མ་དགོན་བཤད་གྲྭ་ནས་རིན་ཆེན་བློ་གསལ་དར་རྒྱས་ཀྱིས།
ཉེ་བའི་ཆར་སྐུ་ཞི་བར་གཤེགས་པ་འཇམ་མགོན་སྐུའི་ཡོངས་འཛིན་དམ་པ་༧སྐྱབས་རྗེ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་ནི་མདོ་ཁམས་སྡེ་དགེ་ཀུ་སེ་ཡུལ་དུ་ཕྱི་ལོ་༡༩༢༧ལོར་སྐུ་འཁྲུངས།སྐུ་གཞོན་ནུའི་དུས་ན་རྒྱལ་བ་ཀམ་ཚང་བཀའ་བརྒྱུད་ཀྱི་སྐྱེ་སྤྲུལ་ཞིག་ཏུ་ངོས་འཛིན་གནང་ཡང་ཁོང་གི་ཡབ་ཡུམ་གཉིས་ཀྱིས་ཞལ་བཞེས་གནང་ཡོད་མི་འདུགཅུང་ན་སོན་པའི་ཚེ་སྐུ་སེ་གསེར་ལྗོངས་དགོན་དུ་ཆོས་སྒོར་བཞུགས།དེ་ནས་རིམ་བཞིན་མདོ་ཁམས་སྨད་ཀྱི་ཆར་སྡེ་དགེ་སྨད་ཤོད་ཁམས་བྱེ་བྱེ་མ་ཐང་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་གསར་བཤད་གྲྭ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ནས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་མདོ་སྲིབ་པ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་མཁན་ཆེན་བློ་གྲོས་རྒྱལ་མཚན་སྨྲ་བའི་དབང་པོ་མི་ཉག་དམ་ཆོས་འོད་ཟེར་སོགས་བཤེས་གཉེན་དུ་མའི་ཞབས་རྡུལ་ལེགས་པར་རེག་སྟེ་ཐོས་བསམ་གྱི་སྒྲོ་མདོགས་བཅད་ནས་མཁས་པའི་མཚན་ཉིད་ཕྱོགས་ཀུན་ཁྱབ།
དེ་ཡང་སྐུའི་བགྲང་བྱ་ཤིན་ཏུ་ཕྲ་བའི་གནས་སྐབས་སུ་གྲུབ་ཆེན་རྡོ་རྗེ་འཆང་སྡེ་གཞུང་ཨ་འཇམ་རིན་པོ་ཆེ་མཆོག་དང་མ་ཧ་པཎྜི་ཏ་མཁན་ཆེན་བློ་གྲོས་རྒྱལ་མཚན་གཉིས་ཀྱི་སྐུ་དྲུང་དུ་ཚེ་འདིར་མ་མཐའ་ཡང་ཐེག་ཆེན་སྦྱོར་ལམ་བཟོད་པ་འཐོབ་པར་མཛད་རྒྱུའི་བློ་འདས་གཡར་དམ་ཆེན་པོ་ཕུལ།དེ་ནས་རང་ཡུལ་གསེར་ལྗོངས་དགོན་པའི་བཤད་གྲྭའི་མཁན་ཆེན་གྱི་ཐུགས་འགན་བཞེས་ནས་སྐལ་ལྡན་བུ་སློབ་དུ་མ་བསྐྱངས།རྗེ་བླ་མའི་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་དགོངས་བཞིན་དབུས་ཕྱོགས་སུ་ཆིབས་ཞལ་བསྒྱུར་ནས་གཙང་ངོར་དཔལ་ཨེ་ཝཾ་ཆོས་ལྡན་གདན་སའི་བཤད་གྲྭའི་མཁན་པོ་མཛད་ནས་བསྟན་འགྲོའི་འགྲོ་དོན་རྒྱ་ཆེ་མཛད།ལྷ་ལྡན་ཆོས་ཀྱི་ཞིང་ས་དམ་པ་རུ་སླར་ཡང་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཉིད་ཀྱིས་དུས་འགྱུར་མི་ཟད་པ་འབྱུང་རུང་ཟག་མེད་མངོན་པར་ཤེས་པའི་ཐུགས་ཀྱིས་མ་ལུས་པ་མངོན་སུམ་དུ་མཁྱེན་བཞིན་དུ་དགོངས་གཞི་དང་དགོས་པ་རླབས་པོ་ཆེ་ལ་དགོངས་ཏེ་ཐུགས་ལྷག་པར་དགྱེས་པ་ཆེན་པོའི་སྒོ་ནས་སྙིགས་དུས་ཀྱི་ན་ལེནྡྲ་གཉིས་པ་མདོ་སྔགས་ཆོས་ཀྱི་འབྱུང་གནས་ཁམས་བྱེ་རྫོང་སར་བཤད་གྲྭའི་གདན་རབས་པ་མཁན་ཆེན་མཁྱེན་རབ་སེང་གེའི་རྗེས་སུ་ཆོས་སྡེ་དེའི་ཁྲི་ལ་མངའ་གསོལ་ལེགས་པར་མཛད།བསྟན་དགྲ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་གཟུང་བྱས་པ་བརྟེན་དམ་པ་གང་ཉིད་ཀྱང་བོད་མི་སྤྱི་མཚུངས་ལྟར་རྒྱ་གར་དུ་ཕེབས་དགོས་བྱུང་།བཙན་བྱོལ་དུ་འབྱོར་ནས་ཡུན་མི་རིང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་རིག་གནས་དང་བཅས་པ་ལྷག་ཏུ་སྔགས་སྐོར་ཡོངས་རྫོགས་དཔལ་ས་སྐྱ་པའི་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་ལ་འཆད་འཁྲིད་གནང་ནས་སྐུའི་ཡོངས་འཛིན་གྱི་ཐུགས་འགན་བཞེས།དེ་ནས་རང་ལུགས་ཆོས་བརྒྱུད་ཀྱི་རང་རྐང་ཚུགས་པའི་སློབ་གླིང་གི་བསྟི་གནས་ཤིག་མེད་པར་གཟིགས་ནས་ས་སྐྱ་མཐོ་རིམ་སློབ་གྲྭ་གསར་འཛུགས་མཛད་ནས་བཤད་གྲྭའི་མཁན་པོ་དང་འགན་འཛིན་གཅིག་ལྕོགས་ལོ་མང་རིམ་གནང་ནས་སྔར་གྱི་བཤད་རྒྱུན་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་མཛད་ནས་བསྟན་པ་འཛིན་ནུས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