ཁྲོ་གཏུམ།
མིག་རབ་རིབ
སེམས་པ་རབ་རིབ
གནམ་ས་རབ་རིབ་
ཡིད་བརྙན་རབ་རིབ
འདོད་པའི་རྩེ་མ་གང་བའི་དུས་སུ
རྩམ་རྡོག་ཅིག་གིས་མིད་པ་འགག་ཞོར
ཡི་ག་ལ་སྒོ་ཕྱེ་སོང
ཆང་འཐུང་བ་ནི་ཆུ་འཐུང་བ་མིན་ལ
ཆུ་འཐུང་བ་ནི་ཆང་འཐུང་བ་མིན
བྱེད་ནུས་ཀྱི་ལས་འཆར་ལས་ཐོན་པའི་རྩ་ལམ
འཇིག་རྟེན་ནས་བྱུང་བའི་བསམ་གཞིགས་ཀྱི་བྱེད་པོ་ག་ལ་མིན
སའི་གོ་ལའི་བརྒྱ་ཆའི་བརྒྱད་ཅུ་ཆུ་ཡིན་རུང
མིའི་འདོད་པར་སའི་གོ་ལ་ཟེར
འདི་ནི་བརྗོད་འདོད་རྗེས་འབྲངས་ཤིག
འདོད་པ་ཞིག
ཞེན་ཁོག་ཅིག
འུར་བརྗོད་ཅིག
སྙན་ངག་ཅིག་ཀྱང་རེད
ཕྱི་ལོ་༢༠༢༢ ཟླ་ ༥ ཚེས་ ༢༢ ནམ་གུང་།