ཁྲི་རལ་པ་ཅན།
གུས་པ་བཙན་བྱོལ་ནང་སླེབས་ཏེ་ལོ་ངོ་༡༥ ཙམ་སོང་རིང་། ཐོག་མའི་ཆར་བོད་མི་རྣམས་ཕྱི་རྒྱལ་དུ་ཐར་མཁན་ཉུང་ཉུང་དང་བོད་ཕྱི་ནང་བར་འབྲེལ་སྟབས་མི་བདེ་བ་སོགས་ཀྱིས། རྒྱ་གར་ནང་བོད་མི་བཙན་བྱོལ་བ་མང་པོ་ཡོད་ཅིང་། བོད་ཡིག་སྟེང་ཚགས་ཤོག་རིགས་དང་དུས་དེབ་སྣ་ཚོགས། རྩོམ་མཁན་ཕན་ཚུན་བར་དགག་སྒྲུབ་ཀྱི་རྩོམ་བྲོ་བ་ཅན་སྤེལ་བར། གཤམ་གྱི་མི་ཚོས་དོ་སྣང་ཆེན་པོ་དང་བཀླགས་མཁན་མང་བ། གསར་འབྱོར་ཚོར་ཁ་སྟབས་ཤིན་ཏུ་སྐྱོ་བོ་ཉལ་ས་མ་རག་པ་དང་ཟ་འཐུང་གི་དཀའ་ངལ་ཚུན་འཕྲད་པ། ལས་ཀ་ཕྲན་བུ་ཟླ་རེར་གླ་ཆ་ཧིན་སྒོར་སུམ་སྟོང་ཙམ་ཡོད་ན་དྲག་གྲས་ཡིན་པ་བཅས། འཚོ་གོས་ཀྱི་དཀའ་ངལ་ཤིན་ཏུ་ནས་ཀྱང་ཆེ་མིན་ལ་མ་ལྟོས་པར། མི་མང་ཆེ་བར་སེམས་ཤུགས་ཆེན་པོ་དང་སོ་སོའི་རྩ་དོན་ཆེད་ལྷག་བསམ་རྣམ་དག་ཡིན་པས། སྐབས་དེའི་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལྟར་གསར་འབྱོར་མང་ཆེ་ཤོས་བོད་ནང་ལོག་ཕྱིན་ཡོད་ལ། ཕྱིར་ལོག་དང་ལྷན་བཙན་བྱོལ་ནང་གི་སྲིད་དོན་དང་འབྲེལ་བའི་ཡིག་ཆ་གལ་ཆེན་རིགས་སྲོག་ལ་མ་འཛེམ་པར། ལྕགས་སྒམ་བཀང་རེ་ཁུར་འགྲོ་མཁན་མང་པོ་མཐོང་མྱོང་བ་མ་ཟད། གསར་འབྱོར་མང་ཆེ་བ་སློབ་གྲྭའི་ནང་བཞུགས་རིང་སེམས་རྩེ་གཅིག་གིས་སློབ་སྦྱོང་ལ་གནས་ཐུབ་ཀྱིན་ཡོད་རྐྱེན། དབྱིན་ཇི་དང་བོད་ཡིག་ཤེས་ཚད་ཀྱང་ཧ་ཅང་ཡག་པོ་ཅན་མང་པོ་འཐོན་སོང་།
འོན་ཀྱང་། བར་སྐབས་ནས་གནས་སྟངས་འགྱུར་ཚར་སོང་། སྤྱིར་འཛམ་གླིང་གང་སར་འཕྲུལ་ཆས་ཀྱི་ཡར་རྒྱས་ཚོད་དཔག་ལས་བརྒལ་བ་བྱུང་བ་དང་། ལྷག་པར་རྒྱ་ནག་ནང་དཔལ་འབྱོར་ཡར་ཐོན་ཆེན་པོར་ཕྱིན་པ་དེས། བཙན་བྱོལ་བོད་མི་མང་པོ་ཅིག་ལ་སྡོད་མི་ཐུབ་པའི་ཟ་འཁྲུག་ལངས་བཅུག་སོང་།