བསྐྲུན་པ་མཛད།རིམ་བཞིན་རྒྱ་གར་དུ་གནམ་གཤིས་དང་སྐུ་ཁམས་སོགས་འཕྲོད་མིན་ལ་བརྟེན་བལ་ཡུལ་དུ་ཕེབས་ནས་ཡང་ལེ་ཤོད་དུ་ལོ་ལྔའི་རིམ་སྐུའི་བཅད་རྒྱལ་དམ་པོ་མཛད་ནས་བཞུགས།དགུ་ཅུ་གོ་གྲངས་ནས་དབུ་འཛུགས་མཛད་དེ་རྒྱལ་ཡོངས་ས་ཆེན་གསུང་རབ་སློབ་གཉེར་ཁང་འདི་བཞིན་གསར་འཛུགས་མཛད་ནས་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིི་ཡིག་ཆ་བསྔུ་རུབ་མཛད་ནས་གསུམ་འབུམ་ཕྱོགས་སྒྲིགས་ཀྱི་མཛད་འགན་བཞེས།ལོ་གཅིག་ནང་དབྱར་དུས་སུ་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་རྣམ་པ་དང་ཕྱི་ལོག་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཚོར་ལྷག་ལ་བློ་སྦྱོང་ཞེན་པ་བཞི་བྲལ་དང་བློ་སྦྱོང་དོན་བདུན་མ་སོགས་བཀའ་ཆོས་སྩོལ་གནང་མཛད།
རྒྱུན་དུ་ཉམས་ལེན་འབའ་ཞིག་ལ་བརྩོན་ནས་བཞུགས་པ་མ་ཟད་དམ་པ་གང་ཉིད་ནི་སྐུ་ཚེ་གང་པོ་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཐུགས་ལ་བརྣག་ནས་བློས་གཏོང་གནང་མཁན་གྱི་ངེས་དོན་གྱི་སྐྱེ་ཆེན་ཞིག་རེད།ཁོང་གི་ཞལ་སློབ་ནི་ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་རྣམས་དང་།༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དབུས་པའི་གསང་ཆེན་རྙིང་མ་པའི་བསྟན་འཛིན་རྣམས་དང།རྒྱལ་བ་འབྲི་གུང་པའི་རྒྱལ་ཚབ་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དབུས་པའི་མཉམ་མེད་བཀའ་རྒྱུད་པའི་བསྟན་འཛིན་ལ་སོགས་པའི་དེང་གི་དུས་སུ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་འཛིན་ནུས་ཀྱི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་མང་དུ་བྱོན།རིམ་བཞིན་ཁ་སྔོན་བོད་ཟླ་༡༡་སྔ་མའི་ཚེས༢༣ཕྱི་ཟླ་༡༢པའི་ཚེས་༢༨་ཉིན་སྔ་དྲོ་བལ་ཡུལ་གྱི་ཕྱག་ཚོད་དགུ་པའི་ཐོག་གདུལ་བྱ་རྟག་འཛིན་ཅན་རྣམས་གཟུགས་སྐུ་བཀོད་པའི་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏེ་ཉིན་གསུམ་རིམ་ཐུགས་དམ་བཞུགས་པ་མ་ཟད་ངོ་མཚར་བའི་ཚད་མ་སོགས་ཧ་ཅང་ཡོད་འདུགདམ་པ་གང་ཉིད་སྐུ་ཞི་བ་གཤེགས་པ་དེ་ནི་སྤྱི་ན་སངས་རྒྱས་བསྟན་པ་དང་ཡང་དགོས་བོད་གངས་ཅན་གྱི་ ལྗོངས་འདིར་བསྟན་འཛིན་གྱི་སྐྱེ་བུ་ཞིག་ཉུང་དུ་ཕྱིན་ཡོད་པ་གདོན་མི་ཟ་བའི་ཡིད་སྐྱོ་བས་གནས་ཚུལ་ཞིག་རེད་འདུག་སྙམ།སྐུ་གདུང་ཞུགས་འབུལ་གྱི་ཆེད་རྒྱ་གར་ནས་༧སྐྱབས་རྗེ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་རྗེ་༧ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ཆེད་འཕེབས་གནང་འདུགསྐབས་དེར་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་ས་ནས་ཁོང་གི་བླ་མ་དང་སློབ་མ་རིས་སུ་མ་མཆེད་པའི་བླ་ཆེན་མི་ཆེན་བཅས་མཆོད་འབུལ་ལ་ཆེད་བཅར་བ་མང་པོ་ཞིག་ཕེབས་ཡོད་པ་མ་ཟད།རྒྱ་གར་ནས་གདན་ས་ཁག་གི་སྐུ་ཚབ་དང་ཆོག་གྲྭ་སོགས་ཆེད་གཏོང་གནང་འདུག།ཕྱི་ཚེས་བདུན་ཉིན་མོ་ཕྱོགས་གཞི་དཀྱིལ་འཁོར་བཞིའི་སློབ་དཔོན་དུ་ཤར་དུ་རྣལ་འབྱོརམའི་དཀྱིལ་འཁོར་གྱི་རྡོ་སློབ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་།ལྷོར་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་རྡོ་སློབ་འཁོན་གདུང་༧བདག་ཆེན་རཏྣ་བཛྲ་རིན་པོ་མཆོག་དང་།ནུབ་ཏུ་ཀུན་རིག་རྣམ་པ་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་རྡོ་སློབ་ཏུ་༧སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་།བྱང་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྡོ་སློབ་ཏུ་རྫོང་གསར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་བཅས་དབུ་བཞུགས་ཐོག་གཞན་ཡང་བླ་ཆེན་རྣམ་པ་དང་དགེ་འདུན་འདུས་པ་བདུན་བརྒྱ་ཡས་མས་བཅས་ཚོགས་བཞུགས་གནང་ནས་ཞུགས་འབུལ་གནང་སོང་།སྐབས་དེར་བོད་རིགས་བལ་པོ་ཡུལ་མི་སོགས་མི་མང་སྟོང་ཚོ་མང་པོ་ཡང་ཚོགས་མཇལ་ལ་བཅར་འདུག
