སྒོམ་སྡེ་ལྷ་རམས་པ།
ལྟ་བ་རྙེད། ལྟ་བ་རང་རྒྱུད་སྐྱེས་པའི་དོན། དེང་སང་མང་པོས། ལྟ་བ་རྙེད་ཟེར་རྒྱུར་ལྟ་བ་རྟོགས་ཟེར་བ་ནི། མ་དག་རྒྱུན་འབྱམས་སུ་སོང་བར་སེམས་ཏེ། འདིའི་ལྟ་བ་ནི་སྟོང་ཉིད་རྟོགས་པའི་བློའམ་ཤེས་རབ་ལྟ་བུ་ལ་གོ་དགོས་པས། དེ་རྟོགས་ཞེས་བརྗོད་ན་གོ་མི་བདེ་བའི་ཕྱིར། གཞན་ཡང་༼ལྟ་བ་རྙེད༽ཅེས་པའི་ཚིག་འདི་རྗེའི་ལམ་རིམ་ཆེན་མོའི་ནང་ཐེངས་༡༥དང་། རྗེའི་ལམ་རིམ་འབྲིང་པོའི་ནང་ཐེངས་༦དང་། རྗེའི་དགོངས་པ་རབ་གསལ་ནང་༤གསལ་འདུག་ཀྱང་། ༼ལྟ་བ་རྟོགས༽ཞེས་པའི་ཚིག་འདི་ཟུར་ཙམ་ཡང་མི་འབྱུང་བ་དེ་ལ་རྒྱུ་མཚན་ཡོད་པའི་ཕྱིར། གལ་ཏེ་ལྟ་བ་ཞེས་པ་ལྟ་བའི་ཡུལ་ལམ་བལྟ་བྱ་ལ་འཇུག་པའི་དབང་དུ་བཏང་ན། སུམ་རྟགས་ཀྱི་འགྲོས་དང་བསྟུན་ན་འདི་ལ་༼བལྟ་བ༽ཞེས་པ་ལྟ་བུའི་བས་ཕུལ་ངེས་པར་དགོས། དཔེར་ན། བཟའ་བྱ་ལ་བཟའ་བ། བཏུང་བྱ་ལ་བཏུང་བ། གདིང་བྱ་ལ་གདིང་བ། བསླབ་བྱ་ལ་བསླབ་པ་༼བསླབ་པ་གསུམ་ཟེར་བ༽ལྟ་བུས་མཚོན་ནོ། །གསང་བའི་རྣམ་ཐར་ལས། ཡང་དག་ལྟ་བ་རྟོགས་པའི་སྐལ་ལྡན་གྱུར། །ཞེས་པ་ལྟ་བུ་རེ་ཟུང་ཡོད་ཀྱང་། དེ་ནི་གོང་དུ་བཤད་པ་ལྟར་མ་དག་རྒྱུན་འབྱམས་སམ། ཡང་ན་ཚིག་སྡེབ་སྦྱོར་ལྟ་བུས་ཡིན་པར་སེམས་སོ། །
ཁོ་རེ་ཅིག་མི་ཤེས་ན་ཤེས་མདོག་མ་སྟོན། རྒན་མོ་མཉམ་དུ་སྐྱིད་པོ་ཉོལ་ལོ། ལྟ་བ་རྟོགས་ཟེར་བ་མཁས་གྲུབ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་རེད་ལོ།
ཁོ་རེ། སྒོམ་སྡེ།
ལྟ་བ་རྟོགས་ཟེར་དགོས་པ་ལས་རྙེད་ཟེར་ནི་མ་རེད། རྙེད་ཟེར་བ་ནི་བཙལ་ནས་རྙེད་པ་ལ་ཟེར། དཔེར་ན་སྒོམ་སྡེས་དབྱིན་མོ་བཙལ་ནས་རྙེད་ཟེར་བ་ལྟ་བུ་རེད། ལྟ་བ་རྟོགས་ཟེར་བ་ནི་གནས་ལུགས་ལ་བརྟག་ཅིང་དཔྱད་ནས་དེའི་དོན་ཤེས་པ་ལ་རྟོགས་ཟེར་བ་རེད།
ད་ཤེས་སོང་ངམ།
འོ་ན་རྟོགས་པ་མཐོན་པོ་འདུག་ཟེར་བ་དེ་གང་ལ་འགྲེལ་དགོས་སམ།
