ཐེ་བོ་དཀོན་མཆོག་ཤེས་རབ།
སྦེ་རིར་གནས་སྡོད་ཨོ་རྒྱན་སྟོབས་རྒྱལ་ཟེར་བ་ཁོ་བ་ནི་བཙན་བྱོལ་བོད་མིའི་ཁྲོད་ལྟས་ངན་འུག་པ་མགོ་དང་། ངན་པ་དགུ་འཛོམས་ཤིག་ཡིན་པ་སུས་མི་ཤེས། ཡར་བླ་མར་བརྫུས་ནས་ཆོས་བརྒྱུད་དཀྲུགས། བར་གྲྭ་བར་བརྫུས་ནས་དགེ་འདུན་གྱི་སྡེ་དཀྲུགས། མར་འཇིག་རྟེན་ཆབ་སྲིད་པར་བརྫུས་ནས་ཆོལ་གསུམ་ནང་ཁུལ་དཀྲུགས། རྒྱུ་ནོར་གྱིལ་དྲེགས་པས་ཡར་༸གོང་ས་མཆོག་ལ་ཕྲག་དོག་གིས་ཟུར་ཟ། བསྟིང་ཚིག་གིས་སྤྱོས་ཤིང་མཚན་སྨད་ཞུ་བ་ལ་ཡ་མི་ང་བ། ཆུར་ཐོན་ནས་ཟམ་པ་ག་ལེར་སྡོད་ཟེར་བའི་དཔེ་ལྟར་དྲིན་ལན་ལོག་འཇལ་དང་ཆང་ལན་ཆུ་འཇལ་བྱེད་མཁན་མ་རབས་ཐ་ཤལ་ཞིག་ཡིན་པས། སོལ་བ་བཀྲུས་ནས་དཀར་པོར་འགྲོ་རྒྱུ་མེད་པའི་དཔེ་ལྟར་ཁོ་ལྟ་བུ་ལ་གནས་ལུགས་བཤད་ནས་ཡོང་རྒྱུ་མེད་སྟབས་བཞག་ལ། དེ་ལས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཞིག་དང་། དེ་ལས་ཆོས་རིག་བཀའ་བློན་གྲྭ་ཆས་གྱོན་མཁན་ཞིག་དང་། དེ་ཡང་ལོ་མང་རིང་གཞུང་ཞབས་བྱས་ཏེ་གཞུང་གི་ལྟོ་ཕོགས་ཟ་མཁན་ཞིག་གིས། གསལ་བཤད་ལ་ཁ་གཡར་ནས་ཨོ་སྟོབས་ཁོ་བ་ཁ་རི་ཁ་གཏུག་དང་སེམས་ནས་དྲན་པ་དེ་ག་རང་ལ་བཤད་མཁན་ཞིག་ཡིན་ཚུལ་དང་། ཁོའི་བསམ་བློའི་རྒྱབ་ལྗོངས་ལ་གཞན་མེད་ཚུལ་སོགས་་དང་། ཁོ་བར་ཡིད་ཆེས་ཡོད་ཚུལ། དྲ་བརྙན་ཐད་གཏོང་གིས་དབང་སོགས་ལ་བྱིན་རླབས་ཙམ་ལས་དབང་སོགས་མཚན་ཉིད་པ་མི་འཐོབ་པ་༸གོང་ས་མཆོག་སོགས་བླ་ཆེན་ཁག་གི་དགོངས་པ་ཡིན་ཟེར་ནས་༸གོང་ས་མཆོག་གི་དགོངས་པ་ལ་ལོག་འགྲེལ་བརྒྱབ་འདུག། དབང་་སོགས་མཚན་ཉིད་པ་འཐོབ་མི་འཐོབ་ནི་ཁོ་བོས་གཞན་དུ་ལུང་རིགས་དཔེ་དང་བཅས་ཏེ་བཤད་ཟིན། གཡུ་ཐོག་ཀར་དགེས་བདུད་ལྷས་བྱིན་རོ་ལངས་བརྒྱབ་ནས་ཡོང་བ་ལྟ་བུའི་ཨོ་སྟོབས་ལ་ཟུར་དང་ཤུགས་ནས་བསྟོད་བསྔགས་བྱས་པ་ནི། ཇི་སྐད་དུ། ལེགས་བཤད་ལས། མཁའ་ལ་མི་གཙང་འཐོར་བ་ན།། འཐོར་བ་པོ་ཡི་མགོ་རུ་ལྷུང།། ཞེས་གསུངས་པ་ལྟར་ཁོ་བ་རང་ཉིད་ཀྱི་མདོག་ཆ་སྟོན་བྱེད་ཅིག་དང་། རང་གིས་རང་རྫབ་དོང་ནང་གཡུགས་པ་ཞིག་ལོས་ཡིན། གཞན་ཡང་ང་ཚོས་ཞིབ་དཔྱོད་ཅུང་ཞིག་བྱས་ན། སྔོན་གཡོ་ཐབས་གོམས་པ་ཞིག་གིས། འདི་ལྟར་བཤད་པར་གྲགས་ཏེ། ཁྱོད་ནི་མཁས་པ་ཡིན་པས་ལུང་བསྟན་རྩོམ། ང་ནི་གྲུབ་ཐོབ་ཡིན་པས་གཏེར་ནས་འདོན་ཟེར་བའི་རྣམ་ཐར་དེ་བསྐྱངས་་ཡོད་པར་མངོན། ཨོ་སྟོབས་པས་དུས་ཚོད་ཉེན་འཕྲང་ཅན་འདི་འདྲ་ཞིག་ལ་༸གོང་ས་མཆོག་ལ་མཚན་སྨད་དེ་ལྟ་བུ་ཞུ་ལུགས་དང་། གཡུ་ཐོག་ཀར་དགེས་གསལ་བཤད་དུ་མིང་བཏགས་ནས་རྒྱབ་སྐྱོར་བྱེད་ལུགས་འདིས། ས་འོག་དར་ཐག་གིས་ཆེད་དུ་གཟས་ནས་སྤྱི་ཚོགས་དཀྲུག་པ་དང་༸གོང་ས་མཆོག་གི་མཛད་འཕྲིན་ལ་རྨ་འབྱིན་ཐབས་དང་། ༸གོང་ས་མཆོག་ཐུགས་ཕམ་དུ་འཇུག་ཐུབ་ན་ཅི་མ་རུང་སྙམ་པའི་ཆེས་གདུག་རྩུབ་དང་རུལ་དྲི་ཁ་བའི་ཇུས་ངན་ཞིག་ཡོད་ཤས་ཆེ་སྟེ། དེ་ལྟར་མིན་ན་གཅིག་གིས་མཚན་སྨད་ཞུས། གཅིག་གིས་རྒྱབ་སྐྱོར་གྱི་རྣམ་པ་དེ་ལྟ་བུ་བསྟན་དོན་མེད་པས་སོ།། གང་ལྟར་ཡང་ད་ཐེངས་ཀྱི་གནད་དོན་འདིའི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་དབུར་བཞུགས་པའི་བཀའ་ཤག་ལྷན་རྒྱས་ནས་ངན་པ་རྒྱ་ཡན་དུ་མ་ཤོར་བ་ཞིག་གནང་དགོས་པ་ནི། བཅའ་ཁྲིམས་རིན་པོ་ཆེས་བསྐུར་བའི་འོས་འགན་དང་། བོད་མི་མང་གི་ཐུགས་རེ་ཡོད་ན་མེད་ན་དེ་རེད། གང་ཡིན་ཞེ་ན། ༸གོང་ས་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། མཚོན་རྟགས་ཤིག་ཡིན་པ་དང་།ཁོང་གི་མཚན་མཐོང་ལ་སྲུང་སྐྱོབ་བྱེད་པ་དེ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པ་རེད། གལ་སྲིད་ཁྱེད་ཅག་གིས་གནད་དོན་འདི་ཐག་གཅོད་ཡག་པོ་མ་བྱས་ན་མི་མང་གིས་རང་དགར་འཇོག་ཐབས་བྲལ་བས། མཇུག་འབྲས་གང་ཐོན་དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་ཤག་ནས་འཁྱེར་དགོས་པ་རེད་དོ།། །།
