མི་ཉག་ཀུན་དགའ་བཀྲ་ཤིས།
ངོ་སྤྲོད།
ཆབ་སྲིད་བཙོན་ཟུར་དང་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱིས་ཨེ་ལིའོ་སུ་པ་ལིང་ Elliot Sperling ་རྗེས་དྲན་གྱི་དོན་དུ་ཁ་བྱང་དུ་” ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན་” ཞེས་པའི་རྩོམ་ཞིག་བྲིས་པ་དེའི་སྔ་ཕྱི་བར་གསུམ་དུ་༧གོང་ས་མཆོག་གི་མཚན་ཙམ་བརྗོད་མེད་ན་ཡང་། མགོ་བདེ་དྲན་འཕྲུལ་ཅན་རེ་འགས་རྩོམ་དེ་རྣོ་ངར་ཅན་གྱི་ལག་ཆ་ཞིག་ལ་མཐོང་བ་དང་། དེ་ནི་༧སྐུ་མདུན་ལ་ཟུར་ཟ་ཞུས་པ་ཡིན་པའི་དཀྲོག་གཏམ་རྫིག་པོ་རེ་དང་། འགྲེལ་བཤད་སྙིང་རྗེ་མོ་རེ་བརྒྱབ་པའི་རྐྱེན་གྱིས། རྩོམ་དེས་བོད་ཕྱི་ནང་གཉིས་ཀྱི་ཀློག་པ་པོ་ཧ་ཅང་མང་པོའི་དོ་སྣང་དྲངས་ནས་སྤྱི་ཚོགས་བརྡ་འཕྲིན་བརྒྱུད་ལམ་ཐོག་བགོ་འགྲེམས་དང་ཀློག་གྲངས་མང་ཤོས་ཀྱི་རྩོམ་ཡིག་ཅིག་ཏུ་གྱུར།
གསལ་བཤད།
ངས་འདིར་ཀླུ་བྱམས་ཀྱི་རྗེས་དྲན་རྩོམ་ཡིག་དེ་༧གོང་ས་མཆོག་ལ་ཟུར་ཟ་ཞུས་པ་ཡིན་པའི་དབང་དུ་བཏང་ནས་ཚིག་ཕྲེང་འགའ་འབྲི་བར་འདོད། ཡིན་ན་ཡང་གསར་འགོད་གསལ་བསྒྲགས་དང་། ས་ཡིག་བསྡུ་རུབ་ཀྱིས་མཚོན་པའི་ལས་འགུལ་ཛ་རེ་ཛོ་རེ་དག་ནི་དོན་མེད་དང་འབྲས་མེད་ཡིན་པས་རེ་ཞིག་གླེང་བར་མི་བྱ། སྐབས་སུ་བབ་པའི་གླེང་གཞི་གཙོ་བོ་ནི་གནས་རིམ་མི་འདྲ་བའི་རང་གཞུང་གི་མཛད་གཙོ་རྣམ་པ་གསུམ་གྱིས་རྩོམ་པ་པོ་དང་རྩོམ་ཡིག་གཉིས་ལ་རྒོལ་བའི་གཏམ་བཤད་སྤེལ་བའི་ཡུལ་དུས་དང་བྱུང་རིམ་ལ་བརྟག་དགོས་པ་དེ་རེད།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ།
