་ཤས་ཀྱི་བསམ་ཚུལ་ནི་ང་ཆུང་ཆུང་སྐབས་ཀྱི་བསམ་པའི་དྲན་ཚུལ་དང་འདྲ་བོ་འདུག ང་ཆུང་ཆུང་སྐབས་ཀྱི་བར་སྐབས་ཤིག་ལ་བཤགས་བཅོས་བཏང་ནས་ནད་པ་དྲག་བསྐྱེད་བྱེད་མཁན་ནི་ཀྲུང་གོ་ཁོ་ན་ཡིན་པར་དྲན༏ དེ་བཞིན་དུ་ཀྲུང་གོ་ནས་ཀྱང་གུང་ཁྲན་ཏང་སླེབས་པའི་རྗེས་སུ་ལག་རྩལ་འདི་རྙེད་པ་རེད་དྲན་མྱོང་། ད་བསམ་བློ་བཏང་ན། དེ་དུས་ང་ནི་ཇི་འདྲའི་བསམ་མེད་ཅིག་དང་། ཇི་འདྲའི་མཐོང་རྒྱ་ཆུང་བ་ཞིག་རེད་ཨང་སྙམ།
གཞོན་ནུ་ཟླ་མེད་ལགས། དེ་ག་ལ་འདྲ། རྒྱལ་བ་རིན་པོ་ཆེ་རྒྱ་དམར་བ་བཙན་འཛུལ་བ་ལ་བྲོས་ནས་རྒྱ་གར་ལ་བསྡད་ཡོད་རེད་ཟེར་ནས་ངས་ལན་འདེབས་ཐུབ། ཁྱོད་ཚོར་ཐོག་མར་རྡོ་རྣོན་པོ་ལ་བརྟེན་ནས་ཀླད་པ་གཤག་བཅོས་བྱེད་ཐུབ་ཀྱིན་ཡོད་ས་ནས་ད་ལྟ་གྲི་རྣོན་པོ་ལ་བརྟེན་ནས་རྒྱུ་ལྷག་ཅིག་ཀྱང་གཤག་བཅོས་བྱེད་མི་ཐུབ་དོན་ཅི་རེད། བོད་སྨན་ལ་ཁྲག་དགོག་སྤྱད་ཅིག་དང་གཟེར་འཇོམས་བྱེད་ཀྱི་ལག་རྩལ་ཡང་མེད་ས་ན་ཀླད་པ་གཤག་བཅོས་ག་འདྲ་བྱེད། ལག་རྩལ་དེ་གང་དུ་བྲོས་སོང་བ་རེད་ཅེས་ངས་ཁྱེད་ལ་ཕར་འདྲི་བ་ཡིན། བོད་སྨན་ཟ་ན་གཟབ་གཟབ་ཀྱིས། བོད་སྨན་གྱིས་ཁུངས་མི་འཁྱོལ་བའི་མགོ་ཚུགས་ཚར་བ་རེད། ལོ་ཤས་སྔོན་ནས་ཁྲག་གཏར་བ་དང་། མེ་བཙའ་འཇོག་པ། ལྕགས་ཚུགས་འཇོག་པ་སོགས་རིམ་གྱིས་རིམ་གྱིས་ཕྱིར་འབུད་གཏོང་དགོས་ཐུག་ཡོང་གིན་འདུག་ག རིན་ཆེན་རིན་བུ་དེ་ཡང་གསེར་དངུལ་འདྲ་བསྲེས། དར་གོས་ཆེན་གྱིས་བཏུམ་ནས་རྨོངས་དད་ཅན་ཚོར་བཙོང་པ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་མེད་པ་བརྒྱ་ཆ་བརྒྱ་རེད། བོད་སྨན་འདི་རྨོངས་དད་ཀྱི་ཆ་ཤས་ཤིག་རེད་བསམ་པ་ཙམ་ལས་ཡིད་ཆེས་ཤིག་མེད།
དངོས་གནས་ཡག་པོ་འདུག ང་ཚོ་བོད་ལ་རང་དབང་མེད་པར་གོ་སྐབས་མ་རག་པ་མ་གཏོགས་གོ་སྐབས་ཅིག་རག་ཚེ་ནམ་ཡང་སྔོན་ཐོན་གྲལ་དུ་ཚུད་ངེས་རེད།
ད་བོད་སྨན་གྱི་ནུས་པ་མི་ཤེས་མཁན་ཚོས་བོད་སྨན་གྱི་ལེགས་ཉེས་བཤད་པ་ནི་བུ་རམ་ཟ་མ་མྱོང་བའི་མི་ཞིག་གིས་བུ་རམ་གྱི་བྲོ་བ་ཞིམ་མི་ཞིམ་བཤད་པ་དང་གཅིག་པ་རེད། ང་ལ་མཚོན་ན་སྨན་པ་ཞིག་མིན་ཡང་ལོ་མང་རིང་བོད་སྨན་ཟོས་པའི་ཉམ་མྱོང་གི་སྟེང་ནས་བཤད་ན་བོད་སྨན་གྱི་ནུས་པ་ནི་ཧ་ལས་པ་ཞིག་རེད། ད་དུང་ཕྱི་ལུགས་སྨན་པས་ཟླ་ཤས་ནང་ཤི་རྒྱུ་ཐག་བཅད་ཟིན་པའི་ནད་པ་བོད་སྨན་ཟས་ནས་ལོ་ཁ་ཤས་འཚོ་ཐུབ་པ་དེ་འདྲ་དངོས་སུ་མཐོང་མྱོང་།
བོད་ན་ཆ་ཚང་ཡོད་པ་རེད་ཟེར་མཁན་ཚོར་ངས་ཀྱང་དྲི་བ་ཞིག་འདྲི་རྒྱུར། བོད་ན་ཆ་ཚང་ཡོད་ན། བོད་མི་ཚོ་འདི་ལྟར་རྗེས་ལུས་ཐེབས་དགོས་དོན་གང་ཡིན་ནམ། སྐྱག་པ་གཏོང་སའི་སྤྱོད་ཁང་ཞིག་བཟོ་དགོས་པ་ཚུན་ཆད་ཚན་རིག་ལག་རྩལ་ལ་མི་རེ་ཐབས་མེད་དུ་གྱུར་དགོས་དོན་གང་ཡིན་ནམ།
བོད་སྨན་ངས་ཀྱང་ཟ་ཁུལ་བྱེད་མྱོང་མོད་ནད་དྲག་པའི་ནུས་པ་འདུག་བསམ་པའི་།མས་མྱོང་གང་ཡང་མེད། དེ་ས་ལྡོག་སྟེ་ནུབ་ལུགས་སྨན་འདི་རིགས་རྨ་ཁ་སོས་ཐུབ་ཟེར་ན་རེད། ཆམ་པ་དྲག་ཟེར་ན་རེད། ནུས་པ་ཏག་ཏག་ཐོན་གྱི་འདུག
བཀྲ་ཤིས་དོན་འགྲུབ་ལགས་སུ། ཐོག་མར་ཁྱེད་ཀྱིས་བོད་ཀྱི་གསོ་རིག་ནས་གསུངས་པའི་རྡོ་ལྕགས་ཀྱི་བཞུ་བཏུལ་ཚད་ལྡན་མིན་ན་འོ་ན་དེའི་བཞུ་བཏུལ་ཚད་ལྡན་ཇི་ལྟར་ཡིན་སྐོར་ཁ་གསལ་ཞིག་གསུངས་རོགས། གུས་པར་ཕན་ཐོགས་ཆེ་ངེས་རེད། དེ་ནས་བོད་སྨན་གྱིས་ཁོག་པར་རྡོ་ཆགས་པ་བདེན་དུ་ཆུག་ཀྱང་མི་ལྔ་ཙམ་གྱི་ཁོག་པར་རྡོ་སྐྲན་ཆགས་ནའང་མི་སྐྱོན་ཏེ། མི་སྟོང་གི་ཁོག་པའི་རྡོ་སྐྲན་བཤིགས་པར་བྱེད་པ་མངོན་གསུམ་ཡིན་པས་སོ།།
སྤོབས་མཐའ་ལགས་སུ། བོད་སྨན་གྱིས་ཁྱེད་ལ་མ་ཕན་ན་སྡུག་གྱོང་རེད། མི་ཚོགས་འབུམ་ཕྲག་ལ་ཕན་པ་མངོན་གསུམ་ཡིན། རིན་ཆེན་རིལ་བུས་ཁྱེད་ལ་མ་ཕན་ནའང་སྡུག་གྱོང་གྱིས། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་མི་འདང་བའི་དཀའ་ངལ་ཕྲད་བཞིན་འདུག
དོལ་སྨྱོན་ལགས། བོད་སྨན་གྱིས་ང་ལ་མ་ཕན་པ་དེར་སྡུག་གྱོང་ག་རེ་བྱས་ནས་ཡིན་པ་རེད། ང་ན་ན་ཡང་ན་བ་རེད། ནད་པ་ཞིག་ཡིན་པའི་ཆ་ནས་དྲག་དགོས་པ་མ་རེད་དམ། དད་པ་མེད་པས་མ་འགྲིགས་པ་རེད་དམ། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཟེར་བའི་རྫུན་མ་དེ་ཚོ་རིལ་བུ་མང་པོ་བཙོང་ཐུབ་པ་དེ་ཡག་པོ་ཅང་མ་རེད། རྫུན་མ་བྲིན་པ་དེ་སྤྱི་ཚོགས་ཤིག་ལ་མཚོན་ན་སྡུག་འོས་པ་མ་གཏོགས་དགའ་འོས་པ་གང་ཡང་མ་རེད། བོད་སྨན་ལ་དངུལ་ཆུ་སོགས་ཚུལབཞིན་བཞུ་བཏུལ་གྱི་ནུས་པ་མེད་ཀྱང་བསྲེས་པ་དེ་ཁྲིམས་འགལ་ཡིན་པས་སྔོན་མ་སི་ཝི་སི་རུ་རྙོགས་དྲ་བྱུང་མ་སོང་ངམ། བོད་སྨན་ནི་མོ་མ་ངན་པའི་མོ་དང་འདྲ་སྟེ་ཏག་ཏག་ཅིག་ཡོད་པ་མ་རེད། བོད་སྨན་ནི་བླ་རྫུན་ངན་པ་ཞིག་དང་འདྲ་སྟེ་མགོ་སྐོར་གཏོང་ཐུབ་ས་ལ་ཐུབ་པའི་ཚོད་དང་མི་ཐུབ་ས་ལ་མི་ཐུབ་པའི་ཚོད་ཀྱི་ལས་ཀ་བྱེད་ཀྱི་རེད། དཔེར་ན། ཁྲག་ཤེད་མཐོ་འདུག་ཟེར་ནས་བོད་མི་ག་ཚོད་མང་པོ་ཞིག་གི་མགོ་ཁྲག་ས་ལ་གཏོར་ཡོད་རེད། དེང་སང་ཕྱིའི་ལུང་པ་རུ་དེ་ལག་ལེན་བསྟར་ཕོད་ཀྱིན་ཡོད་པ་མ་རེད། མེ་བཙའ་འཇོག་གི་ཡིན་ལབ་ནས་བོད་མི་ག་ཚོད་མང་པོ་ཞག་གི་པགས་པ་མེར་བསྲེགསབྱས་ཡོད། དེ་ཡང་ཕྱིའི་ལུང་པ་རུ་སླེབས་ཚར་དུས་ལག་ལེན་བྱེད་ཕོད་ཀྱིན་ཡོད་པ་མ་རེད། རྫུན་རྐུན་རེ་རེ་རེ་རེ་བརྡོལ་ཡོང་དུས་ལག་ལེན་རེ་རེ་ནས་འགག་འགྲོ་གི་རེད། མཐར་བོད་སྨན་ཆ་ཚང་ལ་ནུས་པ་མེད་པར་རྟོགས་འགྲོ་གི་རེད།
འོ་་་བཀྲ་ཤིས་དོན་འགྲུབ་ཀྱི་དྲི་བ་ནི་ལྐུགས་པའི་དྲི་བ་རང་རེད། ལོ་སྟོང་ཕྲག་མང་པོའི་སྔོན་གྱི་བྱ་དངོས་རྣམ་དེང་སང་མེད་པ་ག་རེ་རེད་ཟེར་ན། དེ་ལ་ལན་སྟབས་བདེ་ཤོས་ནོ་འདུས་བྱས་ཡིན་པའི་ཕྱིར། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་འདི་རེད།
སྤོབས་མཐའ་ལགས། ཁྱེད་རང་མི་གཅིག་ལ་བོད་སྨན་གྱིས་མ་ཕན་པ་རྒྱུ་ནཚན་དུ་བྱས་ནས་བོད་སྨན་ཕན་མེད་བཤད་ན་ཧ་ཅང་ཐལ་སོང་བ་རེད། བོད་སྨན་གྱི་མི་བརྒྱ་སྟོང་མང་པོ་ལ་ཕན་གྱི་ཡོད་པ་དངོས་ཡོད་རེད། དཔེར་ན་སྡ་སའི་སྨན་པ་ཡེ་ཤེས་དོན་ལྡན་གྱི་སྨན་ཁང་ནང་ལ་ཅིག་ལྟ་སོང་དང་། སྨན་སྟན་མཁན་བོད་པ་ལས་རྒྱ་གར་བ་ཧ་ཅང་མང་བ་ཡོད་རེད། བོད་སྨན་ལ་ནུས་པ་མེད་ན་ཁོང་ཚོ་ཡོང་མི་སྲིད། ཚུག་དང་སྟར་ཁ་སོགས་ཕྱི་ཕྱོགས་ལ་ལག་ལེན་བསྟར་གྱི་མེད་པ་འདི་ཡང་ཁོང་ཚོས་དོག་པ་རྣམ་རྟོག་གི་འོག་ནས་དང་ལེན་བྱེད་མ་ནུས་པ་ལས་གནོད་སྐྱོན་བྱུང་བའི་རྒྱུ་མཚན་གྱིས་མ་རེད་འདོད།
བོད་སྨན་ཟེར་བ་འདིར་ལྐུག་པའི་ལས་ཀ་འདི་འདྲ་བྱེད་སྲོལ་ཡོད་པ་རེད། ཁྲག་ཤེད་མཐོ་འདུག་ཟེར་ནས་མགོ་ལ་མཚོན་ཆ་རྣོན་པོས་གཏར་ནས་ཁྲག་ལེན་གྱི་རེད། ཁྲག་ཤེད་མཐོ་ཟེར་དུས་མིའི་ལུས་པོ་དེ་བུམ་པ་འདྲ་བོ་ཞིག་ལ་ཁྲག་མང་དྲགས་ནས་གང་ཡོང་བས་ཕྱིར་འདོན་དགོས་པ་ཞིག་ལ་འཁྲུལ་བ་རེད་
གཞན་ཡང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ལ་རྟེན་ནས་དངུལ་ཆུའི་དུག་འདོན་ཐུབ་ཡོད་མེད་ནི་མི་གཞན་གྱི་སྐད་ཆ་ཉན་དགོས་པ་ཞིག་མ་རེད། དངུལ་ཆུའི་དུག་འདོན་མ་ནུས་པར་མིའི་ཁོང་དུ་སོང་ན་མི་ཤི་རྒྱུ་ཡིན་པ་ཚང་མས་ཤེས་གསལ་རེད། རིན་ཆེན་རིལ་བུ་ཟས་ནས་ད་བར་མི་འདི་ཤི་སོང་བ་རེད་ཅེས་པའམ་མི་འདི་ལ་ན་ཚ་བྱུང་བ་རེད་ཅེས་གཅིག་ཀྱང་སྟན་རྒྱུ་ཨེ་ཡོད། དེ་ཡོད་ན་ཁྱོད་ཀྱི་སྐད་ཆ་བདེན་པར་བརྩི་ཆོག
ལུང་རྟོགས་ལགས། བསྟན་རྒྱུ་ཡོདམེད་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གསུང་བཞིན་པ་དེ་རེད། བོད་སྨན་ཟ་རྒྱུ་མང་དྲགས་སོང་ན་ཁོག་པའི་ནང་ནས་རྡོ་གཏེར་ལེན་དགོས་ཐུག་གི་ཡོད་ཚུལ་དེ་ཚོ་རེད།
རྒྱ་སྨན་དེ་ཚོར་ཡང་ཧང་སང་དགོས་ས་དེ་འདྲ་རྩ་ནས་མེད། ཕན་པ་ལས་གནོད་པ་ཆེ་བས། མང་ན་བདུན་གཉིས་ལས་རིང་བ་ཟ་མི་ཉན། རྒྱ་སྨན་ག་ཚོད་ཟོས་བ་ཙམ་གྱིས་ནད་མགོ་རྗེས་མ་དེ་ཚོ་གནོན་དཀའ། སྔ་མོའི་རྒྱ་སྨན་སྐད་གྲགས་ཅན་མང་པོ། ད་ཆ་དུག་སྨན་ཁོ་ན་ཡིན་པ་ངོས་ཟིན་ནས། སྨན་ཁང་སྨན་སྒམ་ནས་བསྡུ་གསོག་རྒྱབ་ཚར་བ་མང་པོ་ཡོད། ཆམ་སྨན་ལྟ་བུ་ཡིན་ན་ཡང་། སྦྲིད་ཤུགས་ཆ་བ་ལས་ལུས་ལ་བདེ་མཉམ་ཤེར་བ་ཙམ་ལས། རང་གི་གཟུགས་པས་རང་གི་གཟུགས་པོ་ལ་ཕན་ནུས་སྤྲོད་པའམ་ཡང་ན་ཤ་ཚལ་སྔོ་རིགས་ཀི་སྙིང་བཅུད་གཏོང་བ་ལས་གཞན་ཐབས་ཤེས་མེད། དེ་ནས་ནད་མགོ་མ་དྭངས་ན། གཅིག་ཕན་གཞན་གནོད་ཀྱི་ནུས་པ་ཅན་ཞིག་ལས་བོད་སྨན་ལས་དགའ་བ་ཞིག་ཡོད་པ་མ་གོ་ཐལ། མ་ཤེས་ཐལ། དཔེར་ན། ལག་རྩ་བཅད་ནས་སྙིང་རྩ་ལ་མཐུད་པ་ལྟ་བུ་རེད། དུག་ཡོད་པ་འདྲ་འདྲ། ཕན་ཡོད་པ་ཡང་འདྲ་འདྲ། མི་འདྲ་ས་ཞིག་ཡོད་པ། ལག་རྩལ་མེད་པ་དེ་རེད། དེ་ཆ་རྐྱན་དང་རྒྱུ་ནོར་འཛོམས་ན་ཡར་རྒྱས་ཡོད་ཡད་པ་རེད།
ཞོར་སྐྱོན་གྱི་ཐད་ནས་བཤད་ན་བོད་སྨན་ལས་རྒྱ་སྨན་བརྒྱ་འགྱུར་གྱིས་སྡུག་གི་རེད། ད་དུང་རྒྱ་སྨན་གྱི་ནུས་པ་ནི་གནས་སྐབས་ན་ཟུག་བཅོག་བྱེད་ཙམ་ལས། ནད་གཞི་ཆེན་པོའི་རིགས་རྒྱ་སྨན་ཟོས་ནས་སང་དྲག་འགྲོ་ཁག་པོ་རེད། ཕྱི་ལུགས་སྨན་གྱི་ཕན་ནུས་ཆེ་ཤོས་ནི་གཤག་བཅོས་འདི་རེད། བོད་སྨན་གྱིས་ཁོག་པར་རྡོ་ཆག་གི་ཡོད་པའི་སྐད་ཆ་དེ་ལ་ཡང་དཔང་རྟགས་ཁུང་འཕེར་གང་ཡང་མཐོང་ཡ་མི་འདུག
ང་རང་ལ་བོད་སྨན་མང་པོ་ཟ་བའི་ཉམས་མྱོང་མེད། སྐྱེས་ནས་ད་ལྟའི་བར་དུ་ཆུང་ཆུང་སྐབས་སུ་ལོ་གཅིག་ལྷག་རིང་ལེན་མེ་ཧྤུན་ཟེར་བ་ཞིག་ཟོས་པ་ཡིན། དེའི་རྗེས་ནས་རྒྱ་སྨན་ཡང་ཟ་མ་མྱོང་། འོན་ཀྱང་གྲྭ་སར་ཡོད་དུས་ཟ་ཁང་ཞིག་གི་ཟ་མ་ཟོས་རྗེས་གྲོད་ཁོག་ན་ནས་ཨར་མ་བརྟན། དེའི་རྗེས་ནས་ཟླ་བ་གཅིག་གཉིས་ཅིག་ལ་ན། རྒྱ་སྨན་ཁ་ཤས་ཟོས་ཀྱང་མ་ཕན། སྨན་རྩིས་ཁང་གི་སྨན་ཁ་ཤས་ཟོས་ཀྱང་མ་ཕན། དེའི་རྗེས་ནས་གྲོགས་པོ་ཅིག་གིས་ལྷ་སའི་སྨན་རྩིས་ཁང་ནས་བཟོས་པའི་མང་སྦྱོར་ཁ་ཤས་སྐུར་སོང་། དེ་ཟ་སྐབས་སྐྱག་པ་ནག་པ་ལྕི་བ་ནང་བཞིན་ཞིག་བཏང་ནས་དེ་ནས་བཟུང་ད་ལྟའི་བར་དུ་ན་རྒྱུ་མེད་པ་ཆགས་སོང་། ཡང་བོད་ནང་ན་ཡོད་པའི་ངའི་སྲིང་མོ་ཞིག་ལ་ན་ནས་མིག་གི་མ་མཐོང་བ་དང་། གཟུགས་པ་སྐྲང་པ་སོགས་ཀྱི་ནད་རྟགས་བྱུང་། ང་ཚོ་ཕྱོགས་ནས་རྒྱ་སྨན་ཁང་ཆེ་ཤོས་དེ་ཟི་ལིང་གི་ཨར་ཡུའི་ཡོན་ཟེར་བ་དེ་རེད། དེ་ནང་ལ་བརྟེན་པའི་མཐར་ཨོ་མིན་ལ་ཁྱེར་ན་མ་གཏོགས་ཡོང་གི་མ་རེད་ཟེར། དེ་ནས་ཨོ་མིན་ལ་ཁྱེར་བ་རེད། དེ་ནས་མགོའི་རྩ་ཞིག་གི་སྐྱོན་རེད་ཟེར་ནས་མགོ་ལ་གློག་བརྒྱབ་པའི་ལག་ཐབས་ཞིག་བྱས་འདུག འོན་ཀྱང་ནད་གཞི་དྲག་མིན་ཁ་གསལ་མི་འདུག་པར་མ་ཟད། གཅིག་བྱས་ན་ཟླ་དྲུག་གི་ནང་ཤི་གི་རེད་ཟེར་ནས་ཐག་བཅད་འདུག ཐབས་ཤེས་གང་ཡང་མེད་པར་ཕྱིར་ཕ་ཡུལ་ལ་ཡོང་ནས་བོད་པའི་སྨན་པ་བླ་རྒན་ཞིག་ལ་སྐད་ཆ་དྲིས། ཁོ་རང་གིས་བཤད་ན་མུ་ཏིག་བདུན་ཅུ་ཟོས་ན་ཕན་ཟེར། དེ་ནས་ལྷ་སའི་མུ་ཏིག་བདུན་ཅུ་དང་། རྡ་སའི་རལ་ན་བསམ་འཕེལ་ཟེར་བ་དེ་གཉིས་བརྟེན། མོ་རང་གིས་བཤད་ན་རྡ་སའི་རལ་ན་བསམ་འཕེལ་དེས་ཕན་སོང་ཟེར། ད་ལྟ་ནི་སྔོན་མ་ནང་བཞིན་དྲག་བསྐྱེད་བྱུང་ཡོད་པ་རེད། མདོར་ན་སྨན་ཟེར་བ་འདི་རང་རང་ལ་འཕྲོད་མ་འཕྲོད་དན་དན་ཡོད་ས་རེད་དྲན། རང་རང་ལ་འཕྲོད་སོང་ན་བོད་སྨན་ལ་ཕན་ནུས་ཆེན་པོ་ཡོད་པ་དན་དན་རེད། ངས་བཤད་པ་འདི་དག་ནད་པ་ཞིག་གི་ཉམས་མྱོང་བཤད་ཀྱི་ཡོད།
ལུང་རྟོགས་ཞེས་པ་འདི་དོན་ལ་ལུང་རྟོགས་ཤིག་ཡིན་བཟོ་མི་འདུག་སྟེ། ངའི་དྲི་བ་དེ་ནི་གཞོན་ནུ་ཟླ་མེད་ཅེས་པ་ཞིག་གིས་”ཡང་དེང་སང་བོད་ན་མེད་པ་ཅི་རེད་ཟེར་ནས་དྲི་བ་འདོན་མཁན་རྣམས་ལ། དྲི་བ་ཕར་འདྲི་རྒྱུ་ལ། དེང་སང་རྒྱལ་པ་རིན་པོ་ཆེ་བོད་ན་མེད་པ་ཅི་རེད།”ཅེས་པའི་བྱིས་གཏམ་དེ་ལ་མགོ་མཚུངས་ཀྱི་དྲི་བ་ཞིག་དྲིས་པ་ཙམ་ཡིན་ལ། གལ་སྲིད་ཁྱོད་ཀྱི་ཤེས་རབ་ཀྱིས་མ་ཟིན་པའི་ཐལ་བ་དེ་གཏོང་འདོད་ན་ཁོར་ཐོངས་ཤིག ད་དུང་ཁྱོད་ཀྱིས་ལན་དེ་ནི་དགོད་བྲོ་བ་ཞིག་འདུག་སྟེ། འདུས་བྱས་ཡིན་པའི་ཕྱིར་མི་རྟག་ཡིན་པའི་ཕྱིར་ཟེར། དང་ཐོག་ངའི་དྲི་བ་དེ་ཡག་པོ་ཞིག་གོ་སོང་ངམ། ངས་ནི་”བོད་ན་ཆ་ཚང་ཡོད་པ་རེད་ཟེར་མཁན་ཚོར་ངས་ཀྱང་དྲི་བ་ཞིག་འདྲི་རྒྱུར། བོད་ན་ཆ་ཚང་ཡོད་ན། བོད་མི་ཚོ་འདི་ལྟར་རྗེས་ལུས་ཐེབས་དགོས་དོན་གང་ཡིན་ནམ།”ཞེས་དྲིས་ཡོད་པ་ལས། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་བྱ་དངོས་དག་དེང་སང་འཇིག་མེད་ཚུལ་གྱི་དྲི་བ་དེ་ཁྱེད་ཀྱི་ཐལ་བ་འབེན་མེད་དེའི་དགོངས་གཏེར་འདྲ་ཡིན་ན་མ་གཏོགས་ངས་ནི་དྲི་བ་དེ་འདྲ་འདྲི་རྒྱུ་མ་བྱུང་ལགས།