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས་ཕྱི་ལོ་༢༠༢༠ ཟླ་ ༥ ཚེས་ ༢༧ དགོང་མོར་བྲིས།
༄༅། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྲ་དོག་ཟུར་ཟ་དང་མཚན་སྨད་ཞུ་མཁན་དེ་
ཚོ་ཡང་མིན་ན་རྒྱ་དམར་པོའི་རྒྱུགས་ཁྱི་རེད། ཡང་མིན་ན་ཆོས་ཡང་པ་དག་པ་མི་ཤེས་པ་
ལྷ་འདྲེ་བསྟེན་མཁན་ཚོའི་རྒྱུགས་ཁྱི་རེད།
ཨོ་སྟོབས་ལུས་ལ་གྲ་ཆས་གྱོན་ནས་བླ་མར་མཚན་སྨད་ཞུས་དོན་གང་རེད་དམ།
བཀའ་དྲིན་ལ་བསམ་ཤེས་མེད་པར་། དྲིན་ལན་ལོག་འཇལ་དཔེ་ལྟར་རེད།
མགོན་པོ་གང་གི་བྱམས་བརྕེའི་སྟོབས་དང་མཛད་འཕྲིན་ལ་སྐྲག་ནས་ཕྲ་དོག་ཇི་ལྟར་བྱས་ཀྱང་
ཤིག་ཙམ་ཡང་མི་ཕན་།
ཨ་ཕོ་སྟོབས་རྒྱལ་ནི། —1989 ལོ་ནས་་རྒྱ་གར་དང་།
བལ་ཡུལ། བོད་ནང་ནག་ཚོང་རྒྱག་མཁན་གཙོ་བོ་ཞིག་ཡིན།
ནག་ཚོང་ནི་མིའི་ཀ་ལི་དང་། རྐང་རུས། སྐུ་འདྲ་བཅས་ཡིན། བལ་ཡུལ་དུ་བབས་ཚུགས་ཚེ་འདས་རྣམ་རྒྱལ་མགོན་པོའི་ནང་ཡིན། གང་ལྟར་རྒྱ་མིའི་གཞུང་ཚབ་དང་། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་པར་འབྲེལ་བ་གང་འཚམ་ཡོད། མི་ངན་འདི་འདྲ་བས་བཙན་བྱོལ་སྤྱི་ཚུགས་ཏན་ཏན་དཀྲུགས་ཀྱི་རེད། མི་ཁོ་ལ་རང་གི་ཀླད་པ་མེད་དུས་རྒྱ་མིས་དངུལ་སྤྲད་ནས་ཉོས་ཡོད། ནང་རུལ་པ་འདི་འདྲ་བར་དྭོགས་ཟོན་བྱེད་དགོས། ཆོས་འཇིག་རྟེན་གང་ལ་བལྟས་ཀྱང་མི་འདི་འདྲ་བོད་པའི་སྤྱི་ཚོགས་ནང་ཕན ཐོགས་གང་ཡང་མེད། བོད་པ་ཚང་མས་སྨོན་ལམ་ཏོག་ཙམ་རྒྱབ་ན་ཁོ་ཟ་རོར་འགྱུར་འགྲོ །
