བྲག་རྗེ་སྐལ།
ལོ་སར་བརྗེད་དུ་མ་འཇུག་ལོ་སར་བསུས།།
རབ་གནས་ཆུ་སྦྲུལ་ལོ་ཡི་ལོ་སར་བསུས།།
བོད་མའི་ལས་དབང་སོམས་ནས་ལོ་སར་བསུས།།
མི་རིགས་ལ་རྒྱ་སོམས་ནས་ལོ་སར་བསུས།།
ལོ་སར་བསྐྱུར་ལ་མ་འཇོག་ལོ་སར་བསུས།།
རིག་གཞུང་སྲུང་སྐྱོབ་ཆེད་དུ་ལོ་སར་བསུས།།
བོད་མིའི་མཐུན་སྒྲིལ་ཆེད་དུ་ལོ་སར་་སུས།།
སྔར་སྲོལ་རྒྱུན་སྐྱོང་ཆེད་དུ་ལོ་སར་བསུས།།
ལོ་སར་གཡུག་ནས་མ་འཇོག་ལོ་སར་བསུས།།
སྡུག་ན་སྡུག་གི་མཆི་མས་ལོ་སར་བསུས།།
དགའ་ན་དགའ་བའི་འཛུམ་གྱིས་ལོ་སར་བསུས།།
རྣམ་པ་ཅི་རིགས་སྒོ་ནས་ལོ་སར་བསུས།།
ལོ་སར་རྩིས་མེད་མ་གནང་ལོ་སར་བསུས།།
དགྲ་དང་དཔུང་བ་གཤིབ་ནས་ལོ་སར་བསུས།།
གཉེན་དང་མཛའ་བརྩེ་ཟབ་མོས་ལོ་སར་བསུས།།
དགྲ་གཉེན་གཉིས་ཀྱི་ཆེད་དུ་ལོ་སར་བསུས།།
ལོ་སར་བོར་བརླག་མ་གཏོང་ལོ་སར་བསུས།།
མཐུན་སྒྲིལ་ལག་རྡང་སྦྲེལ་ནས་ལོ་སར་བསུས།།
ལ་རྒྱའི་དཔུང་བ་འཕྱར་ནས་ལོ་སར་བསུས།།
དཔའ་བོའི་འདས་དོན་གླེང་གིན་ལོ་སར་བསུས།།
ལོ་གསར་བའི་ནང་དྲ་གྲོགས་ཚང་མར་འཚམས་འདྲི་དང་བྱ་བ་ལམ་འགྲོ་ཡོང་བར་སྨོན་འདུན་ཞུ།
ཡིད་ལ་བསམ་པས་དོན་འགྲུབ་ཤོག།
ངག་ལ་དབྱངས་སྙན་བཀྲ་ཤིས་ཤོག།
ལུས་ལ་ནད་མེད་བཀྲ་ཤིས་ཤོག།
ཐམས་ཅད་ཕུན་སུམ་ཚོགས་པར་ཤོག།
དེང་སང་ལོ་གསར་ལ་མང་ཆེ་བའི་༼ལོ་སར༽ག་སྔོན་འཇུག་མི་འདུག རྒྱུ་མཚན་ག་རེ་ཡིན་ན་གསུང་རོགས་གནང་།
རིགས་རུས་གཅིག་པའི་གཉེན་ཡིན་ཟེར། །
ཕ་མ་གཅིག་པའི་སྤུན་ཡིན་ཟེར། །
ལས་དང་ལ་རྒྱ་གཅིག་ཡིན་ཟེར། །
ང་ཚོ་ཚང་མ་གཅིག་ཡིན་ཟེར། །
སྐྱིད་ཀྱིས་རྟ་ཕོ་མཉམ་ཞོན་ཟེར། །
སྡུག་གིས་ཁུར་པོ་མཉམ་འཁུར་ཟེར། །
གདུང་སེམ་མཉམ་སྐྱེད་ཡོད་དོ་ཟེར། །
ཁྱེད་ཚོར་དམིགས་དཔེར་ལྟ་བཞིན་ཟེར། །
ཟེར་ཟེར་གཏམ་འདི་སྙན་སྙན་འདྲ། །
དོན་དངོས་ཁ་ཁོག་མི་མཚུངས་པའི། །
ཁྲེལ་མེད་རིགས་ཀྱིས་ལོ་གསར་འདིར། །
དབང་མེད་མིག་ཆུ་ཤོར་བྱེད་ཤིག །