བར་ལམ་ནས་བཙན་བྱོལ་དུ་ཡོང་མཁན་ལོ་རེའི་ནང་མི་གྲངས་བཅུ་ཕྲག་ཁ་ཤས་ཡིན་ལ། དེ་ནི་སྔོན་མའི་སྟོང་ཕྲག་མང་པོ་དང་བསྡུར་རིན་མེད་པར་གྱུར། ང་ཚོས་གཞུང་འབྲེལ་གྱིས་ས་མཚམས་དམ་དྲག་ལ་ཁ་འཕེན་གྱིན་ཡོད་ཀྱང་། དོན་གྱིས་༧གོང་ས་ཆེན་པོར་མཇལ་བཅར་དུ་རྒྱལ་ཁབ་གསུམ་པ་རེ་བརྒྱུད་དེ་ཡོང་མཁན། ལོ་རེའི་ནང་བོད་མི་བརྒྱ་ཕྲག་མང་པོ་ཡིན་པ་ལ་ལྟོས་ན། ཁོང་ཚོ་ཡོང་མ་ཐུབ་པ་མིན་པ་མངོན་གསལ་དོད་པོ་རེད། རེ་ཟུང་ཡོང་བཞིན་པ་ཚོ་ཡང་ནུབ་ཕྱོགས་སུ་འགྲོ་རྒྱུའི་ཕུགས་དམིགས་བཅིངས་ཏེ། འདི་ག་གནས་སྐབས་ཀྱི་འབབ་ཚིགས་ཙམ་དུ་བེད་སྤྱོད་བྱེད་པ་ཞེ་གཅིག་རེད།
ལྷག་པར་རྒྱ་བལ་འབྲུག་གསུམ་ནང་སྐྱེས་འཚར་གྱི་བོད་མི་གཞོན་སྐྱེས་མང་ཆེ་བ་ཕྱི་རྒྱལ་ཁག་ནང་ཕྱིན་དང་འགྲོ་བཞིན་པ་ཡིན་ལ། གསར་འབྱོར་ཚོ་ལས་ཁ་སྟབས་ཅུང་ཞན་པོའི་རིགས་རྒྱ་ནག་གཞུང་ཚབ་ནས་ཡིག་ཆ་བླངས་ཏེ། ཕྱིར་བོད་ནང་ལོག་མཁན་དུས་ཐོག་རེར་ཐོ་འགོད་པ་བརྒྱ་ཕྲག་མང་པོ་འཚང་ཁ་ཡིན་ཞིང་། ལོ་རེའི་ནང་ཕྱིར་ལོག་གི་གྲངས་ཀ་དེ་ཧ་ཅང་གིས་མཐོན་པོ་དངོས་གནས་དོ་གལ་དང་བློ་འཚབ་ཡོང་གཞི་ཅིག་རེད། དེ་ནས་གསར་འབྱོར་ཅུང་ནང་གི་ཆ་རྐྱེན་ཡག་པོ་ཚོས་ནང་མིས་བསྐུར་བའི་སྒོར་མོ་བེད་སྤྱོད་ཀྱིས་ལམ་སེང་ནུབ་ཕྱོགས་སུ་འཕུར་བཞིན་པ་ཚང་མའི་མཐོང་ཆོས་རེད།
ད་ཆ་ཤུལ་ལུས་གཞིས་ཆགས་ཁག་གི་རྒན་རྒོན་དང་ཕྲུ་གུ་ལོ་ཆུང་ཚོར། ཨ་མི་རི་ཁ་དང་རྒྱ་གར་གཞུང་། ཡོ་རོབ་སོགས་ཀྱིས་ལོ་རེར་རོགས་དངུལ་ས་ཡ་མང་པོ་སྤྲད་པ་ད་ལོར་གཅིག་པུར་ཨ་རི་དང་རྒྱ་གར་གཞུང་གི་རོགས་དངུལ་གྱིས་ར་འཕྲོད་ངེས་ཡིན་པས། མི་ཚེ་ལྷག་མ་ལྷོད་ལྷོད་ཀྱིས་བསྐྱལ་ཆོག་པ་རེད།
