༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས།༽
དེ་རིང་ཞོགས་པར་རྒྱལ་ས་ལྡི་ལི་ཇན་ཏར་མ་ཏར་ས་གནས་སུ་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། ད་ལྟའི་ཆར་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག
རྨེའུ་དཀོན་རྒྱམ་ལགས་ཀྱིས་ལྡི་ལི་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེི་རིང་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཡོང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། རྒྱ་ས་ལྡི་ལིར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་གནང་བཞིན་པ་ལྟར། ཞོགས་པར་བོད་མི་བརྒྱ་ཕྲག་འགས་ར་རྗི་གྷེ་ཁྲི་ནས་མགོ་བཙུགས་ཏེ་ཇན་ཏན་མན་ཏར་ས་གནས་བར་སྐད་འབོད་ཁྲོམ་སྐོར་གྱི་སྤེལ་ཡོད་པ་དང་།
ལས་འགུལ་བ་ཚོ་ཇན་ཏར་མན་ཏར་ས་གནས་སུ་སླེབས་ཏེ་གཞོན་ནུ་ལྷན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་གཏམ་བཤད་གནང་གྲུབ་མཚམས་སྟེ། ཆུ་ཚོད་ ༡༢ དང་སྐར་མ་ ༢༥ སྟེང་ཁམས་རྟའུ་ནས་ཡིན་པའི་བོད་མི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གློ་བུར་ལུས་སྟེང་དུ་སྣུམ་བླུགས་ཏེ་རང་ལུས་མེར་བསྲེགས་བཏང་སྟེ། གོམ་པ་ ༢༠ ལྷག་གོམ་བགྲོད་གནང་རྗེས་སར་འགྱེལ་ཡོད་འདུག སྐབས་དེར་མི་མང་གིས་ལུས་སྟེང་གི་མེ་གསོད་ཐབས་བྱས་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། ད་ལྟའི་ཆར་(RanmamnoHar Lohia Hospital) ཞེས་པའི་སྨན་ཁང་དུ་འཁྲིད་དེ་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི། ཁམས་རྟའུ་ནས་ཡིན་པ་དང་། ད་ལྟ་རང་ལོ་༢༧ ཡིན་འདུག ཁོང་༢༠༠༥ ལོར་རྒྱ་གར་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། ད་ལོ་སློབ་མཐར་ཕྱིན་རྗེས་ལྡི་ལིར་གནས་སྡོད་བྱས་ཡོད་འདུག
དཔའ་བོ་ཁོང་གི་སྙིང་སྟོབས་ལ་ཡི་རངས་ཞུ།
མེ་དཔུང་ཁྲོད་ཀྱི་དཔའ་བོ་དག།
མེ་ཡིས་བོད་ཀྱི་བདེན་པ་བསུ།།
མེ་ཟླུམ་ནང་གི་གད་རྒྱངས་དག།
མེ་ཡིས་སྲེག་ཀྱང་སླར་ཡང་འབར།།
བོད་རྒྱ་ལོ།
ཚད་མཐོའི་གུས་བཏུད་དང་། མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་ལོ།
བོད་རྒྱལ་ལོ། ཀྭི་ཧི་ཧི།
རྒྱལ་གཅེས་པ་མཆོག་ལ་སྙིང་ནས་གུས་འདུད་ཞུ། ཉིད་ཀྱི་ཐུགས་བསམ་ཡིད་བཞིན་འགྲུབ་པར་སྨོན། རྒྱལ་གཅེས་པ་རྒྱལ་ལོ། རྒྱལ་གཅེས་པའི་སྙིང་སྟོབས་རྒྱལ་ལོ། བོད་རྒྱལ་ལོ།
མེ་ཡི་ཕུང་པོར་འགྱུར་བའི་དཔའ་བོ་དེས། འཛམ་གླིང་སྟེང་དུ་གངས་ཅན་བོད་ཅེས་པ། བདག་ཐོབ་གཞན་གྱི་བཙན་འཕྲོག་བྱས་པ་དང་། ཡུལ་མིར་རང་དབང་བྲལ་བའི་གནས་བབ་དེ། ཚེ་སྲོག་ཡོན་དུ་སྤྲད་དེ་བསྒྲགས་གཏམ་སྤེལ། མེ་ལྕེ་འབར་བའི་སྙིང་སྟོབས་མེ་དང་འདྲ། གངས་ཅན་མི་རིགས་ཚ་བརྒྱུད་དོན་ཆེན་སླད། རང་ལུས་མེ་མཆོད་འབུལ་བའི་སྙིང་སྟོབས་ལ། སྙིང་ནས་བསྟོད་དོ་དཔའ་བོ་འཇམ་དཔལ་ལགས། སྐུ་འཚོ་ཡོང་བའི་དཀོན་མཆོག་སྨོན་ལམ་འདེབས། སྐུ་ལུས་སྔར་བཞིན་དྭང་པའི་སྲུང་མའི་འཕྲིན་ལས་མ་མཛོད།