རྒྱ་སྨན་ལ་ནུས་པ་ཞིག་ཡོད་པ་ནི་ནད་མགོ་བཅོག་པ་ཙམ་ལས་ནད་དེ་ཉིད་རྩ་བ་ནས་མེད་པ་བཟོ་མི་ཐུབ། བོད་སྨན་གྱིས་ལམ་སང་ཟུག་གཟེར་བཅོག་མི་ཐུབ་རུང་ཡུན་གྱིས་བསྟེན་པས་ནད་རྩད་ནས་བཅོག་པ་མངོན་གསུམ་རེད། རྒྱ་སྨན་རིགས་ལ་ཟུར་ཕོག་ཆེ་བ་དང་བོད་སྨན་ལ་ཟུར་ཕོག་མེད་པའང་མངོན་གསུམ་རེད། ནད་རིགས་མང་པོ་ཞིག་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་ལ་བསྟེན་ཉུང་ཉུང་གཏན་ནས་མིན། བཙན་བྱོལ་བའི་སྨན་པ་མང་པོ་ཞིག་གིས་རྒྱ་སྨན་གྱིས་དྲག་སྐྱེད་མ་བྱུང་བའི་ནད་པ་བརྒྱ་ཕྲག་དུ་མ་བཅོས་ཡོད། དེ་དག་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་བ་དག་རེད། དེ་དག་ལ་སྨན་བཅོས་ཇི་ལྟར་བྱས་པའི་སྐོར་དང་དྲག་སྐྱེད་ཇི་ལྟར་བྱུང་རབས་དག་ཞིབ་འཇུག་གི་ནུས་པ་མཚོན་པའི་ཐོག་ནས་ཡིག་ཐོག་ལ་ཕབ་ཅིང་། སྐད་ཡིག་འདྲ་མིན་ཐོག་ནས་དུས་དེབ་དང་དྲ་བ་སོགས་ཀྱི་སྟེང་ལ་བཀོད་ན། མང་ཚོགས་ནས་དགའ་བསུ་ཚད་མེད་ཐོབ་ངེས་རེད་དེ། སྐྱབས་བཅོལ་བའི་སྨན་པ་མང་ཆེ་བ་ལག་འདུམ་ཏག་ཏག་ཡིན་པས་དེ་རིགས་ནད་པ་དང་སྨན་པ་ཚོའི་འཇིག་རྟེན་ཆུང་ཆུང་དེར་གྲགས་པ་ལས་མང་ཚོགས་ཀྱི་སྐལ་བར་གྱུར་མེད། དེར་རྟེན་ཕྱི་ལུགས་སྨན་པ་མང་པོ་ཞིག་བོད་སྨན་བསྟེན་པ་དང་། ཁོ་རང་ཚོའི་ནང་མི་ཉེ་འབྲེལ་མང་པོ་ཞིག་ཀྱང་བོད་སྨན་ཁ་ལག་བཟའ་བཟའ་བྱེད་ཀྱིན་ཡོད། དེ་དག་ནི་བོད་སྨན་ལ་དགའ་དྲགས་པས་མིན་ཏེ། ཁོ་རང་ཚོའི་ནད་གཞི་དེར་ཕྱི་ལུགས་སྨན་གྱིས་ཕན་ནུས་མེད་པ་དང་བོད་སྨན་གྱིས་ཕན་བཞིན་ཡོད་པ་རྟོགས་པས་རེད། གུས་པ་ཡོད་སའི་སྨན་ཁང་འདིར་མཚོན་ནའང་བོད་སྨན་བསྟེན་མཁན་ཕྱི་ལུགས་ཀྱི་སྨན་པ་དེ་འདྲ་འདུག་ལ་ད་དུང་སྨན་པ་ག་གེ་མོའི་སྤུན་མཆེད་ཡིན་ཟེར་བའི་ནད་པའང་མང་པོ་འདུག སྐད་ཆ་འདི་ནི་མིག་མཐོང་ལག་ཟིན་ཡིན་པ་ལས་འུད་བཤད་པ་གཏན་ནས་མིན། གནས་ཚུལ་འདི་རིགས་ལ་ཕྱོགས་གཞན་ཞིག་ནས་བལྟས་ན། མི་དེ་དག་ནི་གུ་ཡངས་ཅན་དང་བསམ་བློ་བ་ཅན་ལས་རང་བལྟ་མཆོག་འཛིན་དང་ཉེ་ཚེ་བའི་བསམ་བློ་ཅན་མིན་པའང་རྟོགས་ཐུབ། འོན་ཀྱང་རང་རེ་བོད་མི་རེ་ཟུང་ནི་ཉེ་ཚེའི་འདུ་ཤེས་ཀྱིས་ལྟོ་བ་སྦོས་ཏེ་རང་གི་རིག་གཞུང་གསེར་ལྟ་བུ་དག་ལའང་ཅི་མི་སྙམ་པར་སྐྱོན་བརྗོད་དང་དཀྲོག་གཏམ་སྤེལ་བ་ནི་སེམས་སྐྱོ་དགོས་ཞིག་རེད་ཨང་།
དོལ་སྨྱོན་ལགས་ཀྱིས་ལྕགས་རྡོའི་རིགས་བཞུ་བཏུལ་ཚད་ལྡན་བྱེད་ཚུལ་དེ་ཇི་ལྟར་ཡིན་སྐོར་ཤོད་ཤོག་གསུངས་བྱུང་ན། དེ་ནི་ཤིན་ཏུ་སླ་སྟེ། སྨན་བཟས་རྗེས་ཁོག་པ་ནས་རྡོ་གཏེར་འདོན་མི་དགོས་པའི་བཞུ་བཏུལ་ཏེ། ཚན་རིག་ལག་རྩལ་གྱི་བཞུ་བཏུལ་དེ་འདྲར་ད་གཟོད་བཞུ་བཏུལ་ཚད་ལྡན་དང་ཚུལ་མཐུན་ཟེར་བ་ཡིན་ལགས།
འོན་ཀྱང་བོད་སྨན་ཡིན་ན་ཆེས་སྤུས་དག་གམ་སྐྱོན་གཏན་ནས་མེད་པར་ཡང་སྨྲ་མི་ཐུབ་སྟེ། སྨན་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཕྱོགས་དང་སྨན་སྦྱོར་ཁང་དག་ནས་སྨན་བཟོ་ཕྱོགས། དེ་བཞིན་སྨན་རྒྱུ་མཁོ་འདོན་བྱེད་ཕྱོགས་དང་ཡན་ལག་སྨན་ཁང་དག་ནས་ནད་པ་བལྟ་ཕྱོགས་སོགས་གང་ཅིའི་ཐད་ལ་སྐྱོན་མེད་པང་མིན་པས། རྣམ་དཔྱོད་ཅན་དང་མཐོང་ཐོས་ཅན་དག་གིས་དེ་ཕྱོགས་ལ་བགྲོ་གླེང་རེ་གནང་ན་རིག་གཞུང་སྲུང་སྐྱོབས་དང་ཡར་རྒྱས་སྔོན་ཐོན་ལ་ཕན་ཆེ་བ་གཏན་ཁེལ་རེད། དེ་མིན་ཉེ་ཚེ་བའི་སྐད་ཆ་དང་ངར་བལྟ་མཆོག་འཛིན་གྱི་སྐད་ཆ་དེ་ཚོ་ནི་ཉེས་པ་གསོག་པའི་གཞི་ལས་མ་འདས་པས་རེ་ཞིག་སྨྲ་བ་ཉུང་ན་མཛེས་པར་སེམས།
བཀྲ་ཤིས་དོན་འགྲུབ་ལགས་སུ། བོད་སྨན་ནང་ལྕགས་རྡོའི་རིགས་ཡོད་པའི་སྨན་འགའ་ཞིག་ལས་སྨན་ཡོད་ཚད་ནང་ལྕགས་རྡོའི་རིགས་མེད། མ་ཚད་ལྕགས་རྡོ་ཡོད་པའི་སྨན་དེས་ངེས་པར་དུ་ཁོག་པར་རྡོ་ཆགས་སུ་འཇུག་ན་ནི་སྨན་དེ་དག་ཟ་མཁན་ཚང་མའི་ཁོག་པར་རྡོ་ཆགས་དགོས་པས་དེ་ཡང་དཀའ་ཙམ་རེད། འོན་ཀྱང་བརྒྱ་ལས་རེ་འགར་འབྱུང་ཡང་སྲིད་པས་ངས་གཏན་ནས་མི་འབྱུང་བའི་ཁ་མཚོན་བཅོད་མི་ནུས། འོན་ཀྱང་དེ་ལ་ཞིབ་འཇུག་གཏན་ཁེལ་བྱེད་དགོས་པ་ལས། མི་ཞིག་གི་ཁོག་པར་རྡོ་ཆགས་པ་དང་དེའི་རྒྱུ་རྐྱེན་བཙལ་བས་མི་དེས་དེ་སྔོན་ཆད་བོད་སྨན་བསྟེན་འདུག་པས་དེར་རྟེན་བོད་སྨན་གྱིས་རྡོ་ཆགས་པ་རེད་ཟེར་ན་ཁམ་ཙམ་རེད། གང་ལྟར་ཁྱེད་ལ་དངོས་ཡོད་བདེན་དཔང་གི་རྒྱབ་རྩ་ཆེན་པོ་ཞིག་ཡོད་བཟོ་འདུག་པས། ངས་རེ་བ་ཞིག་ལ་ངེས་པར་དུ་བོད་སྨན་བཟོས་ནས་རྡོ་ཆགས་པའི་ནད་པའི་ཁ་གྲངས་དང་དེ་དག་གི་གནས་ཚུལ་རག་བསྡུས། སྔོན་ཆད་བོད་སྨན་མ་བསྟེན་གོང་འཚོ་བ་དང་ལུས་ཀྱི་གནས་བབས་ཇི་ལྟར་ཡིན་མིན། ནད་ཀྱིས་ཟིན་རྗེས་བོད་ཀྱི་སྨན་པ་སུ་ལ་བསྟེན་མིན་དང་སྨན་པ་དེས་ནད་གང་ཞིག་ལ་ངོས་འཛིན་དང་གཉེན་པོ་ཇི་ལྟར་སྤྲད་མིན། དེ་རྗེས་ཁོག་པར་རྡོ་ཆགས་ནས་ཕྱི་ལུགས་ཀྱི་བཤགས་བཅོས་བྱེད་དུས་ལུས་ཀྱི་ཆ་ཤས་གང་དུ་རྡོ་ཆགས་མིན་དང་རྡོ་དེ་ངེས་པར་དུ་བོད་སྨན་གྱིས་བསྐྱེད་པའི་རྒྱུ་མཚན་བཅས་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཁ་གསལ་ཞིག་གུས་པར་གསུང་རོགས་ཞུ། ཕྱིས་སུ་གནས་ཚུལ་འདི་རིགས་མི་འབྱུར་བར་ཕན་ཐོགས་ཆེན་པོ་ཐོན་ངེས་རེད། གལ་སྲིད་ཁོམ་ལོང་མེད་ན་ལྷོད་ལྷོད་བྱས་ནའང་འགྲིགས། གུས་པ་རྗེས་སུ་དེ་ཕྱོགས་སུ་བཅར་རྩིས་ཡོད་པས་དེ་དུས་ཁ་བརྡ་བྱས་ཀྱང་མཆོག དེ་མིན་གུས་པའི་ངོ་དེབ་ནས་འབྲེལ་བ་བྱས་ནའང་འགྲིགས་ལགས། དོན་དག་འདི་ཁྱེད་ཀྱི་ལྷོད་ཡང་མ་གཏོང་རོགས་ང་ཡི་རེ་བ་ཆེན་པོ་ཡོད།
དྲང་པོར་ཞུས་ན་བོད་སྨན་ལ་ནད་འཇོམས་པའི་ཕན་ནུས་ཅུང་ཟད་ནི་ཡོད་ངེས་ཏེ། ཆང་རག་གིས་ཀྱང་མཚམས་རེར་ནད་འཇོམས་པའི་ནུས་པ་ཐོན་གྱི་ཡོད་པས་ན་དེར་ཧང་སང་སང་དང་ཧ་ལས་ལས་བྱེད་དགོས་དོན་གང་ཡང་མེད། གལ་ཆེ་ཤོས་ནི་ཕན་སྣོད་བརྒྱ་ཆར་བཀར་དགོས་པར་ཐུག་ཡོད། བོད་སྨན་ལ་ཆ་མཚོན་ན་ཕན་ཐོགས་ལས་སྣོད་པ་མང་བ་ཡོད་དེ། གལ་སྲིད་བོད་སྨན་འདི་རྒྱ་སྨན་གྱི་ཁྱབ་རྒྱ་ཙམ་དུ་བཀོལ་བ་ཡིན་ན་སྨན་རྩྭ་འཚོལ་བསྒྲུབ་ཁོ་ནའི་ཆེད་དུ་རང་བྱུང་ཁམས་ལ་གཏོར་སྐྱོན་ག་ཚོད་གཏོང་དགོས་མིན་དེ་ཡང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ད་དུང་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རྩ་ཆེན་མང་པོའི་རུས་པ་དང་ཁྲག་སོགས་ཀྱང་དགོས་རབས་འདུག ད་ལྟའི་ཆར་ཡང་བོད་སྨན་འདི་རི་ཁུག་ལུང་ཁུག་གི་ས་ཆ་རྣམས་སུ་དར་ཁྱབ་ཆེ་བ་ལས། འདུས་སྡོད་ཆེ་ས་དང་མཐུན་སྐྱེན་ཡག་ས་དག་ཏུ་བོད་སྨན་གྱི་བཀོལ་སྤྱོད་མེད། དེའི་རྒྱུ་མཚན་ནི། གྲོང་གསེབ་ཀྱི་མི་རྣམས་སྤྱིར་འཕྲོད་རྟེན་གྱི་གོ་རྟོགས་ཞན་པ་དང་རྒྱ་སྨན་བསྟེན་རྒྱུར་སྟབས་བདེ་མིན་དང་འགྲོ་སོང་སོགས་ཀྱི་དཀའ་ངལ་སོགས་མང་པོ་ཞིག་གིས་རྐྱེན་བྱས་པ་མ་གཏོགས། བོད་སྨན་འདིར་རྒྱ་སྨན་ལ་མེད་པའི་ཁྱད་ཆོས་མ་འདྲ་བ་ཞྀག་ཡོད་དྲགས་པས་མིན། གལ་སྲིད་དེ་ལྟར་མིན་པར་ཁྱེད་ཅག་གིས་བཤད་པ་ལྟར་་བོད་སྨན་འདིས་རྒྱ་སྨན་ལས་ཀྱང་ལྷག་པའི་བྱས་རྗེས་དེ་འདྲ་འཇོག་ཐུབ་ཀྱི་ཡོད་ན་རྒྱལ་སྤྱི་རང་བཞིན་གྱི་གསོ་རིག་ལག་བསྟར་གྱི་གྲས་སུ་ཚུད་དགོས་པ་གང་ཞིག་ལ། ད་ལྟ་ཡང་བོད་ཀྱི་རི་གྲོང་དག་ན་ཤི་མ་གསོན་གྱིས་ལུས་དགོས་དོན་ཅི་ཡིན། རྒྱ་སྨན་ལ་ཡིད་རྟོན་བྱེད་མཁན་གྱི་སྔོན་ཐོན་ཅན་ཚོར་བོད་སྨན་སྐོར་རྒྱུས་མེད་པར་བཤད་ས་མི་འགྲོ་སྟེ། ང་ཚོའི་ངོས་ནས་ཁོ་ཚོར་ཁྱབ་བསྒྲགས་གཏོང་མ་ཐུབ་ཀྱང་། ཁོང་ཚོའི་ངོས་ནས་བོད་སྨན་ལ་ཞིབ་འཇུག་བྱས་པ་ང་ཚོ་ལས་ཀྱང་མང་བ་མིན་ན་ཉུང་བ་ཡིན་ཚོད་མིན་ལགས། ཁྱེད་ཅག་གིས་ཤེས་དགོས་རྒྱུ་ཞིག་ལ་དེང་སང་གི་ཚན་རིག་པ་ཟེར་མཁན་དེ་ཚོ་འབུ་གྲོག་མ་ཚུན་ཆད་ལ་ཞིབ་འཇུག་བྱས་ནས་ལྷག་ཏུ་མི་འཇུག་མཁན་གྱི་གྲས་ཡིན་པ་ལས། འགྲོ་བ་མིའི་སྲོལ་གཏོད་བླ་མེད་ཅན་གྱི་རིག་གནས་སྲིད་ན་དཀོན་པ་ཞིག་རི་ཁུག་ལུང་ཁུག་ཏུ་གཡུགས་ནས་འཇོག་མཁན་གཡག་ཞར་གྱིས་རྩྭ་བཟས་པ་ལྟ་བུའི་བོད་ལུགས་ཀྱི་ཞིབ་འཇུག་བྱེད་སྟངས་དེ་འདྲ་ཡིན་བཟོ་མི་འདུག་པས། ཁོང་ཚོར་བོད་སྨན་སྐོར་རྒྱུས་མེད་ཚུལ་གྱི་སྡུག་བསྔལ་དེ་བྱེད་དགོས་དོན་མེད་ལགས།
དོལ་སྨྱོན་ལགས་སུ། དགོངས་དག་དེ་འདྲའི་རྩད་གཅོད་དང་ཞིབ་འཇུག་བྱ་རྒྱུ་དེ་བོད་སྨན་ཆེད་ལས་པ་ཚོའི་ལས་འགན་ཡིན་པ་ལས་ངའི་ལས་འགན་མིན་ལ། ང་ལ་དེ་འདྲའི་ཁོམ་པ་དང་སྤྲོ་བ་གང་ཡང་མེད། བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་ཚུལ་བཤད་དུས་བོད་སྨན་ཟ་མཁན་ཆ་ཚང་ལ་དེར་ཐལ་བའི་ཐལ་བ་འཕེན་པ་ནི། ཆུ་ཡིས་མེ་ཏོག་བསྐྱེད་ཚུལ་བཤད་ཚེ་འོ་ན་རྒྱ་མཚོའི་ནང་ཡང་མེ་ཏོག་སྐྱེ་བར་ཐལ་ཆུ་ཡོད་པའི་ཕྱིར་ཟེར་བའི་རིགས་ལམ་ནར་མ་སོན་པ་དེ་འདྲའི་གྲས་རེད་འདུག་པས་ངས་རེ་རེ་ནས་ལན་འདེབས་ཚོད་མི་འདུག གནད་ཀྱི་རྡོག་པོའམ་བོད་སྨན་ཟེར་བ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཐད་ང་ཚོས་འུར་མང་པོ་རྒྱག་དགོས་དོན་མི་འདུག་སྟེ། གོང་ཞུས་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྨན་ལ་འཛིན་པའི་རྣམ་འགྱུར་དེ་ཚོས་ཐག་བཅད་འདུག་པས་སོ།།
ཧཧཧ་་་གནས་ལུགས་རྒྱུ་མཚན་ཅི་ཡང་མེད་པའི་འུར་བཤད་ལུང་པ་གང་བྱས་འདུག དགོས་རྒྱུ་དོལ་སྨྱོན་གྱི་དྲི་བ་དེ་ལ་ནི་ལན་ཕོག་མི་འདུག འུར་བཤད་བྱེད་རྒྱུ་མང་དྲག་ན་ངོ་ཚ་ཉོ་ཡི་རེད་ད། རྒྱ་སྨན་ཡང་གནམ་ནས་བབ་པ་མ་རེད་ལ་ས་ནས་སྐྱེས་པ་མ་རེད་ད། རང་བྱུང་ཐོན་ཁུང་སྣ་ཚོགས་བེད་སྤྱད་ནས་བཟོས་པ་རེད། འཁོར་ཡུག་ལ་གནོད་ན་གནོད་མཉམ་རེད། ཞོར་སྐྱོན་གྱི་ཐད་ནས་བཤད་ན་བོད་སྨན་ལས་རྒྱ་སྨན་གྱིས་གནོད་སྐྱོན་ཆེ་བ་ཡོད་པ་སྤྱི་ཚོགས་ནང་ལ་ཡོངས་གྲགས་རེད། བོད་སྨན་རྒྱལ་སྤྱིས་རང་བཞིན་ཅན་དུ་མ་གྱུར་བ་འདི་ཡང་བོད་ས་མ་ཤོར་སྔོན་ལ་ང་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མ་ཐུབ་པའི་སྐྱོན་དང་། བོད་ས་ཤོར་བའི་རྗེས་ལ་ང་ཚོར་དཀའ་ངལ་ཧ་ཅང་གི་མང་པོ་ཞིག་འཕྲད་པའི་རྐྱེན་གྱིས་ལས་དོན་ལ་འགོག་རྐྱེན་གྱུར་ཡོད་པ་གསལ་པོ་རེད་ལ། སྤྱིར་མི་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ་རིག་གཞུང་ཞིག་་རྒྱལ་སྤྱིའི་རང་བཞིན་ཅན་འགྱུར་དགོས་ཟེར་ན་ཁག་པོ་རེད། འོན་ཀྱང་ད་ལྟ་བོད་སྨན་རྒྱལ་སྤྱིའི་རང་བཞིན་ཅན་འགྱུར་མི་འགྱུར་གཞི་ནས་ལྟ་རྒྱུ་རེད། བོད་སྨན་འདི་རྒྱལ་སྤྱིའི་ནང་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་ཡང་མངོན་གསལ་རེད།
བཀྲ་ཤིས་དོན་འགྲུབ་ལགས་སུ། ཁྱེད་ཀྱི་སྐད་ཆ་སྔ་ཕྱི་ཅུང་འགལ་གྱི་འདུག་མོད་གང་ལྟར་ང་ལ་དགོས་པ་ནི་ཁྱེད་ཀྱིས་ཁ་ཕོ་ཆེན་པོའི་སྒོ་ནས་བསྒྲགས་པའི་སྐད་ཆ་འདི་ཡིན། ༼བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་ནད་རོ་ཁ་ཤས་དཔང་རྟགས་དང་བཅས་དངོས་སུ་སྟོན་རྒྱུ་ཡོད། ཡིད་མི་ཆེས་ཟེར་མཁན་ཚོ་བདག་གི་གམ་དུ་ཕེབས་ཤོག་དང་མངོན་སུམ་དུ་ར་སྤྲོད་བྱེད་ཆོག༽
བོད་སྨན་འདི་སྨན་ཚབ་ལས་ཚད་ལྡན་གྱི་སྨན་ཞིག་ཏུ་ད་དུང་ཡང་རྒྱལ་ཁབ་མང་པོས་ངོས་འཛིན་བྱེད་ཀྱིན་མི་འདུག བོད་སྨན་དང་རྒྱ་སྨན། རྒྱ་གར་གྱི་སྨན་དང་ནུབ་ཕྱོགས་ཀྱི་གནའ་བོའི་སྨན་རྫས་འདི་དག་ལ་སྨན་ཚབ་ལས་སྨན་དག་མ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག སྨན་ཚབ་འདི་དག་གིས་རླུང་ནད་དང་རྩྭ་ནད། པགས་ནད་སོགས་གཤག་བཅོས་དེ་ཙམ་མི་མཁོ་བའི་ན་ཚ་དང་། ནད་རིགས་མངོག་འགོག་བྱེད་པ་ལ་བོད་སྨན་ཧ་ཅང་གི་ཡག་པ་བདེན་པ་རེད། ཕོ་ནད་དང་མཆིན་ནད་སོོགས་ལ་བོད་སྨན་ཟ་ཡ་མང་དྲགས་ན་སྨན་གྱི་ནུས་བས་ན་ཚ་རྒྱུན་རིང་སྲིང་ཞིང་། ནད་ཚ་དེ་རིམ་བཞིན་སྐྲན་ནད་ཀྱི་རྒྱུ་རུ་འགྲོ་ཚུལ་ནུབ་ལུགས་སྨན་པ་མང་པོས་གླེང་། ཀུ་ཤུའི་འགན་འཛིན་Setve job ཡི་ནོར་འཁྲུལ་ཆེ་ཤོས་དེ་གཤག་བཅོས་བྱེད་པ་དོགས་ནས་ནུབ་རིགས་སྨན་པར་མ་བསྟེན་པ། སྨན་ཚབ་སྟེ་བོད་སྨན་ནམ་རྒྱ་སྨན། རྒྱ་གར་གྱི་སྨན་ཏེ་རྩྭ་སྨན་སོགས་ཀྱི་རིགས་ལ་བསྟེན་པས་མཐའ་མར་སྐྲན་ནད་ཆགས་པས་གཤག་བཅོས་བྱས་ཀྱང་། དེ་ཙམ་ཕན་པ་མ་བྱུང་བ་གྲོངས་བ་རེད། ལྷག་པར་དུ་ཀླད་ནད་དང་ཁྲི་བྷེ། མིག་འབྲས་ཀྱི་ནད། རྣ་ཁོག་གི་ནད། གློ་ནད། མངའ་ནད། ཕྲུ་གནོད་ཀྱི་ནད། གཅིན་བཀག་གི་ནད། རྨུད་ཁོག་གི་ནད་སོགས་མདོར་ན་ཚབས་ཆེན་ནད་རིགས་བརྒྱ་ཕྲག་མང་པོར་བོད་སྨན་གྱིས་ནུས་བ་དེ་ཙམ་འདོན་དུ་མེད། མེད་བཞིན་དུ་ཨུ་རྒྱབ་ནས་བོད་སྨན་ལ་རེ་བ་བཅོལ་ཚེ་ཤི་ཡ་གདམས་པ་ལས་ཐབས་ཤེས་གཞན་མེད། བོད་སྨན་གྱིས་ནད་གཞི་གཞན་ལ་གནོད་སྐྱོན་ཆུང་བ་ནི། བོད་སྨན་ཡག་པའི་སྐྱོན་མ་ཡིན་པ་ནུས་བ་ཆུང་བས་ནད་རིགས་འདུལ་དང་རྒྱུ་གསོ་རྒྱུ། གཞན་ལ་གནོད་རྒྱུའི་ནུས་བ་ཞན་པས་རེད། དེ་ནི་ལེགས་ཁོ་ན་མ་རེད། ནུས་བ་ཞན་པའི་སྐྱོན་རེད། འོན་ཀྱང་། ནུས་ལུགས་ཀྱི་སྨན་ཐམས་ཅད་ལུས་ཀྱི་ཤ་ཆས་གཞན་ལ་གནོད་མཁན་མ་རེད། ནུབ་ལུགས་ཀྱི་སྨན་ནི་བོད་དང་བསྡུར་ན་རྒྱ་མཚོ་དང་གཙང་པོ་བསྡུར་བའི་དཔེ་རེད། འོན་ཀྱང་། རྒྱ་མཚོའི་ཆེེད་དུ་གཙང་པོ་མི་མཁོ་ཟེར་མི་རུང་ཞིང་། མ་ཡིན་པ་གཉིས་ཀར་འཇིག་རྟེན་ལ་མཁོ།