ཀླུ་མཁར་བྱམས་ཀྱིས་༢༠༡༧ ལོའི་ཟླ་བ་༠༡ ཚེས་༠༥ ལ་རྩོམ་ཡིག་དེ་ཁོ་རང་སྒེར་གྱི་ངོ་དེབ་ཐོག་ལ་སྤེལ་བ་རེད། དེ་སྤེལ་ནས་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་བོད་ཀྱི་ལོ་གསར་ཚེས་གཅིག་སྟེ། སྤྱི་ཟླ་༠༢ པའི་ཚེས་༢༧ ལ་གཏམ་བཤད་མ་སྤེལ་བར་དུ་ཕྱི་ནང་གི་སྤྱི་ཚོགས་ནང་དུ་རྩོམ་ཡིག་དེའི་སྐོར་ལ་བཟང་ངན་གཉིས་ཀའི་ཐོག་ནས་ཟླ་བ་གཉིས་མ་ཟིན་ཙམ་གྱི་རིང་ལ་ལབ་གླེང་ཧ་ཅང་མང་པོ་ཞིག་བྱས་པ་དང་། མང་པོ་ཞིག་ཐག་ཆད་ནས་གླེང་མཚམས་བཞག་ལ་ཉེ་སྐབས། སྐུ་ཞབས་འབྲོང་ཆུང་དངོས་གྲུབ་ཀྱིས་རྡི་ལིའི་བོད་ཀྱི་ལོ་གསར་ཚེས་པ་གཅིག་གི་མཉམ་འཛོམས་ཀྱི་ཚེས་བཟང་དུས་བཟང་དེ་བེད་སྤྱད་ནས་༧བཀྲ་མི་ཤིས་པའི་ནང་འཁྲུག་གི་གཏམ་བཤད་དེ་སྤེལ་བ་རེད། དེ་ནི་འཆི་བཞིན་པའི་མེ་རོའི་སྒང་ལ་ཤིང་སྐམ་སྤུངས་པ་དང་སྣུམ་བླུགས་པ་ལྟར་གྱུར་ནས་མེ་དེ་རྨང་ནས་སླར་ཡང་གསོས་བ་རེད། མ་གཞི་༧ སྐུ་མདུན་ལ་རྒྱབ་སྐྱོར་ཞུ་བ་དང་ཀླུ་བྱམས་ལ་དགག་པ་རྒྱབ་པའི་གཏམ་བཤད་དེ་སྤེལ་བར་ཟླ་བ་གཉིས་མ་ཟིན་ཙམ་དང་། དེ་ཡང་བོད་ཀྱི་ལོ་གསར་ཚེས་གཅིག་བར་དུ་བསྒུགས་པ་ནི། ཡུལ་དུས་གནས་སྐབས་གང་ལ་བསམས་ན་ཡང་ཡ་མཚན་རེད། འབྲོང་ཆུང་གི་ཀླུ་དགག་གཏམ་བཤད་དེ་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་བརྡལ་གང་ཙམ་ཡག་པོ་ཕྱིན་པ་དང་། དེས་གཞན་ལ་སྐུལ་མ་བྱས།
དྲུང་འཕར་ཟུར་པ་ཀུན་དགའ་བཀྲ་ཤིས།
འབྲོང་ཆུང་དང་འདྲ་བར་བྱང་ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཀྱང་རྩོམ་དེ་སྤེལ་ནས་ཟླ་བ་གཉིས་མ་ཟིན་ཙམ་གྱི་རྗེས་དང་། འབྲོང་ཆུང་གིས་གཏམ་བཤད་སྤེལ་ནས་བདུན་ཕྲག་གཅིག་གི་རྗེས་ལ་སྟེ། སྤྱི་ཟླ་༠༣ ཚེས་༠༤ ཉིན། ཨ་རིའི་ནང་གི་བོད་ཀྱི་ལོ་གསར་འདུ་འཛོམས་ཀྱི་ཚེས་བཟང་དུས་བཟང་ལ་དུས་ཚོད་གང་ཙམ་རིང་པོ་ཞིག་སྤྱད་ནས་བཀྲ་མི་ཤིས་པའི་སྐད་ཆ་མང་པོ་ཞིག་བཤད་ནས་བཀྲ་ཤིས་པའི་དགའ་སྟོན་རྟེན་འབྲེལ་གྱི་ཁ་དོག་ཡོངས་སུ་བསྒྱུར་བ་རེད། ཀུན་དགའ་བཀྲ་ཤིས་ཀྱི་གཏམ་བཤད་དེ་ཡང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འགྲོ་རྒྱུ་ཆེ་ཙམ་བྱུང་ཡོད་པ་དང་། གོང་སོང་བཞིན་ཡུལ་དུས་གནས་སྐབས་ལ་བསམས་ན་ཀུན་དགའི་གཏམ་བཤད་དེ་འབྲོང་ཆུང་ལ་གཅིག་ཕན་གཅིག་གྲོགས་ཀྱི་རྒྱབ་རྟེན་ལྟ་བུ་དང་། ཡང་ན་འགྲན་རྩོད་ཀྱི་རྣམ་པ་ལྟ་བུར་གྱུར་པ་དང་། ༧གོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་བ་ཅུང་འཕྱི་དྲགས་པའི་གནས་སྟངས་ཤིག་ཏུ་མངོན་པར་སྣང་།
སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ
སྲིད་སྐྱོང་མཆོག་ཀྱང་གོང་སོང་གི་སྣེ་ཡོད་མི་སྣ་གཉིས་དང་འདྲ་བར་༧ གོང་ས་མཆོག་ལ་རྒྱབ་སྐྱོར་ཞུ་བ་དང་ཀླུ་བྱམས་ལ་དགག་པ་སྐྱོན་པའི་དུས་ཚོད་ལས་ཡོལ་ཚར་བ་རེད། སྲིད་སྐྱོང་གི་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུ་བའི་སྡིངས་ཆ་དེ་བེད་སྤྱོད་བཏང་ནས་མིང་དངོས་སུ་མ་བོས་པའི་ཐོག་ནས་ཀླུ་བྱམས་ཀྱི་རྩོམ་དེ་འགྲིག་གི་མེད་པའི་རྣམ་པ་བསྟན་ཡོད། སྤྱིར་ན་གསུམ་བཅུ་དུས་དྲན་ནི་མི་རིགས་བདེ་དོན་ཆེད་དུ་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་དང་། མྱ་ངན་གུས་འདུད་ཞུ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་ལས། རྒྱལ་གཅེས་དཔའ་བོར་ཁ་རྡུང་དང་། ནང་ཁུལ་ལ་ཚིག་མཚོན་འཕེན་པའི་ལས་འགུལ་བརྩམས་པ་ནི་ཆོས་སྲིད་གཉིས་ཀྱི་ལམ་ལུགས་གང་གི་ཐད་ནས་ཀྱང་མི་འོས་པ་དང་། མི་གུས་པ་ཞིག་ཅི་ནས་ཀྱང་རེད་འདོད། ཀླུ་དགག་གཏམ་བཤད་དེ་ཡིན་ཅིག་སྤེལ་དགོས་ན། སྔ་གསར་གསར་དང་། དེ་ཡང་ལོ་གསར་འཚམས་འདྲིའི་བརྙན་ལྟ་བུ་བཟོས་མེད་པ་ཡང་ཡ་མཚན་ཅན་གྱི་གནས་ཤིག་རེད།
མཐའ་སྡོམ།