མི་ངན་ཨོ་རྒྱལ་སྟོབས་རྒྱལ་སྤྱི་ཚོགས་སྟེང་ས་རིས་ཐང་གསལ་ཡིན་པས་བཤད་འདོད་མེད། ཡ་མཚན་པ་ནི་ཆོས་རིག་བཀའ་བློན་གྱི་མིང་འཁུར་མཁན་ཀརྨ་དགེ་ལེགས་ཅན་ནས་དེར་རྒྱབ་སྐྱོར་དང་དཀར་འདོན་གནང་སྟངས་འདིས་བོད་པའི་སྤྱི་ཚོགས་ཡོངས་ལ་སྡོད་བཟོ་མ་བདེ་བ་ཆགས་སོང་ལ། གཟིག་པགས་གྱོན་པའི་བོང་བུ་འདིས་གནང་སྟངས་ལ་མི་མང་དང་གནད་ཡོད་མི་སྣ། བླ་ཆེན་མི་ཆེན། ཚོགས་པ་སྐྱིད་སྡུག་ཁག་འཇམ་ཐང་ངེར་བཞུགས་འདུག་པ་དེ་རེད།
དེ་ལས་ཀྱང་ཡ་མཚན་པ་ནི་དོན་གནད་འདི་དོན་གྱི་བདག་པོ་༧གོང་ས་མཆོག་གི་མཚན་ལ་འབྲེལ་བ་ཆགས་ཡོད་ནའང་མ་མང་གི་སྐུ་ཚབ་བོད་མང་སྤྱི་འཐུས་ལྷན་ཁང་དང་ཚོགས་གཙོ་ཁུ་སིམ་མེར་བཞུགས་འདུག
གནང་སྟངས་འདིས་མི་མང་གི་བློ་འགུགས་ཐུབ་བམ།
སྤྱིར་རྒྱལ་བ་རིན་པོ་ཆེས་དྲ་ཐོག་ལ་དབང་གནང་བ་ལ་བསྟན་པ་བཤིག་པ་རེད་ཟེར་བ་ཧ་ཅང་ཐལ་དྲགས་པ་རེད་དེ་འདི་ལྟ་བུ་ཁོང་ཁྲོ་བྱེད་ས་མ་རེད།སོ་སོའི་བླ་མའི་དོན་དུའང་ཁོང་ཁྲོ་བྱེད་མི་རུང་།དེ་མིན་ཨོ་སྟོབས་ཀྱིས་གང་བཤད་པ་ལ་དོ་སྣང་ཅུང་བྱེད་དགོས་པར་སྣང་།སྤྱིར་བོད་བརྒྱུད་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཟེར་བ་འདུལ་བ་སོགས་ཀྱི་ཕྱག་ལེན་ཆ་མ་ཚང་ཞིང་མཚན་གཅིག་མཉམ་དུ་ཉལ་པོ་བྱེད་མཁན་གྱི་གྲ་ས་ཁག་དུ་ཚང་ཀ་ཤིག་ཤིག་བསྡད་མཁན་ལ་གྲ་པ་ཡག་པོ་ཡིན་ཁུལ་དང་གསང་ྔགས་ཁྲོམ་སྒྲགས་བྱས་དྲགས་ནས་བྱུང་བ་རེད།དེ་ཡང་སྤྱི་ལོ་༡༩༨༨་ཡས་མས་ལ་ཨ་རི་ནིའུ་ཡོག་སོགས་སུ་རྣམ་རྒྱལ་གྲ་ཚང་དང་རྒྱུད་སྟོད་གྲ་ཚང་སོགས་ནས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་གང་ཡང་མེད་པར་དུས་འཁོར་དང་འཇིག་བྱེད་སོགས་གསང་ྔགས་བླ་མེད་ཀྱི་རྡུལ་མཚོན་གྱི་དཀྱིལ་འཁོར་ཁྲོམ་སྟོན་གྱིས་ཉི་མ་བཅུ་ཕྲག་རེ་ཙམ་དཀྱིལ་འཁོར་ཆ་ཚང་ལ་མ་ཚང་བ་ཞིག་བཞེངས་ཁུལ་གྱིས་མི་དམངས་ནས་པད་ཤག་བསྡུ་བ་སོགས་ཐེང་མང་པོ་མཐོང་དུས་སེམས་ལ་ཨེ་མ་ད་རི་བོ་དགའ་ལུགས་པ་འདི་