ཡ་ཁ་བརྡ་ཚང་གི་ཡ་བོ་ཚོ། ཅིག་མ་བཤད་ལ་མ་ཡོང་ཐལ། བོད་སྨན་ལ་ནུས་པ་རྒྱ་འགྱུར་སྟོང་འགྱུར་ཡོད་རུང་། རྒྱལ་སྤྱིས་སྨན་རིགས་ཚད་ལྡན་ཞིག་ལ་དངོས་འཛིན་བྱེད་པར་འདོད་པ་ནི། ལྐུག་པ་ལ་ལྐུག་ཚོད་མེད་པའི་རྟགས་རེད། གཅིག་བྱས། བོད་པའི་རྩྭ་སྨན་ནི་ཡག་པོ་མེད་པའི་མེད་ཚོད་བཤད་ནས། ཡོད་པ་ལ་ཡར་རྒྱས་གཏོང་འདོད་ཀྱི་ཀུན་སློང་དང་དཔུང་རོགས་མེད་པ་ཚོ་ཡང་། ལྐུག་པ་ལ་ལྐུག་ཚོད་མེད་པའི་རྟགས་རེད། གཉིས་བྱས། ད་གསུམ། བཞི། ལྐུག་པ་ཚོར་ལྐུག་བརྡ་སྤྲོད་དགོས་ས་མང་གི་རེད་ཨ། དེ་རིང་བཞག་བཞག།
རེད། དེང་སང་བོད་མི་ཁག་ཅིག་གིས་བོད་ཀྱི་གང་ཡོད་པ་ཐམས་ཅད་ཕན་མེད་རྗེས་ལུས་དང་། ནུབ་ཕྱོགས་པའི་གང་ཡོད་པ་ཐམས་ཅད་སྔོན་ཐོན་ཕན་ཐོག་ཅན་ཤ་སྟག་ཡིན་པ་འདི་ཁོང་ཚོའི་ཀླད་པ་ལ་སྐྱོན་གཅིག་ཤོར་ཡོད་པའི་རྟགས་ལས་གཞན་གང་ཡང་མ་རེད། མི་འདི་རིགས་རྩོད་པ་རྒྱབ་ཀྱང་དུས་ཚོད་འཕྲོ་བརླག་ལས་ཅི་ཡོད།
བོད་ཀྱི་གསོ་རིག་ནི་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་མང པོས་ཞིབ་འཇུག་བརྒྱུད་ངོས་ལེན་ཡོད་པའི་རིག་གནས་ཞིག་ཡིན་པ་མངོན་གསུམ་ཡོན་བཞིན་དུ་ཁོག་པའི་ནང་རྡོ་ཆགས་ཀྱི་ཡོད་པ་ཚན་རིག་གིས་ར་འཕྲོད་ཟེར་བ་ནི་རྫུན་གཏམ་རང་རེད
དོལ་སྨྱོན་ལགས་སུ། སྐད་ཆ་སྔ་ཕྱི་འགལ་བ་ཁྱེད་ཀྱིས་མཐོང་ན་ཅི་མི་ཤེས་ཏེ། ངས་ནི་བཤད་པ་དྲན་གྱི་མི་འདུག ངས་བཤད་པ་ནི་ང་ལ་བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་དཔང་རྟགས་སྟོན་རྒྱུ་ཡོད་རབས་བཤད་པ་ལས། ཁྱེད་ཀྱིས་བཤད་པ་ལྟར་ནད་པའི་གྲངས་འབོར་དང་ནད་གང་ཡིན་མིན་སོགས་སྨན་པ་ཞིག་གིས་ལས་རྒྱུའི་ལས་ཀ་ཆ་ཚང་ངས་ལས་རྒྱུར་ནམ་ཡང་ཁས་ལེན་བྱ་རྒྱུ་མ་བྱུང་ལ་བྱེད་དགོས་དོན་ཡང་མེད། དེ་མིན་བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་མཁན་ནི་ངས་སྔར་ཡང་དཔང་རྟགས་བསྟན་རྒྱུ་ཡོད་རབས་བཤད་ཡོད་ལ། བཤད་པ་ནང་བཞིན་སྟོན་རྒྱུ་ཡང་ཡོད་མོད། ཁ་ཕོ་ཆེ་བསྒྲགས་ཚུལ་གྱི་སྐད་ཆ་དེ་དག་ནི་ཧམ་པ་ཅན་གྱིས་མི་གསོད་པའི་ལུགས་ཡིན་འདུག་པ་ལས། ང་ལས་མང་བའི་ཁ་ཕོ་ཆེ་ཁྱོད་ཀྱིས་བཤད་ཡོད་དེ། “རྒྱ་སྨན་ལ་ནུས་པ་ཞིག་ཡོད་པ་ནི་ནད་མགོ་བཅོག་པ་ཙམ་ལས་ནད་དེ་ཉིད་རྩ་བ་ནས་མེད་པ་བཟོ་མི་ཐུབ། བོད་སྨན་གྱིས་ལམ་སང་ཟུག་གཟེར་བཅོག་མི་ཐུབ་རུང་ཡུན་གྱིས་བསྟེན་པས་ནད་རྩད་ནས་བཅོག་པ་མངོན་གསུམ་རེད། རྒྱ་སྨན་རིགས་ལ་ཟུར་ཕོག་ཆེ་བ་དང་བོད་སྨན་ལ་ཟུར་ཕོག་མེད་པའང་མངོན་གསུམ་རེད། ནད་རིགས་མང་པོ་ཞིག་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་ལ་བསྟེན་ཉུང་ཉུང་གཏན་ནས་མིན། བཙན་བྱོལ་བའི་སྨན་པ་མང་པོ་ཞིག་གིས་རྒྱ་སྨན་གྱིས་དྲག་སྐྱེད་མ་བྱུང་བའི་ནད་པ་བརྒྱ་ཕྲག་དུ་མ་བཅོས་ཡོད། དེ་དག་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་བ་དག་རེད། དེ་དག་ལ་སྨན་བཅོས་ཇི་ལྟར་བྱས་པའི་སྐོར་དང་དྲག་སྐྱེད་ཇི་ལྟར་བྱུང་རབས་དག་ཞིབ་འཇུག་གི་ནུས་པ་མཚོན་པའི་ཐོག་ནས་ཡིག་ཐོག་ལ་ཕབ་ཅིང་། སྐད་ཡིག་འདྲ་མིན་ཐོག་ནས་དུས་དེབ་དང་དྲ་བ་སོགས་ཀྱི་སྟེང་ལ་བཀོད་ན། མང་ཚོགས་ནས་དགའ་བསུ་ཚད་མེད་ཐོབ་ངེས་རེད་དེ། སྐྱབས་བཅོལ་བའི་སྨན་པ་མང་ཆེ་བ་ལག་འདུམ་ཏག་ཏག་ཡིན་པས་དེ་རིགས་ནད་པ་དང་སྨན་པ་ཚོའི་འཇིག་རྟེན་ཆུང་ཆུང་དེར་གྲགས་པ་ལས་མང་ཚོགས་ཀྱི་སྐལ་བར་གྱུར་མེད།”ཅེས་དོན་གྱི་ཁ་ཕོ་ཆེ་བསྒྲགས་འདུག ད་དུང་ངས་ཆ་ཚང་དགོད་རྒྱུའི་ངལ་བ་བྱེད་མི་དགོས་ཏེ་གོང་གི་མཆན་བུ་དག་བལྟས་ན་ཤེས་འོང་བ་ཞིག་རེད། དེས་ན་ངས་ཀྱང་ཁྱོད་ལ་བཤད་འདོད་པ་ཞིག་ལ། རྒྱ་སྨན་གྱིས་མ་འཇོན་པ་བོད་སྨན་གྱིས་འཇོན་པ་དང་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་གྱིས་ཕན་པའི་ནད་གང་དང་གང་ཡིན་མིན། ནད་པ་སུ་དང་སུ་བྱ་བ། བཙན་བྱོལ་ནང་རྒྱ་སྨན་གྱིས་བཅོས་མ་ཐུབ་པར་བོད་སྨན་གྱིས་བཅོས་པའི་ནད་པ་བརྒྱ་ཕྲག་མང་པོ་ཡོད་པ་དེ་དག་གི་མི་མིང་དང་ས་མིང་། ནད་གང་དུ་བརྟག་པའི་སྨན་ཁང་རྟོག་མཁན་གྱི་སྨན་པ་བརྟགས་པའི་དུས་ཚོད་སོགས་རེ་རེ་ནས་ཁུར་ཤོག་དང་ངས་ང་རང་གིས་བཤད་པ་ནང་བཞིན་སྟོན་རྒྱུ་མེད་ན་ངས་ཧམ་བཤད་ཀྱི་གྲས་སུ་བརྩི་ཆོག་ལ། གལ་སྲིད་ཁྱོད་ཀྱིས་བཤད་པ་ནང་བཞིན་ཁྱོད་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་གྱིས་དྲག་བསྐྱེད་བྱུང་བའི་ནད་པ་དེ་དག་རེ་རེ་ནས་སྟོན་རྒྱུ་མེད་ན་གང་བྱེད་དམ། ངས་བལྟས་ན་བརྒྱ་ཕྲག་ཕར་ཞོག་བཅུ་ཕྲག་གཅིག་ཀྱང་སྟོན་རྒྱུ་ཡོད་པ་ཁག་པོ་རེད་མོད། བརྒྱ་ཕྲག་མང་པོའི་སྐད་ཆ་ནི་ཧམ་བཤད་མིན་ན་ཅི་ཡིན། ད་དུང་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་དེང་སང་རྒྱ་སྨན་གྱིས་བཅོས་མི་ཐུབ་པའི་ནད་ནི Cancer རྙིང་པ་ཆགས་ཟིན་པའི་རིགས་འགའ་ཞིག་དང་ Aids ཡི་ནད་ལས་གཞན་མང་པོ་མེད་ལ། བོད་སྨན་གྱིས་བཅོས་ཐུབ་ན་ནི་དེ་དག་བཅོས་དགོས་ཏེ་རྒྱ་སྨན་གྱིས་བཅོས་མི་ཐུབ་པའི་ནད་དེ་དག་ལས་གཞན་མང་པོ་མེད་པའི་ཕྱིར། གལ་སྲིད་བོད་སྨན་གྱིས་དེ་དག་བཅོས་ཐུབ་ན་འཛམ་གླིང་ཆ་ཚང་གིས་Aids སྨན་འཚོལ་ཆེད་འབད་བརྩོན་སྟོང་ཕྲག་བྱེད་རྒྱུ་དེ་གཡུགས་ནས་ཁྱེད་ཀྱི་སར་བོད་སྨན་སྦྱོང་དུ་མི་ཡོང་བ་ཅི་ཡིན་ནམ། ཧཧཧ ད་གད་མོ་མང་པོ་མ་སློང་ཡ་་་་་་་་་།
རྒྱ་སྨན་ལབ་ན་དོན་ངོ་མ་ག་འདྲ་ཞིག་ལ་གོ་དགོས་སམ། རྒྱ་གར་དང་རྒྱ་ནག་གཉིས་ཀ་ལ་བོད་སྨན་དང་ཆ་འདྲ་བ་བསམ་གྱིས་མི་ཁྱབ་པ་འདུག། དེ་ཚོ་ཕན་ཐོག་དང་སྐད་གྲགས་གཉིས་ཁ་ཡོད་པ་རེད། དེ་འདྲ་ཡིན་དུ་་་ཚན་སྨན་་་ལབ་ན་ག་འདྲ་ཡོང་ངམ། །
ད་དུང་སྨན་བཅོས་བྱེད་སྟངས་ཀྱི་ཆ་ནས་བཤད་ན་བོད་སྨན་ལུགས་ཀྱི་སྨན་བཅོས་བྱེད་སྟངས་ནི་ཤིན་ཏུ་གདུག་རྩུབ་དང་དམུ་རྒོད་ཀྱི་རང་བཞིན་ཅན་དག་ཡིན་ཏེ། བལ་ཡུལ་ཕྱོགས་ཀྱི་གྲོང་གསེབ་ཁག་ལ་ཛག་རི་ཟེར་བའི་ཆོས་ལུགས་པ་དག་གིས་གསོན་འདྲེ་(བལ་པོའི་སྐད་དོད་དུ་དེ་ལ་བྷོག་ཤི་ཟེར།)འདོན་རྒྱུ་ཡིན་ཟེར་ནས་ལྕགས་ཀྱི་སྐྱ་བ་དམར་འབར་བ་དེ་འདྲ་མིའི་འགྲམ་ཐོག་ལ་འབྱར་ནས་ན་ཟུག་གིས་ཤི་གསོན་གྱི་མཐའ་མཚམས་ལ་སྐྱེལ་བར་བྱེད་པ་དང་འདྲ་བར། ཉེན་སྐྱོབ་ཀྱི་ཆ་རྐྱེན་གང་ཡང་མི་དགོས་པར་ཐད་ཀར་མེ་ལ་བསྲེགས་པའི་ལྕགས་དམར་མིའི་ལུས་ཐོག་ལ་བསྣུན་པ་དང་། སྐམ་ཁབ་ཟེར་བ་ཞིག་ཐད་ཀར་མིའི་ལུས་ཐོག་ལ་བསྣུན་ནས་གློག་གཏོང་བར་བྱེད་པའི་ལུགས་སོགས་མདོར་ན་མི་དང་དུད་འགྲོའི་ཁྱད་པར་འབྱེད་མི་ཐུབ་པའི་སྨན་བཅོས་བྱེད་ཐབས་དེ་འདྲ་ནི་བོད་སྨན་ལ་ཏན་ཏན་མང་པོ་ཡོད་བཟོ་འདུག་ལ། དེ་དག་ནི་བོད་སྨན་གྱི་ཐུན་མིན་གྱི་ཁྱད་ཆོས་སུ་སྨོས་ཀྱང་མི་ཆོག་པ་མེད་ལ། སྨན་བཅོས་དེ་དག་གི་ཉེར་ལེན་ལས་ངའི་ཕ་ཡུལ་དུ་མི་མང་པོའི་རྐང་ལག་ཞ་བོ་བཟོས་པའང་ཡོད་པར་མ་ཟད། ང་རང་ཡང་ཆུང་དུས་ཉེན་ཁ་དེ་འདྲ་བརྒྱུད་ནས་ཡོང་མྱོང་མཁན་ཞིག་ཡིན་ཙང་བརྒྱུད་བཞི་བློ་ཐོག་ལ་སྐྱོར་རྒྱུ་མེད་ཀྱང་བོད་སྨན་གྱི་བྱས་རྗེས་དེ་ཚོ་མྱོང་ཐོག་ནས་རྒྱུས་ཡོད་ཙམ་ཡིན།
བཀྲ་ཤིས་དོན་འགྲུབ་ལགས་སུ། ངས་ཁྱེད་ཀྱི་སྐད་ཆ་སྔ་ཕྱི་འགལ་གྱི་འདུག་ཟེར་བ་ནི་འདི་ཡིན་ཏེ། ཁྱེད་ཀྱིས་་་་་་ བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་༼ཟུར་ཙམ་ཡང་མེད།༽ ཅེས་དང་དེའི་རྗེས་སུ་་་་་ ངས་ནི་བོད་ཀྱི་གསོ་བ་རིག་པའི་ནང་བཤད་པའི་བཞུ་བཏུལ་བྱེད་སྟངས་དེ་དག་བཞུ་བཏུལ་བྱེད་སྟངས་ཚད་ལྡན་ཞིག་མིན་པ་མངོན་སུམ་གྱིས་ར་སྤྲོད་བྱས་ཡོང་གི་ཡོད་ཙང་། ད་གཟོད་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་མེད་ཟེར་བ་ཡིན། དེས་ན་དང་པོ་༼ཟུར་ཙམ་ཡང་མེད་༽པར་ཐག་བཅད་པ་དང་རྗེས་སུ་༼ཚུལ་བཞིན་༽མེད་ཅེས་སྨྲས་པ་དེ་རེད། ཁྱེད་ཀྱིས་གསུངས་པ་ལྟར་ངས་འདི་ནས་ཁ་ཕོ་ཆེ་ཙམ་བསྒྲགས་ཡོད་ཀྱང་དེ་དག་རྒྱབ་ལྗོངས་དང་བདེན་དཔང་མེད་པའི་ལབ་རྐྱལ་རྐྱང་རྐྱང་གཏན་ནས་མིན་པས་རིམས་པས་གསལ་པོར་ཆགས་ངེས་རེད། བོད་ལུགས་ཀྱིས་བཅོས་མི་ཐུབ་པའི་ནད་རིགས་མང་པོ་ཞིག་ཕྱི་ལུགས་པས་བཅོས་བཞིན་པ་རེད་ལ། དེ་མཚུངས་ཕྱི་ལུགས་པས་བཅོས་མི་ཐུབ་པ་མང་པོ་ཞིག་བོད་ལུགས་པས་བཅོས་བཞིན་པ་རེད། འོན་ཀྱང་ཕྱི་ལུགས་ཀྱིས་བཅོས་མི་ཐུབ་པའི་ནད་རིགས་ཡོད་ཚད་བོད་ལུགས་ཀྱིས་བཅོས་ཐུབ་པའི་ཁས་ལེན་ནམ་བྱེད་མི་ཐུབ། ད་དུང་དེང་སང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་ན་མིང་དང་སྒོར་མོ་སྐད་གྲགས་བཅས་ལ་ཞེན་ནས། ལུས་སེམས་ཀྱི་བཟོད་མི་ཐུབ་པའི་ཉེན་ཁ་མང་པོར་དགའ་སྤྲོས་འཇུག་བཞིན་པ་སྙན་འཕྲིན་དག་ན་དམར་རྗེན་དུ་མཐོང་རྒྱུ་འདུག་ན། ཤིན་ཏུ་གདུང་བའི་ནད་ཀྱི་ཟུག་རྔུ་འཇོམས་ཕྱིར་མེ་འཇོག་པ་དང་ཁྲག་གཏར་བ་སོགས་ལ་མི་རུང་བ་ཅི་ཡོད། དེ་ཡང་ནད་པ་རང་ལ་འདོད་པ་མེད་ན་སྨན་པས་རྐང་ལག་ཐག་བཀྱིགས་དང་ཨུ་ཚུགས་མཐར་སྐྱེལ་བྱེད་མི་སྲིད་པར་སེམས། ལག་རྩལ་དེ་དག་ཚུལ་བཞིན་སྤྱོད་ཤེས་ན་ནད་ལ་ཕན་པ་ནི་མངོན་གསུམ་རེད་འདུག་ལ་ཚུལ་བཞིན་མ་བྱུང་ཁྱེད་ཀྱིས་བཤད་པའི་གནས་ཚུལ་དག་ཐོན་སྲིད་པས། དེ་དག་ནི་སྨན་པའི་ལག་རྩལ་ཞན་པ་ལས་སྨན་གཞུང་གི་ནོར་བ་གཏན་ནས་མིན། འོན་ཀྱང་བོད་ལུགས་སྨན་པ་དག་གིས་ལག་རྩལ་དེ་དག་ཡུལ་དུས་དང་མཐུན་པའི་སྒོ་ནས་ཡར་རྒྱས་གཏོང་ཐུབ་མེད་པ་ནི་གྱོང་གུན་ཆེ་བའི་རྗེས་ལུས་ཤིག་རེད་འདོད། སྐམ་ཁབ་ནི་བོད་ཀྱི་སྨན་གཞུང་ནང་གཏན་ནས་མེད། དེ་ནི་ཀྲུང་ལུགས་སྨན་གཞུང་གི་ལག་རྩལ་ཞིག་རེད། འོན་ཀྱང་དེང་སང་བོད་ལུགས་སྨན་པ་མི་ཉུང་བ་ཞིག་གིས་དེ་ལ་ལག་ལེན་བྱེད་བཞིན་ཡོད།
ཁྱེད་ཀྱིས་དངོས་གནས་ཡི་གེར་ཞིབ་ཆ་གཟིགས་མི་འདུག་པས་ངས་འདི་ནས་ཇི་བཞིན་པ་པར་བཤུས་མི་རྒྱག་ཐུ་མེད་ཆགས་སོང་། ལྟོས་ཨ་་་་། “དེ་དག་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་(ཟུར་ཙམ་ཡང་མེད།)” ངས་ཐེངས་པོར་བཤད་པའི་སྐད་ཆ་འདི་རང་ཡིན་པས། དེའི་ཕྱིར་ངས་སྐད་ཆ་རྗེས་མ་དེར་(ཚུལ་བཞིན་)ཞེས་གསལ་ཁ་བཏོད་ནས་བཤད་པ་ཡིན། ཁྱེད་ལ་ཡང་བསྐྱར་ཞུ་རྒྱུར་ངས་བཞུ་བཏུལ་བྱེད་ཚུལ་ཟུར་ཙམ་ཡང་མེད་ཚུལ་བཤད་མེད། ཚུལ་བཞིན་བཞུ་བཏུལ་བྱེད་ཚུལ་ཟུར་ཙམ་ཡང་མེད་ཚུལ་བཤད་ཡོད། དེ་ཡིན་མིན་མཆན་ངོ་མ་དེར་ཞིབ་ཏུ་ལྟོས་དང་ཤེས་ཡོང་། འོ་ན་དེར་སྔ་ཕྱི་འགལ་བ་གང་ཞིག་འདུག་གམ།
ལོ་ལྔ་སྟོང་གི་སྔོན་ནས་བོད་ལ་གཤགས་བཅོས་ཀྱི་ལས་རྩལ་ཡོད་པའི་དཔང་རྟགས་གཞན་ཡང་མང་པོ་ཞིག་ཡོད། རིམ་བཞིན་སྟོན་ཆོག
ཁྱེད་ཀྱིས་བོད་སྨན་ལུགས་ཀྱིས་ཁྲག་གཏར་བ་དང་མེ་རྒྱག་པ་དེ་དག་ལུགས་མཐུན་དུ་སྒྲུབ་པའི་དཔེར་ཉེན་མཆོང་གི་ལས་ཀ་དག་དཔེར་བཀོད་འདུག་པ་ནི། ཕོ་གསར་འཁྲེབ་ཏོ་ཚོས་དུག་རྫས་(drugs)ལ་ལོངས་སྤྱོད་པ་མངོན་གསུམ་གྱིས་མཐོང་དུ་འདུག་ན། སྨན་པས་ཀྱང་དེ་དག་ལ་དུག་རྫས་(drugs)སྤྲད་ན་མི་འགྲིག་པ་ཅི་ཡོད་ཟེར་བ་དང་ཤིན་ཏུ་འདྲ་འདུག་པས་རྗེས་ཕྱོགས་ནས་དཔེ་ཡག་ཙམ་དགོད་རོགས།
drugs ཞེས་པ་དེ་དབྱིན་སྐད་ལ་སྨན་གྱི་སྤྱི་མིང་དུ་གོ་ཡི་ཡོད་ཚོད་ལགས་ཀྱང་། འདི་ནས་ཡོངས་གྲགས་ཀྱི་དབང་དུ་བྱས་ནས་མྱོས་རྫས་སམ་དུག་རྫས་ལ་གོ་རྒྱུ་བྱས་ནས་བྲིས་པ་ཡིན།
ཁྱོད་ཚོ་བོད་སྨན་ལ་ཡིད་ཆེས་ཡོད་ན་ཁྱོད་ཚོས་ཁྲག་གཏར་བ་དང་མེ་བཙའ་འཇོག་པ་སོགས་ལག་ལེན་དུ་མི་བསྟར་དོན་ཅི་ཡིན། ཧཧཧཧཧཧ ཁུངས་མི་འཁྱོལ་བའི་མགོ་ཚུགས་ཚར་བ་རེད།
ཁྲག་གཏར་བ་དང་མེ་བཙའ་འཇོག་པའི་སྲོལ་ད་ལྟ་བོད་དང་ཧི་མ་ལ་ཡའི་སོགས་་སུ་ལག་ལེན་བྱས་དང་བྱེད་བཞིན་པ་རེད་འདུག བོད་སྨན་ནི་ད་ལྟ་ཨུ་རུ་སོགས་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་མེ་སྟག་མཆེད་པ་བཞིན་འཕེལ་བཞིན་འདུག བོད་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་སྡེ་ཁག་གི་ནང་ནས་བོད་ཀྱི་སྨན་རྩིས་ཁང་ནི་དཔལ་འབྱོར་གྱི་ཡར་རྒྱས་ཆེ་ཤོས་དེ་ཡིན་པར་མ་ཟད་སྲིད་སྐྱོང་བློ་སེང་གིས་བཤད་པའི་རང་ཁ་རང་གསོ་བྱེད་པའི་ཚོགས་སྡེ་ནི་དེ་ཁོ་ནར་ངེས་འདུག མ་ཟད་དེང་སང་ནང་ཆོས་ལས་ནུབ་ཕྱོགས་པ་ཚོས་བོད་སྨན་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་དོད་པོ་རེད།