མཁན་ཆེན་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག
རྗེ་བཙུན་བླ་མ་དམ་པ། མཁས་དང་གྲུབ་པའི་དབང་ཕྱུག གངས་ཅན་བོད་དཔལ་ས་སྐྱ་པའི་གྲུབ་མཐའི་རིང་ལུགས་ཡང་དག་པར་འཛིན་པའི་སྐྱེས་བུ་དམ་པ་གང་ཉིད་ཀྱིས། སྤྱི་ལོ་༡༩༦༠པའི་སྐབས་སུ། རྒྱ་གར་མ་སུ་རིའི་ཞེས་པའི་རི་བོའི་གྲོང་ཁྱེར་གྱི་ཉེ་འདབས་སུ། དཔལ་ས་སྐྱའི་བཤད་གྲྭ་ན། སྐལ་ལྡན་གྱི་སློབ་མ་མང་པོ་ལ་ཆོས་གསུང་རྗེས་སུ་འཛིན་པའི་སྐབས་སུ། སྐལ་བ་བཟང་བས་བདག་གིས་ཀྱང་མཇལ་མྱོང་། ཞི་ཞིང་དུལ་བའི་བླ་མ་དམ་པ་འགྲན་ཟླ་བྲལ་བ་ཞིག་བཞུགས་འདུག་ཅེས་སེམས་ལ་ཤར། རྗེ་བཙུན་བླ་མ་དམ་པ་གང་གི་ཐུགས་སྨོན་བྱིན་རླབས་ཀྱིས་དཔལ་སྐྱ་པས་གཙོས་གངས་ཅན་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་འཆད་རྩོད་རྩོམ་གྱི་གསུམ་གྱི་རིང་ལུགས་གོང་ནས་གོང་དུ་རྒྱས་པ་དང་། ལྷག་པར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཆེས་ཆེར་རྒྱས་པ་དང་། ཕྱི་ནང་དུ་གནས་པའི་བོད་གངས་ཅན་གྱི་སྐྱེ་དགུ་ཀུན་ཆོས་འབྱོར་བདེ་སྐྱིད་ལ་དཔལ་ལ་སྤྱོད་པ་དེ་ལ། མགོན་པོ་གང་གི་ཐུགས་བསྐྱེད་བླ་ན་མེད་པ་ཡོད་པ། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་ཅེས་སོར་བཅུའི་འདབ་མ་སྙིང་ཀར་བཀོད་དེ་སྐྱབས་གནས་དཀོན་མཆོག་ལ་གསོལ་འདེབས་སྐྱབས་འཇུག་ཞུ་བ་ལགས་སོ། །
བླ་མ་ལ་སྐྱབས་སུ་མཆིའོ། །ཁོང་གི་ཐུགས་དགོངས་དམ་པ་ཡོངས་སུ་འགྲུབ་པར་གྱུར་ཅིག
ཨ་ཁ་ཁ།
རང་རེ་གངས་ཅན་པའི་ལས་དབང་ལ་ལྟོས་དང་།
ཁོང་ལྟ་བུའི་སྐྱེས་ཆེན་རེ་རེ་འཇིག་རྟེན་འདི་ནས་བཞུད་པའི་ཚེ། གླིང་འདིའི་སྐྱེ་འགྲོའི་བསོད་ནམས་ཀྱི་རྒུད་ཕྱོགས་ཐུར་ནས་ཐུར་དུ་རྒྱུགས་བཞིན་པ་ནི་མིག་མཐོང་ལག་ཟིན་ཞིག་མ་ཡིན་ནམ།
བླ་མ་མཁྱེན།
ཟླ་མེད་བསྟན་འགྲོའི་མགོན་དཔུང་དམ་པ་ཁོང་གི་དགོངས་བཞེད་མཐའ་དག་ལྷུན་གྱིས་གྲུབ་ཅིང་ཤུལ་ལུས་ཞལ་སློབ་ཚོས་རྗེ་བཙུན་ཞིང་གཤེགས་དམ་པ་གང་གི་རྣམ་ཐར་ལ་བསླབ་ནུས་པར་ཤོག་ཅིག།
མྱ་ངན་ཞུ་གི་ཡོད། ཡིན་ན་ཡང་ལོ་རྒྱུས་འབྲི་མཁན་དེས་སྒྲོ་བཀུར་ཡེ་མ་གནང་ན་བསམ་ཡོད། དིལ་མཁྱེན་གྱི་བླ་མ་བསྟེན་པ་ལྟ་ཅི་ཞལ་དྲོན་མོས་ཨ་པེས་མི་ཕམ་རིན་པོ་ཆེ་ལ་དགག་ཁུལ་བྱས་པ་རེད། གསུངས་མྱོང་། རྙིང་ཕྱོགས་ནས་ཡག་པོ་ལྟ་ཚུལ་མི་འདུག
ངའི་བོན་རྒན་གྱི་བཤད་པ་བདེན་ཤས་ཆེ། མཁན་ཆེན་ཨ་པའི་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ཁྱོད་མི་ཕམ་འཇམ་པའི་དབྱངས་ལ་དགག་པ་བྱེད་མཁན་མ་རེད་ཅེས་བཀའ་བསྐྱོན་གནང་ཚུལ་ཁོ་རང་གིས་གསུང་ཟེར། མཁན་པོ་ཀུན་དགའ་དབང་ཕྱུག་གི་ཞལ་རྩེད་ཀྱི་ཞོར་ཏུ་ང་མི་ཕམ་བསྟོད་མཁན་རེད། ཨ་པེ་རིན་པོ་ཆེ་འགོག་མཁན་རེད། ངེད་གཉིས་ཀ་རྫོང་སར་གྱི་གྲྭ་བ་རེད་ཅེས་གསུང་པ་ཁོང་གི་ཞལ་སློབ་ཞིག་གི་ངག་ལས་ཐོས། མཁས་དབང་འདི་སྡེ་དགེ་རྒྱ་མཁར་བློན་གྱི་གཡོག་ཚང་དུ་སྐྱེས་པས་ཁ་རྗེ་དབང་ཐང་དང་འགོ་འདྲེན་བརྩེ་གཟིགས་གང་ཡང་མེད་པ་དང་། ངོར་ཏུ་བཞུགས་སྐབས་དབུས་པའི་སྐུ་དྲག་རྣམས་ཀྱིས་རིགས་ངན་གཡོག་ཕྲུག་ཅེས་བརྙས་ནའང་མཐར་རིགས་