བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
——–
ཕྱི་སྐྱོད་གནམ་གྲུ་ཕྱིར་འགྱངས་
དུས་ཐོག་འཕུར་རྒྱུ་མ་བྱུང་བས། །
ལྡི་ལི་གསར་པའི་སྲང་ལམ་ནས། །
ཁ་པར་བཟུང་སྟེ་འདང་ཞིག་རྒྱབ། །
ཕྱི་རུ་གད་སྙིགས་མང་ན་ཡང་། །
ནང་དུ་སེམས་ཁམས་སྐྱིད་པ་ཡི། །
རྡུལ་གྱིས་གཡོག་པའི་སྲང་ལམ་ནས། །
རེ་ཞིག་མཐོང་སྣང་འདི་འདྲ་བྱུང་། །
ལྟོ་བ་འགྲང་ཙམ་ཡིན་ན་ཡང་། །
མེད་མུག་ཁ་ནས་མི་འདོན་པའི། །
རུས་རྐང་མཁྲེག་པའི་མི་རིགས་འདི
ཐབས་ཤེས་གསེར་གྱི་སྒམ་ཆུང་རེ། །
མངར་མོའི་ཆ་དང་སྣུམ་བཅུད་ཀྱིས། །
ཟས་རིགས་ཕལ་ཆེར་ཁྱབ་ན་ཡང་། །
སྨན་གྱིས་མི་ཐུབ་ནད་ཉུང་ཞིང་། །
ཚེ་ཐག་ཤིན་ཏུ་རིང་བོར་འཚོ། །
གཞན་ལ་འཁོན་དང་འཐབ་འཛིང་སྐབས། །
གྲི་སོགས་མཚོན་ལ་མི་རེ་བར། །
ཁ་རྩོད་འདོད་པ་ཚིམས་པ་རེས། །
མཐའ་མའི་རྒྱལ་ཕམ་ཐག་ཀྱང་གཅོད། །
རིགས་ཀྱི་མཆོག་དམན་ལྟ་བ་ཡིས། །
མགར་བ་ལྷམ་བཟོ་སྐྲ་སྦྱར་སོགས། །
ཁྱིམ་གྱི་ཐབ་རྩར་ཡོང་བ་ལའང་། །
རྣམ་རྟོག་དང་བཅས་འཛེམས་པར་བྱེད། །
ཕོ་ལས་མོ་རིགས་དབང་ཆེ་ཞིང་། །
སྐྱེས་པས་བུད་མེད་གཙུག་ཏུ་བཀུར། །
བཟའ་ཟླ་ཁ་འཐོར་འགྲོ་བའི་རིགས། །
ཉིན་མོའི་སྐར་མ་བཞིན་དུ་ཉུང་། །
མི་ཚོགས་མང་པོའི་དབུས་སུའང་། །
སྐྱེས་པས་མཚན་མ་འཕུལ་བ་དང་། །
རྟུག་དྲིས་སྲང་ལམ་ཁྱབ་པ་ལ། །
ངོ་ཚའི་ཟོལ་ཙམ་རྒྱང་དུ་བསྐལ། །
ཚ་བ་ཆེ་བའི་རྐྱེན་གྱིས་སམ། །
སྒོག་ཙོང་གསོན་ཟར་གོམས་པ་ཡིས། །
རྒན་གཞོན་བྱིས་པ་ཁྱད་མེད་པར། །
ལུས་ལས་བསེ་དྲི་ཐིལ་ལེར་འཐུལ། །
ལྟོ་ལྡིར་གཟུགས་སྟོབས་རག་པ་འདི། །
འབྲས་རྡལ་ཟོས་པའི་འབྲས་བུར་གྲ
ཤ་མདོག་གནག་ཅིང་སྣུམ་པ་འདི། །
ཆུང་དུས་སྣུམ་གྱིས་བྱུགས་པའི་
ཕོ་སྐྱེས་ཕལ་ཆེར་གཤིས་ཀ་ནི། །
རྒྱུ་ལ་ཤ་ཁྱི་བཞིན་དུ་འདུར། །
བུད་མེད་གཟུགས་ཙམ་མཐོང་གྱུར་ཚེ། །
མིག་འབུར་ཕྱི་ལ་ཐོན་གྲབ་བྱེད། །
མོ་སྐྱེས་ཕལ་ཆེར་གཤིས་ཀ་ནི། །
ཁྱིམ་དུ་འདུག་ཅིང་ཟས་གཡོ་དང་། །
སྐྱེས་པའི་འདོད་པ་ཁེངས་གྱུར་བས། །