གདུག་རྩུབ་ཆེ་དགོས་ན་བོད་ལུགས་ལས་ཕྱི་ལུགས་སྨན་བཅོས་གདུག་རྩུབ་ཆེ། ཕྱི་ལུགས་སྨན་བཅོས་ལ་རྟེན་ནས་མིའི་གཟུགས་པོ་བཤག་བཅོས་དང་དབང་པོ་བཅོད་འབྲེད་སོགས་བྱེད་ཀྱི་ཡོད་པ་དང་། ད་དུང་སྨན་རྫས་ཞིབ་འཇུག་གི་ཆེད་དུ་ཙི་ཙི་དང་རི་བོང་སོགས་སྲོག་ཆག་ཁྲི་སྟོང་མང་པོ་ལ་ལག་རྩེད་བརྩེ་དང་བརྩེ་བཞིན་པ་རེད། ད་དུང་ཕྱི་ལུགས་སྨན་པས་གཤག་བཅོས་ཀྱི་གོ་སྐབས་དང་བསྟུན་ནས་མིའི་ནང་ཁྲོལ་རྐུས་པའི་གནས་ཚུལ་ཡང་མང་པོ་རེད། གལ་ཏེ་གཤག་བཅོས་དབང་པོ་བཅོད་འབྲེད་དེ་དག་ནད་བཅོས་པའི་ཆེད་དུ་ཡིན་པས་སྐྱོན་མེད་ཟེར་ན། བོད་སྨན་གྱི་ཚུག་དང་སྟར་ཀ་དེ་དག་ཀྱང་ན་ཚ་བཅོས་པའི་ཆེད་དུ་ཡིན་པས་སྐྱོན་མེད་པ་གཅིག་མཚུངས་རེད།
གྲོགས་པོ་ལུང་རྟོགས་ཞུ་བ་ལགས། ཕྱི་ལུགས་ཀྱི་སྨན་པས་གཤག་བཅོས་བྱེད་སྟངས་དེ་ཚོར་གདུག་རྩུབ་མི་ཟེར་ཏེ། དེ་དག་གིས་ཉེན་སྐྱོབ་ཀྱི་ཆ་རྐྱེན་མེད་པར་འབད་ཅིང་སྐུལ་ཀྱང་བཤག་བཅོས་བྱེད་མི་སྲིད་པའི་ཕྱིར། བོད་སྨན་ལུགས་ཀྱི་བཅོས་ཐབས་དེ་ཚོར་ད་གཟོད་གདུབ་རྩུབ་ཟེར་ཏེ། ཉེན་སྐྱོབ་ཀྱི་ཆ་རྐྱེན་དག་ཕར་ཞོག མི་དང་དུད་འགྲོའི་དབྱེ་འབྱེད་ཀྱང་དཀའ་བའི་ཚོད་ཀྱིས་ལག་ལེན་དེ་འདྲ་ཡིན་པས་སོ།།
བཀྲ་དོན་གྱིས་བོད་སྨན་ལ་དགག་པ་བྱེད་པ་དེ་དམིགས་དོན་ལ་བོད་སྨན་མ་རེད་འདུག གཞན་ཞིག་དགག་པ་བྱེད་ཀྱི་འདུག ད་རང་གི་རིག་གཞུང་ཐམས་ཅད་ལ་བཙོག་དུ་བལྟ། གཞན་གྱི་རིག་གཞུང་ལ་གསེར་དུ་བསྒོམ། ཕ་ཙན་དན་སྡོང་པོ་ལ། བུ་ཆུ་ཤིང་རུལ་པ་རང་རེད།
ཉེན་སྐྱོབ་ཀྱི་ཆ་རྐྱེན་ཟེར་ན་སྒྲིབ་སྨན་རྒྱབ་བཞག་པ་རེད། སྒྲིབ་སྨན་དྭངས་ཚར་ནས་རྨ་ཁའི་ན་ཟུག་ཡོད་ཡོད་པ་རེད་ལ། ད་དུང་སྒྲིབ་སྨན་རྒྱབ་པའི་མི་མང་པོ་ཞིག་ལ་གྲིབ་ནད་ཕོག་འགྲོ་ཡི་ཡོད། ད་དུང་གཤག་བཅོས་ཀྱི་སྐབས་སུ་གཟབ་ནན་མ་བྱས་པར་ལག་ཆ་ནང་ལ་ལུས་ནས་ཐེང་གཉིས་པ་ལ་གཤའ་དགོས་པ་ཡང་མང་པོ་ཡོང་གི་འདུག ད་དེ་ཚོ་གདུག་རྩུབ་མིན་མ་གང་རེད། བོད་སྨན་གྱི་ཚུག་བཞག་དུས་པགས་པ་ཅུང་ཟད་སྲེག་དགོས་ཀྱང་དེ་ནི་ཉེན་ཁ་ཆེན་པོ་གང་ཡང་མ་རེད།
ཉེན་སྐྱོབ་ཟེར་ན་ཉེན་ཁ་ལས་སྐྱབ་པའི་དོན་རེད། དེ་ལ་མི་ཤེས་རྒྱུ་ཅི་ཡོད། འོན་ཀྱང་གཤག་བཅོས་བྱས་ནས་ལམ་ལ་མ་སོང་བར་ཤི་འགྲོ་མཁན་མང་པོ་ཡོད་པ་རེད། ཚུག་བཞག་ནས་མི་ཤོ་སོང་བ་གཅིག་ཀྱང་མེད། དེས་ན་ཉེན་སྐྱོབ་སུ་ལ་ཡོད་མེད་གསལ་པོ་རེད། ཚ་ན་མེད་པ་བཟོས་པ་ཙམ་ལ་ཉེན་སྐྱོབ་ཟེར་དགོས་ན་ནི་ཁྱེད་རང་གིས་གསུང་པ་ལྟར་ཡིན་ན་ཐང་། ཧཧཧ
ལུང་རྟོགས་ལགས། བརྟག་དཔྱད་བྱེད་དགོས། བདེན་སྲིད་ལ་རྫུན་ཡང་སྲིད་པའི་གཏམ་འདི་ཚོ་ཚད་མར་འཛིན་རྐྱང་བྱས་ན་རྗེས་སུ་མི་བཟང་། དེ་ལས་ངང་གིས་རྒུག་ནས་བརྟག་དཔྱད་ཀྱིས་དང་བཟང་།
སྤོབས་པ་ལགས། བརྟག་དཔྱད་བྱས་མི་འདུག་གམ། ཚན་རིག་དང་སྨན་དོན་ལོ་རྒྱུས་སོགས་ཀྱི་མཁས་པས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ཞིག་རེད་འདུག སྤྱིར་དེང་སང་བརྟག་དཔྱད་བྱས་བས་བཤད་པའི་སྐད་ཆ་ཉུང་ཉུང་མ་རེད་དམ།
ཀླད་པའི་ནང་སྲིན་འབུ་ཞུགས་པ་ལ་གཤག་བཅོས་བྱས་པའི་ལོ་རྒྱུས་སྙན་པོ་ཅིག་སྔར་ངས་བཀླགས་མྱོང་ཡང་། ད་ལྟ་ག་བ་ཡོད་མེད་ཐེ་ཚོམ་ཙམ་ལས་མི་དྲན།
སྔོན་མ་ཞིག་ལ་བོད་ལྗོངས་ཞིབ་འཇུག་ཡིན་ནམ་ཡང་ན་མཚོ་སྔོན་སློབ་གསོ་ཞིག་ཡིན་ནམ། གང་ལྟར་དུས་དེབ་གང་ཡིན་གསལ་བོ་དྲན་མ་སོང་མོད། དེའི་ཐོག་ན་བོད་ཀྱི་གསོ་རིག་བཤའ་བཅོས་ལག་རྩལ་དང་དེ་དང་འབྲེལ་ནས་བཤའ་གྲི་མང་པོའི་འདྲ་རིས་བཀོད་པ་ཞིག་མཐོང་མྱོང་། བཤའ་གྲི་དེ་དག་གང་ཞིག་ནས་གཏེར་ནས་བཏོན་པའི་སྐོར་ཡང་རྩོམ་ཡིག་དེར་གསལ་ཡོད་བསམ་མོད། གསལ་བོ་ཞིག་ཞུ་ཤེས་མ་སོང་།
རྣམ་པ་ཚོས་དྲན་ན་འདིར་དེའི་སྐོར་རེ་ཡང་འགོད་རོགས་ཞུ།
བཀྲ་ཤིས་བདེ་ལེགས།
གནས་ཚུལ་འདི་སྨན་པའི་ལྷན་ཚོགས་ནས་སྨན་པ་བརྩོན་འགྲུས་རྒྱ་མཚོ་ལགས་སུ་མིག་འགྲིབས་ཕྱེ་བའི་ལག་ལེན་སྐོར་བཅར་འདྲི་བྱས་པའི་གཟུགས་མཐོང་འོད་སྡེར་ཞིག་ལས་ཕྲན་གྱིས་དངོས་སུ་ཐོས།
ཁོང་གིས་གནས་ཚུལ་འདི་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་གསུང་རྩོམ་ཞིག་ནས་མཐོང་སྐོར་གསུངས་བྱུང་།
གནས་ཚུལ་འཁོད་པར་ཐུགས་རྗེ་ཆེ།
དོལ་སྨྱོན་ནས་འདི་ལྟར་གནས་ཚུལ་བཏང་གནང་བར་གུས་འདུད་ཞུ། བྱས་ཙང་ང་ཚོའི་བོད་མི་རིགས་འདི་དུས་རབས་བདུན་པའི་ཡར་སྔོན་དུ་གླེན་པ་ཁྱུ་གཅིག་མིན་པར་བསྟན་པ་རེད། དེ་ནི་བོད་མི་རིགས་ལ་མཚོན་ན་དགའ་འོས་པའི་གཏམ་བཟང་ལས་དེ་ལ་ད་དུང་དོག་འདྲོག་བྱེད་དགོས་པ་མི་འདུག རྒྱ་ནག་གིས་ག་དུས་ཡིན་ཀྱང་བོད་མི་རིགས་འདི་ཆེས་རྨོངས་དད་དང་བོད་ཀྱི་ཡོད་ཚད་རྒྱ་ནག་ལས་བྱུང་བ་ལས་བོད་རང་གི་ལོ་རྒྱུས་རིག་གནས་བཅས་པའི་ལོ་རྒྱུས་ཤོད་དུས་ལོ་གྲངས་ཆེས་ཉུང་ངུ་ཞིག་ལས་མི་ཕྱིན་རབས་བཤད།
ལོ་ངོ་སྟོང་ཕྲག་ལྔའི་གོང་དུ་བོད་ལ་བཤགས་བཅོས་འདུག་ཟེར་ན་སྣང་བ་མི་འགྲོ་བའི་གཏམ་ཞིག་མིན།
འོན་ཀྱང་བཤགས་བཅོས་དེ་རྡོ་ཤིན་ཏུ་རྣོན་པོ་ཞིག་གིས་བྱས་འདུག་ཟེར་ན་ཤིན་ཏུ་ནས་རྒོད་བྲོ་བའི་གཏམ་ཞིག་རེད། ཤ་དང་རུས་པ་འཇམ་པོ་ངང་ནས་གཏུབ་ནུས་ཀྱིས་རྡོ་ཞིག་དེ་བས་ཡོད་མི་སྲིད།
དེ་དུས་བོད་ལ་ལྕགས་མེད་པ་རེད་དམ། །
རྟ་བདུན་དབང་པོ་ལགས། ལོ་ངོ་ལྔ་སྟོང་གི་གོང་ན་ལྕགས་ཨེ་ཡོད། དེ་དུས་ནི་རྡོ་ཆས་དུས་རབས་མ་རེད་དམ།
རྟ་བདུན་དབང་པོས་བཤད་པ་བདེན། མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་ཟེརབ་དེ་རིམ་གྱིས་རིམ་གྱིས་ཡར་རྒྱས་བཏང་ནས་ཡོང་བ་རེད། རང་རེའི་བོད་སྨན་དུ་གྲགས་པའི་སྲོལ་རྒྱུན་གྱི་བཅོས་ཐབས་དེ་ལ་ལོ་ལྔ་སྟོང་གོང་ཙམ་དུ་མ་ཟད་ད་དུང་ཡང་ཀླད་པ་གཤག་བཅོས་ཕར་ཞོག ཐ་ན་ཆམ་པ་དྲག་སྤྱད་ཅིག་དང་། རྨ་ཁ་ལ་ཕན་སྤྱད་ཀྱི་བྱུག་སྨན་སྟབས་བདེ་ཞིག་ཀྱང་འདོན་ཐུབ་མེད། ལག་ཆ་ལ་རྡོ་རྣོན་པོ་མ་གཏོགས་བཟོ་མི་ཤེས་མཁན་ཞིག་གིས་ཀླད་པ་ལ་གཤག་བཅོས་བྱེད་ཤེས་པ་ཡ་མཚན་ཆེ།
ལུང་རྟོགས་ལགས། དེ་དུས་ལྕགས་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་མ་བྱུང་། གཟུགས་པོའི་ཆ་གཞན་གཤག་བཅོས་ཐུབ་པའི་དབང་དུ་བཏངས་ཡང་། ཀླད་པའི་གཤགས་བཅོས་རྡོ་ཞིག་གིས་མི་ནུས་སྙམ། དུས་རབས་ཉེར་གཅིག་པའི་སྐབས་ལྟ་བུ་ཡང་ཀླད་པའི་གཤག་བཅོས་ཤིན་ཏུ་ནས་ཉེན་ཁ་ཅན་ནམ། ཡང་ན་དཀའ་ཤོས་སུ་བརྩིས་སྣང་འདུག།
བོད་སྨན་པ་མང་པོ་ཞིག་བླ་རྫུན་ཞིག་ས་ཆ་རྒྱུས་མེད་པ་ཐོན་པ་དང་གཅིག་མཚུངས་རེད། ཁ་ཕོ་ཆེན་པོ་བསྒྲགས་རྒྱུ་ལ་དགའ་བ་རེད། བར་ལམ་ཞིག་ལ་བོད་སྨན་པ་ཞིག་གིས་ང་ཚོའི་བོད་སྨན་གྱིས་ཨ་ཙིའི་ནད་བཅོས་ཐུབ་ཟེར་ནས་ཁ་ཕོ་བསྒྲགས་པ་རེད།
བོད་སྨན་གྱི་ནུས་པས་ཨེ་ཙི་བཅོས་རྒྱུ་དཀའ་མོ་རེད། འོན་ཀྱང་ནང་ཆོས་ལ་བརྟེན་ནས་བཅོས་ཐབས་ཡོད་དམ་སྙམ། ཡི་དམ་གང་རུང་ཞིག་གི་དྲག་སྔགས་ཅི་ནུས་ཤིག་གསག་ན་ག་འདྲ་ཡིན་ནམ། ཨེ་ཙིའི་དྲག་ཐུབ་བམ། ངས་ནི་ཡི་དམ་གྱི་བསྙེན་པ་མང་བོ་ཞིག་བཏངས་ན་ཨེ་ཙིའི་ན་ཚ་དྲག་གི་རེད་བསམ་གྱིན་ཡོད། གཅིག་བྱས་ན་རྨོངས་དད་ཡིན་སྲིད།།
ལོ་ངོ་ལྔ་སྟོང་སྔོན་ལ་ལག་ཆ་རྣམས་རྡོ་ལ་བརྟེན་པ་ཚན་རིག་གིས་ར་འཕྲོད་པ་རེད། དེ་དུས་མཚོན་ཆ་རྣམས་ཀྱང་རྡོ་ལ་བརྟེན་གྱི་ཡོད། དེའི་སྐབས་ལྕགས་འཛམ་བུའི་གླིང་ན་སུ་གཅིག་གིས་བཟོ་ཐུབ་མེད། བོད་པས་བཟོ་མ་ཐུབ་པ་ལ་ཧ་ལས་རྒྱུ་མེད། གསོ་རིག་ལ་བསམ་མ་སྲོལ་རྒྱུན་གྱི་སྨན་པ་ཧང་སངས་དགོས་པ་དེ་འདྲ་རྒྱལ་ཁབ་མང་པོའི་ལོ་རྒྱུས་ནང་ཡོད་ཙང་། བོད་ལ་ཡང་སྨན་པ་དེ་འདྲ་བྱུང་མ་ཆོག་པ་གང་ཡོད།
དེ་རེད། རྡོ་ཡི་ལག་ཆ་ཅན་ཞིག་གིས་ཀླད་པའི་བཤག་བཅོས་བྱེད་པ་དེ་ལ་ཧ་མ་ལས་ན་གང་ལ་ཧ་ལས། ང་ནི་ཧ་ལས་ནས་ཤི་གྲབས་འདྲ་བྱས་སོང་། ད་ཧམ་པ་བཤད་མཚམས་ཞོག
ཧ ཧ ཧ ཧ དེ་དག་ང་ཚོས་བགྲོས་ཟིན་པའི་གཤིན་རྡོས་བསད་པའི་མི་རོ་ཚོ་རྙེད་པ་མིན་ནམ། ཧ ཧ ཚན་རིག་པའི་གླན་རྟགས་བརྟན་པ་རེད། རོ་དེ་དག་ནད་ལས་དྲག་སོང་བ་ཡིན་པར་ཅི་ཞིག་གི་གོ ད་དུང་རྡོས་བསད་པ་ཡིན་མིན་ཡང་གསལ་ཁ་བྱས་མི་འདུག
ཞིབ་འཇུག་པའི་གནས་ཚུལ་སྤེལ་སྟངས་འདི་འདྲ་ཞིག་མིན།
བརྟག་དཔྱད་ཞིབ་འཇུག་ཅན་གྱི་གནས་ཚུལ་འགོད་སྟངས་ནི། རྡོ་དེའི་རྡོ་ངོ་འཕྲོད་དགོས། ནད་དེའི་ནད་མྱིང་གསལ་དགོས། ཡུལ་དུས་གཉིས་བོ་གསལ་ཙམ་ཡོད་པས་རྒྱུ་མཚན་གྱིས་བཤད་བཤད་པོ་བདེན་དུ་བཟུང་ནས་ཧ་ལས་དགོས་དོན་གང་ལ་ཡོད།
འགྲོ་བ་མི་འདི་དུད་འགྲོ་ལས་ཁྱད་དུ་འཕགས་པ་ནི་ལོ་ལྔ་སྟོང་ལས་མ་ཚད་པའི་ཡར་ན་ཡོད་ནི་རེད། དེ་ན་དེ་དང་དེ་བཞིན་གྱི་གདེང་འཇོག་ཞིག་ཡོད་ན། ང་ཚོ་ཡང་སྔ་རྗེས་མི་རིག་པའི་ལག་ན་ལག་རྩལ་གྱིས་སྟོང་བའི་ཁ་གསོན་འགའ་ལུས་ཡོད་པ་ལོས་ཤེས།
གཤོབ་རྐྱལ་ཟིག་གིས་གཤོབ་སྟེག་པས། ཧེབ་རྒན་ཟིག་ལ་གཉིད་མ་ཡོང་ཟེར་བ་དང་གཅིག་པ་འདྲ་ཟིག་རེད།
སྐབས་དེར་རྡོ་ཆས་ཀྱི་དུས་རབས་ཡིན་ནའང་མིའི་འབྱུང་ཁམས་ཀྱི་ནུས་སྟོབས་དང་བཟོད་གསན། ཐལ་སྤྱོད་ཀྱི་ལག་ཐབས་སོགས་ནི་ད་ལྟའི་མིའི་བྱེད་སྟངས་ལས་དགུ་འགྱུར་ཆེ་བར་ཡོད་རྩང་བཤག་བཅོས་དེ་དག་བྱས་མི་ཆོག་པ་གང་ཡང་མེད་སྙམ། བོད་ཀྱི་གསོ་ཐབས་ལག་རྩལ་ནང་དུ་མིའི་རྒྱུ་མ་ཆད་ན་ར་ལུག་གི་རིལ་མ་རྒྱུ་རློན་དུ་བཅུག་ནས་མིད་ན་རྒྱུ་ཆད་མཐུད་པའི་ལག་རྩལ་དེ་འདྲ་ཡོད་ནི་རེད། ང་ཚོས་ད་ལྟའི་ཚན་རིག་གི་ནུས་ཐབས་སླ་པོ་འདིར་བསམ་བློ་གཏོང་ནས་འདས་པའི་ལོ་རྒྱུས་ནང་མིས་གཅིག་བྱས་ཐུབ་ཡོད་རྒྱུ་མ་རེད། གཉིས་ནུས་ཀྱི་མ་རེད་སོགས་གླེང་ཅུང་དཔྱད་པ་མ་གཏོང་བ་ཞིག་དྲན། སྐབས་དེར་ཆ་རྐྱེན་དེ་ཙམ་མེད་ཀྱང་ཡ་ཡུད་དང་ཉེས་ཁ་ཅན་གྱི་ཐབས་ལམ་མང་པོ་ཞིག་བེད་གཏན་གཏན་སྤྱད་ཡོད་ནི་རེད་དྲན། དེ་ལྟར་ཡ་ཡུད་ཅན་གྱི་བཤའ་བཅོས་དང་གསོ་ཐབས་ལག་ལེན་དེ་དག་ལ་བརྟེན་ནས་གྲུབ་འབྲས་ཐོན་པ་ནི་ད་ལྟ་ལས་ཆེས་ཉུང་བ་ཡོད་རྒྱུ་རེད་སྙམ།
སྨན་པ་ལགས་ནས་གནས་ཚུལ་འདི་དུང་དཀར་ལགས་ཀྱི་གསུང་རྩོམ་ཞིག་ནས་མཇལ་སྐོར་གསུང་བྱུང་། འོན་ཀྱང་དེབ་བམ་དུས་དེབ་སོགས་གང་ཞིག་ནས་མཇལ་བའི་གསལ་ཁ་མི་འདུག
ང་ཚོས་དུང་དཀར་བའི་གསུང་རྩོམ་དག་ནས་རྩོམ་ཡིག་འདི་རག་པ་ཡིན་ན། གནས་ཚུལ་གསལ་པོ་ཞིག་ཡོད་རྒྱུ་གཏན་གཏན་རེད། དེ་མིན་རང་ལྟ་མཆོག་འཛིན་གྱི་བསམ་ཚུལ་རྐྱང་པས་ཅང་མི་ཕན།
དོལ་སྨྱོན་ལགས། ང་ཚོས་རྒྱུ་མཚན་དང་དཔང་རྟགས་ལ་ཁུངས་བཅོལ་དགོས་པ་རེད། དུང་དཀར་བློ་འཕྲིན་ཚད་མར་བཟུང་དགོས་ཟེར་ན་ཡ་མཚན་པོ་ཆགས་ཡོང་གི་རེད་ལགས།
མཁས་དབང་དུང་དཀར་ལགས་ཀྱིས་བོད་ཀྱི་གསེར་ཟངས་ལྕགས་ཀྱི་བདུལ་སྦྱོང་ནི་དུས་རབས་དང་པོའི་ཡར་སྔོན་ལ་ཡིག་ཐོག་ནས་ཨུ་ཚུགས་རྒྱབ་མེད། ཡིན་ནའང་གནའི་རྫས་ལ་དཔྱད་པས་ཁུངས་འདྲ་མིན་སྐྱེལ་སྲིད་པར་ཁོང་གིས་དགོངས་ཡོད་པ་རེད། གནའ་རྫས་བརྟག་དཔྱད་ཞིབ་འཇུག་བྱེད་ཚུལ་ཧ་ལས་པ་ཞིག་རེད། གནའ་རྫས་ཀྱི་ཁུངས་སྐྱེལ་བ་ལ་གནའ་རྫས་དགོས་ཀྱིན་ཡོད། དེང་སང་སེམས་སྐྱོ་དགོས་པ་ཞིག་ནི་ཙི་ཁུང་རྙིང་པ་ཞིག་རྙེད་སོན་བྱུང་ན་ཡང་དང་པོར་རྒྱ་མི་ཚོས་ནང་དུ་བལྟ་དགོས་ཀྱིན་རེད། ཡུལ་མི་ཤ་ཚ་ཅན་ཞིག་མ་སླེབས་སྔོན་དུ་རྐུ་ཡང་ཤོར་སྲིད་པ་དང་། ཡུལ་མི་ཚོའི་རྣམ་རྟོག་གིས་རྩ་མེད་ཡང་བཟོ་སྲིད། ཉེ་ཆར་གནའ་རྫས་ཟེར་ན་སྐད་གྲགས་ཏོག་ཙམ་བྱུང་མོད། བཙོང་ན་གོང་ཆེ་བ་དེ་ཙམ་རེད། རང་དབང་མེད་ན་རེ་བ་ཞེ་དྲག་ལྷག་ཡོད་པ་མ་རེད། རང་དབང་གི་རེ་བ་དེ་ད་གང་དྲག
བདུལ་སྦྱོང་འདུལ་སྦྱོང་ལ་བཅོས་རོགས།
དྲ་འབུ་ནི་དྲ་འབུ་རང་རེད། རང་གི་བློ་ལ་མི་འགྲོ་བ་ཙམ་རྒྱུ་མཚན་དུ་བྱས་ནས་འདི་འདྲ་འབྱུང་མི་སྲིད་པར་བཤད་པ་ནི་སྐད་ཆ་ཆོ་མེད་རེད། གལ་ཏེ་གནས་ཚུལ་འདི་འདྲ་ཞིག་ནུབ་ཕྱོགས་ལུང་པ་ཞིག་ན་བྱུང་ཡོད་འདུག་ཅེས་ནུབ་ཕྱོགས་པའི་མཁས་པ་ཞིག་གིས་བཤད་ཡོད་ན། མི་འདི་ཚོས་བདེན་ཅོག་ཅོག་གིས་ཁས་ལེན་ཐག་ཆོད་ཡིན། འདི་འདྲ་བྱུང་ཡོད་མི་སྲིད་པ་གང་ཡང་མ་རེད། དཔེར་ན་གཟི་ལ་མཚོན་ན་གནའ་སྔ་མོ་ནས་བོད་ཀྱི་མིའི་ལག་རྩལ་ལས་བྱུང་བ་ཞིག་རེད། དེང་སང་དུས་རབས་ཉེར་གཅིག་པའི་ནང་ལ་ཡང་གཟི་དངོས་གནས་ཤིག་སུས་ཀྱང་བཟོ་ཐུབ་ཀྱི་མེད་པ་ལྟ་བུ་རེད།
