ཡོང་ཁུངས། བོད་ཀྱི་དུས་བབ།
འདས་མ་ཐག་ལོར་བོད་ཀྱི་དུས་བབ་གསར་ཁང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཟླ་གཉིས་རིང་སྐོར་སྐྱོད་བྱས་པ་དང་བསྟུན་ཏེ། ཕྱི་ཟླ་༡༠ ཚེས་༡ ཉིན་འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཧྥ་རན་སིའི་ལྷོ་མཐའ་ཊོའུ་ལོའུ་སི་(Toulouse)ཞེས་པ་དེར་བསྐྱོད་དེ། རྩོམ་པ་པོ་སྐུ་ཞབས་ལྗང་བུ་ལགས་དང་ལྷན་དུ། ཁོང་གི་དྲན་ངོས་ཀྱི་དཔལ་དོན་གྲུབ་རྒྱལ་གྱི་སྣང་བརྙན་ཐར་ཐོར་དང་། ལྗང་བུ་ཁོང་རང་ཉིད་ཀྱི་སྙན་ངག་གི་འགྱུར་འགྲོས་སོགས་ཀྱི་སྐོར་ལ་ཉིན་ཞག་གསུམ་རིང་གླེང་མོལ་བྱས་པ་དང་། ཉེ་ལམ་བསྐྱར་དུ་གནད་དོན་ཁ་ཤས་ཐད་དོགས་འདྲི་ཞུས་ཏེ་གླེང་མོལ་གྱི་ནང་དོན་གནད་བསྡུས་ཡིག་ཐོག་ཏུ་ཕབ། ཞིབ་རྒྱས་འདིར་གཟིགས། http://tibettimes.net/རང་གྲོལ་རྒྱས་གླེང་།/
རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་དང་སྙན་ངག་པ་ལྗང་བུ་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཤེས་ཡོན་སློབ་སྦྱོང་གཏིང་ཟབ་མོ་ཡོད་པ་ཁྱེད་ཅག་གི་གསུང་ལ་ཉན་རྒྱུ་དང་སེམས་ནང་འབབ་རྒྱུ་ཆེན་པོ་འདུག
བཅར་འདྲི་ཟེར་ན་འདི་འདྲ་དགོས་པ་རེད། བཙན་བྱོལ་ནང་གི་གསར་འགོད་པ་སྨྱོ་ལྡིང་ཚང་མས་དྲི་བ་དྲིས་ལན་འདི་ལ་སློབ་སྦྱོང་གནང་དགོས། བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་དངོས་གནས་དྲང་གནས་ཤེས་ཡོན་པ་རྣལ་མའི་ཁྱད་ཆོས་འདུག
ལྗང་བུས་མི་གསོད་དོན་རྐྱེན་གླེང་འདུག ཁྲིམས་ཐོག་ལ་འགྲོ་དགོས་པའི་གཏམ་རེད། ལྟད་མོ་རྗེས་ན་ཡོད་ཀྱི་རེད།
ཨ་ཁུ་དམ་ཆོས་ལ་གླེང་འགེལ་སྟངས་འདི་འདྲ་སྟབས་བདེ་ཞིག་བཀོད་འདུག་མོད། འདི་གསར་འགྱུར་བྱས་ནས་བཀོད་པ་རེད། འདི་རྗེས་མ་ཁྲིམས་ཁང་ལ་སོང་ན་གླེང་བཀལ་བའི་དཔང་རྟགས་དང་། གླེང་འགེལ་སའི་མི་ལ་མི་བསད་པའི་དཔང་རྟགས་བཙལ་དགོས་པའི་ཆ་རྐྱེན་རེད།