འདས་པའི་ལོ་རྒྱུས་གཅིག་པ། །ད་ལྟའི་ལས་དབང་གཅིག་པ། །མ་འོང་མངོན་འདོད་གཅིག་པ། །ཤ་རུས་གདུང་རྒྱུད་གཅིག་ལས་འཆེད་པའི་ཁ་བ་གངས་ཅན་པ་ཡོངས་རྫོགས་ལ་ངས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་པའི་ཁ་གཡང་གང་ཡང་མེད། གང་ཡོད་པ་དེ་ནི་ཁྱེད་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྲོལ་རྒྱུན་ལམ་ལུགས་སོགས་གང་ལ་ཁ་གཡར་ནས་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་ལོ་གསར་རོལ་བ་ཡིན་ན་དེ་ནི་བསྟན་པ་ཆབ་སྲིད་ཀྱིས་དོན་དུ་སྐུ་སྲོག་ཤོར་བས་དཔའ་བོ་དཔའ་མོ་བརྒྱ་ལྷག་ཞིག་བྱུང་ཟིན་པ་དེ་ཚོས་ཤ་ཕྲག་དེ་དག་ཁྱེད་ཚོས་ཁ་ཟས་སུ་ལོངས་སྤྱོད་པ་ཞིག་ལ་ངོས་འཛིན་ངེས་ཡིན། །
སྤྱི་ལོ་ ༢༠༡༣ ཆུ་སྦྲུལ་ལོ་གསར་ལ་དྲ་གྲོགས་ཚང་མ་ལ།
བཀྲ་ཤིས་བདེ་ལེགས་ཕུན་གསུམ་ཚོགས། །
ཨེ་མ་བག་བྲོ་སྐུ་ཁམས་བཟང་། །
བརྟན་དུ་བདེ་བ་ཐོབ་པར་ཤོག །
ནུབ་ཕྱོགས་གངས་ཕྲུག་ལགས།
ལོ་སར་ནི་གནམ་ལོ་གསར་བའི་བསྡུས་མིང་ཡིན་ལ། ལོ་གསར་མི་འབྲི་བར་ལོ་སར་འབྲི་བ་ནི་བརྡ་སྤྲོད་སྐབས་སུ་བརྗོད་བདེ་འདྲེན་པ་ཞེས་པའི་དབང་དུ་བྱས་པ་སྟེ། ངག་ཐོག་དུ་ཡི་གེ་ཀློག་པའི་སྐབས་སུ་བརྗོད་བདེ་བར་གཞིར་བྱས་པ་ཡིན། དཔེར་ན། བུ་ཕོ་གསར་བ་(ལང་ཚོ་གསར་བ་འམ་གཞོན་པ)ལ་ཕོ་སར། བུ་མོ་གསར་བ་ལ་མོ་སར་ཞེས་འབོད་པ་ལྟར་ལགས།
འོད་གསལ་ལགས། ལོ་གསར་བརྗོད་བདེ་མིན་པ་དང་ལོ་སར་བརྗོད་བདེ་འདྲེན་པ་གང་འདྲ་ཡིན། ངའི་བསམ་ན་ངག་ནས་ཀློག་དུས་གཉིས་ཀར་གཅིག་མཚུངས་རེད། དེས་ན་ལོ་སར་བརྗོད་བདེ་མིན་པར་བྲིས་བདེ་རེད་འདུག སྔོན་འཇུག་མི་དགོས་པར་ཡི་གེ་ཉུང་དུ་ཕྱིན་ཙང་བྲིས་བདེ་འདྲེན་པ་རེད་འདུག
ལོ་ཞེས་པའི་སྒྲ་དང་གསར་ཞེས་པའི་སྒྲ་གཉིས་དྲག་ཞན་ཧ་ཅང་མ་མཚུངས་སྟབས། དོན་ལ་འགལ་བ་མེད་ཀྱང་ལོ་གསར་ཞེས་བརྗོད་སྐབས་ཅུང་མི་སྙན་པའམ། བརྗོད་མ་བདེ་བས་ལོ་སར་ཞེས་བྲིས་པའམ་བརྗོད་པ་ཡིན་ལ། དོན་ལ་གསར་དང་སར་གང་བྲིས་ཀྱང་འགལ་བ་མེད་དེ། དག་ཡིག་མཁས་དགའ་སོགས་ལས། སར་བ་སོགས་ལ་གང་ཡང་རུང་། ། ཞེས་གསུངས་པའི་ཕྱིར་རོ། །
ངས་འདི་ལོའི་ལོ་གསར་སྟ་གོན་གང་ཡང་བྱས་མེད་ལ་ད་ནང་ཞོགས་པར་སྔ་མོར་རྣམ་ཀུན་ལྟར་ཁ་འདོན་གྲུབ་རྗེས་སུ་བཟང་པོ་སྤྱོད་པའི་སྨོན་ལམ་ཚར་གཅིག་དང་། འཚེར་མེད་ཡོན་ཏན་ཚར་གཅིག་འདོན་པ་ཡིན། དེ་ནི་ད་ལོའི་ལོ་གསར་བརྩི་སྲུང་བྱེད་སྟངས་ཤིག་ཡིན།།
སྐུ་ཞབས་ནུབ་ཕྱོགས་གངས་ཕྲུག་ལགས།