བཙན་བྱོལ་གཞུང་གི་འགོ་བྱེད་རྣམས་ནི་དམིགས་བསལ་འཆར་གཞི་འདྲ་སྟོན་རྒྱུ་མེད་རུང་། འཆར་ཅན་གྱི་བག་ཕེབས་སྒོས་གཞུང་དོན་ཕྱོགས་བསྐྱོད་སོགས་རྒྱལ་ཁབ་མང་པོར་ཉུལ་ཏེ། གང་འཚམས་ཉོབ་ན་ནང་ཁུལ་དབང་ཆ་དང་གོ་ས་འཐབ་རྩོད་ཀྱི་ཟློས་གར་འཁྲུག་ཆ་དོད་པོར་མགོ་འཁོར་ས་ཡོད་པ་རེད།
དེ་འདྲའི་ངང་༧གོང་ས་མཆོག་གི་དགུང་གྲངས་བགྲེས་རུ་བགྲེས་རུ་འགྲོ། གཞིས་ལུས་བོད་མི་ཚོ་བྱེས་ལ་དོ་སྣང་དང་ཚོར་བ་ཆུང་དུ་ཆུང་དུ་ཕྱིན། བྱེས་གྱར་བོད་པ་ཚོ་ནང་ཁུལ་འགལ་བ་ཆེ་རུ་ཆེ་རུ་སོང་སྟེ། ག་ལེར་ག་ལེར་རྒྱ་མིའི་མ་རུང་ཁོག་བཅུག་གི་མངོན་འདོད་ངན་པ། ང་ཚོ་ལ་མཚོན་ན་དགྲ་དགའ་གཉེན་སྡུག་གི་བྱ་བ། བོད་སྤྱི་བའི་རྩ་དོན་གལ་འགངས་ཅན་དེ་རིམ་གྱིས་ཡལ་ཉེན་གྱི་ལྟས་ངན་པ་དེ། ད་ལྟ་འཆར་ཙམ་འཆར་ཙམ་ཡོང་གི་ཡོད་སྟབས། དེ་ཚོ་ལ་དམིགས་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་པ་ཅིག་ཏན་ཏན་དགོས་ངེས་འདུག།
ཐ་ན་ང་ཚོའི་ལོ་ངོ་ལྔ་བཅུ་རིང་གི་སྐྱབས་བཅོལ་གྱི་འཐབ་རྩོད་སྲོལ་ལུགས་རྒྱུན་བསྲིངས་བསྡད་པ་འདི་ཚུན་ཆད་རྩ་བ་ནས་འགྱུར་བ་གཏོང་དགོས་ནའང་། དེ་ལྟར་གཏོང་བའི་དུས་ཚོད་ལ་བབས་འདུག་པར་བསམ།།
ད་ཡིན་ན་ཕྱིས་དྲག་ཚར་རེད་གདའ། རྐྱེན་རྩ་ངོ་མ་དེ་ཨ་རི་ནང་བོད་མི་ཆིག་སྟོང་གཞིས་ཆགས་སུ་གཏོང་བ་དེས་འབར་རྫས་འགད་རེད་གདའ། ཧ་གོ་ན་་་་་་་་་
བོད་མི་གཅིག་སྟོང་ཨ་རིར་བཏང་བ་ནས་བཙན་བྱོལ་སྤྱི་ཚོགས་ནང་དཔལ་འབྱོར་མགྲན་བསྡུར་གྱི་ཉི་མ་གསར་པ་ཤར་བ་རེད་ལ་ རྒྱ་ནག་མི་མང་གི་རྩ་ཁྲིམས་འོག་སྡོད་རྒྱུའི་ཡིག་ཆ་རྒྱ་ནག་ལ་སྤྲདཔ་ནས་མ་འོང་བོད་ཀྱི་མདུན་ལམ་ནག་པོ་ཆགས་ཚར་བ་རེད་ལ་ད་ཆ་ཨ་རི་དང་ཡུ་རོབ་རྒྱ་གར་སོགས་ནས་རོགས་དངུལ་བླང་ནས་མི་ཡུལ་དུ་ནང་ནང་འཁྲུགས་རྒྱབ་ནས་གོ་ས་ལ་བརྔམས་ནས་སྡོད་རྒྱུ་རང་རེད་དི་།