རུས་མི་གཙོ་བ་སྟོན་པའི་བསྟན་ཡིན་པའི་ཁྱད་ཆོས་ཀྱིས་སྤྲིན་ལས་གྲོལ་བའི་་ཉི་་མ་བཞིན་ཁོང་གི་མཛད་པ་ཇེ་ལེགས་ངང་མཐར་ས་སྐྱའི་༧ལྷ་རིགས་ཀྱིས་གཙུག་ཏུ་བཀུར་བའི་ཡོངས་འཛིན་ཆགས་པ་རེད། སྐྱེས་མཆོག་འདི་ཉིད་ཀྱིས་སྐུ་ཚེ་ཧྲིལ་བོ་ཐོས་བསམ་སྒོམ་པ་ཁོ་ནར་བསྐྱལ་བ་དང་། རིགས་རུས་ཀྱི་རྒྱ་ལས་གྲོལ་བ་ནི་ངོ་མཚར་དང་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་རེད། དམ་པ་གང་གི་ས་ལམ་ལ་བར་ཆད་མེད་པར་ལེགས་སྨོན་ཐམས་ཅད་འགྲུབ་པར་སྨོན།
གསར་འགྱུར་ཡག་པོ་བཀོད་འདུག་འོག་ཏུ་མཆན་བཀོད་མཁན་རྣམས་ཀྱིས་ཀྱང་ཡག་པོ་བཀོད་འདུག ཡིན་ནའང་ངར་གྲོགས་པོས་བཤད་སོང་ངར་མིས་བཤད་སོང་ཟེར་བའི་སྐད་ཆ་དེའི་རིགས་ཁུངས་སྐྱེལ་ཡག་པོ་ཡོད་པའི་བདེན་ཚིག་ཞིག་ལ་ངོས་འཛིན་ཞུ་དཀའ། གཙོ་བོ་རང་ཉིད་ཀྱིས་རྣམ་རིག་བེད་སྤྱོད་ནས་གང་མཐོང་བ་དང་གང་ཡོད་པ་དེ་གཙོ་འདོན་གནང་དགོས་པ་དེ་གལ་ཆེ་མཐོང་།
གོང་གི་མཆན་འབྲི་མཁན་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་པ་དེས་རྙིང་རེ་རྗེ་ཞེས་བྲིས་འདུག་པ་དེ་སྙིང་རྗེ་གོ་ལོག་ཏུ་འདུག་ ཁོང་ལྟ་བུའི་སྐྱེས་བུ་དམ་པ་སྐྱེ་འཆི་ལ་རང་དབང་ཐོབ་པ་ཞིག་ལ་ཁྱོད་ལྟ་བུའི་དུས་ངན་སྙིད་མའི་བླུན་སྨོང་ཞིག་གིས་རྙིང་རྗེ་ཟེར་བ་ཡ་རེ་མཚར་། ངས་བྱས་ན་མིག་ཡོད་ཀྱང་དམ་པ་ངོ་མི་ཤེས་པའི་བླུང་པོའི་ནང་གི་བླུན་པོ་ཁྱོད་ལྟ་བུ་ལ་རང་ཉིད་ཀྱིས་རང་ཉིད་ལ་སྙིང་རྗེ་སྐྱེས་ནས་འགྱོད་གཤགས་བྱེད་རན་འདུག །
མཁས་ཤིང་གྲུབ་པ་མངའ་བརྙེས་པའི་སྐྱེས་ཆེན་ཞིག་ཞིང་ཁམས་འདི་ན་མེད་པ་ཆགས་པ་འདི་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད།
འོན་ཀྱང་འགའ་ཞིག་གིས་ཆོས་ལུགས་སྤྱི་ཡི་མིང་བཀོད་ནས་སྐུར་འདེབས་དང།
འགའ་ཞིག་གིས་ཆགས་སྡང་གི་དབང་གིས་སྒྲོ་སྐུར་འདེབས་པ་ནི་ཆེས་མ་འོས་པར་སེམས།
སྐྱེས་ཆེན་དམ་པ་ཁོང་ནི་དཔལ་ལྡན་ས་སྐྱའི་ནང་ནས་དུས་རབས་འདིར་རིན་ཆེན་ལས་ཀྱང་དཀོན་པའི་སྐྱེས་མཆོག་ཅིག་ཡིན་པར་རྣ་བ་བརྒྱ་དང་མིག་བརྒྱ་བགྲད་ནས་མཐོང་ཐོས་སུ་མི་རྙེད་པའི་སྐྱེ་བུ་ཞིག་རེད་འདུག
དེས་ན་ང་ཚོས་འདི་དག་ལ་མཆན་འདེབས་པའི་ཚེ་གཟབ་གཟབ་གནང་དགོས་པ་ལས་ཆོས་མིང་ག་གེ་མོའི་ལྐོག་སྦས་འོག་ནས་ཅི་དྲན་བྲིས་ན་ཞབས་འབྲིང་སྟོང་ཕྲག་མང་པོའི་སེམས་ཁམས་གསོད་པར་ཉེས་པར་སེམས་དགོས།
སྐྱེ་བ་ནས་སྐྱེ་བར་་མངོན་སངས་རྒྱས་ཀྱང་གདུལ་བྱའི་བསོད་བསྐལ་དུ་སླར་ཡང་ནུབ་རིར་བཞུད་པའི་སེར་ཆེན་ཉི་མ་ཤར་གྱུར་ཅིག
ཨ་ཁ་ད་ང་ཚོ་སྙིང་རྗེ། གནའ་མི་མཁས་པ་འདས་ད་མི་བླུན་པོ་སྐྱེ་ཡིད་སྐྱོ་བ་ལ། མཁས་པའི་ཉི་མ་རྣམས་ནི་ཞིང་གཞན་གཞུད། འགའ་ཙམ་བཞུགས་པའང་ལེགས་བཤད་འོད་མི་འགྱེད། མཁན་ཆེན་ཨ་པེ་རིན་པོ་ཆེ་གཤེགས་ན། ནང་པའི་ཆོས་ཀྱི་སྙིང་པོ་སུ་ཡི་འཛིན།།
གོང་དུ་གསང་མིང་ལ་༼བོན་༽ཟེར་བ་ཞིག་གིས་འཆན་འདྲ་མིན་འབྲི་བཞིན་འདུག ད་ལན་གཅིག་པུ་མ་རེད། ཁོང་གིས་དྲ་རྒྱ་འདིའི་ཐོག་གླེང་རྙོག་མང་པོ་ཞིག་བཟོས་སོང་། དེས་ན་སྐུ་མཁྱེན། བོན་ཟེར་བ་ལགས། ཁྱོད་ཀྱིས་བོན་གྱི་མིང་ཁུར་ནས་དོན་མེད་ཀྱི་གཏམ་འཆལ་རིགས་སྤེལ་མཚམས་འཇོག་རོགས། རྒྱུ་མཚན་ནི་ཁྱོད་ཀྱིས་ཆོས་ལུགས་ཕན་ཚུན་གྱི་དག་སྣང་ལ་གཏོར་བཤིག་མི་གཏོང་བའི་ངེས་པ་མི་འདུག མཁྱེན་ཡངས་དྲ་རྒྱའི་དོ་དམ་པ་ལགས། ཁོང་ས་ཕྱོགས་གང་ཞིག་ནས་རེད་འདུག བོན་སྤྱིའི་མིང་ཁུར་ནས་ཆོས་ལུགས་གཞན་གྱི་བླ་མ་རྣམས་ལ་མཚན་སྨད་བཏང་ན་ཡང་པོ་གཏན་ནས་མ་རེད། གཅིག་ན་བྱས་ན་མི་བུ་འདི་བོན་པོ་ཞིག་མིན་ཡང་སྲིད། ལྷག་བསམ་དག་པའི་ངང་ནས་ཕུལ།