སྔོན་ཆད་མ་རྟོགས་པའི་དངོས་པོའི་གནས་ཚུལ་ལྟ་བས་གཏན་པ་ཕབ་པ་གང་ཞིག་གསར་དུ་རྟོགས་པ་ལ་ལྟ་བ་རྟོགས་ཞེས་པའི་ཐ་སྙད་འདི་སྦྱོར་ལོས་ཀྱང་ཆོག སྐབས་འདིར་ལྟ་བ་རྟོགས་ཞེས་པ་དང་། ལྟ་བ་རྙེད་ཅེས་པ་དང་། བདེན་པ་མཐོང་ཞེས་པ་སོགས་དོན་གཅིག་མིང་གི་རྣམ་གྲངས་སུ་འདུག སྐབས་འདིར་བལྟ་བྱའི་གནས་ལུགས་དེ་གཏན་ལ་ཕབ་པའི་ལྟ་བ་དེའི་འཇུག་ཡུལ་རྟོགས་པའི་ཆ་ནས་ལྟ་བ་རྟོགས་ཞེས་བྲིས་ན་མི་རུང་བ་ཅི་ཡང་མེད་སྙམ། དཔེར་ན་ཟས་ཟོས་པ་ལ་ཟས་ཀྱི་བྲོ་བ་མྱངས་ཞེས་པ་ལྟ་བུའོ།། འདི་མི་འཐད་ཟེར་ན་ལོས་འཐད་དེ། བལྟ་བྱའི་ཡུལ་དང་དེའི་སྟེང་གི་གནས་ལུགས་གཉིས་ཀྱང་ཟས་དང་ཟས་དེའི་བྲོ་བ་བཞིན་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ནོ།།
སྒོམ་སྡེའི་སེམས་ལ་འདི་འདྲ་ཞིག་བཟུང་ནས་ རྩོམ་ཡིག་སྤེལ་གི་ཡོད་པ་གསལ་པོ་རེད་ ཁོང་གིས་ཉེ་སྔོན་ཚུལ་ཁྲིམས་མཐར་ཕྱིན་ལ་འདི་འདྲ་ཞིག་བྲིས་འདུག ༼དགེ་ལྡན་ཆོས་འབྱུང་རྙིང་པ་ཚོའི་ནང་དུ་དམར་གསོད་དམག་རྒྱག་དང་དོལ་རྒྱལ་སོགས་ཀྱི་ལོ་རྒྱུས་གང་མང་ཡོད་པ་རེད་མོད། འདས་པ་འདས་ཚར་བ་རེད། དེ་ཡང་ཡང་གླེང་ན་ཆོ་ཡོད་པ་མ་རེད། ཁོང་ཚོས་ལོ་རྒྱུས་སྡུག་པོ་དེ་ཚོ་གླེང་ནས་ངའི་མགོ་ལ་གཞུ་སྤྱད་བྱེད་ཀྱི་འདུག ང་ལ་ལན་རྒྱག་རྒྱུ་མེད་སྟབས་སྐབས་རེ་ངོ་ཚ་བ་དང་སྐབས་རེ་སེམས་པ་ཡང་སྐྱོ་གི་འདུག ངས་སྐྱུགས་བྲོ་བའི་ལོ་རྒྱུས་དེ་ཚོ་གཅིག་ཀྱང་མེད་པའི་དགེ་ལུགས་ཆོས་འབྱུང་ཡག་པོ་ཞིག་འབྲི་དགོས་བསམ་བཞིན་ཡོད། འོན་ཀྱང་ད་རུང་དགེ་ལུགས་ཚིག་མཛོད་བྲིས་ཚར་མེད་པ་དང་། ངས་ཆོས་འབྱུང་གསར་བ་བྲིས་རུང་ཆོས་འབྱུང་རྙིང་པ་ཚོ་ནི་རང་འཇག་ལ་ཡོད་པས་ཕན་ཐོག་ཀྱང་ཅང་མེད་པ་འདྲ། ད་ཅི་བྱ། བོད་ལ་དགེ་ལུགས་གཅིག་པོ་མ་གཏོགས་ཕན་མི་ཐོག་པའི་ཆོས་བརྒྱུད་ཉ་ཉོག་གཞན་པ་དེ་ཚོ་གཅིག་ཀྱང་མེད་ན་ཆོས་བརྒྱུད་གཅིག་གྱུར་ཡིན་པས་རྙོག་དྲ་གང་ཡང་མེད་པ་དང་། བོད་རིགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ལ་ཡང་ཕན་གྱི་རེད། བོད་ཀྱི་འཐབ་རྩོད་ལ་ཡང་ཕན་གྱི་རེད།༽
