ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
༡) སྟེང་གནམ་དྭངས་མའི་གཟའ་སྐར་ཁྲོད།།
འོད་སྣ་ཚོགས་འཛོམས་པའི་ཟློས་གར་ལས།།
ཕྱི་སྣོད་བཅུད་གསལ་བའི་སྣང་གསལ་ཉིད།།
སེམས་གསལ་རིག་འདི་ལས་གཞན་ན་མེད།།
༢) གནས་གོ་ལ་ཟླུམ་པོའི་ཡང་སྟེང་ན།།
ལྗང་ལྡེམ་ལྡེམས་རྩི་ཤིང་འཕེལ་འགྲིབ་དང་།།
ལུས་ཤ་ཁྲག་རུས་པའི་ཚོར་སྣང་ཉིད།།
སེམས་ཚོགས་དྲུག་འདི་ལས་གཞན་ན་མེད།།
༣) གཞི་བཟང་ངན་སྒྱུ་འཕྲུལ་དྲ་བའི་ངོར།།
ལམ་སྣ་ཚོགས་སྣང་བའི་གཟུགས་བརྙན་ཀུན།།
ལས་རྒྱུ་འབྲས་རྟེན་འབྲེལ་སྣང་བ་ཉིད།།
སེམས་ཀུན་གཞི་འདི་ལས་གཞན་ན་མེད།།
༤) ལུས་རྩ་རླུང་དབུ་རྐྱང་རོ་མའི་མཐུས།།
ཡིད་བདེ་གསལ་མི་རྟོག་ཕྲེང་བའི་རྒྱུན།།
གནས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཉིད།།
བློ་བདེ་ཆེན་འདི་ལས་གཞན་ན་མེད།།
༥) ཕྱི་སྟོང་པ་ཀ་དག་ཁྲེགས་ཆོད་ངང་།།
ནང་སྣང་བ་ལྷུན་གྲུབ་ཐོད་རྒལ་ལས།།
དོན་གཉུག་མའི་རྫོགས་པ་ཆེན་པོ་ཉིད།།
གཤིས་རིག་པ་འདི་ལས་གཞན་ན་མེད།།
༦) སེམས་ངོ་བོ་དག་པ་ཆོས་ཀྱི་སྐུ།།
གདངས་རང་བཞིན་མ་འགགས་ལོངས་སྤྱོད་རྫོགས།།
རྩལ་ཐུགས་རྗེ་སྨིན་གྲོལ་སྤྲུལ་པའི་སྐུ།།
མ་འགྲོ་བ་ཀུན་གྱིས་རྟོགས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཁྲུམས་ཟླའི་ཡར་ངོའི་ཚེས་པ་བཅུ་ཉིན་སྦྲ་རིན་ཆེན་རྡོ་རྗེ་དང་མཁའ་འགྲོ་ཀུན་བཟང་ཆོས་སྒྲོནགྱིས་་ངོར་གང་ཤར་དུ་ཨེ་ཝྃ་རྪོགས་ཆེན་དུས་འཁོར་རི་ཁྲོད་ནས་དབྲ་ཆེན་ཨེ་མ་ཧོ་གདམས་ངག་གླུ་རུ་བླངས་པར་དགེའོ།།
http://tibettimes.net/%E0%BC%A7%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%A6%E0%BD%B4%E0%BD%91%E0%BC%8B%E0%BD%A6%E0%BD%B2/
་
་་་་་་་མིང་མང་སུམ་སྟོང་ལྷག་ལ་དབུ་མ་རིན་ཆེན་ཕྲེང་བ་དང་། སྒོམ་རིམ་བར་མ། རྒྱལ་སྲས་ལག་ལེན་སོ་བདུན་མའི་དབང་སོགས་ཀྱི་བཀའ་ཆོས། དེ་བཞིན། བོད་རིགས་ཚོར་དམིགས་བསལ་བཀའ་སློབ་སོགས་གནང་ཡོད་འདུག ་་་་་་
་
་གསར་འགྱུར་གཏོང་མཁན། ཙ་ཡུས་ཕུན་ཚོགས། ་་་ཀྱིས།
་་་་་་་མིང་མང་་་་ དང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་དབང་་་་་་ ཟེར་ན་གང་རེད། གསར་འགྱུར་གཏོང་མཁན། ཙ་ཡུས་ཕུན་ཚོགས་ལགས། ལགས། ! ! ! ? ? ? ?
དབུ་རྐྱང་རོ་མའི་སྐོར་ལ་མང་ཙམ་སུས་གསུང་ཐུབ་བམ། ལགས།
དབུ་རྐྱང་རོ་མ་གསུམ་པོ་དེང་གི་ཚན་རིག་པས་བཙལ་ན་རྙེད་ཐུབ་ཡ་ཅིག་ཡིན་ནམ་མིན། ལགས།
སྒྱུ་རྩལ/ སྙན་ངག་དང་སྙན་ངག་པ།
བོད་ཀྱི་དུས་བབ། སྐར་མ ༡༥ སྔོན་ལ། རིག་པ། (༠)
ཨ་ཚོགས་མཁས་བཙུན།
་
http://tibettimes.net/%E0%BD%A6%E0%BE%92%E0%BE%B1%E0%BD%B4%E0%BC%8B%E0%BD%A2%E0%BE%A9%E0%BD%A3-%E0%BD%A6%E0%BE%99%E0%BD%93%E0%BC%8B%E0%BD%84%E0%BD%82%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A6%E0%BE%99%E0%BD%93%E0%BC%8B/
་་་་་་་་་ ཆེད་བྲིས་སྙན་ངག་ནི་བསམ་བློ་དང་རིག་པའི་བྱང་ཚད་ཅུང་ཟད་སྨིན་པོ་རིགས་ནས་ཚད་མཐོའི་སྨིན་ཚད་རྫོགས་པའི་རིགས་ཀྱིས་ཆེད་གཏད་བྲིས་དང་འབྲི་བཞིན་པའི་རིགས་ཡིན། དེ་ལའང་ ཁ་ལྷོད་པ་གོ་སླ་བའི་རིགས་དང་། ཁ་དམ་པ་གོ་དཀའ་བའི་རིགས་དང་། ད་དུང་ཆབ་སྲིད་ཀྱི་ཚོར་ཤུགས་སྤོབས་སེམས་བསྲེས་པའི་ སྙན་ངག་རལ་གྲི་སོ་གཉིས་མ་བཅས་གསུམ་ཡོད། ་་་་་་་་་
སྙན་ངག་དག་པ་རེད་དམ། སྙན་དངགས་དག་པ་རེད། ལགས། ཨ་ཚོགས་ལགས།། །།