ལྡོང་གསེར་མིག་ནས་གསུངས་པར་རྒྱབ་སྐྱོར་ཡོད།
བོན་ཟེར་བའི་མིང་ཁུར་ནས་དེ་སྔོན་བོན་ལ་དམའ་འབེབས་ཚད་མེད་བྱས་ཡོད།
ཁོ་བོན་ནམ་བོན་པོ་མ་ཡིན་པ་ཐག་གིས་ཆོད་ཡོད།
དྲྭ་བདག་ལགས་མི་དེ་རིགས་ཀྱིས་ཆོས་ལུགས་ནང་ཕན་ཚུན་དབར་ལ་དཀྲུགས་ཤིང་རྒྱབ་ཡོང་དུས་ངེས་པར་དུ་ཁྱེད་དྲྭ་བདག་རྣམས་ནས་ཐུགས་བསམ་ལེགས་པོ་ཞིག་བཞེས་ནས་གཏོང་བཞག་གནང་བའི་རེ་བ་ཞུ་གི་ཡོད།
ཁ་བརྡ་ཚང་ལ་བཤད་རྒྱུ། གོང་དུ་མཆན་འགོད་མཁན་ཞིག་གིས་༧རྒྱལ་བ་ཀརྨ་པའི་མཚན་བརྐུས་ནས་མཁན་ཆེན་ཨ་པད་རིན་པོ་ཆེ་ལ་གང་འདྲ་ཞུས་པ་ཤེས་གསལ་ལ་ད་དུང་སྣང་མེད་དུ་འཇོག་རྒྱུ་ཡིན་ནམ། ཕྱིས་སུ་མཚན་བརྐུས་པའི་གང་ཟག་ཐ་ཤལ་བ་འདིས་མཆན་བུ་ཚང་མ་གཏན་འགོག་མ་བྱས་ཚེ་ང་ཚོས་རྙོག་གླེང་རྒྱུན་མི་ཆད་པ་ཞིག་ཡོང་ངེས་ཅན་ཡིན།
བླ་ཆེན་གྱི་མིང་བཙོང་ནས་སྐྱེས་ཆེན་རེ་གྲོངས་པ་ལ་སྙིང་ཚིམ་རེ་བྱེད་མཁན་འདི་ཡིད་སྲུབས་ཀྱི་མངའ་བདག་དགའ་རབ་དབང་ཕྱུག་སྐུ་དངོས་ཤིག་མིན་རུང་། དེའི་འཁོར་དུ་གྱུར་པ་ཞིག་ཡིན་པ་ལ་ནི་ཐེ་ཚོམ་གཏན་ནས་མི་འདུག་གོ།
རིན་ཆེན་བློ་གསལ་དར་རྒྱས་ཀྱིས་གནས་ཚུལ་འདི་ཁ་བརྡའི་དྲྭ་ཐོག་ཏུ་མ་བཀོད་ན་ལས་ངན་གྱིས་ཁ་སྡིག་གསོག་རྒྱུ་ཉུང་ནི་རེད་ཡ། བཛྲསྭཏྭཧཱུཾ།
༡༥༽ ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལགས།
༡༥༽ ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༠ གི་ཆུ་ཚོད་ ༡༢ སྐར་མ་ ༡༨
ཁྱེད་རང་གི་མཆན་བུ་ལ་མཆན་ལན་མེད་ཀྱང་། ཀྱེད་རང་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་མཆོག་མིན་ན། མཚན་འདི་བརྗེ་མི་ཐུབ་བམ། དགོངས་འགལ་མེད་པ་ཅིག
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཁྱེད་དངོས་ཉིད་སྙིང་རྗེ། བླ་མ་སངས་རྒྱས་ཡིན་པ་ངོ་མ་ཤེས། །གདམས་ངག་བདུད་རྩི་ཡིན་པ་དོན་མ་རྟོགས་ཟེར་བའི་ཚིག་དུམ་འདིའི་དོན་དེ་ཁྱེད་ལྟ་བུ་ལ་མ་གནས་སུ་ལ་གནས། ངས་ཁྱེད་ལ་གསེད་བཀྲོལ་ཙམ་ལས་ད་དུང་མུ་འཐུད་ཁྱེད་ཀྱིས་དགག་རྒྱག་དང་སྐུ་པ་ཇི་ལྟར་བཏབ་རུང་ཁོ་བོ་ལ་ཆད་ཅི་གང་མེད་པའི་དགོངས་འཇགས་འཚལ།
རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་གང་ཟག་ཞིག་ཡིན་ན་མི་གཞན་གྱིས་བྱས་རབས་བཟོ་རབས་སོགས་བཤད་ཆོག་ཀྱང་རང་ཉིད་དུག་གསུམ་རྒྱུད་ལྡན་དང་མ་རྟགས་གཡང་འཆོང་བྱེད་བཞིན་དུ་དངོས་ཡོད་གནས་ཚུལ་ལས་རྒལ་བའི་དཀྲོག་གཏམ་འདི་དག་ལ་ནམ་ཡང་རིན་ཐང་ཞིག་ཏུ་རྩི་མི་སྲིད།་
གོང་དུ། ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་མིང་ཐོག་ནས། ཀླན་ཀ་འཚོལ་མཁན་དེ་བཀག་ཡོད།
ད་དུང་མུ་མཐུད་དུ་མཆན་དེ་ལྟ་བུའི་རིགས་སྤེལ་ན། གཏན་འགོག་ཞུ་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
ཐུགས་རྗེ་ཆེ།
ཁ་བརྡ་ཚང་ཐུགས་རྗེ་ཆེ། སྤྱི་ཚོགས་ནང་མིར་སྐྱོན་ཚང་ཁོ་ནའི་གླེང་བརྗོད་རིགས་རྣམས་གཏན་འགོག་གནང་དགོས།
འཇིག་རྟེན་འདིའི་སྟེང་གི་གནས་ཚུལ་བཟང་ངན་གང་ཞིག་ཡིན་ཡང་བཙན་བྱོལ་བོད་ཡིག་དྲ་བའི་ཐོག་ཏུ་བཀོད་ཟིན་རྗེས་དྲ་འབུས་བསྲེས་ནས་རུལ་འགྲོ་རྒྱུ་རང་ལས་གཞན་གང་ཡང་མི་འདུག་གོ།
ཁ་བརྡ་ཚང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། འོན་ཀྱང་མི་རེ་གཟུང་གི་སྨྲ་བརྗོད་རང་དབང་གི་སྒོ་ཆེན་བཀག་སོང་ཟེར་སྲིད་ཀྱང་སྨྲ་བརྗོད་རང་དབང་གི་སྐད་ཆ་འདི་འདྲ་པོ་ལ་ངོས་འཛིན་ནམ་ཡང་མི་རུང་། སྨྲ་བརྗོད་རང་དབང་ཟེར་བ་དེ་དངོས་ཐོག་བདེན་འཚོལ་གྱི་ལམ་དུ་བསྐྱོད་མཁན་ཞིག་ལ་ངོས་འཛིན་ཞུ་དགོས།