ཨ་ཕྱི་རྒན་མོས་རྩོམ་ཀློག་ཤེས་ཀྱི་མེད་པ་འདྲ། མགོ་རུས་རྡོ་ཡིས་ཕུག་པའི་རྗེས་སུ་ལོ་བཅུ་བཞི་བཅོ་ལྔ་ཙམ་འཚོ་ཐུབ་ཡོད་པ་ནི། ཕུག་མཚམས་ནས་རུས་པ་གསར་དུ་སྐྱེས་པ་ལས་ཤེས་རྟོགས་ཐུབ་པ་བཤད་མི་འདུག་གམ། མི་ཤི་ཚར་ནས་རུས་པ་གསར་དུ་ཇི་ལྟར་སྐྱེ། ཧཧཧ
ལུང་རྟོགས་ལགས། དེང་སང་གཟི་དངོས་གནས་བཟོ་མི་ཤེས་པ་བདེན་ཡང་། གཟི་གནའ་སྔ་མོའི་བོད་མིའི་ལག་རྩལ་ལས་བྱུང་བའི་ཁུངས་ཁེར་ཤོག
གཟི་ནི་བོད་ཀྱི་ཐུན་མོང་མིན་པའི་ཅ་ལག་ཅིག་རེད། དེ་ལས་ལྷག་པའི་ཁུང་ཅང་དགོས་ཨེ་ཡོང་།
མི་དགོས་མི་དགོས་དངོས་གནས་མི་དགོས། རྗེས་མར་གཟབ་གཟབ་གནང་རོགས་ཨ། གང་བྱུང་མང་བྱུང་ཞུ་དུས་ཡ་རབས་ཟེར་བ་དྲན་གསོས་ཤིག
ཧཧཧ་་་དྲན་དཀར་དཔལ་ཡོན་འདིས་ཅི་ཞིག་གསུང་གི་ཡོད་ན་ངས་ངོ་མགོ་འཚོས་མ་སོང་།
བོད་ཀྱི་སྲོལ་རྒྱུན་རིག་གནས་སྨྲ་བ་ཚོས། ཚན་རིག་པས་གསར་དུ་རྙེད་པ་མང་པོ་ཞིག་ང་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་ནས་རྙེད་ཡོད་ཅེས་ཁ་ཕོ་སྒྲོག་གི་འདུག གལ་སྲིད་དེ་ལྟར་ཡིན་ན་ད་ལྟ་ང་ཚོས་འཚོ་བ་དངོས་ཀྱི་ཁྲོད་ཁབ་ཅིག་ཚུན་ཆད་ཚན་རིག་པར་རེ་བ་བཅོལ་དགོས་ཐུག་གི་འདུག་མོད། དངོས་ཡོད་མདུན་དུ་བཞག་ནས་ད་དུང་འུད་ཤོབ་ཤོད་པ་ནི་ཧམ་པ་མིན་ན་ཅི་ཡིན།
གོང་གི་རྩོམ་ཡིག་འདིའི་ཁུང་ཡོད་ཚད་ཚན་རིག་ཞིག་འཇུག་ཅིག་ལ་ཁུངས་བཅོལ་གྱི་འདུག་མོད། ཚན་རིག་པ་སྒེར་རེ་རེའི་ཞིབ་འཇུག་སྡོམ་ཚིག་ཡོད་ཚད་ལ་ཡིད་རྟོན་བྱས་ནས་ཚད་མར་སྨྲ་བ་ནི་དེ་བས་ཀྱང་དགོད་བྲོ་བ་ཞིག་རེད། དེ་ལྟར་ན་སྔ་མོའི་ཚན་རིག་པའི་ཁྲོད་སའི་གོ་ལ་ལེབ་ལེབ་ཡིན་པར་སྨྲ་མཁན་ཡང་བྱུང་མོད་དེ་ཚོ་ཡང་བདེན་པར་འཛིན་རྒྱུ་ཡིན་ནམ། འཐུས་ཚང་རང་བཞིན་གྱི་ཚན་རིག་གི་སྡོམ་ཚིག་ཅིག་ཡིན་མིན་ནི་སྡོམ་ཚིག་དེ་དང་དེར་ཚན་རིག་པ་སྤྱི་ཡོངས་ཀྱིས་གདེང་འཇོག་ཐོབ་པ་ཞིག་ཡིན་དགོས་ཀྱི། གོང་གི་དེར་དེ་འདྲའི་དཔང་རྟགས་འདྲ་ཡོད་དམ། དེ་འདྲའི་དཔང་རྟགས་འདྲ་ཡོད་ན་རྡོ་བས་ཀླད་པ་གཤགས་བཅོས་བཏང་རབས་ཀྱི་བོད་ཀྱི་ཐུན་མིན་ཚན་རིག་ལག་རྩལ་དེ་ (Times) དུས་དེབ་བརྒྱུད་ནས་ཁྱབ་བསྒྲགས་ཐོངས་ཤོག་དང་། འཛམ་གླིང་གི་ཚན་རིག་པ་ཚང་མས་མགྲིན་གཅིག་ཏུ་ཁྲེལ་དགོད་བྱེད་ངེས་པར་ངས་ཁག་ཐེག་བྱེད་ཆོག ཧཧཧཧཧ
བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་ཟུར་ཙམ་ཡང་མེད། ད་གཟོད་མིའི་ཁོག་པའི་ནང་ནས་རྡོ་གཏེར་འདོན་དུ་འཇུག་པ་རེད།
ངས་སྐད་ཆ་འདི་འོལ་ཚོད་བྱས་ནས་བཤད་པ་མིན་ཏེ། བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་ནད་རོ་ཁ་ཤས་དཔང་རྟགས་དང་བཅས་དངོས་སུ་སྟོན་རྒྱུ་ཡོད། ཡིད་མི་ཆེས་ཟེར་མཁན་ཚོ་བདག་གི་གམ་དུ་ཕེབས་ཤོག་དང་མངོན་སུམ་དུ་ར་སྤྲོད་བྱེད་ཆོག
རྟ་བདུན་དབང་པོའི་སྐད་ཆ་ལ་རྒྱུ་ཚན་འདུག་
བོད་ཀྱི་གསོ་རིག་ལ་ཆ་བཞག་ན་བཤག་བཅོས་ཀྱི་ལག་ཆ་མང་པོ་ཡོད་པ་དེ་ཚོ་སྔ་མོ་བཤག་བཅོས་བྱས་ཀྱི་ཡོད་པ་ར་འཕྲོད་པ་རེད། མི་ཚོ་ཆེད་ལས་པས་ཞིབ་འཇུག་བྱས་ནས་གསལ་བཤད་བྱེད་ཀྱི་ཡོད་རེད་མ་གཏོགས་ང་ཚོ་ནང་བཞིན་རང་གི་སྣང་བ་གང་ཤར་དེ་ཨུ་ཚུགས་རྒྱབ་ནས་དྲྭ་རྒྱའི་ནང་བཀོད་པ་དེ་འདྲ་མ་རེད།
ལྷག་པར་དུ་རྡོ་དང་ཤིང་ལ་རྣོ་གྲི་ལྟར་ཐོན་རྒྱུ་ཡོད་པ་ཙམ་ཡང་མི་ཤེས་པ་རྣམས་ནི་ཁྲོན་པའི་སྦལ་པ་རང་རེད།
བོད་ཞེན་ཆེ་དྲག་པས། ཁྱོད་ཁྲོམ་པའི་ཁ་འི་སྦལ་བ་འདི། ཁྲོམ་པའི་ནང་ལ་མཆོང་རྩིས་བྱེད་བཞིན་མེད་པ་ཨ། ཤིང་རྡོ་ལ་བརྡར། རྡོ་ཤིང་ལ་བརྡར་ནས་རྣོ་རལ་གྲི་འདྲ་ཟིག་འདོན་ཐུབ་པའི་ཨ་མྱེ་རེ་ཡོད་ན་ཡག་པོ་མ་རེད་ཟེར་ས་གང་ལ་འགྲོ་ཡང་། ཡིན་ན་ཡང་བློ་དང་ཐབས་ཚང་མ་དུར་སར་ཁྱེར་སོང་བ་འདི། ཨ་མྱེ་རིག་རྒོད་ཁྱོད་འདྲ་བ་ཞིག་མིན་དང་ཟིག་གི་མོ། དེ་ཨེ་ལྡན་གི། བོད་ཞེན། བོད་ཀི་ས་ཐོག་ནས་ཤི་རོ་རག་ན་བོད་པ་རང་ཡིན་དགོས་བ་དེ་སུའི་བཀའ་རེད། ལོ་ངོ་སྟོང་ལྔ་འི་སྔོན་ཟིག་གི་རོ་དེས་བོད་སྐད་བཤད་ཀི་ཡོད་མེད་སུས་ཤེས་ཡོད་ཀི། བརྟག་དཔྱད་ཞིབ་འཇུག་བྱས་ཡོད་ན་ལན་ཡོད་ཡོད་པ་རེད། ཨ་ཡོ་ཧོ་ཟིག་ལ།
ཧཧཧ། ད་ཡང་གནམ་རྒན་མ་འདིས་བཤད་ཀྱི་འདུག བོད་ཀྱི་ས་ཐོག་བས་ཤི་རོ་རག་པ་དེ་བོད་པ་མིན་ན་སུ་ཡིན་དགོས་པ་རེད། བོད་པ་བྱུང་བའི་གོང་ན་བོད་ཀྱི་ས་ཐོག་ལ་མི་རིགས་གཞན་ཞིག་བྱུང་མྱོང་བའི་ལོ་རྒྱུས་བཤད་རྒྱུ་ཨེ་ཡོད། ཡོད་ན་ཁྱེར་ཤོག་དང་ཉན་ནས་སྡད་ཡོད།
ལོ་ལྔ་སྟོང་སྔོན་ནས་བོད་ཡུལ་ཡོད་པ་དང་དེར་བོད་མིའི་འགྲོ་བ་ཆགས་ཚར་ཡོད་པ་ཧ་གོ་བ་ཙམ་གྱིས་འགྲིག་ཚར་བ་རེད། མང་པོ་ཤོད་མི་དགོས། །
བཀྲ་ཤིས་དོན་འགྲུབ་ནས།
༼བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་ཟུར་ཙམ་ཡང་མེད། ད་གཟོད་མིའི་ཁོག་པའི་ནང་ནས་རྡོ་གཏེར་འདོན་དུ་འཇུག་པ་རེད།༽
ཁྱེད་ཀྱི་སྐད་ཆ་འདི་ཅུང་ཡ་མཚན་པོར་མཐོང་སོང་། ཁྱེད་ཀྱིས་བོད་སྨན་ནི་མི་ཡི་ཁོག་པར་རྡོ་ཆགས་པར་བྱེད་མཁན་ཞིག་ཡིན་པ་དང་། དེའི་རྒྱུ་མཚན་ནི་རྡོ་དང་ལྕགས་རིགས་མང་པོ་ཞིག་ལ་བོད་སྨན་ནང་བཞུ་བཏུལ་བྱེད་པའི་ལག་རྩལ་མེད་ཟེར། དེ་འདྲ་གཏན་ནས་མིན་ཏེ། རྡོ་རིགས་ནང་ནས་སྨན་ནང་འགྲོ་ཆེ་ཤོས་ནི་ཅོང་ཞི་རེད། ཅོང་ཞི་གཅིག་པུ་ལ་མཚོན་ན་དེའི་འདུལ་སྦྱོང་གི་རིག་པ་ནི་ནད་ཀྱི་གནས་སྟངས་ལ་ལྟོས་ནས་ཐབས་མི་དྲ་བ་དུ་མ་ཞིག་གསུངས་ཡོད།
ལྕགས་ལ་མཚོན་ནའང་ཐོག་མར་ལྕགས་ཀྱི་རྒྱུ་ཆ་དེ་ནས་དེའི་འདུལ་སྦྱོང་དང་དུག་འདོན་ཐབས་སོགས་རྒྱ་ཆེ་ལ་གཏིང་ཟབ་པའི་སྒོ་ནས་གསུངས་ཡོད་ལ། ད་ཡོད་སྨན་སྦྱོར་སྡེ་ཚན་དག་ནས་དེ་དག་ལ་ལག་ལེན་སྤུས་དག་བྱེད་བཞིན་ཡོད།
གཞན་ཡང་བོད་སྨན་ཟོས་ནས་མི་ཡི་ཁོག་པར་རྡོ་ཆགས་པའི་གནས་ཚུལ་ཡོད་སྲིད་མོད། དེ་ཡང་སྨན་རང་གིས་རྡོ་སྐྱེད་མིན་དེ་ཡང་ཞིབ་འཇུག་གི་གནས་རེད། རྒྱུ་མཚན་ནི་ནད་པ་དེའི་ཟས་སྤྱོད་དང་ཡུལ་དུས་སོགས་ལའང་ལྟོས་དགོས་པས་སོ།།
མདོར་ན་རྨ་དང་རྡབ་འགྲམས་སོགས་བློ་བུར་བའི་ནད་རིགས་འགའ་ཞིག་ལས། དེ་མིན་ཕྱི་ལུགས་ཀྱིས་བཅོས་ཐབས་བྲལ་བའི་ནད་རིགས་མང་པོ་ཞིག་བོད་སྨན་གྱིས་བཅོས་བཞིན་པ་མངོན་གསུམ་རེད།
གུས་པར་མཚོན་ན་སློབ་མཐར་ཕྱིན་རྗེས་ཉམ་གསོག་གི་ལས་ཀར་ཞུགས་ནས་ཟླ་བ་གཅིག་ལས་ཕྱིན་མེད་མོད། དུས་ཡུན་དེ་ཙམ་གྱི་ནང་དུའང་ནད་པའི་ཁ་གྲངས་ནད་དྲག་སྐྱེད་ཀྱི་གནས་ཚུལ་དག་ལ་བསམས་ན། བོད་སྨན་འདི་ལ་དད་པ་སྐྱེ་བ་ཞིག་དང་རང་ཉིད་རིག་གཞུང་འདི་ལྟ་བུ་ཞིག་ལ་ལག་ལེན་བྱེད་སྐལ་འབྱུང་བར་སྤོབས་སེམས་བྱེད་བཞིན་ཡོད།
ད་དུང་ནད་ཐོག་ཉམ་མྱོང་དང་གཞུང་ལུགས་རྒྱབ་རྟེན་ལ་ཧུར་བརྩོན་གྱིས་འབྱུང་འགྱུར་ཉམ་ཐག་ནད་པའི་འགོན་དཔུང་ཞིག་ཏུ་འགྱུར་བར་སྨོན་ལམ་འདེབས་བཞིན་ཡོད།
དོལ་སྨྱོན་ལགས་ཞུ་བ་ཁྱེད་ཀྱིས་གསལ་བཤད་གནང་བར་ངས་ཡིད་རངས་བྱེད་དགོས་ངེས་ལགས་ཀྱང་། ཁྱེད་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་རྡོ་ལྕགས་རིགས་བཞུ་བཏུལ་བྱེད་ཐབས་བཤད་ལུགས་བརྗོད་འདུག་ལ། ངས་ནི་བོད་ཀྱི་གསོ་བ་རིག་པའི་ནང་བཤད་པའི་བཞུ་བཏུལ་བྱེད་སྟངས་དེ་དག་བཞུ་བཏུལ་བྱེད་སྟངས་ཚད་ལྡན་ཞིག་མིན་པ་མངོན་སུམ་གྱིས་ར་སྤྲོད་བྱས་ཡོང་གི་ཡོད་ཙང་། ད་གཟོད་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་མེད་ཟེར་བ་ཡིན། གཉིས་པ་བོད་སྨན་གྱིས་ཁོག་པའི་ནང་རྡོ་བསྐྱེད་པའི་སྐད་ཆ་དེ་ངས་ཞིབ་འཇུག་མ་བརྒྱུད་པའི་ཟེར་འགྲོས་ཁ་ལ་ཁྱེར་བ་མིན་ཏེ། ཕྱི་ལུགས་སྨན་པས་ཞིབ་འཇུག་བྱས་ཤིང་འཕྲུལ་ཆས་ཀྱིས་བརྟག་དཔྱད་བཏང་ནས་དཔང་རྟགས་ཡོད་པའི་སྐད་ཆ་ཡིན་པས། དེར་དེ་ལས་ལྷག་པའི་ཞིབ་འཇུག་བྱེད་དགོས་པ་མི་འདུག
དམ་པའི་ཆོས་མངོན་པ་མཛོད་ན། གང་གི་ཟླ་མཚན་ལས་བྱུང་མ།། ཟེར་བའི་ཚིག་ཅིག་འདུག དེ་ལ་འགྲེལ་བ་རྣམས་ཀྱིས་འགྲེལ་བཤད་བྱེད་དུས། ཨ་མ་ལ། སྐྱེས་པའི་ཨ་མ། གསོ་བའི་ཨ་མ། ནུ་མ་སྣུན་པའི་ཨ་མ། སོགས་བྱིས་པ་གཅིག་ལ་མཚོན་ན་ཨ་མ་མང་པོ་ཞིག་གྲངས་ཀ་བརྒྱབ་ནས། མ་བསད་པའི་མཚམས་མེད་འབྱུང་ས་ངོ་མ་དེ་ཐོག་མར་རང་གི་ལུས་པོ་བསྐྱེད་བྱེད་ཀྱི་ཟླ་མཚན་གང་ལ་འབྱུང་ས་དེ་ཡིན་པ་དང་། ཟླ་མཚན་དེ་བུད་མེད་གཞན་གྱི་མངལ་ལ་བླུག་ནས་བུད་མེད་གཞན་གྱིས་མངལ་ནས་བསྐྱེད་ཅིག བུད་མེད་དེས་སྐྱེས་ན་ཡང་། ཨ་མ་ངོ་མ་དེ་གང་གི་ཟླ་མཚན་ཐོག་མར་ཐོན་ས་དེ་ཡིན་པར་གསུངས་འདུག
བུད་མེད་ཀྱི་མངལ་བཤགས་བཅོས་བྱེད་པའི་ལག་རྩལ་དེ་ནི་གནའ་སྔོན་མ་ཞིག་ལ་ཡོད་ས་རེད། མ་མཐའ་ཡང་མངོན་པ་མཛོད་རྩ་བ་རྩོམ་པའི་སྔོན་ནས་ཡོད་དགོས་པ་རེད་མ་གཏོགས། མངོན་པ་མཛོད་ཀྱི་ནང་དུ་ཐོན་མི་སྲིད། འདིའི་མཚན་ནས་གོང་གི་རྩོམ་ཡིག་དང་འབྲེལ་ནས་བཤད་ན། ཀླད་པ་བཤགས་བཅོས་ཀྱི་ལག་རྩལ་དེ་ཡང་དེ་སྔོན་ཞིག་ལ་ཡོད་སྲིད་པ་རེད་ཟེར་རྒྱུ་ཡིན།
ཡང་དེང་སང་བོད་ན་མེད་པ་ཅི་རེད་ཟེར་ནས་དྲི་བ་འདོན་མཁན་རྣམས་ལ། དྲི་བ་ཕར་འདྲི་རྒྱུ་ལ། དེང་སང་རྒྱལ་པ་རིན་པོ་ཆེ་བོད་ན་མེད་པ་ཅི་རེད།
འདི་ནང་གི་དྲ་གྲོགས་ཁ་ཤས་ཀྱི་བསམ་ཚུལ་ནི་ང་ཆུང་ཆུང་སྐབས་ཀྱི་བསམ་པའི་དྲན་ཚུལ་དང་འདྲ་བོ་འདུག ང་ཆུང་ཆུང་སྐབས་ཀྱི་བར་སྐབས་ཤིག་ལ་བཤགས་བཅོས་བཏང་ནས་ནད་པ་དྲག་བསྐྱེད་བྱེད་མཁན་ནི་ཀྲུང་གོ་ཁོ་ན་ཡིན་པར་དྲན༏ དེ་བཞིན་དུ་ཀྲུང་གོ་ནས་ཀྱང་གུང་ཁྲན་ཏང་སླེབས་པའི་རྗེས་སུ་ལག་རྩལ་འདི་རྙེད་པ་རེད་དྲན་མྱོང་། ད་བསམ་བློ་བཏང་ན། དེ་དུས་ང་ནི་ཇི་འདྲའི་བསམ་མེད་ཅིག་དང་། ཇི་འདྲའི་མཐོང་རྒྱ་ཆུང་བ་ཞིག་རེད་ཨང་སྙམ།
གཞོན་ནུ་ཟླ་མེད་ལགས། དེ་ག་ལ་འདྲ། རྒྱལ་བ་རིན་པོ་ཆེ་རྒྱ་དམར་བ་བཙན་འཛུལ་བ་ལ་བྲོས་ནས་རྒྱ་གར་ལ་བསྡད་ཡོད་རེད་ཟེར་ནས་ངས་ལན་འདེབས་ཐུབ། ཁྱོད་ཚོར་ཐོག་མར་རྡོ་རྣོན་པོ་ལ་བརྟེན་ནས་ཀླད་པ་གཤག་བཅོས་བྱེད་ཐུབ་ཀྱིན་ཡོད་ས་ནས་ད་ལྟ་གྲི་རྣོན་པོ་ལ་བརྟེན་ནས་རྒྱུ་ལྷག་ཅིག་ཀྱང་གཤག་བཅོས་བྱེད་མི་ཐུབ་དོན་ཅི་རེད། བོད་སྨན་ལ་ཁྲག་དགོག་སྤྱད་ཅིག་དང་གཟེར་འཇོམས་བྱེད་ཀྱི་ལག་རྩལ་ཡང་མེད་ས་ན་ཀླད་པ་གཤག་བཅོས་ག་འདྲ་བྱེད། ལག་རྩལ་དེ་གང་དུ་བྲོས་སོང་བ་རེད་ཅེས་ངས་ཁྱེད་ལ་ཕར་འདྲི་བ་ཡིན། བོད་སྨན་ཟ་ན་གཟབ་གཟབ་ཀྱིས། བོད་སྨན་གྱིས་ཁུངས་མི་འཁྱོལ་བའི་མགོ་ཚུགས་ཚར་བ་རེད། ལོ་ཤས་སྔོན་ནས་ཁྲག་གཏར་བ་དང་། མེ་བཙའ་འཇོག་པ། ལྕགས་ཚུགས་འཇོག་པ་སོགས་རིམ་གྱིས་རིམ་གྱིས་ཕྱིར་འབུད་གཏོང་དགོས་ཐུག་ཡོང་གིན་འདུག་ག རིན་ཆེན་རིན་བུ་དེ་ཡང་གསེར་དངུལ་འདྲ་བསྲེས། དར་གོས་ཆེན་གྱིས་བཏུམ་ནས་རྨོངས་དད་ཅན་ཚོར་བཙོང་པ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་མེད་པ་བརྒྱ་ཆ་བརྒྱ་རེད། བོད་སྨན་འདི་རྨོངས་དད་ཀྱི་ཆ་ཤས་ཤིག་རེད་བསམ་པ་ཙམ་ལས་ཡིད་ཆེས་ཤིག་མེད།
དངོས་གནས་ཡག་པོ་འདུག ང་ཚོ་བོད་ལ་རང་དབང་མེད་པར་གོ་སྐབས་མ་རག་པ་མ་གཏོགས་གོ་སྐབས་ཅིག་རག་ཚེ་ནམ་ཡང་སྔོན་ཐོན་གྲལ་དུ་ཚུད་ངེས་རེད།
ད་བོད་སྨན་གྱི་ནུས་པ་མི་ཤེས་མཁན་ཚོས་བོད་སྨན་གྱི་ལེགས་ཉེས་བཤད་པ་ནི་བུ་རམ་ཟ་མ་མྱོང་བའི་མི་ཞིག་གིས་བུ་རམ་གྱི་བྲོ་བ་ཞིམ་མི་ཞིམ་བཤད་པ་དང་གཅིག་པ་རེད། ང་ལ་མཚོན་ན་སྨན་པ་ཞིག་མིན་ཡང་ལོ་མང་རིང་བོད་སྨན་ཟོས་པའི་ཉམ་མྱོང་གི་སྟེང་ནས་བཤད་ན་བོད་སྨན་གྱི་ནུས་པ་ནི་ཧ་ལས་པ་ཞིག་རེད། ད་དུང་ཕྱི་ལུགས་སྨན་པས་ཟླ་ཤས་ནང་ཤི་རྒྱུ་ཐག་བཅད་ཟིན་པའི་ནད་པ་བོད་སྨན་ཟས་ནས་ལོ་ཁ་ཤས་འཚོ་ཐུབ་པ་དེ་འདྲ་དངོས་སུ་མཐོང་མྱོང་།
བོད་ན་ཆ་ཚང་ཡོད་པ་རེད་ཟེར་མཁན་ཚོར་ངས་ཀྱང་དྲི་བ་ཞིག་འདྲི་རྒྱུར། བོད་ན་ཆ་ཚང་ཡོད་ན། བོད་མི་ཚོ་འདི་ལྟར་རྗེས་ལུས་ཐེབས་དགོས་དོན་གང་ཡིན་ནམ། སྐྱག་པ་གཏོང་སའི་སྤྱོད་ཁང་ཞིག་བཟོ་དགོས་པ་ཚུན་ཆད་ཚན་རིག་ལག་རྩལ་ལ་མི་རེ་ཐབས་མེད་དུ་གྱུར་དགོས་དོན་གང་ཡིན་ནམ།
བོད་སྨན་ངས་ཀྱང་ཟ་ཁུལ་བྱེད་མྱོང་མོད་ནད་དྲག་པའི་ནུས་པ་འདུག་བསམ་པའི་།མས་མྱོང་གང་ཡང་མེད། དེ་ས་ལྡོག་སྟེ་ནུབ་ལུགས་སྨན་འདི་རིགས་རྨ་ཁ་སོས་ཐུབ་ཟེར་ན་རེད། ཆམ་པ་དྲག་ཟེར་ན་རེད། ནུས་པ་ཏག་ཏག་ཐོན་གྱི་འདུག
བཀྲ་ཤིས་དོན་འགྲུབ་ལགས་སུ།
ཐོག་མར་ཁྱེད་ཀྱིས་བོད་ཀྱི་གསོ་རིག་ནས་གསུངས་པའི་རྡོ་ལྕགས་ཀྱི་བཞུ་བཏུལ་ཚད་ལྡན་མིན་ན་འོ་ན་དེའི་བཞུ་བཏུལ་ཚད་ལྡན་ཇི་ལྟར་ཡིན་སྐོར་ཁ་གསལ་ཞིག་གསུངས་རོགས། གུས་པར་ཕན་ཐོགས་ཆེ་ངེས་རེད།