གང་ལྟར་ཐལ་རྡུལ་མང་བའི་ད་རེས་ཀྱི་ནང་ཁུལ་འཐབ་འཛིང་གི་ཁྲོད་དུ། སྒེར་པ་འགའ་ཐོན་མེད་ན། འབྲོང་ཆུང་ཐོན་མི་སྲིད་པ་དང་། འབྲོང་ཆུང་ཐོན་མེད་ན། ཀུན་དགའ་བཀྲ་ཤིས་ཁུ་སིམ་མེར་བསྡད་གཏན་འཁེལ་བ་དང་། བློ་མཐུན་”སྒེར་འབྲོང་ཀུན་”གསུམ་མེད་ན་སྲིད་སྐྱོང་ཡང་མདུན་དུ་ཐོན་ནས་དེ་ལྟ་བུའི་གཏམ་བཤད་སྤེལ་མི་སྲིད་པ་ནི་ཁོ་ཚོས་དགག་ལན་བརྒྱབ་པའི་དུས་ཚོད་ལ་བལྟས་ན་ཧ་ཅང་གསལ་པོ་རེད། དེ་ཡང་ཕྱོགས་གཅིག་ནས་གཅིག་རྒྱབ་གཅིག་ལངས་བྱས་པ་ལྟ་བུ་དང་། ཕྱོགས་གཞན་ཞིག་ནས་བསམ་གཞིགས་བྱེད་དུས་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་གཅིག་རྒྱབ་གཉིས་མཆོང་བྱས་པ་ལྟ་བུར་སྣང་། ལས་འགུལ་དེས་༧རྒྱལ་དབང་མཆོག་གི་མཚན་སྙན་སྲུང་སྐྱོབ་ལ་ཕན་འབྲས་བྱུང་མིན་ལྟ་དགོས། མདོར་ན་མ་འོངས་པར་དེ་འདྲ་ཡི་རིགས་བྱུང་ན་གཅིག་གིས་གཅིག་མ་བསྒུགས་པར་དུས་ཐོག་ལས་འགུལ་བརྩམ་དགོས་པ་དང་། ཚོད་དཔག་བྱས་ནས་ཉེས་པ་བཙན་འགེལ་མི་བྱེད་པར། བདེན་པ་ར་སྤྲོད་བྱེད་དགོས་པ་ཧ་ཅང་གལ་ཆེ། དེ་མིན་སྤྱིར་ན་༧ གོང་ས་མཆོག་གི་མཚན་སྙན་ལ་གནོད་པ་དང་། ཡང་སྒོས་སུ་ནང་ཁུལ་མཐུན་སྒྲིལ་གྱི་འགོག་རྐྱེན་ཆགས་མི་སྲིད་པ་ཡང་གཏན་ནས་མ་རེད།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༡༧ སྤྱི་ཟླ་༠༣ ཚེས་༡༢ མཚན་མོར་བྲིས།།
བོད་པ་རང་བཙན་རྩོད་མཁན་སོ་སོའི་མི་ཚེའི་མདུན་ལམ་གང་ཡང་མེད་པར། རང་བཙན་གྱི་ལས་འགུལ་གང་ཡང་མེད་པར་སྲང་ལམ་དང་དྲ་ལམ་ནང་ལ་རང་བཙན་ཤོད་མཁན་འདྲ་བོ་ཞིག་མཐོང་གི་འདུག དེ་ནི་འབྲོག་པའི་གཏམ་དཔེར། ཆོས་སྐྱོང་རང་འགོ་མི་ཐོན་པར། མགོ་ནག་མི་ཡི་སྲུང་སྐྱོབ་ཟེར་བ་གཅིག་མཚུངས་རེད། ད་ནི་དཀྱུས་ཀྱི་དོན་ལ་འཇུག་པར་བྱ། ཀླུ་མཁར་བྱམས་ཀྱིས་རྩོམ་གྱི་བསྐོར་རེད། ཀླུ་མཁར་བྱམས་ཀྱིས་རྡོར་གདན་ལ་སོང་ནས། རྗེས་སུ་སྟོན་པ་ཐུགས་རྗེ་ཅན་ལ་ཟུར་ཟའི་རྩོམ་ཡིག་གཅིག་སྤེལ་འདུག