རྒྱ༌ཤོད༌བུ༌ཆུང༌དར༌རྒྱས།
(ཚོར༌བས༌བཟི༌བའི༌ལོ༌གསར།)
དཔོན༌གསལ༌བླ༌མ༌བོན༌དབྱིངས༌ཐིམ༌པའི༌ལོ༌དུས༌དེ༌ནི༌མྱ༌ངན༌ལོ༌ནག།
མགོན༌པོའི༌ཞབས༌དྲུང༌འགད༌རྫས༌ཁྱབ༌པའི༌ཉེ༌དུས༌དེ༌ནི༌འཇིགས༌རུང༌རྨིན༌ལམ༎
དྲིན༌ཅན༌ཨ༌ཕ༌གཏན༌དུ༌བྲལ༌བའི༌ལོ༌ནག༌དེ༌ནི༌སྡུག༌གི༌འཁུར༌པོ༎
གཅེས༌ཕྲུག༌སྙིང༌ནོར༌སྲོག༌ཉེན༌འཕྲད༌པའི༌ལོ༌ཟླ༌དེ༌ནི༌སྙིང༌གཟེཪ༌མཐུ༌མོ༎
མགོན༌དང༌གཞུང༌ལ༌ངོ༌ལོག༌སྤེལ༌བའི༌ནམ༌ཟླ༌དེ༌ནི༌སྲིན༌པོའི༌སྐལ༌བ།།
མཐུན༌སྒྲིལ༌རྩ༌དོན༌ཆིག༌སྒྲིལ༌བཙོངས༌པའི༌དུས༌ངན༌དེ༌ནི༌དགྲ༌བོའི༌རྒྱལ༌ཁ༎
དྲང༌བདེན༌རྒོད༌པོར༌འབུར༌འཇོམ༌བརྩོན༌པའི༌འདས༌དུས༌དེ༌ནི༌ལོ༌རྒྱུས༌ནག༌ཉེས།།
རྨོངས༌ཞྭེན༌སྟུག༌པའི༌སྙིགས༌དུས༌དེ༌ནི༌བོད༌ཡུལ༌ཕུང༌པའི༌དུས༌ཀྱི༌མཐའ༌མ༎
གཞིས༌ཞུགས༌སྤུན༌ཟླས༌རེ༌དོག༌ཤར༌བའི༌འདས༌ལོ༌དེ༌ནི༌མགོ༌ཐོག༌ཐོ༌བ༎
ཁྱིམ༌གཞིས༌དྲོན༌མོ༌རྒྱབ༌དུ༌བསྐྱུར༌བའི༌ཉེར༌གཉིས༌ལོ༌དེ༌དཀའ༌སྡུག༌༌རྒྱ༌མཚོ༎
ཚེ༌གཅིག༌ལུས༌འདི༌རྒས༌ཤིང༌ཟད༌པའི༌དུས༌ཚེས༌དེ༌ནི༌གཤིན༌རྗེའི༌མགྲོན༌བརྡ༎
དགའ༌ཉེ༌འབྲེལ༌འདྲིས༌འཇིག༌རྟེན༌འདི༌ནས༌རིམ༌བཞིན༌ཡོལ༌བའི༌དུས༌མཚམས༌དེ༌ནི༌ཟིན༌ཐོ༌དམར༌པོོ༎
གླིང༌ཕྲན༌གཞན༌དུ༌ཁེ༌རུ༌རྒྱུ༌དུས༌ལམ༌བར༌དེ༌ནི༌ཚོར༌བའི༌ཟི༌ཆང༌༎
ཁ༌བས༌བཀླུབས༌པའི༌རི༌ལུང༌མཐོང༌བའི༌སྐབས༌ཐོག༌འདི༌ནི༌དྲནགདུང༌ལྕི༌མོ༎
ལག༌དེབ༌སེར༌པོར༌ཡང༌ཡང༌བཤེར༌དུས༌མི༌ཡི༌གྲས༌ནས༌སྙིང༌རྗེའི༌ཡུལ༌རེད༎
མཚན༌མོའི༌མཁའ༌ནས༌མར༌ལ༌བལྟས༌ཏེ༌བསམ༌གཞིགས༌ཚེ༌དེ༌ཚོར༌བའི༌མེ༌ལོང༌༎
འདས༌ལོ༌ཉེས༌པའི༌བྱུང༌རབས༌བསམ༌དུས༌ཁྱི༌ལོ༌ཚེས༌པར༌རྣམ༌རྟོག༌རྒྱུ༌རེད༎
ས༌ཁྱི༌ཁམས༌ཀྱི༌ལོ༌གསར༌འདི༌ནི༌མི༌བུ༌ང༌འདྲར༌རིན༌ཐང༌མིན༌འདེ བ།།
ཧོར༌ཟླའི༌ཚེས༌ཆེན༌བོད༌ཀྱི༌གནམ༌ལོའི༌དུས༌ཚིགས༌དེ༌ལ༌སྤྲོ༌བ༌མི༌གདའ།།
དེ༌རིང༌གནམ༌འོག༌བོད༌ལ༌ོབསུ༌བའི༌འགྲོ༌བ༌ཡོངས༌སུ༌ཁམས༌བདེའི༌འཚམས༌འདྲི༎
ཁ༌དྲོ༌དགེ༌ལེགས༌བཀྲིས༌ཡོང༌བའི༌ཁ༌གཡང༌ལེན༌གསུམ༌རྒྱང༌ནས༌བསྲིངས༌ཡོད༎
འབྱུང༌འགྱུར༌ལོ༌འདི༌ལེག༌འབྱུང༌ཚོགས༌ཀྱི༌ལོ༌ཡག༌འགྱུར༌བའི༌སྨོན༌ལམ༌ལན༌བརྒྱ༎
ཕྱི༌ལོ༌ 2018 ཟླ 02 ཚེས 16 བོད༌ས༌ཁྱི༌ 2145 ལོའི༌ལོ༌གསར༌ཚེས༌གཅིག༌ལ༎ ཡུ༌རོབ༌ཨི༌ཊ༌ལི༌ནས༌ཧོ༌ལེན༌དུ༌བསྐྱོད༌པའི༌ལམ༌བར༌དུ༎
ས་ཕོ་ཁྱི་ལོར་ཁྱི་འཁྲུགས་མེད་པའི་སྨོན་ལམ་འདེབས་།
ས་ཕོ་ཁྱི་ལོར་ཁྱི་རུབ་མི་རྒྱག་པའི་སྨོན་ལམ་འདེབས་།
ས་ཕོ་ཁྱི་ལོར་ཁྱི་རྐུན་མེད་པའི་སྨོན་ལམ་འདེབས་།
ས་ཕོ་ཁྱི་ལོར་ཁྱི་ཕྲུག་མི་འཕེལ་བའི་སྨོན་ལམ་འདེབས་།
ལོ་གསར་མི་གསར་ང་ཚོ་མི་སུ་ལའང་རང་དབང་ཡོད་པ་མ་རེད། དེ་ནི་ལོ་སྔོན་མ་རྫོགས་དུས་གསར་པའི་ནང་དུ་ངེས་པར་དུ་སྡོད་དགོས་རེད། འོན་ཀྱང་ཁྱོད་ཀྱིས་ལོ་གསར་པའི་དགའ་སྟོན་ལ་རོལ་དང་མི་རོལ་ཁྱོད་ལ་འདེམས་ཀ་ཡོད་པ་རེད། །
ཡོ་རོབ་ཏུ་གང་བྱེད་དུ་སོང་ཡིན།