དེ་ནས་བོད་སྨན་གྱིས་ཁོག་པར་རྡོ་ཆགས་པ་བདེན་དུ་ཆུག་ཀྱང་མི་ལྔ་ཙམ་གྱི་ཁོག་པར་རྡོ་སྐྲན་ཆགས་ནའང་མི་སྐྱོན་ཏེ། མི་སྟོང་གི་ཁོག་པའི་རྡོ་སྐྲན་བཤིགས་པར་བྱེད་པ་མངོན་གསུམ་ཡིན་པས་སོ།།
སྤོབས་མཐའ་ལགས་སུ།
བོད་སྨན་གྱིས་ཁྱེད་ལ་མ་ཕན་ན་སྡུག་གྱོང་རེད། མི་ཚོགས་འབུམ་ཕྲག་ལ་ཕན་པ་མངོན་གསུམ་ཡིན།
རིན་ཆེན་རིལ་བུས་ཁྱེད་ལ་མ་ཕན་ནའང་སྡུག་གྱོང་གྱིས། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་མི་འདང་བའི་དཀའ་ངལ་ཕྲད་བཞིན་འདུག
དོལ་སྨྱོན་ལགས། བོད་སྨན་གྱིས་ང་ལ་མ་ཕན་པ་དེར་སྡུག་གྱོང་ག་རེ་བྱས་ནས་ཡིན་པ་རེད། ང་ན་ན་ཡང་ན་བ་རེད། ནད་པ་ཞིག་ཡིན་པའི་ཆ་ནས་དྲག་དགོས་པ་མ་རེད་དམ། དད་པ་མེད་པས་མ་འགྲིགས་པ་རེད་དམ། སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཟེར་བའི་རྫུན་མ་དེ་ཚོ་རིལ་བུ་མང་པོ་བཙོང་ཐུབ་པ་དེ་ཡག་པོ་ཅང་མ་རེད། རྫུན་མ་བྲིན་པ་དེ་སྤྱི་ཚོགས་ཤིག་ལ་མཚོན་ན་སྡུག་འོས་པ་མ་གཏོགས་དགའ་འོས་པ་གང་ཡང་མ་རེད།
བོད་སྨན་ལ་དངུལ་ཆུ་སོགས་ཚུལབཞིན་བཞུ་བཏུལ་གྱི་ནུས་པ་མེད་ཀྱང་བསྲེས་པ་དེ་ཁྲིམས་འགལ་ཡིན་པས་སྔོན་མ་སི་ཝི་སི་རུ་རྙོགས་དྲ་བྱུང་མ་སོང་ངམ།
བོད་སྨན་ནི་མོ་མ་ངན་པའི་མོ་དང་འདྲ་སྟེ་ཏག་ཏག་ཅིག་ཡོད་པ་མ་རེད། བོད་སྨན་ནི་བླ་རྫུན་ངན་པ་ཞིག་དང་འདྲ་སྟེ་མགོ་སྐོར་གཏོང་ཐུབ་ས་ལ་ཐུབ་པའི་ཚོད་དང་མི་ཐུབ་ས་ལ་མི་ཐུབ་པའི་ཚོད་ཀྱི་ལས་ཀ་བྱེད་ཀྱི་རེད། དཔེར་ན། ཁྲག་ཤེད་མཐོ་འདུག་ཟེར་ནས་བོད་མི་ག་ཚོད་མང་པོ་ཞིག་གི་མགོ་ཁྲག་ས་ལ་གཏོར་ཡོད་རེད། དེང་སང་ཕྱིའི་ལུང་པ་རུ་དེ་ལག་ལེན་བསྟར་ཕོད་ཀྱིན་ཡོད་པ་མ་རེད། མེ་བཙའ་འཇོག་གི་ཡིན་ལབ་ནས་བོད་མི་ག་ཚོད་མང་པོ་ཞག་གི་པགས་པ་མེར་བསྲེགསབྱས་ཡོད། དེ་ཡང་ཕྱིའི་ལུང་པ་རུ་སླེབས་ཚར་དུས་ལག་ལེན་བྱེད་ཕོད་ཀྱིན་ཡོད་པ་མ་རེད། རྫུན་རྐུན་རེ་རེ་རེ་རེ་བརྡོལ་ཡོང་དུས་ལག་ལེན་རེ་རེ་ནས་འགག་འགྲོ་གི་རེད། མཐར་བོད་སྨན་ཆ་ཚང་ལ་ནུས་པ་མེད་པར་རྟོགས་འགྲོ་གི་རེད།
འོ་་་བཀྲ་ཤིས་དོན་འགྲུབ་ཀྱི་དྲི་བ་ནི་ལྐུགས་པའི་དྲི་བ་རང་རེད། ལོ་སྟོང་ཕྲག་མང་པོའི་སྔོན་གྱི་བྱ་དངོས་རྣམ་དེང་སང་མེད་པ་ག་རེ་རེད་ཟེར་ན། དེ་ལ་ལན་སྟབས་བདེ་ཤོས་ནོ་འདུས་བྱས་ཡིན་པའི་ཕྱིར། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་འདི་རེད།
སྤོབས་མཐའ་ལགས། ཁྱེད་རང་མི་གཅིག་ལ་བོད་སྨན་གྱིས་མ་ཕན་པ་རྒྱུ་ནཚན་དུ་བྱས་ནས་བོད་སྨན་ཕན་མེད་བཤད་ན་ཧ་ཅང་ཐལ་སོང་བ་རེད། བོད་སྨན་གྱི་མི་བརྒྱ་སྟོང་མང་པོ་ལ་ཕན་གྱི་ཡོད་པ་དངོས་ཡོད་རེད། དཔེར་ན་སྡ་སའི་སྨན་པ་ཡེ་ཤེས་དོན་ལྡན་གྱི་སྨན་ཁང་ནང་ལ་ཅིག་ལྟ་སོང་དང་། སྨན་སྟན་མཁན་བོད་པ་ལས་རྒྱ་གར་བ་ཧ་ཅང་མང་བ་ཡོད་རེད། བོད་སྨན་ལ་ནུས་པ་མེད་ན་ཁོང་ཚོ་ཡོང་མི་སྲིད། ཚུག་དང་སྟར་ཁ་སོགས་ཕྱི་ཕྱོགས་ལ་ལག་ལེན་བསྟར་གྱི་མེད་པ་འདི་ཡང་ཁོང་ཚོས་དོག་པ་རྣམ་རྟོག་གི་འོག་ནས་དང་ལེན་བྱེད་མ་ནུས་པ་ལས་གནོད་སྐྱོན་བྱུང་བའི་རྒྱུ་མཚན་གྱིས་མ་རེད་འདོད།
བོད་སྨན་ཟེར་བ་འདིར་ལྐུག་པའི་ལས་ཀ་འདི་འདྲ་བྱེད་སྲོལ་ཡོད་པ་རེད། ཁྲག་ཤེད་མཐོ་འདུག་ཟེར་ནས་མགོ་ལ་མཚོན་ཆ་རྣོན་པོས་གཏར་ནས་ཁྲག་ལེན་གྱི་རེད། ཁྲག་ཤེད་མཐོ་ཟེར་དུས་མིའི་ལུས་པོ་དེ་བུམ་པ་འདྲ་བོ་ཞིག་ལ་ཁྲག་མང་དྲགས་ནས་གང་ཡོང་བས་ཕྱིར་འདོན་དགོས་པ་ཞིག་ལ་འཁྲུལ་བ་རེད་
གཞན་ཡང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ལ་རྟེན་ནས་དངུལ་ཆུའི་དུག་འདོན་ཐུབ་ཡོད་མེད་ནི་མི་གཞན་གྱི་སྐད་ཆ་ཉན་དགོས་པ་ཞིག་མ་རེད། དངུལ་ཆུའི་དུག་འདོན་མ་ནུས་པར་མིའི་ཁོང་དུ་སོང་ན་མི་ཤི་རྒྱུ་ཡིན་པ་ཚང་མས་ཤེས་གསལ་རེད། རིན་ཆེན་རིལ་བུ་ཟས་ནས་ད་བར་མི་འདི་ཤི་སོང་བ་རེད་ཅེས་པའམ་མི་འདི་ལ་ན་ཚ་བྱུང་བ་རེད་ཅེས་གཅིག་ཀྱང་སྟན་རྒྱུ་ཨེ་ཡོད། དེ་ཡོད་ན་ཁྱོད་ཀྱི་སྐད་ཆ་བདེན་པར་བརྩི་ཆོག
ལུང་རྟོགས་ལགས། བསྟན་རྒྱུ་ཡོདམེད་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གསུང་བཞིན་པ་དེ་རེད། བོད་སྨན་ཟ་རྒྱུ་མང་དྲགས་སོང་ན་ཁོག་པའི་ནང་ནས་རྡོ་གཏེར་ལེན་དགོས་ཐུག་གི་ཡོད་ཚུལ་དེ་ཚོ་རེད།
རྒྱ་སྨན་དེ་ཚོར་ཡང་ཧང་སང་དགོས་ས་དེ་འདྲ་རྩ་ནས་མེད། ཕན་པ་ལས་གནོད་པ་ཆེ་བས། མང་ན་བདུན་གཉིས་ལས་རིང་བ་ཟ་མི་ཉན། རྒྱ་སྨན་ག་ཚོད་ཟོས་བ་ཙམ་གྱིས་ནད་མགོ་རྗེས་མ་དེ་ཚོ་གནོན་དཀའ། སྔ་མོའི་རྒྱ་སྨན་སྐད་གྲགས་ཅན་མང་པོ། ད་ཆ་དུག་སྨན་ཁོ་ན་ཡིན་པ་ངོས་ཟིན་ནས། སྨན་ཁང་སྨན་སྒམ་ནས་བསྡུ་གསོག་རྒྱབ་ཚར་བ་མང་པོ་ཡོད།
ཆམ་སྨན་ལྟ་བུ་ཡིན་ན་ཡང་། སྦྲིད་ཤུགས་ཆ་བ་ལས་ལུས་ལ་བདེ་མཉམ་ཤེར་བ་ཙམ་ལས། རང་གི་གཟུགས་པས་རང་གི་གཟུགས་པོ་ལ་ཕན་ནུས་སྤྲོད་པའམ་ཡང་ན་ཤ་ཚལ་སྔོ་རིགས་ཀི་སྙིང་བཅུད་གཏོང་བ་ལས་གཞན་ཐབས་ཤེས་མེད། དེ་ནས་ནད་མགོ་མ་དྭངས་ན། གཅིག་ཕན་གཞན་གནོད་ཀྱི་ནུས་པ་ཅན་ཞིག་ལས་བོད་སྨན་ལས་དགའ་བ་ཞིག་ཡོད་པ་མ་གོ་ཐལ། མ་ཤེས་ཐལ། དཔེར་ན། ལག་རྩ་བཅད་ནས་སྙིང་རྩ་ལ་མཐུད་པ་ལྟ་བུ་རེད།
དུག་ཡོད་པ་འདྲ་འདྲ། ཕན་ཡོད་པ་ཡང་འདྲ་འདྲ། མི་འདྲ་ས་ཞིག་ཡོད་པ། ལག་རྩལ་མེད་པ་དེ་རེད། དེ་ཆ་རྐྱན་དང་རྒྱུ་ནོར་འཛོམས་ན་ཡར་རྒྱས་ཡོད་ཡད་པ་རེད།
ཞོར་སྐྱོན་གྱི་ཐད་ནས་བཤད་ན་བོད་སྨན་ལས་རྒྱ་སྨན་བརྒྱ་འགྱུར་གྱིས་སྡུག་གི་རེད། ད་དུང་རྒྱ་སྨན་གྱི་ནུས་པ་ནི་གནས་སྐབས་ན་ཟུག་བཅོག་བྱེད་ཙམ་ལས། ནད་གཞི་ཆེན་པོའི་རིགས་རྒྱ་སྨན་ཟོས་ནས་སང་དྲག་འགྲོ་ཁག་པོ་རེད། ཕྱི་ལུགས་སྨན་གྱི་ཕན་ནུས་ཆེ་ཤོས་ནི་གཤག་བཅོས་འདི་རེད། བོད་སྨན་གྱིས་ཁོག་པར་རྡོ་ཆག་གི་ཡོད་པའི་སྐད་ཆ་དེ་ལ་ཡང་དཔང་རྟགས་ཁུང་འཕེར་གང་ཡང་མཐོང་ཡ་མི་འདུག
ང་རང་ལ་བོད་སྨན་མང་པོ་ཟ་བའི་ཉམས་མྱོང་མེད། སྐྱེས་ནས་ད་ལྟའི་བར་དུ་ཆུང་ཆུང་སྐབས་སུ་ལོ་གཅིག་ལྷག་རིང་ལེན་མེ་ཧྤུན་ཟེར་བ་ཞིག་ཟོས་པ་ཡིན། དེའི་རྗེས་ནས་རྒྱ་སྨན་ཡང་ཟ་མ་མྱོང་། འོན་ཀྱང་གྲྭ་སར་ཡོད་དུས་ཟ་ཁང་ཞིག་གི་ཟ་མ་ཟོས་རྗེས་གྲོད་ཁོག་ན་ནས་ཨར་མ་བརྟན། དེའི་རྗེས་ནས་ཟླ་བ་གཅིག་གཉིས་ཅིག་ལ་ན། རྒྱ་སྨན་ཁ་ཤས་ཟོས་ཀྱང་མ་ཕན། སྨན་རྩིས་ཁང་གི་སྨན་ཁ་ཤས་ཟོས་ཀྱང་མ་ཕན། དེའི་རྗེས་ནས་གྲོགས་པོ་ཅིག་གིས་ལྷ་སའི་སྨན་རྩིས་ཁང་ནས་བཟོས་པའི་མང་སྦྱོར་ཁ་ཤས་སྐུར་སོང་། དེ་ཟ་སྐབས་སྐྱག་པ་ནག་པ་ལྕི་བ་ནང་བཞིན་ཞིག་བཏང་ནས་དེ་ནས་བཟུང་ད་ལྟའི་བར་དུ་ན་རྒྱུ་མེད་པ་ཆགས་སོང་།
ཡང་བོད་ནང་ན་ཡོད་པའི་ངའི་སྲིང་མོ་ཞིག་ལ་ན་ནས་མིག་གི་མ་མཐོང་བ་དང་། གཟུགས་པ་སྐྲང་པ་སོགས་ཀྱི་ནད་རྟགས་བྱུང་། ང་ཚོ་ཕྱོགས་ནས་རྒྱ་སྨན་ཁང་ཆེ་ཤོས་དེ་ཟི་ལིང་གི་ཨར་ཡུའི་ཡོན་ཟེར་བ་དེ་རེད། དེ་ནང་ལ་བརྟེན་པའི་མཐར་ཨོ་མིན་ལ་ཁྱེར་ན་མ་གཏོགས་ཡོང་གི་མ་རེད་ཟེར། དེ་ནས་ཨོ་མིན་ལ་ཁྱེར་བ་རེད། དེ་ནས་མགོའི་རྩ་ཞིག་གི་སྐྱོན་རེད་ཟེར་ནས་མགོ་ལ་གློག་བརྒྱབ་པའི་ལག་ཐབས་ཞིག་བྱས་འདུག འོན་ཀྱང་ནད་གཞི་དྲག་མིན་ཁ་གསལ་མི་འདུག་པར་མ་ཟད། གཅིག་བྱས་ན་ཟླ་དྲུག་གི་ནང་ཤི་གི་རེད་ཟེར་ནས་ཐག་བཅད་འདུག ཐབས་ཤེས་གང་ཡང་མེད་པར་ཕྱིར་ཕ་ཡུལ་ལ་ཡོང་ནས་བོད་པའི་སྨན་པ་བླ་རྒན་ཞིག་ལ་སྐད་ཆ་དྲིས། ཁོ་རང་གིས་བཤད་ན་མུ་ཏིག་བདུན་ཅུ་ཟོས་ན་ཕན་ཟེར། དེ་ནས་ལྷ་སའི་མུ་ཏིག་བདུན་ཅུ་དང་། རྡ་སའི་རལ་ན་བསམ་འཕེལ་ཟེར་བ་དེ་གཉིས་བརྟེན། མོ་རང་གིས་བཤད་ན་རྡ་སའི་རལ་ན་བསམ་འཕེལ་དེས་ཕན་སོང་ཟེར། ད་ལྟ་ནི་སྔོན་མ་ནང་བཞིན་དྲག་བསྐྱེད་བྱུང་ཡོད་པ་རེད།
མདོར་ན་སྨན་ཟེར་བ་འདི་རང་རང་ལ་འཕྲོད་མ་འཕྲོད་དན་དན་ཡོད་ས་རེད་དྲན། རང་རང་ལ་འཕྲོད་སོང་ན་བོད་སྨན་ལ་ཕན་ནུས་ཆེན་པོ་ཡོད་པ་དན་དན་རེད། ངས་བཤད་པ་འདི་དག་ནད་པ་ཞིག་གི་ཉམས་མྱོང་བཤད་ཀྱི་ཡོད།
ལུང་རྟོགས་ཞེས་པ་འདི་དོན་ལ་ལུང་རྟོགས་ཤིག་ཡིན་བཟོ་མི་འདུག་སྟེ། ངའི་དྲི་བ་དེ་ནི་གཞོན་ནུ་ཟླ་མེད་ཅེས་པ་ཞིག་གིས་”ཡང་དེང་སང་བོད་ན་མེད་པ་ཅི་རེད་ཟེར་ནས་དྲི་བ་འདོན་མཁན་རྣམས་ལ། དྲི་བ་ཕར་འདྲི་རྒྱུ་ལ། དེང་སང་རྒྱལ་པ་རིན་པོ་ཆེ་བོད་ན་མེད་པ་ཅི་རེད།”ཅེས་པའི་བྱིས་གཏམ་དེ་ལ་མགོ་མཚུངས་ཀྱི་དྲི་བ་ཞིག་དྲིས་པ་ཙམ་ཡིན་ལ། གལ་སྲིད་ཁྱོད་ཀྱི་ཤེས་རབ་ཀྱིས་མ་ཟིན་པའི་ཐལ་བ་དེ་གཏོང་འདོད་ན་ཁོར་ཐོངས་ཤིག ད་དུང་ཁྱོད་ཀྱིས་ལན་དེ་ནི་དགོད་བྲོ་བ་ཞིག་འདུག་སྟེ། འདུས་བྱས་ཡིན་པའི་ཕྱིར་མི་རྟག་ཡིན་པའི་ཕྱིར་ཟེར། དང་ཐོག་ངའི་དྲི་བ་དེ་ཡག་པོ་ཞིག་གོ་སོང་ངམ། ངས་ནི་”བོད་ན་ཆ་ཚང་ཡོད་པ་རེད་ཟེར་མཁན་ཚོར་ངས་ཀྱང་དྲི་བ་ཞིག་འདྲི་རྒྱུར། བོད་ན་ཆ་ཚང་ཡོད་ན། བོད་མི་ཚོ་འདི་ལྟར་རྗེས་ལུས་ཐེབས་དགོས་དོན་གང་ཡིན་ནམ།”ཞེས་དྲིས་ཡོད་པ་ལས། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་བྱ་དངོས་དག་དེང་སང་འཇིག་མེད་ཚུལ་གྱི་དྲི་བ་དེ་ཁྱེད་ཀྱི་ཐལ་བ་འབེན་མེད་དེའི་དགོངས་གཏེར་འདྲ་ཡིན་ན་མ་གཏོགས་ངས་ནི་དྲི་བ་དེ་འདྲ་འདྲི་རྒྱུ་མ་བྱུང་ལགས།
རྒྱ་སྨན་ལ་ནུས་པ་ཞིག་ཡོད་པ་ནི་ནད་མགོ་བཅོག་པ་ཙམ་ལས་ནད་དེ་ཉིད་རྩ་བ་ནས་མེད་པ་བཟོ་མི་ཐུབ། བོད་སྨན་གྱིས་ལམ་སང་ཟུག་གཟེར་བཅོག་མི་ཐུབ་རུང་ཡུན་གྱིས་བསྟེན་པས་ནད་རྩད་ནས་བཅོག་པ་མངོན་གསུམ་རེད།
རྒྱ་སྨན་རིགས་ལ་ཟུར་ཕོག་ཆེ་བ་དང་བོད་སྨན་ལ་ཟུར་ཕོག་མེད་པའང་མངོན་གསུམ་རེད། ནད་རིགས་མང་པོ་ཞིག་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་ལ་བསྟེན་ཉུང་ཉུང་གཏན་ནས་མིན།
བཙན་བྱོལ་བའི་སྨན་པ་མང་པོ་ཞིག་གིས་རྒྱ་སྨན་གྱིས་དྲག་སྐྱེད་མ་བྱུང་བའི་ནད་པ་བརྒྱ་ཕྲག་དུ་མ་བཅོས་ཡོད། དེ་དག་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་བ་དག་རེད། དེ་དག་ལ་སྨན་བཅོས་ཇི་ལྟར་བྱས་པའི་སྐོར་དང་དྲག་སྐྱེད་ཇི་ལྟར་བྱུང་རབས་དག་ཞིབ་འཇུག་གི་ནུས་པ་མཚོན་པའི་ཐོག་ནས་ཡིག་ཐོག་ལ་ཕབ་ཅིང་། སྐད་ཡིག་འདྲ་མིན་ཐོག་ནས་དུས་དེབ་དང་དྲ་བ་སོགས་ཀྱི་སྟེང་ལ་བཀོད་ན། མང་ཚོགས་ནས་དགའ་བསུ་ཚད་མེད་ཐོབ་ངེས་རེད་དེ། སྐྱབས་བཅོལ་བའི་སྨན་པ་མང་ཆེ་བ་ལག་འདུམ་ཏག་ཏག་ཡིན་པས་དེ་རིགས་ནད་པ་དང་སྨན་པ་ཚོའི་འཇིག་རྟེན་ཆུང་ཆུང་དེར་གྲགས་པ་ལས་མང་ཚོགས་ཀྱི་སྐལ་བར་གྱུར་མེད།
དེར་རྟེན་ཕྱི་ལུགས་སྨན་པ་མང་པོ་ཞིག་བོད་སྨན་བསྟེན་པ་དང་། ཁོ་རང་ཚོའི་ནང་མི་ཉེ་འབྲེལ་མང་པོ་ཞིག་ཀྱང་བོད་སྨན་ཁ་ལག་བཟའ་བཟའ་བྱེད་ཀྱིན་ཡོད། དེ་དག་ནི་བོད་སྨན་ལ་དགའ་དྲགས་པས་མིན་ཏེ། ཁོ་རང་ཚོའི་ནད་གཞི་དེར་ཕྱི་ལུགས་སྨན་གྱིས་ཕན་ནུས་མེད་པ་དང་བོད་སྨན་གྱིས་ཕན་བཞིན་ཡོད་པ་རྟོགས་པས་རེད།
གུས་པ་ཡོད་སའི་སྨན་ཁང་འདིར་མཚོན་ནའང་བོད་སྨན་བསྟེན་མཁན་ཕྱི་ལུགས་ཀྱི་སྨན་པ་དེ་འདྲ་འདུག་ལ་ད་དུང་སྨན་པ་ག་གེ་མོའི་སྤུན་མཆེད་ཡིན་ཟེར་བའི་ནད་པའང་མང་པོ་འདུག སྐད་ཆ་འདི་ནི་མིག་མཐོང་ལག་ཟིན་ཡིན་པ་ལས་འུད་བཤད་པ་གཏན་ནས་མིན།
གནས་ཚུལ་འདི་རིགས་ལ་ཕྱོགས་གཞན་ཞིག་ནས་བལྟས་ན། མི་དེ་དག་ནི་གུ་ཡངས་ཅན་དང་བསམ་བློ་བ་ཅན་ལས་རང་བལྟ་མཆོག་འཛིན་དང་ཉེ་ཚེ་བའི་བསམ་བློ་ཅན་མིན་པའང་རྟོགས་ཐུབ།
འོན་ཀྱང་རང་རེ་བོད་མི་རེ་ཟུང་ནི་ཉེ་ཚེའི་འདུ་ཤེས་ཀྱིས་ལྟོ་བ་སྦོས་ཏེ་རང་གི་རིག་གཞུང་གསེར་ལྟ་བུ་དག་ལའང་ཅི་མི་སྙམ་པར་སྐྱོན་བརྗོད་དང་དཀྲོག་གཏམ་སྤེལ་བ་ནི་སེམས་སྐྱོ་དགོས་ཞིག་རེད་ཨང་།
དོལ་སྨྱོན་ལགས་ཀྱིས་ལྕགས་རྡོའི་རིགས་བཞུ་བཏུལ་ཚད་ལྡན་བྱེད་ཚུལ་དེ་ཇི་ལྟར་ཡིན་སྐོར་ཤོད་ཤོག་གསུངས་བྱུང་ན། དེ་ནི་ཤིན་ཏུ་སླ་སྟེ། སྨན་བཟས་རྗེས་ཁོག་པ་ནས་རྡོ་གཏེར་འདོན་མི་དགོས་པའི་བཞུ་བཏུལ་ཏེ། ཚན་རིག་ལག་རྩལ་གྱི་བཞུ་བཏུལ་དེ་འདྲར་ད་གཟོད་བཞུ་བཏུལ་ཚད་ལྡན་དང་ཚུལ་མཐུན་ཟེར་བ་ཡིན་ལགས།
འོན་ཀྱང་བོད་སྨན་ཡིན་ན་ཆེས་སྤུས་དག་གམ་སྐྱོན་གཏན་ནས་མེད་པར་ཡང་སྨྲ་མི་ཐུབ་སྟེ། སྨན་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཕྱོགས་དང་སྨན་སྦྱོར་ཁང་དག་ནས་སྨན་བཟོ་ཕྱོགས། དེ་བཞིན་སྨན་རྒྱུ་མཁོ་འདོན་བྱེད་ཕྱོགས་དང་ཡན་ལག་སྨན་ཁང་དག་ནས་ནད་པ་བལྟ་ཕྱོགས་སོགས་གང་ཅིའི་ཐད་ལ་སྐྱོན་མེད་པང་མིན་པས། རྣམ་དཔྱོད་ཅན་དང་མཐོང་ཐོས་ཅན་དག་གིས་དེ་ཕྱོགས་ལ་བགྲོ་གླེང་རེ་གནང་ན་རིག་གཞུང་སྲུང་སྐྱོབས་དང་ཡར་རྒྱས་སྔོན་ཐོན་ལ་ཕན་ཆེ་བ་གཏན་ཁེལ་རེད། དེ་མིན་ཉེ་ཚེ་བའི་སྐད་ཆ་དང་ངར་བལྟ་མཆོག་འཛིན་གྱི་སྐད་ཆ་དེ་ཚོ་ནི་ཉེས་པ་གསོག་པའི་གཞི་ལས་མ་འདས་པས་རེ་ཞིག་སྨྲ་བ་ཉུང་ན་མཛེས་པར་སེམས།