འཇང་གཡུ་ལྷ་ཐོག་འགྱུར་གྱི་བཤད་པ་དེ་བདེན་པ་རེད། སྒོམ་སྡེ་ལྷ་རམ་པ་འདི་དང་པོ་གྲྭ་སར་ཡོད་སྐབ་ནས་ངས་ངོ་ཤེས། ཁོའི་དཔེ་ཆ་ཡག་པོ་ཤེས། རིག་གནས་ལ་ཡང་ཡག་པོ་ཡོད། རྗེས་ལ་ངེད་གཉིས་ཀར་གྲྭ་བ་ལོག་པ་རེད། ཁོ་རང་ག་དུས་ཡིན་ཡང་བོད་ནང་ཁུལ་གྱི་རྙོག་དྲ་ཕལ་ཆེར་ཞིག་ཆོས་ལུགས་ལ་བསྟེན་ནས་བྱུང་བ་དང་། དགེ་ལུགས་པ་ཁོ་ན་མ་གཏོགས་བོད་ནང་ལ་ཆོས་ལུགས་གཞན་པ་མེད་ན་ནང་ཁུལ་གྱི་རྙོག་དྲ་མེད་པར་འདོད་མཁན་ཞིག་ཡིན། དམིག་བསལ་གྱིས་བཀའ་རྒྱུད་དང་རྙིང་མ་གཉིས་ལ་ཧ་ཅང་སྡང་སེམས་བཅངས་མཁན་ཞིག་ཡིན། ས་སྐྱ་ལ་དགའ་གི་རེད། ཉིན་ཞིག་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གཉིས་པ་རྒྱབ་ཤ་དམར་པོ་ཅན་ཞིག་ཕེ་ཕེ་ཟེར་ནས་སྒོ་འགྲམ་གྱི་ཅ་པལ་ཚོའི་འཁེས་སུ་དངོས་སུ་སྐོར་གཡུག་བྱས་སོང་། ངས་ཆོས་དཀོན་མཆོག་ལ་དེ་འདྲ་མ་བྱེད་བྱས་དུས། ཁོས་སྐྱོན་ནི་མ་རེད། འདི་བསླབ་པ་གསུམ་སྟོན་པའི་བསྟན་བཅོས་མིན་པས་ཆོས་དཀོན་མཆོག་མ་རེད་ཟེར། ངས་དུས་རྒྱུན་དུ་ཁོ་ལ་ཀུ་རེས་རྩེ་གིན་ཡོད། རང་རེ་དགེ་ལྡན་པ་ལ་གང་ཐུབ་ཅི་ལྕོག་ཀྱིས་དགག་པ་མང་ཤོས་གནང་མཁན་ས་སྐྱ་རེད། དེ་ལ་ཁྱོད་དགའ་ཡི་འདུག དགག་པ་མང་པོ་མི་གནང་བར་དག་སྣང་སྦྱོངས་མཁན་རྙིང་མ་བཀའ་རྒྱུད་གཉིས་རེད། དེ་ལ་ཁྱོད་རྒྱ་མི་ལས་ཀྱང་སྡང་སེམས་ཆེ་བ་བྱེད་ཀྱི་འདུག མི་ཐུབ་ས་དེ་ལ་དགའ་ཡི་ཡོད་ས་རེད་ཅེས་ཤོད་ཀྱིན་ཡོད། འོན་ཀྱང་ཁོས་ཟེར་ན། ས་སྐྱ་པ་ཚོ་དགེ་ལུགས་ལ་དྲིན་ཆེན་པོ་ཡིན། དགེ་ལུགས་པའི་ལྟ་སྒྲུབ་ཀྱི་ཐོག་ལ་དགག་པ་གནང་ཙང་ང་ཚོ་ལ་ཞུན་ཐར་གཅོད་པའི་གོ་སྐབ་བྱུང་བ་རེད། བཀའ་རྙིང་གཉིས་སྐྱག་པ་འདྲ་འདྲ། སྐྱེ་དམན་དང་ཕྲུ་གུ་ལུང་པ་གང་རེ་ཁྲིད་ནས་ཁ་ཕོ་ཆེ་ཐག་ཆོད་ཅིག་སྒྲོག་པ་ལས་གཞན་ཅི་ཡོད་ཟེར་གྱིན་ཡོད། ད་སྐབས་བོད་ཡིག་གི་དྲ་རྒྱ་གསར་དུ་ཐོན་པ་དང་བསྟུན་གོ་སྐབ་བཙལ་ནས་རང་གི་དུག་རོ་ཕྱིར་ཕྱུང་བཞིན་ཡོད་པར་རེད། ཁོས་ཟིན