གཞིས་ཆགས་སྤོ་རྨོ་དེ་ཚོའང་རིམ་གྱིས་རང་གི་བུ་ཕྲུག་ཚོས་ཕྱི་རྒྱལ་ལ་འཐེན་བཞིན་འདུག ཁང་སྟོང་ལུང་པ་བཀངས་འདུག ཁང་རྫིག་དེ་ཚོར་ཕྱི་བྱིའུ་ཚང་བསགས།། ནང་འབུ་ཚང་བསགས་འདུག དྷ་སའི་སྐུ་ངོ་ཚོ་ནི་ཟླ་རེར་ཕྱི་ལ་སྤྲོ་འཆམ་ལ་ཕེབས་བཞིན་འདུག ཚོགས་གཙོ་དང་སྲིད་སྐྱོང་གཉིས་ནི་གོང་ས་མཆོག་གི་བཀའ་ཆོས་གང་དུ་ཡོད་སར་འགྲོ་བཞིན་རང་བཙན་འཐབ་རྩོད་པ་ཚོར་དགག་པ་ཚ་ནན་བྱེད་བཞིན་འདུག ལས་ཁུང་གི་རྐུབ་བསྐྱག་སྟོང་པ་རེད་བཞག ད་ལོ་ཨ་རི་དང་རྒྱ་གར་གྱིས་དངུལ་འབོར་ཆེན་གནང་རེད་དེ།། དེ་ཚོ་ནི་བཙུན་མའི་དགེ་སློང་གི་སྡོམ་རྒྱུན་ཡོད་མེད་ཀྱི་རྩད་གཅོད་དང།། མཆོད་འབུལ་འབུམ་ཚོགས་སོགས་བཏང་ནས་སྡོད་ཀྱི་རེད།། སློབ་གྲྭ་ཁག་ནི་སྔར་མུས་བཞིན་འབྲས་དྷལ་ལས་ཟ་རྒྱུ་མི་འདུག སྐུ་ངོ་ཚོ་ཡི་བུ་ཕྲུག་ནི་ཕྱི་མིའི་སློབ་གྲྭ་གཙང་ལེགས་ཡོད་ས་དང་མང་ཆེ་བ་ནུབ་ཕྱོགས་སུ་བསྐྱལ་ཚར་འདུག ད་དེང་སང་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཕྱག་ལས་ངོ་མ་ནི་དཔལ་ན་ལཎ྄ཊ་ཡི་སྐོར་ལ་རེད་བཞག སྐྱབས་སུ་མཆི།།
ཁྲི་རལ་པ་ནི། ལ་རྒྱའི་མིག་ཡོད་པའི་བོད་རིགས་གཙང་མ་ཅིག་ཡིན་པ་ནི། ཁོང་རང་གི་ཆེད་རྩོམ་འདིས་ངོ་འཁྲོད་ཐུབ་པ་འདུག ད་ལྟའི་བར་གྱི་ཁ་བརྡའི་ནང་གི་ལུང་རྟོགས་ཀྱི་མཆན་བུ་དག་དང་། འཇམ་གཅེས་ཀྱི་ཆེད་རྩོམ་དང་། རལ་པའི་ཆེད་རྩོམ་འདི་ལ་རྗེས་སུ་ཡི་རང་ཡོད་དོ།།
http://tibettimes.net/%E0%BD%A6%E0%BC%8B%E0%BD%82%E0%BD%93%E0%BD%A6%E0%BC%8B%E0%BD%82%E0%BD%9E%E0%BD%BC%E0%BD%93%E0%BC%8B%E0%BD%93%E0%BD%B4%E0%BC%8B%E0%BD%A6%E0%BE%92%E0%BD%BC%E0%BC%8B%E0%BD%98%E0%BC%8B%E0%BD%A2%E0%BE%92/