ཚོས་ཀྱང་འདི་འདྲ་གནང་དགོས་པ་ཅི་ཡིན་དྲིས་སྐབས་འདི་བོད་པའི་རིག་གཞུང་གི་གནང་སྐྱེས་ལ་ཕུལ་བ་ཡིན་པས་འདི་འདྲ་བྱོས་ཟེར་བཀའ་འཁྲོལ་ཡོད་རེད་ཟེར་མཁན་ཀྱང་འདུག་པས་ངེད་ཅག་འུ་ཐུག་ནས་ཆོས་དེ་ཆུ་དང་འོ་མ་བསྲེས་པ་ནང་བཞིན་ཚོང་གི་འདུག་དྲན་མྱོང་།ཕྱི་རྒྱལ་ལུང་པར་དཀྱིལ་འཁོར་ཁྲོམ་ལ་བསྟན་ནས་བསྟན་པ་སྤེལ།བོད་པའི་སྤྱི་ཚོགས་ནང་གཞི་ནས་ནང་ཆོས་ངོ་སྤྲོད་བྱེད་ཁུལ་གྱི་ས་ག་ཟླ་བ་ལ་ཤ་སྤང་ན་ནང་པ་ཡིན་མདོག་བྱེད་འགོ་ཚུགས་པ་དངོས་གནས་རེད།ད་ལྟ་དྲ་རྒྱའི་ཐོག་འུ་ཐུག་ནས་ཨོ་སྟོབས་ཀྱི་ཁ་ཤོར་བ་ལ་ཁང་ར་བྱེད་པ་འདི་བོད་པར་སློབ་སྦྱོང་གང་ཡང་མེད་པའི་རྟགས་དང་དམངས་གཙོ་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཆ་རྐྱེན་ལེན་རྒྱུ་ལྟ་ཅི་དོན་ཡང་ཧ་མ་གོ་མ་མྱོང་བའི་རྟགས་གསལ་པོ་བསྟན་གྱི་འདུག
ཚང་མས་འདི་ལ་གསན་ཨ། https://www.youtube.com/watch?v=Ti8-552Q6as
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས་ཡག་པོ་བྲིས་འདུག ཨ་ཁུ་ཤེས་རབ་ལགས། ཁྱེད་སྔོན་ཆད་རྡ་སའི་ཀིརྟི་དགོན་ནས་དགེ་རྒན་བྱས་མྱོང་མཁན་དེ་ཨེ་ཡིན། གལ་ཏེ་ཡིན་ན་ངེད་གཉིས་ཡུན་རིང་བར་འབྲེལ་བ་ཆད་པའི་གྲོགས་པོ་རེད་འདུག ཁྱེད་ཀྱི་གདོང་དེབ་དང་ facebook ཡང་ན་Wechat བས་ཆ་ཏྲི་གང་རུང་གི་ཁ་བྱང་འཇོག་རོགས་མཛོད། བཀའ་དྲིན་ཆེ། །
དྲ་གྲོགས་རྣམས་པ་། ༧གོང་ས་མཆོག་གི་མཚན་རང་ཉིད་ཀྱི་ལྟ་བ་དང་ལང་ཕྱོགས་་་མདོ་ན་ཆགས་སྡང་རྨོངས་གསུམ་དང་རང་རྒྱལ་གཞན་ཕམ་གྱིས་ཕ་རོལ་པོའི་གང་ཟག་ནག་པོ་བཟོ་བའི་བྱ་སྤྱོད་ཐ་ཤད་འདི་རིགས་ཀྱིས་བླ་མའི་སྐུ་ཚེ་ལ་བར་ཆད་གཏོང་ངེས་པས་བསམ་བློ་ཐོངས་ཤིག། ཡང་དགོས་དར་ནག་ཚོགས་པ་ལྟ་བུས་ང་ཚོར་རྩ་བའི་བླ་མ་སྲུང་སྐྱོང་ནམ་ཡང་མི་དགོས། ཤེས་པ་གྱིས་ཤིག་།