་བྲིས་དེ་ཡང་ཀུན་སློངས་དེ་འདྲའི་དབང་གི་བྲིས་གིན་ཡོད། ང་ཚོ་བོད་ཀྱི་ལས་དབང་ལ་ཅིག་གཟིགས་དང་། འདི་འདྲ་བྱེད་པའི་གོ་སྐབྶ་རྩ་ནས་མ་རེད། མ་གཞི་མི་འདི་ཅན་པོེས་ཆེ་ཞིག་བྱེད་མི་ཐུབ་ཀྱང་ཀུན་སློངས་མི་ཡག་པས་ངོ་ནས་འབུར་འཇོམས་བྱེད་དགོས། བསྟན་དགྲ་ཚར་གཅོད་པ་བསྟན་འཛིན་ཚོས་ལས་འགན་རེད། དང་པོ་ནས་མགོ་འབུར་དུ་མ་བཅུག་ན་ཡག་གི་རེད། ཉིན་མོས་འུག་པ་ལྟར་ཁ་རུབ་རྒྱག་དགོས། དེ་ནས་བྲོས་འགྲོ་གི་རེད། ཚུལ་ཁྲིམས་ཐར་ཕྱིན་དང་གང་གཡག་སོགས་ལ་དཀོན་མཆོག་གསུམ་ཁག་མེད། སེམས་ཚོར་ཡོད་མཁན་གྱི་མི་ཡིན་པས་རེད། དཀྲུགས་ཤིང་བརྒྱབ་ནས་སེམས་ལ་ནག་ཐིག་བཟོས་ན་ལན་པོ་ལོས་སློག ཐུབ་ཚོད་དང་བརྙས་བརྐོ་ག་འདྲ་བྱས་ཀྱང་མགོ་སྐྱོར་ནས་སྡོད་མཁན་ཞིག་གང་དུ་ཡོད། ལན་པོ་སློག་ནས་ཉམས་མྱོང་སྤྲད་དེ་རྩ་མེད་དུ་གཏོང་མཁན་དེ་བུ་རབས་རེད། ཁོ་ལ་དེ་འབབ། དེ་འོས། དེ་ཕན་པོ་བྱུང་། ཨ་མའི་བུ་རེ་ཐུག་ན་དེ་འདྲ་རེད། ད་དུང་མི་འདིས་འཇམ་པོ་འཇམ་པོ་དང་ཡག་པོ་ཡག་པོ་ཞིག་ལ་ཁ་གཡར་ནས་དཀྲུགས་ཤིང་ནམ་བརྒྱབ་ན་འཕྲལ་དུ་འབུར་འཇོམ་བྱེད་རྒྱུ་དེ་ངའི་རེ་བ་ཡིན།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཁ་བརྡས་ནངས་དགོང་གཉིས་ལ་མཆན་བུ་དག་ལ་ཞིབ་བཤེར་བྱེད་བཞིན་ཡོད། དེ་དོན་དགོངས་འཇགས་འཚལ།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས།
ལྟ་བ་རྟོགས་ཟེར་བ་དེ་དེང་སང་གི་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་མིན་པར་གྲུབ་མཐའ་རྙིང་པའི་དཔེ་ཁུངས་དག་ཏུ་འདུག་པས། གསར་བྱོན་གྱི་གྲུབ་མཐའི་དཔེ་ཆར་ལྟ་བ་རྙེད་ཅེས་པ་ཤུགས་ཆེར་སྤྱོད་པ་ཙམ་གྱིས་གཞན་དེ་འགག་དགོས་དོན་མི་འདུག་སྙམ། ས་རྙིང་བཀའ་གསུམ་གྱི་དཔེ་ཆར་ཉམས་མྱོང་ཡོད་མཁན་ཚོས་ཞལ་གྲགས་ངེས་རེད། དེ་འདྲའི་བཙན་གཏམ་བཤད་རུང་ངམ།
སྒོམ་སྡེ་ཁོ་རེ།