ཁ་བརྡ་ཚང་ཐུགས་རྗེ་ཆེ། སྤྱི་ཚོགས་སུ་མིར་སྐྱོན་ཚང་ཁོ་ནའི་གླེང་བརྗོད་རྣམས་གཏན་དུ་འགོག་བར་དགའ་བསུ་ཡོད།
ཁ་བརྡ་ཚང་ལ་ཁ་བཀྲ་ཤིས་བདེ་ལེགས། བཟང་ངན་གང་ཡིན་ཡང་དྲང་བདེན་བཤད་ས་ཡོད་ན་ཡག་པོ་རེད། ཨོ་རྡོར་ལྟ་བུའི་ཀླན་ཀ་དངོས་སུ་འཚོལ་གྱིན་འདུག ལ་སྟོད་ལྟ་བུ་མངའ་རི་བ་དང་བོན་པོ་ཡིན་ཁུལ་བྱས་ནས་ག་ཚོད་དཀྲུགས་སོང་། ཀར྄རྡོར་རབ་འབྱམས་པ་ཡིན་འདོག་གིས་གཏེར་ཆོས་ཚང་མ་བརྫུན་ཡིན་ཞེས་ག་འདྲ་བཤད་ཚར་སོང་། ད་དུང་ལོང་བས་ལོང་བ་མིག་བརྡ་དང་ཁ་ཤོས་ཁ་ཤོར་ངན་བརྗོད་བཤད་པ་སུ་ཞིག་གི་ཉན། མིང་ཆེན་པོ་ཡང་སངས་རྒྱས་དང་གེ་སར་རྒྱལ་པོ་དང་ཀརྨ་པ་དང་མི་ལ་དགྱེས་པ་རྡོ་རྗེ་སོགས་སྐྱེས་ཆེན་གྱི་མིང་བེད་སྤྱོད་གཏོང་ན་ཡག་པོ་མ་རེད། ཀུན་གྱིས་ཤེས་པའི་དགེ་རབ་དང་བཀྲ་དོན་ཀླུ་སྨྱོན་དང་ཚེ་རིང་སྐྱིད་ནང་བཞིན་སྤྱི་ཚོགས་ལ་རོགས་དན་གནང་ན་དྲ་སྤུས་ཚད་ཕུལ་དུ་བྱུང་བ་ཞིག་འབྱུང་རྒྱུ་རེད། །
བོན་པོས་བོན་སྐད་མ་རྒྱོབས། གཏེར་ཆོས་སངས་རྒྱས་གཉིས་པ་སློབ་དཔོན་པདྨའི་རྙིང་ཆོས་རེད། ང་ཡང་བཛྲ་གུ་རུ་འདོན་མཁན་ཅིག་ཡིན། བོན་ཆོས་ཞེས་པ་འདི། ངས་དལྟ་འང་ངོ་འཕྲོད་མ་སོང་། ཚེ་འདི་ལ་ནི། ཕལ་ཆེར་ང་ལ་མི་མཁོ། འདིས་ཕོག་ན་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག
ཁ་བརྡ་ལགས་བོན་ཞེས་པའི་གསང་མིང་འོག་ནས་ཆོས་ལུགས་ཕན་ཚུན་དབར་ལ་དཀྲུགས་ཤིང་སློང་མཁན་གཏེ་བ་ཞིག་རེད།
ཁྱེད་རྣམས་ནས་མི་དེ་འདྲའི་རིགས་རྩ་འགོག་གནང་ན་ལེགས།
གཟིགས་དང།ཁོས་བོན་ཞེས་པའི་མིང་གི་འོག་ནས་མཁན་པོ་ཨ་པེ་ལ་ཅི་བཤད་སོང།
ཀརྡོ་ནས་བོན་ལ་ཅི་བཤད་ཀྱི་འདུག
ཀརྡོ་ལགས་བོན་ཞེས་པའི་མིང་བྱང་འོག་ནས་མཆན་འབྲི་མཁན་གྱི་བོན་ཞེས་པའི་དྲ་ཁྱམས་དེ་ནི་བོན་པོ་ཞིག་མིན་པར་ཐག་གཅོད་ཐུབ་པས་དེས་ན་ཁྱེད་རང་ཡིན་ནའང་དགོངས་པ་བཞེས་རོགས།
དྲྭ་བདག་ལགས་དགོངས་པ་སླར་ཡང་བཞེས་གནང་རོགས་ཅེས་འབོད་བསྐུལ་ཞུ་བཞིན་ཡོད།
བོན་པོས་མཁས་དབང་ཨ་པེ་མཆོག་ལ་མཚན་སྨད་ཞུས་དོན་ཡོད་པ་མ་རེད་ལ་ཞུ་མཁན་ཀྱང་ཡོད་མི་སྲིད་པའི་ཕྱིར་རོ།
གང་ལྟར་བོན་ཞེས་མིང་རྫུས་དེ་ཡིས་བསམ་དོན་འགྲུབ་ཀྱིན་འདུག
ཁོ་ཡི་བསམ་དོན་ནི་བོན་གྱི་མིང་བྱང་འོག་ནས་གཞི་མེད་ཀྱི་སྐད་ཆ་བཤད་ཚེ་གཞན་རྣམས་ཀྱིས་བོན་པོར་དམའ་འབེབས་བྱེད་རྒྱུ་དེ་རེད།
ཁོ་ཡི་སྔ་ཕྱིའི་མཆན་དེ་ཚོར་གཟིགས་དང།
ད་ཁྱོད་ཚོས་གནས་སྐབས་རིང་ཆོས་ལུགས་ཀྱི་རྙོག་དྲ་དེ་ཚོ་གཡུག་ཞོག དེ་སང་བཀའ་ཁྲིའི་སྐོར་ལ་ཚ་ཚ་འུར་འུར་རེད་འདུག ཚང་མས་བཀའ་ཁྲིའི་སྐོར་ལ་བསམ་ཚུལ་འདོན་མི་ཤེས་ན་ཡང་ཉན་འེ་ཤེས་ལྟོས་དང་། བཀའ་ཁྲིའི་དུས་ཚོད་ཡོལ་སོང་ན་དེ་ནས་ལྷོད་ལྷོད་བྱས་ནས་ཆོས་ལུགས་ཀྱི་རྙོག་དྲ་དེ་ཚོ་བཤད་ཆོག་ནི་རེད། ཨོ་རྒྱན་འཕྲིན་ལས་རྡོར་རྗེ་ཟེར་མཁན་དེ་བཀག་པ་རེད་ཟེར། ན་ནིང་ཞིག་ལ་མི་ཞིག་གི་ཙོང་ཁ་བའི་མིང་བེད་སྤྱོད་བཏང་ནས་སྨྱོ་པ་ཆགས་པ་དེ་བཀག་འ་ཡོད་ན་འདྲ་བསམ་གི་འདུག འདི་དག་ནི་ཡག་པོ་ཞིག་ཏུ་རྩ་ནས་མཐོང་གི་མི་འདུག
འབྲེལ་མེད་ཀྱི་སྐད་ཆ་མང་པོ་མ་བཤད་ཆོས་བཤད་སར་སྲིད་བཤད། སྲིད་བཤད་ས་སྙན་ངག་བཤད་ད་ནི་འབྲེལ་མེད་རང་ཆགས་འདུག
ང་མི་གཅིག་པོ་སྨྱོ་ན་ཡང་ཐང་ཤི་ན་ཡང་ཐལ། དྲ་བདག་དང་བན་བོན་དྲ་གྲོགས་ཚང་མས་བཤད་སྟངས་ལ་བལྟས་ན་ང་ལ་རང་ལྷན་སྐྱེས་ཀྱི་བརྟགས་པའི་མིང་འདི་ཡང་མི་དབང་པ་ཡིན་པ་འདྲ། ངས་ཨ་པན་ལ་བྲིས་རྒྱུ་དེ་ཆུང་མེད་ན་ཆེ་གཏན་ནས་མེད་དོ། ཁྱེད་ཚོས་ཨ་པན་གྱི་དགག་ཡིག་ལ་ཅིག་ལྟོས་དང་ཐ་ན་མི་ཕམ་དང་དིལ་མཁྱེན་གྱི་མི་གཤིས་ཚུན་ཆོད་ལ་ཡང་ག་འདྲ་སྐྱོན་བརྗོད་འདུག ལྔ་རིག་སྨྲ་བ་ཞིག་ལྟ་ཅི་མི་ངན་སྐྱག་པ་འདྲ་ཞིག་གི་བསམ་བློ་བཏང་ལས་མ་འདས་སོ། གང་ལྟར་གནས་སྐབས་སུ་འདིར་སྐད་ཆ་བདེན་པ་བཤད་ས་མེད་པར་ཐག་ཆོད་རེད། རྫུན་དང་གཡོ་སྒྱུ་མགོ་སྐོར་གྱི་འུར་སྒྲོག་ངས་མི་ཤེས། །