བཀྲ་ཤིས་དོན་འགྲུབ་ལགས། ཁྱེད་རང་གི་སྐད་ཆ་སྔོན་དེ་དག་ཀྱང་དྲན་པར་གྱིས་ཤིག
བཀྲ་ཤིས་དོན་འགྲུབ་ལགས་སུ།
བོད་སྨན་ནང་ལྕགས་རྡོའི་རིགས་ཡོད་པའི་སྨན་འགའ་ཞིག་ལས་སྨན་ཡོད་ཚད་ནང་ལྕགས་རྡོའི་རིགས་མེད། མ་ཚད་ལྕགས་རྡོ་ཡོད་པའི་སྨན་དེས་ངེས་པར་དུ་ཁོག་པར་རྡོ་ཆགས་སུ་འཇུག་ན་ནི་སྨན་དེ་དག་ཟ་མཁན་ཚང་མའི་ཁོག་པར་རྡོ་ཆགས་དགོས་པས་དེ་ཡང་དཀའ་ཙམ་རེད།
འོན་ཀྱང་བརྒྱ་ལས་རེ་འགར་འབྱུང་ཡང་སྲིད་པས་ངས་གཏན་ནས་མི་འབྱུང་བའི་ཁ་མཚོན་བཅོད་མི་ནུས། འོན་ཀྱང་དེ་ལ་ཞིབ་འཇུག་གཏན་ཁེལ་བྱེད་དགོས་པ་ལས། མི་ཞིག་གི་ཁོག་པར་རྡོ་ཆགས་པ་དང་དེའི་རྒྱུ་རྐྱེན་བཙལ་བས་མི་དེས་དེ་སྔོན་ཆད་བོད་སྨན་བསྟེན་འདུག་པས་དེར་རྟེན་བོད་སྨན་གྱིས་རྡོ་ཆགས་པ་རེད་ཟེར་ན་ཁམ་ཙམ་རེད།
གང་ལྟར་ཁྱེད་ལ་དངོས་ཡོད་བདེན་དཔང་གི་རྒྱབ་རྩ་ཆེན་པོ་ཞིག་ཡོད་བཟོ་འདུག་པས། ངས་རེ་བ་ཞིག་ལ་ངེས་པར་དུ་བོད་སྨན་བཟོས་ནས་རྡོ་ཆགས་པའི་ནད་པའི་ཁ་གྲངས་དང་དེ་དག་གི་གནས་ཚུལ་རག་བསྡུས། སྔོན་ཆད་བོད་སྨན་མ་བསྟེན་གོང་འཚོ་བ་དང་ལུས་ཀྱི་གནས་བབས་ཇི་ལྟར་ཡིན་མིན། ནད་ཀྱིས་ཟིན་རྗེས་བོད་ཀྱི་སྨན་པ་སུ་ལ་བསྟེན་མིན་དང་སྨན་པ་དེས་ནད་གང་ཞིག་ལ་ངོས་འཛིན་དང་གཉེན་པོ་ཇི་ལྟར་སྤྲད་མིན། དེ་རྗེས་ཁོག་པར་རྡོ་ཆགས་ནས་ཕྱི་ལུགས་ཀྱི་བཤགས་བཅོས་བྱེད་དུས་ལུས་ཀྱི་ཆ་ཤས་གང་དུ་རྡོ་ཆགས་མིན་དང་རྡོ་དེ་ངེས་པར་དུ་བོད་སྨན་གྱིས་བསྐྱེད་པའི་རྒྱུ་མཚན་བཅས་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཁ་གསལ་ཞིག་གུས་པར་གསུང་རོགས་ཞུ། ཕྱིས་སུ་གནས་ཚུལ་འདི་རིགས་མི་འབྱུར་བར་ཕན་ཐོགས་ཆེན་པོ་ཐོན་ངེས་རེད།
གལ་སྲིད་ཁོམ་ལོང་མེད་ན་ལྷོད་ལྷོད་བྱས་ནའང་འགྲིགས། གུས་པ་རྗེས་སུ་དེ་ཕྱོགས་སུ་བཅར་རྩིས་ཡོད་པས་དེ་དུས་ཁ་བརྡ་བྱས་ཀྱང་མཆོག དེ་མིན་གུས་པའི་ངོ་དེབ་ནས་འབྲེལ་བ་བྱས་ནའང་འགྲིགས་ལགས། དོན་དག་འདི་ཁྱེད་ཀྱི་ལྷོད་ཡང་མ་གཏོང་རོགས་ང་ཡི་རེ་བ་ཆེན་པོ་ཡོད།
དྲང་པོར་ཞུས་ན་བོད་སྨན་ལ་ནད་འཇོམས་པའི་ཕན་ནུས་ཅུང་ཟད་ནི་ཡོད་ངེས་ཏེ། ཆང་རག་གིས་ཀྱང་མཚམས་རེར་ནད་འཇོམས་པའི་ནུས་པ་ཐོན་གྱི་ཡོད་པས་ན་དེར་ཧང་སང་སང་དང་ཧ་ལས་ལས་བྱེད་དགོས་དོན་གང་ཡང་མེད། གལ་ཆེ་ཤོས་ནི་ཕན་སྣོད་བརྒྱ་ཆར་བཀར་དགོས་པར་ཐུག་ཡོད། བོད་སྨན་ལ་ཆ་མཚོན་ན་ཕན་ཐོགས་ལས་སྣོད་པ་མང་བ་ཡོད་དེ། གལ་སྲིད་བོད་སྨན་འདི་རྒྱ་སྨན་གྱི་ཁྱབ་རྒྱ་ཙམ་དུ་བཀོལ་བ་ཡིན་ན་སྨན་རྩྭ་འཚོལ་བསྒྲུབ་ཁོ་ནའི་ཆེད་དུ་རང་བྱུང་ཁམས་ལ་གཏོར་སྐྱོན་ག་ཚོད་གཏོང་དགོས་མིན་དེ་ཡང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། ད་དུང་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རྩ་ཆེན་མང་པོའི་རུས་པ་དང་ཁྲག་སོགས་ཀྱང་དགོས་རབས་འདུག ད་ལྟའི་ཆར་ཡང་བོད་སྨན་འདི་རི་ཁུག་ལུང་ཁུག་གི་ས་ཆ་རྣམས་སུ་དར་ཁྱབ་ཆེ་བ་ལས། འདུས་སྡོད་ཆེ་ས་དང་མཐུན་སྐྱེན་ཡག་ས་དག་ཏུ་བོད་སྨན་གྱི་བཀོལ་སྤྱོད་མེད། དེའི་རྒྱུ་མཚན་ནི། གྲོང་གསེབ་ཀྱི་མི་རྣམས་སྤྱིར་འཕྲོད་རྟེན་གྱི་གོ་རྟོགས་ཞན་པ་དང་རྒྱ་སྨན་བསྟེན་རྒྱུར་སྟབས་བདེ་མིན་དང་འགྲོ་སོང་སོགས་ཀྱི་དཀའ་ངལ་སོགས་མང་པོ་ཞིག་གིས་རྐྱེན་བྱས་པ་མ་གཏོགས། བོད་སྨན་འདིར་རྒྱ་སྨན་ལ་མེད་པའི་ཁྱད་ཆོས་མ་འདྲ་བ་ཞྀག་ཡོད་དྲགས་པས་མིན། གལ་སྲིད་དེ་ལྟར་མིན་པར་ཁྱེད་ཅག་གིས་བཤད་པ་ལྟར་་བོད་སྨན་འདིས་རྒྱ་སྨན་ལས་ཀྱང་ལྷག་པའི་བྱས་རྗེས་དེ་འདྲ་འཇོག་ཐུབ་ཀྱི་ཡོད་ན་རྒྱལ་སྤྱི་རང་བཞིན་གྱི་གསོ་རིག་ལག་བསྟར་གྱི་གྲས་སུ་ཚུད་དགོས་པ་གང་ཞིག་ལ། ད་ལྟ་ཡང་བོད་ཀྱི་རི་གྲོང་དག་ན་ཤི་མ་གསོན་གྱིས་ལུས་དགོས་དོན་ཅི་ཡིན། རྒྱ་སྨན་ལ་ཡིད་རྟོན་བྱེད་མཁན་གྱི་སྔོན་ཐོན་ཅན་ཚོར་བོད་སྨན་སྐོར་རྒྱུས་མེད་པར་བཤད་ས་མི་འགྲོ་སྟེ། ང་ཚོའི་ངོས་ནས་ཁོ་ཚོར་ཁྱབ་བསྒྲགས་གཏོང་མ་ཐུབ་ཀྱང་། ཁོང་ཚོའི་ངོས་ནས་བོད་སྨན་ལ་ཞིབ་འཇུག་བྱས་པ་ང་ཚོ་ལས་ཀྱང་མང་བ་མིན་ན་ཉུང་བ་ཡིན་ཚོད་མིན་ལགས། ཁྱེད་ཅག་གིས་ཤེས་དགོས་རྒྱུ་ཞིག་ལ་དེང་སང་གི་ཚན་རིག་པ་ཟེར་མཁན་དེ་ཚོ་འབུ་གྲོག་མ་ཚུན་ཆད་ལ་ཞིབ་འཇུག་བྱས་ནས་ལྷག་ཏུ་མི་འཇུག་མཁན་གྱི་གྲས་ཡིན་པ་ལས། འགྲོ་བ་མིའི་སྲོལ་གཏོད་བླ་མེད་ཅན་གྱི་རིག་གནས་སྲིད་ན་དཀོན་པ་ཞིག་རི་ཁུག་ལུང་ཁུག་ཏུ་གཡུགས་ནས་འཇོག་མཁན་གཡག་ཞར་གྱིས་རྩྭ་བཟས་པ་ལྟ་བུའི་བོད་ལུགས་ཀྱི་ཞིབ་འཇུག་བྱེད་སྟངས་དེ་འདྲ་ཡིན་བཟོ་མི་འདུག་པས། ཁོང་ཚོར་བོད་སྨན་སྐོར་རྒྱུས་མེད་ཚུལ་གྱི་སྡུག་བསྔལ་དེ་བྱེད་དགོས་དོན་མེད་ལགས།
དོལ་སྨྱོན་ལགས་སུ།
དགོངས་དག་དེ་འདྲའི་རྩད་གཅོད་དང་ཞིབ་འཇུག་བྱ་རྒྱུ་དེ་བོད་སྨན་ཆེད་ལས་པ་ཚོའི་ལས་འགན་ཡིན་པ་ལས་ངའི་ལས་འགན་མིན་ལ། ང་ལ་དེ་འདྲའི་ཁོམ་པ་དང་སྤྲོ་བ་གང་ཡང་མེད། བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་ཚུལ་བཤད་དུས་བོད་སྨན་ཟ་མཁན་ཆ་ཚང་ལ་དེར་ཐལ་བའི་ཐལ་བ་འཕེན་པ་ནི། ཆུ་ཡིས་མེ་ཏོག་བསྐྱེད་ཚུལ་བཤད་ཚེ་འོ་ན་རྒྱ་མཚོའི་ནང་ཡང་མེ་ཏོག་སྐྱེ་བར་ཐལ་ཆུ་ཡོད་པའི་ཕྱིར་ཟེར་བའི་རིགས་ལམ་ནར་མ་སོན་པ་དེ་འདྲའི་གྲས་རེད་འདུག་པས་ངས་རེ་རེ་ནས་ལན་འདེབས་ཚོད་མི་འདུག གནད་ཀྱི་རྡོག་པོའམ་བོད་སྨན་ཟེར་བ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཐད་ང་ཚོས་འུར་མང་པོ་རྒྱག་དགོས་དོན་མི་འདུག་སྟེ། གོང་ཞུས་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྨན་ལ་འཛིན་པའི་རྣམ་འགྱུར་དེ་ཚོས་ཐག་བཅད་འདུག་པས་སོ།།
ཧཧཧ་་་གནས་ལུགས་རྒྱུ་མཚན་ཅི་ཡང་མེད་པའི་འུར་བཤད་ལུང་པ་གང་བྱས་འདུག དགོས་རྒྱུ་དོལ་སྨྱོན་གྱི་དྲི་བ་དེ་ལ་ནི་ལན་ཕོག་མི་འདུག འུར་བཤད་བྱེད་རྒྱུ་མང་དྲག་ན་ངོ་ཚ་ཉོ་ཡི་རེད་ད། རྒྱ་སྨན་ཡང་གནམ་ནས་བབ་པ་མ་རེད་ལ་ས་ནས་སྐྱེས་པ་མ་རེད་ད། རང་བྱུང་ཐོན་ཁུང་སྣ་ཚོགས་བེད་སྤྱད་ནས་བཟོས་པ་རེད། འཁོར་ཡུག་ལ་གནོད་ན་གནོད་མཉམ་རེད། ཞོར་སྐྱོན་གྱི་ཐད་ནས་བཤད་ན་བོད་སྨན་ལས་རྒྱ་སྨན་གྱིས་གནོད་སྐྱོན་ཆེ་བ་ཡོད་པ་སྤྱི་ཚོགས་ནང་ལ་ཡོངས་གྲགས་རེད། བོད་སྨན་རྒྱལ་སྤྱིས་རང་བཞིན་ཅན་དུ་མ་གྱུར་བ་འདི་ཡང་བོད་ས་མ་ཤོར་སྔོན་ལ་ང་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མ་ཐུབ་པའི་སྐྱོན་དང་། བོད་ས་ཤོར་བའི་རྗེས་ལ་ང་ཚོར་དཀའ་ངལ་ཧ་ཅང་གི་མང་པོ་ཞིག་འཕྲད་པའི་རྐྱེན་གྱིས་ལས་དོན་ལ་འགོག་རྐྱེན་གྱུར་ཡོད་པ་གསལ་པོ་རེད་ལ། སྤྱིར་མི་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ་རིག་གཞུང་ཞིག་་རྒྱལ་སྤྱིའི་རང་བཞིན་ཅན་འགྱུར་དགོས་ཟེར་ན་ཁག་པོ་རེད། འོན་ཀྱང་ད་ལྟ་བོད་སྨན་རྒྱལ་སྤྱིའི་རང་བཞིན་ཅན་འགྱུར་མི་འགྱུར་གཞི་ནས་ལྟ་རྒྱུ་རེད། བོད་སྨན་འདི་རྒྱལ་སྤྱིའི་ནང་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་ཡང་མངོན་གསལ་རེད།
ཁྱེད་ཀྱི་སྐད་ཆ་ཉག་ཉོག་དེ་ཚོའི་ལན་ཁྲེལ་དགོད་འདིས་འཐུས་པར་འདུག ཧཧཧཧཧཧཧཧཧཧཧཧཧཧཧ
ལེན་བཏབ་རྒྱུ་མ་བརྙེད་ན་གད་མོ་ཤོར་ནས་མ་སྡད་རང་སྡད་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
བཀྲ་ཤིས་དོན་འགྲུབ་ལགས་སུ།
ཁྱེད་ཀྱི་སྐད་ཆ་སྔ་ཕྱི་ཅུང་འགལ་གྱི་འདུག་མོད་གང་ལྟར་ང་ལ་དགོས་པ་ནི་ཁྱེད་ཀྱིས་ཁ་ཕོ་ཆེན་པོའི་སྒོ་ནས་བསྒྲགས་པའི་སྐད་ཆ་འདི་ཡིན།
༼བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་ནད་རོ་ཁ་ཤས་དཔང་རྟགས་དང་བཅས་དངོས་སུ་སྟོན་རྒྱུ་ཡོད། ཡིད་མི་ཆེས་ཟེར་མཁན་ཚོ་བདག་གི་གམ་དུ་ཕེབས་ཤོག་དང་མངོན་སུམ་དུ་ར་སྤྲོད་བྱེད་ཆོག༽
བོད་སྨན་འདི་སྨན་ཚབ་ལས་ཚད་ལྡན་གྱི་སྨན་ཞིག་ཏུ་ད་དུང་ཡང་རྒྱལ་ཁབ་མང་པོས་ངོས་འཛིན་བྱེད་ཀྱིན་མི་འདུག བོད་སྨན་དང་རྒྱ་སྨན། རྒྱ་གར་གྱི་སྨན་དང་ནུབ་ཕྱོགས་ཀྱི་གནའ་བོའི་སྨན་རྫས་འདི་དག་ལ་སྨན་ཚབ་ལས་སྨན་དག་མ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག སྨན་ཚབ་འདི་དག་གིས་རླུང་ནད་དང་རྩྭ་ནད། པགས་ནད་སོགས་གཤག་བཅོས་དེ་ཙམ་མི་མཁོ་བའི་ན་ཚ་དང་། ནད་རིགས་མངོག་འགོག་བྱེད་པ་ལ་བོད་སྨན་ཧ་ཅང་གི་ཡག་པ་བདེན་པ་རེད། ཕོ་ནད་དང་མཆིན་ནད་སོོགས་ལ་བོད་སྨན་ཟ་ཡ་མང་དྲགས་ན་སྨན་གྱི་ནུས་བས་ན་ཚ་རྒྱུན་རིང་སྲིང་ཞིང་། ནད་ཚ་དེ་རིམ་བཞིན་སྐྲན་ནད་ཀྱི་རྒྱུ་རུ་འགྲོ་ཚུལ་ནུབ་ལུགས་སྨན་པ་མང་པོས་གླེང་། ཀུ་ཤུའི་འགན་འཛིན་Setve job ཡི་ནོར་འཁྲུལ་ཆེ་ཤོས་དེ་གཤག་བཅོས་བྱེད་པ་དོགས་ནས་ནུབ་རིགས་སྨན་པར་མ་བསྟེན་པ། སྨན་ཚབ་སྟེ་བོད་སྨན་ནམ་རྒྱ་སྨན། རྒྱ་གར་གྱི་སྨན་ཏེ་རྩྭ་སྨན་སོགས་ཀྱི་རིགས་ལ་བསྟེན་པས་མཐའ་མར་སྐྲན་ནད་ཆགས་པས་གཤག་བཅོས་བྱས་ཀྱང་། དེ་ཙམ་ཕན་པ་མ་བྱུང་བ་གྲོངས་བ་རེད། ལྷག་པར་དུ་ཀླད་ནད་དང་ཁྲི་བྷེ། མིག་འབྲས་ཀྱི་ནད། རྣ་ཁོག་གི་ནད། གློ་ནད། མངའ་ནད། ཕྲུ་གནོད་ཀྱི་ནད། གཅིན་བཀག་གི་ནད། རྨུད་ཁོག་གི་ནད་སོགས་མདོར་ན་ཚབས་ཆེན་ནད་རིགས་བརྒྱ་ཕྲག་མང་པོར་བོད་སྨན་གྱིས་ནུས་བ་དེ་ཙམ་འདོན་དུ་མེད། མེད་བཞིན་དུ་ཨུ་རྒྱབ་ནས་བོད་སྨན་ལ་རེ་བ་བཅོལ་ཚེ་ཤི་ཡ་གདམས་པ་ལས་ཐབས་ཤེས་གཞན་མེད།
བོད་སྨན་གྱིས་ནད་གཞི་གཞན་ལ་གནོད་སྐྱོན་ཆུང་བ་ནི། བོད་སྨན་ཡག་པའི་སྐྱོན་མ་ཡིན་པ་ནུས་བ་ཆུང་བས་ནད་རིགས་འདུལ་དང་རྒྱུ་གསོ་རྒྱུ། གཞན་ལ་གནོད་རྒྱུའི་ནུས་བ་ཞན་པས་རེད། དེ་ནི་ལེགས་ཁོ་ན་མ་རེད། ནུས་བ་ཞན་པའི་སྐྱོན་རེད། འོན་ཀྱང་། ནུས་ལུགས་ཀྱི་སྨན་ཐམས་ཅད་ལུས་ཀྱི་ཤ་ཆས་གཞན་ལ་གནོད་མཁན་མ་རེད། ནུབ་ལུགས་ཀྱི་སྨན་ནི་བོད་དང་བསྡུར་ན་རྒྱ་མཚོ་དང་གཙང་པོ་བསྡུར་བའི་དཔེ་རེད། འོན་ཀྱང་། རྒྱ་མཚོའི་ཆེེད་དུ་གཙང་པོ་མི་མཁོ་ཟེར་མི་རུང་ཞིང་། མ་ཡིན་པ་གཉིས་ཀར་འཇིག་རྟེན་ལ་མཁོ།
ཡ་ཁ་བརྡ་ཚང་གི་ཡ་བོ་ཚོ། ཅིག་མ་བཤད་ལ་མ་ཡོང་ཐལ།
བོད་སྨན་ལ་ནུས་པ་རྒྱ་འགྱུར་སྟོང་འགྱུར་ཡོད་རུང་། རྒྱལ་སྤྱིས་སྨན་རིགས་ཚད་ལྡན་ཞིག་ལ་དངོས་འཛིན་བྱེད་པར་འདོད་པ་ནི། ལྐུག་པ་ལ་ལྐུག་ཚོད་མེད་པའི་རྟགས་རེད། གཅིག་བྱས།
བོད་པའི་རྩྭ་སྨན་ནི་ཡག་པོ་མེད་པའི་མེད་ཚོད་བཤད་ནས། ཡོད་པ་ལ་ཡར་རྒྱས་གཏོང་འདོད་ཀྱི་ཀུན་སློང་དང་དཔུང་རོགས་མེད་པ་ཚོ་ཡང་། ལྐུག་པ་ལ་ལྐུག་ཚོད་མེད་པའི་རྟགས་རེད། གཉིས་བྱས།
ད་གསུམ། བཞི། ལྐུག་པ་ཚོར་ལྐུག་བརྡ་སྤྲོད་དགོས་ས་མང་གི་རེད་ཨ། དེ་རིང་བཞག་བཞག།
ཨ་ནུ་ཐང་གི་མཆུ་ཏོ་དེ་སྙིང་རྗེ་བ་ལ་ཨང་།
རེད། དེང་སང་བོད་མི་ཁག་ཅིག་གིས་བོད་ཀྱི་གང་ཡོད་པ་ཐམས་ཅད་ཕན་མེད་རྗེས་ལུས་དང་། ནུབ་ཕྱོགས་པའི་གང་ཡོད་པ་ཐམས་ཅད་སྔོན་ཐོན་ཕན་ཐོག་ཅན་ཤ་སྟག་ཡིན་པ་འདི་ཁོང་ཚོའི་ཀླད་པ་ལ་སྐྱོན་གཅིག་ཤོར་ཡོད་པའི་རྟགས་ལས་གཞན་གང་ཡང་མ་རེད། མི་འདི་རིགས་རྩོད་པ་རྒྱབ་ཀྱང་དུས་ཚོད་འཕྲོ་བརླག་ལས་ཅི་ཡོད།
བོད་ཀྱི་གསོ་རིག་ནི་རྒྱ་གར་དང་རྒྱ་ནག་སོགས་རྒྱལ་ཁབ་མང
པོས་ཞིབ་འཇུག་བརྒྱུད་ངོས་ལེན་ཡོད་པའི་རིག་གནས་ཞིག་ཡིན་པ་མངོན་གསུམ་ཡོན་བཞིན་དུ་ཁོག་པའི་ནང་རྡོ་ཆགས་ཀྱི་ཡོད་པ་ཚན་རིག་གིས་ར་འཕྲོད་ཟེར་བ་ནི་རྫུན་གཏམ་རང་རེད
དོལ་སྨྱོན་ལགས་སུ།
སྐད་ཆ་སྔ་ཕྱི་འགལ་བ་ཁྱེད་ཀྱིས་མཐོང་ན་ཅི་མི་ཤེས་ཏེ། ངས་ནི་བཤད་པ་དྲན་གྱི་མི་འདུག ངས་བཤད་པ་ནི་ང་ལ་བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་པའི་དཔང་རྟགས་སྟོན་རྒྱུ་ཡོད་རབས་བཤད་པ་ལས། ཁྱེད་ཀྱིས་བཤད་པ་ལྟར་ནད་པའི་གྲངས་འབོར་དང་ནད་གང་ཡིན་མིན་སོགས་སྨན་པ་ཞིག་གིས་ལས་རྒྱུའི་ལས་ཀ་ཆ་ཚང་ངས་ལས་རྒྱུར་ནམ་ཡང་ཁས་ལེན་བྱ་རྒྱུ་མ་བྱུང་ལ་བྱེད་དགོས་དོན་ཡང་མེད། དེ་མིན་བོད་སྨན་བཟས་ནས་ཁོག་པར་རྡོ་ཆགས་མཁན་ནི་ངས་སྔར་ཡང་དཔང་རྟགས་བསྟན་རྒྱུ་ཡོད་རབས་བཤད་ཡོད་ལ། བཤད་པ་ནང་བཞིན་སྟོན་རྒྱུ་ཡང་ཡོད་མོད། ཁ་ཕོ་ཆེ་བསྒྲགས་ཚུལ་གྱི་སྐད་ཆ་དེ་དག་ནི་ཧམ་པ་ཅན་གྱིས་མི་གསོད་པའི་ལུགས་ཡིན་འདུག་པ་ལས། ང་ལས་མང་བའི་ཁ་ཕོ་ཆེ་ཁྱོད་ཀྱིས་བཤད་ཡོད་དེ། “རྒྱ་སྨན་ལ་ནུས་པ་ཞིག་ཡོད་པ་ནི་ནད་མགོ་བཅོག་པ་ཙམ་ལས་ནད་དེ་ཉིད་རྩ་བ་ནས་མེད་པ་བཟོ་མི་ཐུབ། བོད་སྨན་གྱིས་ལམ་སང་ཟུག་གཟེར་བཅོག་མི་ཐུབ་རུང་ཡུན་གྱིས་བསྟེན་པས་ནད་རྩད་ནས་བཅོག་པ་མངོན་གསུམ་རེད།