ཁྱོན་འོས་ཤོག་འཕེན་མཁན་ ༣༦༠ བྱུང་ཡོད་པ་ལས། ས་གནས་གཞོན་ནུ་མུ་མཐུད་གནས་དགོས་པར་རྒྱབ་སྐྱོར་གནང་མཁན་ ༣༤༢ དང་། ས་གནས་གཞོན་ནུ་གནས་མི་དགོས་པར་འོས་ ༡༦ ། འོས་ཤོག་ངོས་སྟོང་པར་བཞག་ཡོད་སྟབས་རྩིས་མེད་ཕྱིན་པ་ ༢ བཅས་བྱུང་ཡོད་སྟབས། ནེའུ་ཡོག་དང་ནེའུ་ཇིར་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒོ་མི་རྒྱག་པར་མུ་མཐུད་གནས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ཁྱི་རལ་གྱི་ཁ་ནང་ན་སྐད་ངན་ཅིག་ལས་མེད་ཡ
བོད་མི་ཚོ་སྐབས་འདིར་འཕོ་འགྱུར་ཆེན་པོ་ཞིག་གི་འགག་མཚམས་བརྒྱུད་ནས་འགྲོ་བཞིན་པ་རེད་བསམ་གྱིན་འདུག སྔོན་མ་ནས་ཡོད་པའི་དད་པ་དམ་ཚིག་གི་འབྲེལ་བ་དེ་ཡང་མེད་པར་གྱུར། དེང་རབས་ཀྱི་དུས་སུ་ཡོད་དགོས་པའི་རྒྱལ་ཞེན་ནམ་མཉམ་འབྲེལ་ལྟ་གྲུབ་དེ་ཡང་སླེབས་མ་ཐུབ། དེའི་བར་དུ་འགྲོ་བཞིན་པ་རེད། ཁ་འཐོར་ནས་འགྲོ་བཞིན་པ་རེད། རྒྱ་གར་རྒྱ་ནག་སོགས་ཀྱང་ཀྱིས་བར་བརྒལ་གྱི་དུས་རབས་འདི་བརྒྱུད་ནས་ཡོང་ཞིང་མཐར་རྒྱལ་ཞེན་ལྟ་གྲུབ་སླེབས་པས་མཉམ་འབྲེལ་གྱིས་ཕྱི་བཙན་འཛུལ་ལ་ཁ་གཏད་གཅོག་པ་དང་ནང་གི་མཉམ་འབྲེལ་ལ་དོ་སྣང་སླེབས་པས་རྒྱལ་ཁབ་འཛུགས་ཐུབ་པ་བྱུང་འདུག མདོར་ན་བོད་མི་ཚོ་དེང་དུས་སུ་རང་གིས་རང་ཉིད་བོར་བརླགས་ཐེབས་བསྡད་ཡོད་པའི་དུས་ཤིག་རེད། སྐད་ཡིག་རིག་གནས་ལ་དོ་སྣང་བྱེད་དགོས་པར་འབོད་སྐུལ་བྱེད་འུདག་མཁན་ཚོས་ཀྱང་ཨུ་ཐུག་ཐབས་ཟད་ནས་བོད་སྤྱི་ཚོགས་ཀྱི་འཆི་བ་བསླུ་བ་དང་ཚེ་བསྲིངས་བའི་ཐབས་ལ་འདི་ཙམ་ལས་མ་མཐོང་ནས་སྐད་འིད་རྒྱག་གི་ཡོད་པ་རེད། དེ་ཡིན་དུས་མདོར་ན་སྐད་ཡིག་གི་སྐོར་ལ་འབོད་སྐུ་བྱེད་འདུག་མཁན་འདི་ཚོའི་ཁ་ལ་ཉོན་དགོས་པ་གལ་ཆེན་རེད།