དེ་ནི་དངོས་ནས་ཆེས་མ་འོས་པ་རེད་ལ་ཆོས་ལུགས་ལ་ཟུར་ཟ་རེད། དེ་ནི་ལོ་༡༡༣ ལས་ལྷག་གི་རྙོག་ཁྲ་རེེད། སྟོན་པའི་རྗེས་འཇུག་ནང་པ་ས་ཡ་༤༠༠ ལྷག་གིས་སེམས་ལ་རྨ་ཁ་བཟོས་པ་རེད། ཡིན་ནའང་དེའི་བསྐོར་ལ་བོད་པ་ཚོས་གླེང་མཁན་མི་འདུག གཉིས་པ་དེ་ལོ་༡༡༣ ལས་ལྷག་བཞུགས་དགོས་པའི་མི་ཁྱོད་ཡིན་ཟེར་བའི་རྩོམ་རེད། དེ་ནི་ གཏན་ཚིགས་རིགས་པའིཁྱབ་ཁོངས་ཀྱི་་དབང་དུ་བྱས་ན་དངོས་བསྟན་དང་ཤུགས་བསྟན་ཟེར་བ་གཉིས་ལས་ཤུགས་བསྟན་ལ་ཟུར་ཟའི་ཚིགས་ཡིན་པ་སྨོས་མེད་རེད། དེ་འདྲ་སོང་ཙང་སྲིད་སྐྱོང་གིས་འགན་འཁུར་ནས་གསུམ་དུས་སུ་་གསུངས་པ་དེ་ཡང་ལེགས་པར་མཐོང་།
་་་་་་་་་་ ། ཀླུ་མཁར་བྱམས་ཀྱིས་རྡོར་གདན་ལ་སོང་ནས། རྗེས་སུ་སྟོན་པ་ཐུགས་རྗེ་ཅན་ལ་ཟུར་ཟའི་རྩོམ་ཡིག་གཅིག་སྤེལ་འདུག དེ་ནི་དངོས་ནས་ཆེས་མ་འོས་པ་རེད་ལ་ཆོས་ལུགས་ལ་ཟུར་ཟ་རེད། དེ་ནི་ལོ་༡༡༣ ལས་ལྷག་གི་རྙོག་ཁྲ་རེེད། ་་་་་་་་་་
མི་ཉག་ཀུན་དགའ་ལགས་བྱས་ན་ཁྱེད་རང་གི་ཅིག་གསུང་དང་ཀླུ་བྱམས་ཀྱིས་གང་བྱས་པ་དེ་འགྲིག་པ་ཞིག་རེད་དམ་་་་་་་་
ཀླུ་བྱམས་འགྲིག་མིན་ནི་ངས་མི་ཤེས། འོན་ཀྱང་༧རྒྱལ་བ་རིན་པོ་ཆེའི་གཟི་བརྗིད་དང་། ཀླུ་བྱམས་ཀྱི་སྒྱུ་རྩལ་གཉིས་བེད་སྤྱོད་ལོག་པར་བཏང་ནས་རང་ཉིད་སྒེར་གྱི་ཆེན་མཐོང་དང་ཁེ་ཕན་སྒྲུབ་མཁན་དག་མི་འགྲིག་པ་ཤེས་སོང་།
རྒན་ལགས་ཀླུ་བྱམས་ལ་སྒྱུ་རྩལ་འདུག་ཟེར་ན་དངོས་གནས་ཡ་མཚན་ཆེན་པོའི་བཀའ་མོལ་རེད་་་་་་་་་་་་་་མ་གཞི་ནས་ཁྱེད་རང་གི་ཀླུ་བྱམས་ཀྱིས་གང་བྱས་པ་འགྲིག་མིན་ཙམ་ཡང་མི་ཤེས་ན་ཧ་ལམ་གསུང་རྒྱུ་ལྷག་ཡོད་པ་མ་རེད་་་་་་་༸རྒྱལ་བ་རིན་པོ་ཆེའི་གཟི་བརྗིད་ལོག་པར་སྤྱོད་མཁན་དང་ཁེ་ཕན་སྒྲུབ་མཁན་གང་ཟག་སུ་ཡིན་སྤྱི་ཚོགས་ནང་ཐེར་འདོན་གནང་དགོས་པ་རེད་དེ་ཡང་རྒྱུ་མཚན་དང་སྤང་རྟགས་སོགས་ཡོད་པའི་ཐོག་ནས་དེ་མིན་སྤྱི་ཚོགས་དཀྲུག་རྐྱེན་དང་མཐུན་སྒྲིལ་ལ་གནོད་གཞི་ལས་གང་ཡང་མེད་པ་རེད་