ང་ཐོས་རྒྱ་ཆུང་བ་ལ། ཨ་པན་དགག་ནས་གཞི་ནས། ཨ་པན་གྱི་དགག་ཡིག་གི་མིང་ཙམ་ཐོས་བྱུང་བ་འདིས། ང་ལ་ཕན་སྲིད་དམ། གནོད་སྲིད། ཁོང་གི་ཡང་སྲིད་རྩད་པ་ཅན་ཞིག་བྱུང་ན། དེ་ནས་གཞི་ནས་དཔེ་དེབ་དེ་ཀློག་བགྱི་ཡིན། དགག་ཡིག་སྐོར་གསུངས་པ་ལ་བཀའ་དྲིན་ཆེ། རྒྱ་མཚན་ནི། བལ་དགོན་བདག་པོ་བླ་མ་འགའ་ཤས་དག་སྣང་སྦྱོང་ཐུབ་བགྱིད་མི་འདུག འདི་ངས་སྐྱོན་ཡིན་ནམ། ཡང་ན་་་་་
མཁན་ཆེན་ཨ་པད་ཀྱི་དགག་ཡིག་དེ་གང་དུ་འདུག ཨོ་རྡོ་ལགས། ཁྱེད་ཀྱི་དགག་ཡིག་དེ་མིག་མངའ་སྟོན་རྒྱུ་ཡོད་ཚེ་ངས་ཁྱེད་ལ་ལྔ་རིགས་སྨྲ་བ་ཞུ་ངེས་ཡིན། དིལ་མཁྱེན་དང་མི་ཕམ་གྱི་སྤྱན་ཤེལ་ཚུན་ལ་དགག་པ་ཡོད་ན་ཡིག་ཆ་དེའི་མིང་དང་ད་ལྟར་གང་དུ་ཡོད་ཁ་གསལ་ཞིག་གསུང་ན་སྐུ་ཉིད་ཀྱི་སྐད་ཆ་དེ་རིན་ཐང་ཞིག་ཏུ་རྩིས་ཆོག
ལ་སྟོད་བུ་ལགས།
ངས་ཨ་པེ་བོན་པོ་ཡིན་མིན་མི་ཤེས་ལ། བོན་ཞེས་པའི་སྨྱུག་མིང་བ་འདི་ཡང་ངོ་མི་ཤེས་ལགས། ངས་ངོ་ཤེས་པ་དེ་ནི། ཁ་བརྡར་བཞག་པའི་ཚིག་དོན་འདི་ལྷག་མེད་ཀྱང་། གང་ཞིག་རང་གི་ཤེས་ཚོད་དེ་དགག་བཞག་མ་བྱས་ན་བློ་བདེ་ཅིག་ཡོང་གི་འདུག བློ་མི་བདེ་བ་འདི་ཡི་ཡོང་ཁུངས་ཀྱང་བཙལ་བཞིན་ཡོད་དོ། །
སྐུར་འོས་ཁ་བརྡ་ཚང་གིས་མིག་ཡོད་ཀྱང་དམ་པ་ངོ་མི་ཤེས་པའི་ཨུ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་པ་དེའི་མཆན་རྩིས་མེད་དུ་གཏང་འདུག་པ་དེ་ནི་དངོས་ནས་ཡག་པོ་ཞིག་རེད་། དེ་ལྟ་བུའི་གློག་ཀླད་ནད་འབུ་འདྲ་བ་ཞན་མིང་བེད་སྤྱད་ནས་སྐྱེས་ཆེན་དམ་པར་ཁ་གཏང་མཁན་རིག་ཕྱིས་མི་འབྱུང་བར་ཡང་ཕན་ངེས་རེད།
མཁན་ཆེན་ཨད་ྡ་རིན་པོ་ཆེས་དགག་ཡིག་ཞིག་བྲིས་གནང་བའི་འདས་པའི་ལོ་རྒྱུས་ཞིག་གོ་མྱོང་དགག་ཡིག་དེ་ས་སྟེང་འདིར་ད་ལྟ་གནས་མེད་པ་འདྲ།
དེ་ཕྱིར་ཁྱེད་རྣམས་སྟོང་རྩོད་མ་གནང་
སྟོང་རྩོད་གནང་ན་འདི་ལས་མ་འདས། ལ་ལས་རྨོངས་པས་ལས་ཀ་བྱེད། །ལ་ལས་རྨོངས་ཏེ་འཕྲོ་བར་བྱེད། །སྐྱོན་དང་བཅས་པ་གང་ཞིག་ཡིན། གསུང་པ་ལྟར་རོ།
དམ་པ་ཌྷཌྷའདི་རྣམས་ཡང་ཡང་མཛྷཇལ་བར་ཤོག
མཁན་པོ་ཨ་པད་རིན་པོ་ཆེ་དགོངས་པ་རྫོགས་སོང་བར་སེམས་ཕམ་ཡོད། ཁོང་ངོས་ནས་དངོས་ཞལ་མཇལ་མ་མྱོང་ཡང་མཚན་རྣ་བར་ཡང་ཡང་ཐོས་མྱོང་། དེ་བཞིན་མཁན་ཨ་པད་རིན་པོ་ཆེས་མི་ཕམ་རིན་པོ་ཆེ་ལ་དགག་པ་གནང་ཡོད་པའི་ལོ་རྒྱུས་ཀྱང་ཐོས་མྱོང་། ཡིན་ན་ཡང་ཁོང་གིས་མི་ཕམ་རིན་པོ་ཆེ་ལ་དགག་པ་གནང་བའི་རྒྱུ་མཚན་གྱིས་ཁོང་ཉིད་སྐྱེས་བུ་དམ་པ་མིན་པར་འགྱུར་དགོས་ན་དེ་ནི་ཧ་ཅང་ཡང་ཐལ་མི་ཆེ་འམ། དེ་ལྟར་ན་མི་ཕམ་རིན་པོ་ཆེ་ཡང་སྐྱེས་བུ་དམ་པ་མིན་པར་འགྱུར་ལ། དེ་བཞིན་དགེ་ལུགས་ཀྱི་བྲག་དཀར་སྤྲུལ་སྐུ་སོགས་ཀྱང་སྐྱེས་བུ་དམ་པ་མིན་པར་འགྱུར་རོ།། མཐར་ས་དགེ་བཀའ་རྙིང་གི་མཁས་པ་ཐམས་ཅད་དང་། རྒྱ་གར་གྱི་མཁས་གྲུབ་འཛམ་གླིང་མཛེས་པའི་རྒྱན་དྲུག་སོགས་ཀྱང་སྐྱེས་བུ་དམ་པ་མིན་པར་འགྱུར་ཏེ། དེ་དག་གཅིག་གིས་གཅིག་ལ་དགག་བཞག་གནང་འདུག་པའི་ཕྱིར་རོ།།