མདའ་མོ་བས་གསུངས་དེ་བདེན་པ་རེད། ལོ་སར་ཞེས་པ་བརྗོད་བདེ་འདྲེན་པ་ལས་འབྲི་བདེའི་དབང་དུ་བྱས་པ་མ་ཡིན། གལ་ཏེ་འབྲི་བདེའི་དབང་དུ་བྱས་པ་ཡིན་ན། སྒྲ་དང་ཡིག་གཟུགས་གཉིས་ལས་དང་བོ་ཡིག་གཟུགས་བྱུང་བར་ཐལ་བ་སོགས་གོ་རིམ་ནོར་བ་སོགས་ཚད་མའི་རིག་པ་དང་འགལ་བའི་སྐྱོན་མང་བོ་འབྱུང་། སྤྱིར་འབྲི་བདེ་ཟེར་བ་བོད་ཀྱི་བརྡ་སྤྲོད་པའི་ཐ་སྙད་ཅིག་མ་ཡིན་པར། ཡིག་གཟུགས་རིག་པའི་ཐ་སྙད་ཅིག་ཡིན་ཤེས་ཆེ། དེང་སང་རྙིང་མའི་ཆོ་ག་དབུ་མེད་དུ་བཞུགས་པ་རྣམས་ཀྱི་ནང་དུ། འབྲི་མྱུར་བའི་ཆེད་དུ་ཡིག་སྐོང་ཟེར་བ་མང་བོ་མཇལ་རྒྱུ་འདུག ། འབྲི་བདེ་ཟེར་བ་དེ་རྒྱ་ནག་གི་ཡིག་གཟུགས་ལ་བྱུང་འདུག་པ་ནི། རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་བན་གཉིས་ཀྱི་ཡིག་གཟུགས་འབྲི་སྟངས་ལ་ཁྱད་ཆེན་པོ་ཡོད་པས་ཤེས་སླ།
འོད་གསལ་ལགས། རྙིང་མའི་ཆོག་ནང་བསྐུང་ཡིག་དེ་ཚོ་འབྲི་མྱུར་བའི་ཆེད་དུ་ཡིན་པ་བདེན། ཁྱེད་རང་གི་ཡིག་སྐོང་ཟེར་ན་ཁ་བསྐོང་བའི་དོན་མ་གཏོགས་ཡི་གེ་བསྐུང་བའི་དོན་མ་རེད། ང་རང་ཡང་ཆུང་དུས་བསྐུང་ཡིག་འགའ་སྦྱང་མྱོང་ཡོད། དཔེར་ན། རི་ཆེན་གསུམ་ལ། རིནེ་༣ ལྟ་བུ་ རེད་འདུག གང་ལྟར་ལོ་གསར་དང་ལོ་སར་གྱི་བསྐོར་དེ་རྒན་ལ་དྭགས་པས་ལན་གཅིག་གནང་ན་ལེགས་པར་སེམས།
སྐུ་ཞབས་ནུབ་ཕྱོགས་གངས་རི་ལགས། ཁྱེད་རང་བདེན་པ་རེད། དགོངས་དག། ཡིག་སྐོང་དེ་ཡིག་བསྐུང་དུ་བཅོས་རོགས། ལུང་བ་ཁ་ཤས་སུ་བསྐུང་ཡིག་ཟེར་བ་ཐོས།
སྐུ་ཞབས་ནུབ་ཕྱོགས་གངས་ཕྲུག་ལགས། ཁྱེད་ཀྱིས་གནང་བའི་གོང་གི་རྩོམ་ཐུང་ཐིག་ཕྲེང་ལྔ་དྲུག་ཡོད་པ་དེའི་ནང་ལའང་། ལོ་སར་གྱི་བསྐོར་དེ་སྐོར་དུ་བཅོས་དགོས་པ་སོགས་ཁྱེད་ཀྱིས་ཡིག་ནོར་དུ་མ་གནང་འདུག་ཀྱང་། ཡི་གེ་འབྲི་སྐབས་སུ་སྟེས་དབང་བྱུང་བར་འདྲ་བས་ནོར་བཅོས་བྱ་རྒྱུ་མིན། ཁོ་བོས་ཀྱང་མ་བསམ་བཞིན་དུ་ཡི་གེ་འབྲི་སྐབས་ཡིག་ནོར་མང་བས་འབྱུང་བཞིན་འདུག །
འཇམ་གཅེས་ལོ་ལགས། ཁྱེད་རང་ངོ་མ་ངར་བ་རེད། ང་རང་གིས་ཚད་མེད་ཡོན་ཏན་མ་ཚར་གཅིག་ལས་འཚེར་མེད་ཡོན་ཏན་འདོན་ཐུབ་མ་སོང་། ཨ་ལ་ཀུ་རེ་ཡིན།
ལོ་སར་མ་རེད། ལོ་གསར་རེད།
gud
ལོ་གསར་ལ་ལོ་སར་བྲིས་དགོས་དོན་གང་ཡིན།