རྟོགས་པ་ལ་རྙེད་པ་ཟེར་དགོས་ན། དེ་བཞིན་གཤེགས་པ་ལ་དེ་བཞིན་རྙེད་པ་ཟེར་དགོས་སམ། འདི་ཡང་མ་དག་པ་རེད་ཅེས་དེ་བཞིན་རྙེད་པ་ཞེས་བཅོས་རྒྱུ་ཡིན་ནམ། ཁྱོད་ཀྱིས་འདི་ལྟར་དོན་མེད་ཀྱི་ཀློས་བཤད་བྱེད་རྒྱུ་མང་དྲགས་པས། གར་སོང་ས་ནས་དོན་མ་འགྲུབ། གར་བསྡད་ས་ནས་བཀྲ་མ་ཤེས་ཟེར་བ་དེ་ཁྱོད་ལ་བྱུང་བ་རེད། དང་པོ་ཁ་བརྡ་དྲ་ཐོག་ནས་ཡག་པོ་མ་བྱུང་བས། དུས་བབ་ཚང་ལ་སྐྱབས་བཅོལ་དུ་སོང་། དེ་ནས་ཡང་ཁ་མ་དྲོ། བཀྲ་མ་ཤིས་པར་ཟིན་བྲིས་ཀྱི་མཆན་འདེབས་ས་ཡང་སྒོ་རྒྱབ་དགོས་བྱུང་བས། ཡང་ངོ་ཚ་མེད་པར་དཀྲུགས་ཤིང་རུམ་གང་བཟུང་ནས་ཁ་བརྡ་དྲ་ཐོག་ཏུ་ཐོན་འདུག ངོ་ཚ་ཟེར་བ་དེ་ཤེས་ན་རེ་ཞིག་ཁ་རོག་བསྡད་ན་བཟང་སྙམ། ཇི་སྐད་དུ། དེ་ལྟ་མིན་ན་རྒྱལ་བའི་བསྟན་པ་ལ།། རེ་ཞིག་ངལ་གསོ་བྱས་ན་གནོད་པ་ཆུང་།། ཞེས་གསུངས་པ་དེ་ཁྱོད་ལ་དམིགས་ནས་གསུངས་པ་ཡིན་པ་གོར་མ་ཆག་གོ།
སྒོམ་སྡེ་ལྟར་ན་སྨྲ་ཤེས་དོན་གོ་ལ་སྨྲ་ཤེས་དོན་རྙེད།
བདག་མེད་རྟོགས་པའི་ཤེས་རབ་ལ་བདག་མེད་རྙེད་པའི་ཤེས་རབ།
མངོན་རྟོགས་རྒྱན་ལས། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། ཞེས་པ་སོགས་ལ་གཞན་གྱི་རྐྱེན་གྱིས་རྙེད་མིན་པ་སོགས་དང་།
མོད་སྡེ་རྒྱན་ལས། དོན་ཤེས་དོན་སྟོན་སོགས་ལ་དོན་ཤེས་དོན་རྙེད་སོགས་དང་།
ཐ་ན་་་་་
་་་་་ཡ་ད་བཤད་ཚོད་མི་འདུག
ཡང་ཚུལ་མཐར་འདི་གར་སླེབས་འདུག ཚང་མས་གཟབ་གཟབ་གནང་རོགས། དྲྭ་དཔོན་གྱིས་ཀྱང་མང་མང་གི་བསམ་ཚུལ་ལ་གཟིགས་ནས་མི་ངན་འདིའི་རིགས་ཡན་པོར་མ་བཏང་ན་རེད།
ཁོ་རེ་ཚོ། སྒོམ་སྡེ་འདི་མྱི་ཡ་རབ་ཞིག་ཡིན། ཁོང་ལ་ཚིག་ངན་བརྗོད་མི་རུང་། འོན་ཀྱང་དགོངས་ཚུལ་འདི་ཅུང་ཟད་ཐལ་དྲགས་པ་རེད། ཁོང་གིས་དྲངས་པའི་ལུང་ཚིག་ཁ་ཤས་དེས་དེ་ལས་གཞན་པའི་རྒྱ་བོད་ཀྱི་ཡི་གེ་ཡོད་ཚད་མ་དག་རྒྱུད་འབྱམས་རེད་ཅེས་མ་དག་པར་ཁས་ལེན་ན་འགྲིག་ནི་མ་རེད།
སྔོན་བྱོན་གསར་རྙིང་ཀྱི་མཁས་གྲུབ་ཐམས་བཅད་ཀྱིས་ལྟ་བ་རྟོགས་ཟེར་བ་ལས་ལྟ་བ་རྙེད་ཟེར་བ་ཞིག་མི་འདུག་