མི་ཚེའི་ལས་ཀ་འགྲུབ་པར་འདོད། །
སྐྱེས་པའི་སྣ་གདོང་ཟོར་བ་དང་། །
བུད་མེད་མིག་རིས་མཛེས་པ་སོགས། །
བྱད་གཟུགས་ཧ་ཅང་ལེགས་པའི་རིགས། །
དབང་ཕྱུག་ཆེན་པོས་བཀོད་པར་རློམ། །
ཆོས་ལུགས་འདྲ་མིན་མཆིས་ན་ཡང་། །
གཙོ་དང་མཐའ་ཡི་སྤྲང་པོའི་བར། །
དབང་ཕྱུག་ཆེན་པོའི་རལ་བ་ཡིས། །
ཕལ་ཆེར་གཅིག་ཏུ་སྦྲེལ་འདུག་གོ །
ཕྱུག་པོས་འཛམ་གླིང་རྩེ་ནས་བལྟ། །
མཛེས་མས་འཛམ་གླིང་དབུ་རྒྱན་གྱོ
སྤྲང་པོ་ཚ་བས་བསྲེག་སྟེ་འཆི། །
ཆ་སྙོམ་མེད་པའི་རི་གྲོང་ཞིག །
ལས་དོན་གང་ཞིག་བཅོལ་ན་ཡང་། །
དུས་ཐོག་འགྲུབ་པ་མི་བྱེད་པར། །
ལེ་ལོའི་རྒྱ་རུ་ཚུད་པའམ། །
ཕྱི་བྱོལ་བྱེད་པ་ཀུན་གྱི་གཤིས། །
རང་ལ་ཁེ་ཞིག་མ་བྱུང་ན། །
གཞན་ལ་སྐར་གང་མི་གཏོང་བར། །
བྱ་བ་གང་ཞིག་རྩོམ་ན་ཡང་། །
རང་དོན་ཁོ་ནས་ཉིན་མཚན་སྐྱེལ། །
ཡུལ་མིའི་རང་སྐད་མ་གོ་ཡང་། །
དང་པོར་འདྲིས་དང་གཤིབ་པ་སླ། །
བར་དུ་ཁེ་ཞིག་མ་རེག་བར། །
མཐའ་མར་གློད་པ་ཉུང་ཉུང་ཡིན། །
ཐམས་ཅད་དེ་ལྟར་མིན་ན་ཡང་། །
ཕལ་ཆེར་འདི་རུ་གཏོགས་པ་ཡིན། །
སྒྲོ་འདོག་ཟུར་ཟར་རློམ་བྱུང་ཚེ།
གསར་འབྱོར་རྣམས་ལ་དྲིས་དང་ཤེས།།
མགོ་ནག་བོད་མིའི་ངག་རྒྱུན་དུ། །
འཕགས་པའི་ཡུལ་ཞེས་བསྟོད་ན་ཡང་། །
མི་ལོ་བཅོ་ལྔར་གནས་བྱས་སྐབས། །
འཕགས་པ་གཅིག་ཀྱང་མ་མཇལ་ཐ། །
ཤཱཀྱའི་རྒྱལ་སྲས་འདི་ནས་འཚར། །
དམ་ཆོས་འཁོར་ལོ་འདི་ནས་བསྐོར། །
འོན་ཀྱང་ཤཱཀ་ཐུབ་རྗེས་འཛིན་དངོ
ཤཱཀྱའི་ཁྱིམ་གཞིར་མ་སྟོང་ཙམ། །
བཅོམས་ལྡན་ཤཀྱའི་སྲས་པོ་ཡང་། །
ཡུལ་ལུང་འདི་རུ་གཏོགས་པ་ཡིས། །
དགག་ཕྱོགས་རྐྱང་བ་བགྲང་གྱུར་ཚེ། །
ཉེས་པར་འགྱུར་བས་འབྲི་མཚམས་འཇོག །
༼མགྱོགས་བྲིས་ཡིན་ན།༽
མདོ་དོན་ག་རེ་བཤད་ཁུལ་བྱེད་ཀྱི་ཡོད་ནི་རེད།
ཚིག་སྦྱོར་འདི་ལ་དོན་སྙིང་ཞིག་མེད་ཟེར་གྱི་ཡོད་འགྲོ། དེ་འདྲ་ཡིན་ན། འདི་འབྲི་དགོས་བའི་རྒྱུ་མཚན་མི་འདུག།
ཡང་ན།