སྔར་ལན་གཅིག་མི་ཕམ་རིན་པོ་ཆེ་ལ་དགག་པ་གནང་བའི་རྒྱུ་མཚན་གྱིས་དིལ་མཁྱེན་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་བླ་མར་མི་བསྟེན་པར་ཡང་འགྲུབ་མི་ཐུབ། སྔར་ལན་གཅིག་དགག་པ་རྒྱག་ན་ཡང་ཕྱིས་བླ་མར་བསྟེན་པའི་ལོ་རྒྱུས་མང་དུ་གོ་རྒྱུ་འདུག དངོས་བདེན་ཡིན་མིན་མི་ཤེས། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཡང་སྔར་བཙོང་ཁ་པ་ལ་རྩོད་དུ་ཕྱིན་པ་ལས་ཕྱིས་ཙོང་ཁ་པའི་སློབ་མར་གྱུར་བ་རེད་ཅེས་བཤད་པ་ཐོས།
དམ་པ་འདིས་མི་ཕམ་ལ་དགག་པ་གནང་བའི་ཐད། ངས་གོ་ཚུལ་ལྟར་ན། ཁོང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་མདུན་དུ་བཞུགས་སྐབས་ཤིག་ལ་གནང་བ་ཡིན་པ་དང་། དགག་པ་དེ་ཡིག་ཐོག་ཏུ་ཕབ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་ཕུལ་དུས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་རྙིང་མའི་མཁན་པོ་གྲགས་ཅན་མང་པོ་ཞིག་ལ་དགག་ཡིག་དེ་གནང་ནས་དེ་ལ་ལན་ཞིག་བཏབ་དགོས་ཚུལ་གསུངས་པ་རེད་ཟེར། འོན་ཀྱང་རྙིང་མའི་མཁན་པོ་སུ་ཞིག་གིས་དེ་ལ་ལན་རྒྱག་མ་ཐུབ་པའི་ཁར། རྙིང་མའི་མཁན་པོ་(མཚན་དྲན་མ་སོང་)ཞིག་གིས་མི་ཕམ་པ་ནི་ཆོས་རར་ཡུན་རིང་རྩོད་མྱོང་མེད་པས་ཚིག་སྐྱོན་ཅུང་ཟད་ཤོར་འདུག་ལ། མཁན་པོ་ཨ་པད་རིག་པ་རྣོ་བས་ཚིག་སྐྱོན་དེ་ལ་འཇུས་ནས་ཐལ་བ་འཕེན་འདུག་པས་ཐལ་བ་དེ་སུས་ཀྱང་བཟློག་མི་ནུས་ཞེས་ཞུས་ཡོད་ཚུལ་བཤད་རྒྱུ་འདུག།
དེ་ནས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཁན་པོ་ཨ་པེད་ལ་མི་ཕམ་པ་ནི་བསམ་བཞིན་སྲིད་པར་བཟུང་བའི་ས་ཐོབ་ཀྱི་འཕགས་པ་ཞིག་ཡིན་ལ། ཁྱེད་སོ་སྐྱེས་ཤིག་གིས་ས་ཐོབ་ཀྱི་འཕགས་པ་ལ་དགག་པ་བྱེད་པ་ནི་ཤིན་ཏུ་ནས་མི་རུང་ཞེས་གསུངས་པས་ཨ་པེད་ཀྱིས་ཀྱང་ཞལ་གྱིས་བཞེས་ན་དགག་ཡིག་དེ་མེ་ལ་བསྲེགས་པ་རེད་ཅེས་བཤད་རྒྱུ་འདུག དགག་པ་དེ་གང་གི་ཐད་གནང་བ་ཡིན་པ་དང་། ཇི་ལྟར་གནང་ཡོད་ཚུལ་ནི་ངས་ཐོས་མ་མྱོང་།
དེ་ལྟར་མཁས་པ་རྣམས་ཕན་ཚུན་དགག་སྒྲུབ་ཀྱི་རྣམ་གཞག་ཇི་ལྟར་གནང་བ་སོགས་ཀྱི་སྐོར་བགྲོ་གླེང་བྱ་བ་ནི་སོ་སོ་རང་ལ་རིག་པ་འཕེལ་བའི་གཞི་ཞིག་ཡིན་པ་ལས། ཆོས་ལུགས་དབར་གྱི་ཕུང་དཀྲུགས་སུ་བརྩི་མི་རུང་། ཁ་ཤས་ཀྱིས་ངས་དེ་འདྲ་གོ་སོང་ཟེར་བ་སོགས་བཤད་མི་རུང་ཟེར། རྣ་བས་ཐོས་པ་དེ་བཤད་མི་རུང་ན་མིག་གིས་མཐོང་བ་དེ་ཡང་བཤད་མི་རུང་བ་ཡིན་ནམ། སོ་སོ་རང་ཉིད་ཀྱིས་དངོས་སུ་མཐོང་བ་དང་ཐོས་པ་འབའ་ཞིག་ལས། གཞན་ནས་བརྒྱུད་དེ་མཐོང་ཐོས་བྱུང་བ་སོགས་བཤད་མི་རུང་ཞེ་ན། དེ་ཡང་མི་འགྲིགས་ཏེ། ང་ཚོའི་མི་ཚེ་ནི་ཐུང་ཐུང་ཞིག་ཡིན་ལ། སྐད་ཆ་ནི་བསྐལ་པ་དང་པོ་ནས་ཚེ་ལོ་བཅུ་པའི་བར་གྱི་སྐད་ཆ་ཡང་བཤད་ཆོག་པར་སེམས་སོ།།
ཧ་ཧ།
སྔོན་མེ་བསྲེག་པ་དེ་དེང་སང་ས་སྐྱའི་རྒྱལ་ཡོངས་དཔེ་མཛོད་བལ་ཡུལ་དུ་གསར་འཁྲུངས་བྱས་འདུག ལས་འབྲས་བསགས་པ་དེ་མེ་བསྲེག་དང་ཆུ་ལ་གཡུག་རྒྱུ་མེད་པར་འདྲ། ཡིད་མ་ཆེས་ན་བལ་ཡུལ་ཨ་པེ་ཨ་དགོན་དུ་འདུག
གོང་དུ་ཁ་བརྡ་ཚང་ནས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཟེར་བ་དེའི་མཆན་བཀག་ཡོད་ཚུལ་བརྗོད་འདུག་ཀྱང་ད་དུང་མིང་དེའི་ཐོག་གཏམ་འཆལ་མང་དག་ཞིག་ཡོང་གི་འདུག་པས་སྐྱར་དུ་བཀག་ན་དགེ་མཚན་ཆེ།
ཚང་མས་མང་པོ་བྲིས་འདུག ཡག་པོ་འདུག གང་ལྟར་ཀྱང་དཀྱེལ་ཡངས་པའི་སྒོ་ནས་གླེང་མོལ་བྱས་ན་ལེགས། དེ་མིན་གཏམ་འཆལ་བསྒྲགས་པས་ཅི་ཡང་མི་ཡོང་། དམིགས་བསལ་དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས། ང་སྒེར་ལ་འབྲེལ་བ་ཞིག་གནང་རོགས། ལས་དོན་གལ་ཆེན ཞིག་ཡོད། karpal2013@gmail.com ཞལ་དྲོ།
ཨ་པད་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་སྐོར་ལ།
https://www.youtube.com/watch?v=2LQg-iPO7pE