རྒྱ་སྨན་རིགས་ལ་ཟུར་ཕོག་ཆེ་བ་དང་བོད་སྨན་ལ་ཟུར་ཕོག་མེད་པའང་མངོན་གསུམ་རེད། ནད་རིགས་མང་པོ་ཞིག་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་ལ་བསྟེན་ཉུང་ཉུང་གཏན་ནས་མིན།
བཙན་བྱོལ་བའི་སྨན་པ་མང་པོ་ཞིག་གིས་རྒྱ་སྨན་གྱིས་དྲག་སྐྱེད་མ་བྱུང་བའི་ནད་པ་བརྒྱ་ཕྲག་དུ་མ་བཅོས་ཡོད། དེ་དག་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་བ་དག་རེད། དེ་དག་ལ་སྨན་བཅོས་ཇི་ལྟར་བྱས་པའི་སྐོར་དང་དྲག་སྐྱེད་ཇི་ལྟར་བྱུང་རབས་དག་ཞིབ་འཇུག་གི་ནུས་པ་མཚོན་པའི་ཐོག་ནས་ཡིག་ཐོག་ལ་ཕབ་ཅིང་། སྐད་ཡིག་འདྲ་མིན་ཐོག་ནས་དུས་དེབ་དང་དྲ་བ་སོགས་ཀྱི་སྟེང་ལ་བཀོད་ན། མང་ཚོགས་ནས་དགའ་བསུ་ཚད་མེད་ཐོབ་ངེས་རེད་དེ། སྐྱབས་བཅོལ་བའི་སྨན་པ་མང་ཆེ་བ་ལག་འདུམ་ཏག་ཏག་ཡིན་པས་དེ་རིགས་ནད་པ་དང་སྨན་པ་ཚོའི་འཇིག་རྟེན་ཆུང་ཆུང་དེར་གྲགས་པ་ལས་མང་ཚོགས་ཀྱི་སྐལ་བར་གྱུར་མེད།”ཅེས་དོན་གྱི་ཁ་ཕོ་ཆེ་བསྒྲགས་འདུག ད་དུང་ངས་ཆ་ཚང་དགོད་རྒྱུའི་ངལ་བ་བྱེད་མི་དགོས་ཏེ་གོང་གི་མཆན་བུ་དག་བལྟས་ན་ཤེས་འོང་བ་ཞིག་རེད། དེས་ན་ངས་ཀྱང་ཁྱོད་ལ་བཤད་འདོད་པ་ཞིག་ལ། རྒྱ་སྨན་གྱིས་མ་འཇོན་པ་བོད་སྨན་གྱིས་འཇོན་པ་དང་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་གྱིས་ཕན་པའི་ནད་གང་དང་གང་ཡིན་མིན། ནད་པ་སུ་དང་སུ་བྱ་བ། བཙན་བྱོལ་ནང་རྒྱ་སྨན་གྱིས་བཅོས་མ་ཐུབ་པར་བོད་སྨན་གྱིས་བཅོས་པའི་ནད་པ་བརྒྱ་ཕྲག་མང་པོ་ཡོད་པ་དེ་དག་གི་མི་མིང་དང་ས་མིང་། ནད་གང་དུ་བརྟག་པའི་སྨན་ཁང་རྟོག་མཁན་གྱི་སྨན་པ་བརྟགས་པའི་དུས་ཚོད་སོགས་རེ་རེ་ནས་ཁུར་ཤོག་དང་ངས་ང་རང་གིས་བཤད་པ་ནང་བཞིན་སྟོན་རྒྱུ་མེད་ན་ངས་ཧམ་བཤད་ཀྱི་གྲས་སུ་བརྩི་ཆོག་ལ། གལ་སྲིད་ཁྱོད་ཀྱིས་བཤད་པ་ནང་བཞིན་ཁྱོད་ལ་རྒྱ་སྨན་གྱིས་མ་ཕན་པར་བོད་སྨན་གྱིས་དྲག་བསྐྱེད་བྱུང་བའི་ནད་པ་དེ་དག་རེ་རེ་ནས་སྟོན་རྒྱུ་མེད་ན་གང་བྱེད་དམ། ངས་བལྟས་ན་བརྒྱ་ཕྲག་ཕར་ཞོག་བཅུ་ཕྲག་གཅིག་ཀྱང་སྟོན་རྒྱུ་ཡོད་པ་ཁག་པོ་རེད་མོད། བརྒྱ་ཕྲག་མང་པོའི་སྐད་ཆ་ནི་ཧམ་བཤད་མིན་ན་ཅི་ཡིན། ད་དུང་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་དེང་སང་རྒྱ་སྨན་གྱིས་བཅོས་མི་ཐུབ་པའི་ནད་ནི Cancer རྙིང་པ་ཆགས་ཟིན་པའི་རིགས་འགའ་ཞིག་དང་ Aids ཡི་ནད་ལས་གཞན་མང་པོ་མེད་ལ། བོད་སྨན་གྱིས་བཅོས་ཐུབ་ན་ནི་དེ་དག་བཅོས་དགོས་ཏེ་རྒྱ་སྨན་གྱིས་བཅོས་མི་ཐུབ་པའི་ནད་དེ་དག་ལས་གཞན་མང་པོ་མེད་པའི་ཕྱིར། གལ་སྲིད་བོད་སྨན་གྱིས་དེ་དག་བཅོས་ཐུབ་ན་འཛམ་གླིང་ཆ་ཚང་གིས་Aids སྨན་འཚོལ་ཆེད་འབད་བརྩོན་སྟོང་ཕྲག་བྱེད་རྒྱུ་དེ་གཡུགས་ནས་ཁྱེད་ཀྱི་སར་བོད་སྨན་སྦྱོང་དུ་མི་ཡོང་བ་ཅི་ཡིན་ནམ། ཧཧཧ ད་གད་མོ་མང་པོ་མ་སློང་ཡ་་་་་་་་་།
རྒྱ་སྨན་ལབ་ན་དོན་ངོ་མ་ག་འདྲ་ཞིག་ལ་གོ་དགོས་སམ། རྒྱ་གར་དང་རྒྱ་ནག་གཉིས་ཀ་ལ་བོད་སྨན་དང་ཆ་འདྲ་བ་བསམ་གྱིས་མི་ཁྱབ་པ་འདུག། དེ་ཚོ་ཕན་ཐོག་དང་སྐད་གྲགས་གཉིས་ཁ་ཡོད་པ་རེད། དེ་འདྲ་ཡིན་དུ་་་ཚན་སྨན་་་ལབ་ན་ག་འདྲ་ཡོང་ངམ། །
ད་དུང་སྨན་བཅོས་བྱེད་སྟངས་ཀྱི་ཆ་ནས་བཤད་ན་བོད་སྨན་ལུགས་ཀྱི་སྨན་བཅོས་བྱེད་སྟངས་ནི་ཤིན་ཏུ་གདུག་རྩུབ་དང་དམུ་རྒོད་ཀྱི་རང་བཞིན་ཅན་དག་ཡིན་ཏེ། བལ་ཡུལ་ཕྱོགས་ཀྱི་གྲོང་གསེབ་ཁག་ལ་ཛག་རི་ཟེར་བའི་ཆོས་ལུགས་པ་དག་གིས་གསོན་འདྲེ་(བལ་པོའི་སྐད་དོད་དུ་དེ་ལ་བྷོག་ཤི་ཟེར།)འདོན་རྒྱུ་ཡིན་ཟེར་ནས་ལྕགས་ཀྱི་སྐྱ་བ་དམར་འབར་བ་དེ་འདྲ་མིའི་འགྲམ་ཐོག་ལ་འབྱར་ནས་ན་ཟུག་གིས་ཤི་གསོན་གྱི་མཐའ་མཚམས་ལ་སྐྱེལ་བར་བྱེད་པ་དང་འདྲ་བར། ཉེན་སྐྱོབ་ཀྱི་ཆ་རྐྱེན་གང་ཡང་མི་དགོས་པར་ཐད་ཀར་མེ་ལ་བསྲེགས་པའི་ལྕགས་དམར་མིའི་ལུས་ཐོག་ལ་བསྣུན་པ་དང་། སྐམ་ཁབ་ཟེར་བ་ཞིག་ཐད་ཀར་མིའི་ལུས་ཐོག་ལ་བསྣུན་ནས་གློག་གཏོང་བར་བྱེད་པའི་ལུགས་སོགས་མདོར་ན་མི་དང་དུད་འགྲོའི་ཁྱད་པར་འབྱེད་མི་ཐུབ་པའི་སྨན་བཅོས་བྱེད་ཐབས་དེ་འདྲ་ནི་བོད་སྨན་ལ་ཏན་ཏན་མང་པོ་ཡོད་བཟོ་འདུག་ལ། དེ་དག་ནི་བོད་སྨན་གྱི་ཐུན་མིན་གྱི་ཁྱད་ཆོས་སུ་སྨོས་ཀྱང་མི་ཆོག་པ་མེད་ལ། སྨན་བཅོས་དེ་དག་གི་ཉེར་ལེན་ལས་ངའི་ཕ་ཡུལ་དུ་མི་མང་པོའི་རྐང་ལག་ཞ་བོ་བཟོས་པའང་ཡོད་པར་མ་ཟད། ང་རང་ཡང་ཆུང་དུས་ཉེན་ཁ་དེ་འདྲ་བརྒྱུད་ནས་ཡོང་མྱོང་མཁན་ཞིག་ཡིན་ཙང་བརྒྱུད་བཞི་བློ་ཐོག་ལ་སྐྱོར་རྒྱུ་མེད་ཀྱང་བོད་སྨན་གྱི་བྱས་རྗེས་དེ་ཚོ་མྱོང་ཐོག་ནས་རྒྱུས་ཡོད་ཙམ་ཡིན།
བཀྲ་ཤིས་དོན་འགྲུབ་ལགས་སུ།
ངས་ཁྱེད་ཀྱི་སྐད་ཆ་སྔ་ཕྱི་འགལ་གྱི་འདུག་ཟེར་བ་ནི་འདི་ཡིན་ཏེ། ཁྱེད་ཀྱིས་་་་་་
བོད་སྨན་ལ་ཐུན་མིན་གྱི་ནུས་པ་ཞིག་ཡོད་པ་ནི། མིའི་ཁོག་པར་རྡོ་ཆགས་ནས་གཤགས་བཅོས་གཏོང་དུ་འཇུག་གི་ཡོད་པ་དེ་རེད། དེའི་རྒྱུ་མཚན་ནི་བོད་སྨན་ནང་ལྕགས་རིགས་དང་རྡོ་རིགས་མང་དག་ཅིག་སྲེས་སྦྱོར་བྱེད་ཅིང་། དེ་དག་ཚུལ་བཞིན་བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་༼ཟུར་ཙམ་ཡང་མེད།༽ ཅེས་དང་དེའི་རྗེས་སུ་་་་་
ངས་ནི་བོད་ཀྱི་གསོ་བ་རིག་པའི་ནང་བཤད་པའི་བཞུ་བཏུལ་བྱེད་སྟངས་དེ་དག་བཞུ་བཏུལ་བྱེད་སྟངས་ཚད་ལྡན་ཞིག་མིན་པ་མངོན་སུམ་གྱིས་ར་སྤྲོད་བྱས་ཡོང་གི་ཡོད་ཙང་། ད་གཟོད་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་མེད་ཟེར་བ་ཡིན།
དེས་ན་དང་པོ་༼ཟུར་ཙམ་ཡང་མེད་༽པར་ཐག་བཅད་པ་དང་རྗེས་སུ་༼ཚུལ་བཞིན་༽མེད་ཅེས་སྨྲས་པ་དེ་རེད།
ཁྱེད་ཀྱིས་གསུངས་པ་ལྟར་ངས་འདི་ནས་ཁ་ཕོ་ཆེ་ཙམ་བསྒྲགས་ཡོད་ཀྱང་དེ་དག་རྒྱབ་ལྗོངས་དང་བདེན་དཔང་མེད་པའི་ལབ་རྐྱལ་རྐྱང་རྐྱང་གཏན་ནས་མིན་པས་རིམས་པས་གསལ་པོར་ཆགས་ངེས་རེད། བོད་ལུགས་ཀྱིས་བཅོས་མི་ཐུབ་པའི་ནད་རིགས་མང་པོ་ཞིག་ཕྱི་ལུགས་པས་བཅོས་བཞིན་པ་རེད་ལ། དེ་མཚུངས་ཕྱི་ལུགས་པས་བཅོས་མི་ཐུབ་པ་མང་པོ་ཞིག་བོད་ལུགས་པས་བཅོས་བཞིན་པ་རེད། འོན་ཀྱང་ཕྱི་ལུགས་ཀྱིས་བཅོས་མི་ཐུབ་པའི་ནད་རིགས་ཡོད་ཚད་བོད་ལུགས་ཀྱིས་བཅོས་ཐུབ་པའི་ཁས་ལེན་ནམ་བྱེད་མི་ཐུབ།
ད་དུང་དེང་སང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་ན་མིང་དང་སྒོར་མོ་སྐད་གྲགས་བཅས་ལ་ཞེན་ནས། ལུས་སེམས་ཀྱི་བཟོད་མི་ཐུབ་པའི་ཉེན་ཁ་མང་པོར་དགའ་སྤྲོས་འཇུག་བཞིན་པ་སྙན་འཕྲིན་དག་ན་དམར་རྗེན་དུ་མཐོང་རྒྱུ་འདུག་ན། ཤིན་ཏུ་གདུང་བའི་ནད་ཀྱི་ཟུག་རྔུ་འཇོམས་ཕྱིར་མེ་འཇོག་པ་དང་ཁྲག་གཏར་བ་སོགས་ལ་མི་རུང་བ་ཅི་ཡོད། དེ་ཡང་ནད་པ་རང་ལ་འདོད་པ་མེད་ན་སྨན་པས་རྐང་ལག་ཐག་བཀྱིགས་དང་ཨུ་ཚུགས་མཐར་སྐྱེལ་བྱེད་མི་སྲིད་པར་སེམས།
ལག་རྩལ་དེ་དག་ཚུལ་བཞིན་སྤྱོད་ཤེས་ན་ནད་ལ་ཕན་པ་ནི་མངོན་གསུམ་རེད་འདུག་ལ་ཚུལ་བཞིན་མ་བྱུང་ཁྱེད་ཀྱིས་བཤད་པའི་གནས་ཚུལ་དག་ཐོན་སྲིད་པས། དེ་དག་ནི་སྨན་པའི་ལག་རྩལ་ཞན་པ་ལས་སྨན་གཞུང་གི་ནོར་བ་གཏན་ནས་མིན། འོན་ཀྱང་བོད་ལུགས་སྨན་པ་དག་གིས་ལག་རྩལ་དེ་དག་ཡུལ་དུས་དང་མཐུན་པའི་སྒོ་ནས་ཡར་རྒྱས་གཏོང་ཐུབ་མེད་པ་ནི་གྱོང་གུན་ཆེ་བའི་རྗེས་ལུས་ཤིག་རེད་འདོད།
སྐམ་ཁབ་ནི་བོད་ཀྱི་སྨན་གཞུང་ནང་གཏན་ནས་མེད། དེ་ནི་ཀྲུང་ལུགས་སྨན་གཞུང་གི་ལག་རྩལ་ཞིག་རེད། འོན་ཀྱང་དེང་སང་བོད་ལུགས་སྨན་པ་མི་ཉུང་བ་ཞིག་གིས་དེ་ལ་ལག་ལེན་བྱེད་བཞིན་ཡོད།
ཁྱེད་ཀྱིས་དངོས་གནས་ཡི་གེར་ཞིབ་ཆ་གཟིགས་མི་འདུག་པས་ངས་འདི་ནས་ཇི་བཞིན་པ་པར་བཤུས་མི་རྒྱག་ཐུ་མེད་ཆགས་སོང་། ལྟོས་ཨ་་་་། “དེ་དག་(ཚུལ་བཞིན་)བཞུ་བཏུལ་བྱེད་རྒྱུའི་ལག་རྩལ་ནི་བོད་ཀྱི་གསོ་བ་རིག་པར་(ཟུར་ཙམ་ཡང་མེད།)” ངས་ཐེངས་པོར་བཤད་པའི་སྐད་ཆ་འདི་རང་ཡིན་པས། དེའི་ཕྱིར་ངས་སྐད་ཆ་རྗེས་མ་དེར་(ཚུལ་བཞིན་)ཞེས་གསལ་ཁ་བཏོད་ནས་བཤད་པ་ཡིན། ཁྱེད་ལ་ཡང་བསྐྱར་ཞུ་རྒྱུར་ངས་བཞུ་བཏུལ་བྱེད་ཚུལ་ཟུར་ཙམ་ཡང་མེད་ཚུལ་བཤད་མེད། ཚུལ་བཞིན་བཞུ་བཏུལ་བྱེད་ཚུལ་ཟུར་ཙམ་ཡང་མེད་ཚུལ་བཤད་ཡོད། དེ་ཡིན་མིན་མཆན་ངོ་མ་དེར་ཞིབ་ཏུ་ལྟོས་དང་ཤེས་ཡོང་། འོ་ན་དེར་སྔ་ཕྱི་འགལ་བ་གང་ཞིག་འདུག་གམ།
ལོ་ལྔ་སྟོང་གི་སྔོན་ནས་བོད་ལ་གཤགས་བཅོས་ཀྱི་ལས་རྩལ་ཡོད་པའི་དཔང་རྟགས་གཞན་ཡང་མང་པོ་ཞིག་ཡོད། རིམ་བཞིན་སྟོན་ཆོག
ཁྱེད་ཀྱིས་བོད་སྨན་ལུགས་ཀྱིས་ཁྲག་གཏར་བ་དང་མེ་རྒྱག་པ་དེ་དག་ལུགས་མཐུན་དུ་སྒྲུབ་པའི་དཔེར་ཉེན་མཆོང་གི་ལས་ཀ་དག་དཔེར་བཀོད་འདུག་པ་ནི། ཕོ་གསར་འཁྲེབ་ཏོ་ཚོས་དུག་རྫས་(drugs)ལ་ལོངས་སྤྱོད་པ་མངོན་གསུམ་གྱིས་མཐོང་དུ་འདུག་ན། སྨན་པས་ཀྱང་དེ་དག་ལ་དུག་རྫས་(drugs)སྤྲད་ན་མི་འགྲིག་པ་ཅི་ཡོད་ཟེར་བ་དང་ཤིན་ཏུ་འདྲ་འདུག་པས་རྗེས་ཕྱོགས་ནས་དཔེ་ཡག་ཙམ་དགོད་རོགས།
drugs ཞེས་པ་དེ་དབྱིན་སྐད་ལ་སྨན་གྱི་སྤྱི་མིང་དུ་གོ་ཡི་ཡོད་ཚོད་ལགས་ཀྱང་། འདི་ནས་ཡོངས་གྲགས་ཀྱི་དབང་དུ་བྱས་ནས་མྱོས་རྫས་སམ་དུག་རྫས་ལ་གོ་རྒྱུ་བྱས་ནས་བྲིས་པ་ཡིན།
ཁྱོད་ཚོ་བོད་སྨན་ལ་ཡིད་ཆེས་ཡོད་ན་ཁྱོད་ཚོས་ཁྲག་གཏར་བ་དང་མེ་བཙའ་འཇོག་པ་སོགས་ལག་ལེན་དུ་མི་བསྟར་དོན་ཅི་ཡིན། ཧཧཧཧཧཧ ཁུངས་མི་འཁྱོལ་བའི་མགོ་ཚུགས་ཚར་བ་རེད།
ཁྲག་གཏར་བ་དང་མེ་བཙའ་འཇོག་པའི་སྲོལ་ད་ལྟ་བོད་དང་ཧི་མ་ལ་ཡའི་སོགས་་སུ་ལག་ལེན་བྱས་དང་བྱེད་བཞིན་པ་རེད་འདུག
བོད་སྨན་ནི་ད་ལྟ་ཨུ་རུ་སོགས་མཚོན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་སུ་མེ་སྟག་མཆེད་པ་བཞིན་འཕེལ་བཞིན་འདུག བོད་བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་སྡེ་ཁག་གི་ནང་ནས་བོད་ཀྱི་སྨན་རྩིས་ཁང་ནི་དཔལ་འབྱོར་གྱི་ཡར་རྒྱས་ཆེ་ཤོས་དེ་ཡིན་པར་མ་ཟད་སྲིད་སྐྱོང་བློ་སེང་གིས་བཤད་པའི་རང་ཁ་རང་གསོ་བྱེད་པའི་ཚོགས་སྡེ་ནི་དེ་ཁོ་ནར་ངེས་འདུག མ་ཟད་དེང་སང་ནང་ཆོས་ལས་ནུབ་ཕྱོགས་པ་ཚོས་བོད་སྨན་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་དོད་པོ་རེད།
བན་དེ་བས་རང་སྒེར་ལ་དབང་ཞིང་རང་སྣང་སྐྱིད་པའི་སྐད་ཆ་མང་པོ་བཤད་གནང་གི་འདུག ཧཧཧཧ
གདུག་རྩུབ་ཆེ་དགོས་ན་བོད་ལུགས་ལས་ཕྱི་ལུགས་སྨན་བཅོས་གདུག་རྩུབ་ཆེ། ཕྱི་ལུགས་སྨན་བཅོས་ལ་རྟེན་ནས་མིའི་གཟུགས་པོ་བཤག་བཅོས་དང་དབང་པོ་བཅོད་འབྲེད་སོགས་བྱེད་ཀྱི་ཡོད་པ་དང་། ད་དུང་སྨན་རྫས་ཞིབ་འཇུག་གི་ཆེད་དུ་ཙི་ཙི་དང་རི་བོང་སོགས་སྲོག་ཆག་ཁྲི་སྟོང་མང་པོ་ལ་ལག་རྩེད་བརྩེ་དང་བརྩེ་བཞིན་པ་རེད། ད་དུང་ཕྱི་ལུགས་སྨན་པས་གཤག་བཅོས་ཀྱི་གོ་སྐབས་དང་བསྟུན་ནས་མིའི་ནང་ཁྲོལ་རྐུས་པའི་གནས་ཚུལ་ཡང་མང་པོ་རེད། གལ་ཏེ་གཤག་བཅོས་དབང་པོ་བཅོད་འབྲེད་དེ་དག་ནད་བཅོས་པའི་ཆེད་དུ་ཡིན་པས་སྐྱོན་མེད་ཟེར་ན། བོད་སྨན་གྱི་ཚུག་དང་སྟར་ཀ་དེ་དག་ཀྱང་ན་ཚ་བཅོས་པའི་ཆེད་དུ་ཡིན་པས་སྐྱོན་མེད་པ་གཅིག་མཚུངས་རེད།
གྲོགས་པོ་ལུང་རྟོགས་ཞུ་བ་ལགས། ཕྱི་ལུགས་ཀྱི་སྨན་པས་གཤག་བཅོས་བྱེད་སྟངས་དེ་ཚོར་གདུག་རྩུབ་མི་ཟེར་ཏེ། དེ་དག་གིས་ཉེན་སྐྱོབ་ཀྱི་ཆ་རྐྱེན་མེད་པར་འབད་ཅིང་སྐུལ་ཀྱང་བཤག་བཅོས་བྱེད་མི་སྲིད་པའི་ཕྱིར། བོད་སྨན་ལུགས་ཀྱི་བཅོས་ཐབས་དེ་ཚོར་ད་གཟོད་གདུབ་རྩུབ་ཟེར་ཏེ། ཉེན་སྐྱོབ་ཀྱི་ཆ་རྐྱེན་དག་ཕར་ཞོག མི་དང་དུད་འགྲོའི་དབྱེ་འབྱེད་ཀྱང་དཀའ་བའི་ཚོད་ཀྱིས་ལག་ལེན་དེ་འདྲ་ཡིན་པས་སོ།།
གདུག་རྩུབ་
བཅོས།
བཀྲ་དོན་གྱིས་བོད་སྨན་ལ་དགག་པ་བྱེད་པ་དེ་དམིགས་དོན་ལ་བོད་སྨན་མ་རེད་འདུག གཞན་ཞིག་དགག་པ་བྱེད་ཀྱི་འདུག ད་རང་གི་རིག་གཞུང་ཐམས་ཅད་ལ་བཙོག་དུ་བལྟ། གཞན་གྱི་རིག་གཞུང་ལ་གསེར་དུ་བསྒོམ། ཕ་ཙན་དན་སྡོང་པོ་ལ། བུ་ཆུ་ཤིང་རུལ་པ་རང་རེད།
ཉེན་སྐྱོབ་ཀྱི་ཆ་རྐྱེན་ཟེར་ན་སྒྲིབ་སྨན་རྒྱབ་བཞག་པ་རེད། སྒྲིབ་སྨན་དྭངས་ཚར་ནས་རྨ་ཁའི་ན་ཟུག་ཡོད་ཡོད་པ་རེད་ལ། ད་དུང་སྒྲིབ་སྨན་རྒྱབ་པའི་མི་མང་པོ་ཞིག་ལ་གྲིབ་ནད་ཕོག་འགྲོ་ཡི་ཡོད། ད་དུང་གཤག་བཅོས་ཀྱི་སྐབས་སུ་གཟབ་ནན་མ་བྱས་པར་ལག་ཆ་ནང་ལ་ལུས་ནས་ཐེང་གཉིས་པ་ལ་གཤའ་དགོས་པ་ཡང་མང་པོ་ཡོང་གི་འདུག ད་དེ་ཚོ་གདུག་རྩུབ་མིན་མ་གང་རེད། བོད་སྨན་གྱི་ཚུག་བཞག་དུས་པགས་པ་ཅུང་ཟད་སྲེག་དགོས་ཀྱང་དེ་ནི་ཉེན་ཁ་ཆེན་པོ་གང་ཡང་མ་རེད།
ཧཧཧཧཧཧཧཧཧཧ དྲང་པོར་ཞུས་ན་ཁྱེད་ཀྱིས་ཉེན་སྐྱོབ་དང་ཉེན་འཇུག་གཉིས་ཀྱི་ཁྱད་པར་ཤེས་ཀྱི་མི་འདུག