ཚིག་སྦྱོར་འདི་འབྲི་བ་པོ་ལ་རྩ་ཅིག་ཚང་བ་མེད་པ་སྟོན་གྱི་ཡོད་འགྲོ། དེ་འདྲ་ཡིན་ན། འདི་ཀློག་དགོས་བའི་རྒྱུ་མཚན་ཡང་མི་འདུག།
རྩོམ་རྩལ་ཤིན་ཏུ་ཆེ། བརྗོད་བྱ་རྣམས་ཀྱང་ཕལ་ཆེར་དོན་ལ་གནས།
འཕུང་རྐུབ་ལག་པས་འཕྱི་བ་དང་།།
ཟས་ཀྱང་ལག་པས་བཟའ་བ་སོགས།།
རང་ལ་འཕྲོད་ཀྱང་གཞན་བཙོག་པའི།།
ལུགས་སྲོལ་ཨ་མཚར་འདི་འདྲ་ཡོད།།
སྟུ་དང་མཇེ་ལ་མཆོད་ཅིང་དད།།
སྡིག་སྒྲིབ་ཆུ་ཡིས་དག་པར་སྐད།།
ལུས་ལ་མནར་གཅོད་ཚད་མེད་པའི།།
དཀའ་ཐུབ་སྤྱོད་པ་གྲངས་ལས་འདས།།
འཕོང་རྐུབ་ལག་པས་འཕྱི་ན་ཡང་། གཡོན་པས་འཕྱི་ཡི་གཡས་པས་མིན། །ཟས་ཀྱང་ལག་པས་བཟའ་ན་ཡང་། གཡས་པས་ཡིན་གྱི་གཡོན་པས་མིན། །
འཕོང་རྐུབ་ལག་པས་འཕྱི་ན་ཡང་། གཡོན་པས་འཕྱི་ཡི་གཡས་པས་མིན། །ཟས་ཀྱང་ལག་པས་བཟའ་ན་ཡང་། གཡས་པས་ཡིན་གྱི་གཡོན་པས་མིན། །རྡོ་རྗེ་པདྨའི་མཆོད་པ་ནི། །ཐབས་ཤེས་ཟུང་འཇུག་མཆོད་པ་ཡིན། །སྡིག་སྒྲིབ་ཆུ་ཡིས་བཀྲུ་བ་ནི།། རྟེན་འབྲེལ་ཕྱི་ལ་འགྲིགས་གྱུར་ན། །བཀོད་པ་སེམས་ལ་འཆར་ཕྱིར་ཡིན། །ཡིད་ཀྱིས་བཏུབ་ན་ཐམས་ཅད་དགེ། །
འབྲོག་རྒན། ལུག་འཚོ་རུ་རྒྱུགས། ཤ་རློན་པ་ཟོ། མར་ཁུ་རྗེན་པ་འཐུང་། རྐང་དྲི་འཐུལ་ལེ།
སུ་ལ་ཡང་ཕོག་ཐུག་མེད་པར་སྙན་པོ་བྲིས་འདུག
་
མགར་བ་ལྷམ་བཟོ་སྐྲ་སྦྱར་སོགས། །
འདི།
མགར་བ་ལྷམ་བཟོ་སྐྲ་བཞར་སོགས། །
སྦྱར་འདི་བཞར་ཡིན་དགོས་སྙམ་མོ།
གཡག་རྒོད། རི་ལ་ཡར། རྩྭ་ཟོ། ཆུ་འཐུང་། ལྕི་བ་རློན་པ་བསྣམས་ནས་ཐ་ལ་འཚུབ་བེ་སྡོད།
འབྲོག་རྒན་གཡང་དཀར་ལུག་མོ་འཚོ་བ་དེ། སྒང་པ་བོད་ཀྱི་མལ་གོས་འཚོ་བ་ཡིན། འབྲོག་རྒན་མེད་ན་ལུག་མོ་གང་ནས་འོང་། ལུག་མོ་མེད་ན་མལ་གོས་གང་ནས་འོང་། འབྲོག་པ་རྒན་པོ་ཤ་རློན་བཟའ་བ་དེ། སྤྱང་ཀི་བཞིན་དུ་ཁྲོ་ནས་བཟའ་བ་མིན། སྙིང་རྗེ་དང་བཅས་སྨོན་བཟང་འདེབས་བཞིན་བཟའ། ཁྱོད་ཀྱང་བཟའ་ན་འབྲོག་པའི་རྗེས་སུ་སློབ། འབྲོག་པ་རྒན་པོའི་མར་ཁུ་རྗེན་འཐུང་དེ། བཅུད་ལེན་སྨན་མཆོག་བརྒྱ་ཡིས་དོ་ཟླ་མིན། ཚེ་རིང་རྒས་སྲ་ལུས་ལ་བདེ་དྲོད་འབར། འོན་ཀྱང་གཞན་གྱིས་སྤྱད་ཆེས་མཁྲིས་པ་སློང་། འབྲོག་རྒན་རྐང་དྲི་འཐུལ་ལེ་བ་། རང་བྱུང་ལུས་ཀྱི་དྲི་ཞིམ་ཡིན། འབྲོག་མོས་མ་གཏོགས་མྱོང་དབང་མེད། གཞན་གྱིས་མྱོང་ན་ཆམ་པ་ཕོག །