ལྟ་བ་རྙེད་ཟེར་བའི་ཐ་རྙེད་དེ་ ཤུགས་ལྡན་གྱི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས་པ་མིན་འགྲོ
རི་བོ་དགེ་ལུགས་པ་ལ།
ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བའི་བཤེས་གཉེན་གྱི་མཚན་བཞེས་པ་ལ་ལྷ་རམས་དགེ་བཤེས་ཟེར།
དམ་ལོག་འདིས་སྒོམ་སྡེ་དང་ལྷ་རམས་གྱི་མིང་རྙེད་ནས།
བཀའ་དང་བསྟན་བཅོས་ལས་ཡོངས་སུ་གྲགས་པའི་མིང་ཚིག་ལ་བཟོ་བཅོས་རེ་བ་ནི་སྟོང་བསམ་ལས་ཅི།
རྣམ་པ་ཚོ།
དེ་ཡང་ཟས་གཙང་སྲས་པོ་ཤཱཀྱ་ཐུབ་པ་གང་ཉིད་ཀྱིས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས༎
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད༎ ཅེས་ཆོས་ཉིད་མངོན་སུམ་དུ་གཟིགས་པ་ལ་རྙེད་ཅེས་པའི་ཐ་སྙད་སྦྱར་ཡོད། རྟོགས་ཞེས་པའི་དོན་དང་ཁྱད་པར་མེད་པར་མངོན།
རྟོགས་བྱ་རྟོགས་བྱེད་དང་བྲལ་བ་ཞིག་ལ་བལྟ་བྱ་ཞེས་པ་ཡོང་མི་སྲིད་ལ། ལྟ་བ་ཞེས་པ་བསམ་བློ་གནས་ཚད་ཅིག་ལ་གོ་དགོས་པ་ལས། ཡུལ་ཅན་གྱི་གཟུང་བྱར་འགྱུར་པའི་ཡུལ་ཞིག་ལ་ངོས་འཛིན་བྱས་ན་ལྟ་བ་གོལ་བ་མིན་ནམ་སྙམ།
ཝ་ར་ཎ་སིའི་བཤད་པ་ལ་བསམ་བློ་གཏང་ན་གཏོང་རྒྱུ་ཡག་པོ་ཡོད་པར་འདོད། ཁོང་གི་བཤད་པ་ལ་ངས་འོས་ཤོག་འཕེན་གྱི་ཡིན། རྣམ་པ་ཚོས་དེ་ལ་བསམ་ཚུ་ཅི་ཡོད་དམ།
སྒོམ་སྡེ་ལགས་དོགས་པ་མེད་པའི་དོགས་སློང་གནང་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་དེ་མཛད་ན། གཟིག་ལྤགས་བཀབ་པའི་བོང་བུའི་རྣམ་མཐར་དུ་མི་འགྱུར་རམ།
སྤྱིར་ལྟ་བ་མཚན་ཉིད་པ་དེ་ཡུལ་ཅན་གྱི་བློར་འཇོག་དགོས་པ་གསུང་རབ་སྤྱི་ལུགས་སུ་སོང་ནའང་། ཡུལ་ཅན་གྱི་མིང་ཡུལ་དུ་འདོགས་པའི་པའི་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་འདི་ཤེས་པར་གྱིས། མཐའ་བྲལ་ཆོས་ཀྱི་དབྱིངས་ལ་དབུ་མའི་ལྟ་བ་ཞེས་འདོགས་ནས་དེ་རྟོགས་པ་ལ་དབུ་མའི་ལྟ་བ་རྟོགས་ཞེས་པ་ཡིན་པའི་ཐ་སྙད་ལ་མ་རྨོངས་པར་སློབས་དང་དོགས་པ་རང་གྲོལ་དུ་འགྲོ། ཨ་ལ་ཨ་ལ་