འདིའི་སྒལ་མ་མི་ཞིག་གིས་དགེ་སློང་མའི་སྡོམ་རྒྱུན་རྩད་གཅོད་སྐོར་ལ་དགོངས་ཚུལ་བཏོན་འདུག དགེ་སློང་མའི་སྡོམ་རྒྱུན་གྱི་སྐོར་ལ་སྐད་ཆ་ཁྱད་མཚར་གོ་རྒྱུ་འདུག སྔོན་མ་བོན་པོ་ཚང་གིས་སྔོན་མ་ཚོགས་ཆེན་ཞིག་གི་སྟེང་ལ་ཁོང་ཚོའི་སྟོན་པས་བྱ་དཀའ་བ་ལ་དགོངས་ནས་ཐོག་མ་ནས་དགེ་སློང་མའི་སྡོམ་རྒྱུན་སྤེལ་མེད་ཚུལ་གསུངས་པ་རེད་ཟེར། དེའི་རྗེས་སུ་ཚོགས་ཆེན་ཞིག་གི་སྟེང་ལ་ད་ལྟ་དགེ་སློང་མའི་སྡོམ་རྒྱུན་སྤེལ་བཞིན་པ་ཡིན་ཞེས་བཤད་པ་རེད་ཟེར། དེ་བཤད་མཁན་དེ་ཡང་མི་གཅིག་རེད་ཟེར། བདེན་མིན་ཏག་ཏག་བཤད་རྒྱུ་མེད། འདི་ན་བོན་པོ་ཚང་ལ་ཆ་རྒྱུས་ཡོད་མཁན་ཡོད་ན་དེའི་སྐོར་ལ་གསུངས་རོགས།
དགེ་སློང་མ་ཡི་སྡོམ་རྒྱུན་གྱི་སྐོར་ལ་བཙན་བྱོལ་གཞུང་གིས་སྒོར་ས་ཡ་མང་པོའི་འགྲོ་གྲོན་བཏང་ནས་ཆེད་མཁས་ཚོགས་པ་བཙུགས་རེད།། དེ་ཚོ་ནི་ཆོས་རྒྱུད་བྱེ་བྲག་པ་ཞིག་གི་གནད་དོན་རེད། དེ་བཞིན་ཆོས་ཚོགས་ཐེངས་མང་པོར་དགེ་སློང་མ་ཡི་སྡོམ་རྒྱུན་སྐོར་ལ་སྐད་ཆ་བཤད་ནས་ད་ལྟའི་བོད་ཀྱི་གནས་བབ་རྫ་དྲག་པོ་དེ་ཚོ་ཟུར་དུ་བཞག་རེད།། དེས་ན་བོན་པོ་ཚང་ལ་དགེ་སློང་མ་ཡི་སྡོམ་རྒྱུན་ཡོད་མེད་ཀྱང་དུས་དེབ་དང་ལོ་རྒྱུས་ཚོགས་འདུ་མང་པོའི་སར་ཞིབ་ཅིང་ཕྲ་བ་གོ་རྒྱུ་འདུག་པས་་་་་བོང་བུའི་རྣ་བར་ས་གསེར་གང་བླུག་ཀྱང་དེ་ག་རང་རེད། ཤེས་འདོད་ན་འཚོལ་ཞིབ་གྱིས།། གོ་ན་ཚིག་གཅིག བརྡ་ན་གཡབ་གཅིག ཟེར་བ་ལྟར་རེད།།
དེ་སྔོན་ནས་བཙན་བྱོལ་གཞུང་གིས་གནང་རྒྱུ་ཡོད་ཚད་གནང་ཚར་པ་རེད།ད་གང་ཡང་ཡོད་མ་རེད་པ།