གཡུ་སྒང་དགེ་འདུན།
འཆད་པའི་འོད་ཀྱིས་གདུལ་བྱའི་རྨོངས་བློ་སེལ།།
རྩོད་པའི་རིགས་ལམ་རལ་གྲིས་ལོག་སྨྲ་འཇོམས།།
རྩོམ་པའི་སྡེབ་ལེགས་མཁས་པའི་རྒྱན་དུ་འདོགས།།
ས་སྟེང་མཁས་པའི་ཏོག་ལ་གུས་ཕྱག་འཚལ།།
ལྷག་བསམ་འོ་མའི་ཆུ་གཏེར་རབ་རྒྱས་ཤིང་།།
སྙིང་རྗེའི་རླབས་ཀྱི་ཕྲེང་བ་གཡོ་བའི་ཁར།།
བྱང་སེམས་རིན་ཆེན་གྲུ་ལ་ཞུགས་མཛད་པའི།།
ཞི་བདེའི་དེད་དཔོན་ས་སྟེང་འགྲོ་བའི་མགོན།།
འཛམ་གླིང་མཁས་མང་གཏམ་གྱིས་བགྲོ་བ་མཛད།།
ཆོས་སྲིད་བདེན་པའི་མེ་ལྕེ་དགུང་ལ་མཆེད།།
གཡོ་ཅན་ཝ་མོའི་གྲ་ཁ་མེ་རུ་བསྲེགས།།
ཟུང་ལྡན་རིག་པའི་འཁོར་ལོ་སྐོར་དེ་རྒྱལ།།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་དབྱུག་གི་གཉེན།།
སྟག་མཚེར་ལྷ་སྲས་ཕྱག་གི་རྩེ་རུ་བཏེགས།།
ས་ཆེན་གོ་ལར་བདག་པའི་ས་སྐྱོང་ཚོས།།
གུས་ཚིག་མེ་ཏོག་གཏོར་བ་བརྗོད་མཐའ་བྲལ།།
ཞེས་གཡུ་སྒང་དགེ་འདུན་གྱིས། ༢༠༢༠།༡༢།༠༩ ཉིན་བྲིས།