ཀླུ་མཁར་བྱམས་ཀྱིས་ལས་སྟངས་དེ་འགྲིགས་ཡོད་པ་རེད། ཀླུ་མཁར་བྱམས་ཀྱི་རྩོམ་དེའི་ནང་དུ་རྒྱལ་བ་རིན་པོ་ལ་བཟང་ངན་གང་ཡང་ལབ་མི་འདུག འབྲེལ་བ་ཁོ་རང་མི་འདུག རྒྱལ་བ་རིན་པོ་ཆེ་མིན་ན་ཡང་མི་མང་པོ་ལོ་བརྒྱ་དང་བཅུ་གསུམ་ལ་འཚོ་ན་ལོས་འདོད། ང་ཡང་ལོ་བརྒྱ་དང་བཅུ་གསུམ་ལ་འཚོ་ན་འདོད། བླ་ཤེད་ཁུར་ནས་ལོ་བརྒྱ་དང་བཅུ་གསུམ་ཟེར་བའི་གཡང་འབོད་དེ་ཡང་གཞན་ལ་སྦྱར་མི་ཆོག ལོ་བརྒྱ་དང་བཅུ་གསུམ་བཞུགས་དགོས་མཁན་དེ་རྒྱལ་བ་རིན་པོ་ཆེ་ཁོ་ན་ཡིན། གལ་སྲིད་མི་སུ་ཞིག་ལོ་བརྒྱ་དང་བཅུ་གསུམ་ལ་འཚོ་དགོས་པའི་གཡང་འབོད་བྱས་ན་དེ་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་རེད། དེ་འདྲ་བཙན་པོ་དབང་ཡོད་དང་རི་བོང་ཅལ་འགྲོག་གི་བྱ་བ་མ་རུང་བ་རྐྱང་བྱས་བསྡད་ན་སུ་ཡིན་ཡང་ཡིད་ཆེས་བརླགས་འགྲོ་ངེས་རེད།
སྤེན་ཚེ་ལགས། སྒྱུ་རྩལ་ཟེར་བ་དེ་ཚང་མར་ཡོད་པའི་ལྷན་སྐྱེས་ཀྱི་མ་ལག་ཅིག་རེད། ཁྱོད་ལ་ཡོད་རེད་ལ། ང་ལ་ཡང་ཡོད་པ་རེད་ཟེར་ན་ལོས་ཆོག འོན་ཀྱང་དེ་ཇི་ལྟར་བཀོལ་བའི་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་མེད་དེ་གནས་ཚུལ་ཐ་དད་ཅིག་རེད། ཀླུ་བྱམས་ཀྱིས་”ལོ་༡༡༣ ལ་བཞུགས་དགོས་མཁན་དེ་༧གོང་ས་མཆོག་ཁྱོད་རང་མ་རེད་” ཅེས་བྲིས་མེད་པ་དང་། མེད་པ་ཞིག་ལ་ཨུ་ཚུགས་ཀྱིས་ཡོད་དགག་བྱེད་པ་ནི་ངའི་མི་གཤིས་མ་རེད། ངའི་རྩོམ་ཐུང་ནང་༧རྒྱལ་བའི་མཚན་བེད་ལོག་བྱས་པའི་རྒྱུ་མཚན་དང་དཔང་རྟགས་གསལ་ཐག་ཆོད་བྲིས་སྐྱར་ཀློག་གནང་བར་ཞུ།