རྩོམ་རྩལ་དང་སྙན་གདངས་ཡག
ཚིག་སྦྱོར་ལ་ནས་སྔོན་མོའི་རྩམ་དྲི་ཡང་འཐུལ།
གནད་དོན་འགྲོལ་ལ་མཁས།
ཚིགས་བཅད་རྐྱང་པ་མིན་པར།
ཆིགས་ལྷུགས་དང་སྤེལ་མ་ཡང་འབྲི་བར་འཚལ།
རྩོམ་ཡིག་མེ་ཏོག་ཆར་པས་དོག་མོའི་ཁྱོན་འདི་ཡིད་འོང་གི་དཔལ་ལ་དགོད་པར་མཛོད་ཅིག་ཀྱེ། །
ལྡི་ལི་ནི། སྐུ་དྲག་གི་འབྲི་སྟངས་རེད། ཤེས་ཡོན་པས། དིལླི་ཞེས་བྲིས་སོ། །གདམ་ཁ་སོ་སོར་ཡོད།།
ཨ་ཁུ་འབྲོག་པས་སྙན་མོ་བྲིས་འདུག
འབྲོག་མོ་མངལ་དྲི་འཐུལ་ལེ་བ་། རང་བྱུང་ལུས་ཀྱི་དྲི་ཞིམ་ཡིན། འབྲོག་རྒན་མ་གཏོགས་མྱོང་དབང་མེད། གཞན་གྱིས་མྱོང་ན་ཆམ་པ་ཕོག །་ ཧཧཧཧ
འབྲོག་པ་ལ་མ་སྨད་འབྲོག་པ་དྲིན་ཆེན་ཡིན།
ཕ་སྐད་དེ་འབྲོག་པའི་ཁ་ན་ཡོད།
དེ་རིན་ཆེན་གསེར་དངུལ་དོ་ཟླ་མིན།
དཀར་ནག་སྒོར་མོས་ཁུགས་ཐབས་མེད།
དེ་ཁུགས་ན་བོད་ཀྱི་ཁ་གཡང་ཉམས།
ཕ་ནོར་དེ་འབྲོག་པའི་ལག་ན་ཡོད།
དེ་དགོས་འདོད་ཀུན་འབྱུང་ནོར་བུ་ཡིན།
ཨ་སྒོར་ཡུ་རོས་ཁུགས་ཐབས་མེད།
དེ་ཁུགས་ན་བོད་མིས་ནོར་གཡང་ཉམས།
ཕ་གཞིས་དེ་འབྲོག་པས་བཟུང་ནས་ཡོད།
དེ་འཛམ་གླིང་གཡས་བཞག་ནོར་བུ་འདྲ།
ཕ་མེས་གཤིས་བཟང་དེ་འབྲོག་པར་ཡོད།
དེ་རིན་ཐང་གཞལ་དུ་ཡོད་རེ་ཀན།
འབྲོག་པའི་དྲང་གཏམ་བཅོས་མེད་གདོང།
རྫུ་ན་གཡོ་ཆུང་བ་དྲང་སྲོང་སྤུན།
འབྲོག་པའི་མི་གཤིས་བྱང་སེམས་འདྲ།
སྙིང་རྗེ་རྗེ་ཁ་སྐད་གདིང་ནས་ཐོན།
འབྲོག་པའི་སྡུག་བསྲན་རྒྱལ་བུ་དོན་གྲུབ་འདྲ།
སྲོག་ལ་ཐུག་ཀྱང་མཐའ་རུ་བསྐྱེལ་བ་ཡིན།
འབྲོག་པར་གྲོགས་སྒྲིག་ཤག་པོ་བློ་ཐུབ་ཡིན།
འབྲོག་མོར་གྲོགས་སྒྲིག་གཏན་གྲོགས་བློ་ཐུབ་ཡིན།
འབྲོག་ཁྱི་དོམ་བུ་སྙིང་དཀར་དེ།
དགྲ་སྤྱང་གཟན་ཀུན་ལ་ཉམ་ང་མེད།
འུར་རྡོ་ཆུ་མིག་དགུ་བསྒྲིལ་ཏེ།
འབྲོང་གཡག་རྒོད་མགོ་ལ་ཧོ་མ་ཡ།
རྩེད་མཚར་དུ་བྲིས་པས་ཧ་ཧ་ཞེས་དགོད་པར་ཞུ།