རྒྱལ་དབང་ཚང་གི་མཚན་ལོག་སྤྱོད་བྱས་ཏེ་ཀླུ་བྱམས་ཀྱི་སྟེང་ལ་ཁྱི་སྐད་འདོན་མཁན་འདི་ཚོ་ས྄་གནས་གང་ཞིག་ཏུ་གནས་མིན་ལ་མ་ལྟོས་པར། ཁོ་ཚོ་སུ་སུ་ཡིན་མིན་ཞིབ་ལྟ་རེ་བྱོས་དང་། འདི་ཚོ་མང་ཆེ་བ་གཡོ་ཁྲམ་པ་སོ་སོའི་རྐུབ་ལ་སྐྱག་པ་རིམ་པ་དགུ་འབྱར་ཡོད་མཁན་རྐྱང་རེད་འདུག དངོས་གནས། མི་འདི་ཚོའི་གྲས་སུ་རིན་གོང་རག་ན་ཨ་མ་བཙོང་ཐུབ་མཁན་མང་པོ་འདུག ཚད་ལས་བརྒལ་དྲག་ན་སོ་སོའི་སྐྱག་རྐུབ་ཕྱི་ལ་བུད་ཡོང་་་་་་
སྤོབས་མཐའ་ལགས་ཁྱེད་རང་འདྲ་བའི་མི་རེ་ཟུང་དང་རྒྱ་ནག་གཞུང་གཉིས་ལ་ཀླུ་བྱམས་ཀྱིས་གང་བྱས་པ་འདི་ཁྱེད་ཀྱི་གསུངས་པ་ལྟར་འགྲིག་ཡོད་པ་རེད་གཅིག་་་་་་་༸རྒྱལ་བ་རིན་པོ་ཆེར་བཟང་ངན་བརྗོད་པ་ལ་ཁོང་དང་དོ་མཉམ་པའི་མཁྱེན་རྒྱ་དང་བོད་མི་མང་དང་འཛམ་གླིང་མི་མང་སྤྱི་ལ་བཀའ་དྲིན་བྱས་པ་ཅན་ཁོང་ལྟ་བུ་ཞིག་གི་བརྗོད་དགོས་པ་ལས་ཁྱོད་དང་ཀླུ་བྱམས་ལྟ་བུ་གཞན་དོན་ཕར་ཞོག་རང་མགོ་མི་ཐོན་མཁན་ཞིག་གང་བཤད་རྒྱུ་ཡོད་་་་དངོས་གནས་སེམས་སྟིང་ནས་དགས་མོ་ཤོར་གྱི་འདུག་་་་་་་་ཁྱོད་རང་ལོ་བརྒྱ་དང་བཅུ་གསུམ་མི་དགོས་ལོ་སྟོང་བསྡད་ཀྱང་སུ་གཅིག་ལ་ཁྱད་པར་གང་ཡང་བཟོད་ཀྱི་མ་རེད་་་་་་་་་་་སྤོབས་མཐའ་ལགས་ངས་ཚིག་ཐག་ཆོད་པོས་བཤོད་ཐུབ་པ་ནི་ད་ལྟའི་སྐབས་སུ་ཁྱོད་རང་དང་ཀླུ་བྱམས་སོགས་མི་རེ་གཉིས་ཕར་སྤུད་ནས་བོད་མི་ཡོངས་ཀྱི་ཉིན་མཚན་བརྟག་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དྲན་བཞིན་པ་དང་གསོལ་བ་སྨོན་ལམ་འདེབས་བཞིན་པའི་ལོ་བརྒྱ་དང་བཅུ་གསུམ་བཞུགས་དགོས་མཁན་དེ་༸གོང་ས་༸རྒྱལ་བ་ཐམས་ཅད་མཁྱེན་པ་ཁོང་ཁོ་ན་ཡིན་་་་་་་་སླར་ཡང་ཞུ་རྒྱུ་ཞིག་ལ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་་་་
རྒྱ་དམར་ཚང་གི་རྒྱུག་ཁྱི་དག་ལ་ཁ་ཡ་མ་བྱེད།