དཔའ་བོ་ཁྱེད་ཀྱིས་གཞན་དོན་སེམས་བསྐྱེད་ནས། །
བོད་ཀྱི་རང་དབང་གཙང་མའི་བདེན་དོན་དུ། །
སྐུ་ལུས་མེ་རུ་བསྐྱོན་པའི་མཛད་པ་འདི། །
རྒྱལ་སྲས་རྣམས་ཀྱི་སྤྱོད་པ་བསྐྱངས་པ་ལགས། །
དཔའ་བོ་ཁོང་ལ་དགའ་བསུ་དང་། རྒྱལ་སྤྱིར་ཁྱབ་པའི་རེ་འདུན་དང་། བོད་ཀྱི་བསྟན་སྲིད་ལ་ཕན་པ་རྒྱ་ཆེར་བྱུང་ཡོད།
ཞུམ་མེད་བློ་སྟོབས་མེ་དང་ལྷན་ཅིག་མཆེད།།
གཅེས་སྲོག་དམར་པོ་མེ་དང་ལྷན་ཅིག་འབར།།
བཅོས་མའི་ངོ་འབག་སྲེག་པའི་མེ་ལྕེ་འདིས།།
གནས་ལུགས་རྗེན་པའི་རང་ཞལ་མྱུར་མཇལ་ཤོག།
དཔའ་བོ་ཁང་གི་ཞུམ་པ་མེད་སྙིང་སྟོབས་དང་མི་རིགས་ཀྱི་ལར་ཞེན་དེ་ལ་རྗེས་སུ་ཡི་རང་བྱ་རྒྱུ་ལས་ང་ཚོས་ནི་ཅི་ཡང་མི་འཇོན་ནོ། །
བདེན་པ་ཉིད་རྒྱལ་གྱུར་གཅིག
རབ་འབར་མེ་ལྕེས་ས་གཞི་སྲེག་འདྲའི་མི་ཡུལ་དམྱལ་ཁམས་གསོན་པོ་རུ།
ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཡུལ་གྱི་ཉམ་ཐག་གདོང་དམར་མི་རིགས་ཁྲོད།
དྲག་ཆར་འབེབས་འདྲའི་མཚོན་ཆ་འོག་ནས་ཞུམ་མེད་མགོ་བོ་གྱེན་བཏེགས་ཏེ།
མེ་ལྕེ་དྲག་པོའི་ཀློང་ན་འགྱིང་པའི་གངས་ཅན་བོད་ཀྱི་དཔའ་རྒོད་རྣམས།
མཐོང་བའི་མོད་ལ་གཤིན་རྗེ་ཡིན་ཡང་འཇིགས་སྣང་ལག་ནས་མཚོན་ཆ་ཤོར།
གྲུ་འཛིན་རི་བོ་གསུམ་པ་གཉིས་མེད་རྡ་སྟེང་པུས་མགོའི་རི་བོ་ན།
ལྷར་བཅས་འཕགས་མཆོག་སྤྱན་རས་གཟིགས་ཀྱང་སྤྱན་ཆབ་བསིལ་བའི་དུས་སྐབས་སུ།
ཤཀྱའི་རྒྱལ་པོས་གཙོ་འཁོར་དང་བཅས་གངས་རིའི་ལྗོངས་སུ་མྱུར་དུ་གཤེགས།
ཤཱ་རིའི་མོོ་འགལ་མཆོག་ཟུང་གཉིས་ཀྱང་འཁར་བསིལ་དཀྲུགས་ཏེ་ད་ཚུར་བྱོན།
འཇམ་དཔལ་དཔའ་བོས་ཕྱག་གཡས་རལ་གྲི་རྣོ་ངར་སྤྱོད་པའི་དུས་ལ་བབས།
ཕྱག་ན་རྡོ་རྗེས་སྡིགས་མཛུབ་དང་བཅས་ལན་གཅིག་རྡོ་རྗེ་དགྲ་ལ་བསྣུན།
དབྱངས་ཅན་ལྷ་མོས་པི་ཝང་བརྡུངས་ནས་བྷོ་ཊིའི་འབོད་སྒྲ་དབྱངས་སུ་གྱེར།
ཏཱ་རེ་ལ་སོགས་སྒྲོལ་མ་ཉེར་གཅིག་ཉམ་ཐག་བོད་ཀྱི་འཇིགས་པ་སྐྱོབས།
ཀོོ་ཤི་ཀ་དང་ཚངས་པ་ལ་སོགས་མཐུ་ཆེན་རྣམས་ཀྱང་གཟིམས་ལས་ལོངས།
ཕྱག་དྲུག་མགོན་པོས་གྲི་གུག་ཐོད་ཕྲེང་ཌ་རུ་དཀྲོལ་བཞིན་ཤར་ལ་སོང་།
དམ་ཅན་ཆོས་རྗེས་དོལ་རྒྱལ་བསྒྲལ་ཏེ་རྒྱ་འདྲེ་ཀུན་ལ་དབྱུག་ཏོ་གཞུས།
དམག་ཟོར་རྒྱལ་མོས་དྲེའུ་རྟ་བཞོན་ཏེ་ཡེ་ཤེས་མེ་ལྕེའི་ཀློང་འགྱིང་ནས།
མེ་སྤུངས་འབར་བའི་གངས་ཅན་བོད་ཀྱི་དཔའ་རྒོད་སོ་གཅིག་གྲོགས་སུ་བྱོན།
ཁ་གདང་མཆེ་གཙིགས་རྒྱ་རོ་ཟ་བཞིན་ཨ་ལའི་གད་མོ་འབྲུག་སྟོང་སྒྲོགས།
པེ་ཧར་རྒྱལ་དང་ག་གདོང་ལ་སོགས་གཞུང་བསྟེན་དགྲ་ལྷ་ཡོད་དོ་ཅོག
ཨརྒྷཾ་ལ་སོགས་མཆོད་གཏོར་བཞེས་ཙམ་འཕྲིན་ལས་བཅོལ་བའི་དོན་མིན་པས།
མ་འགྱངས་ལྷ་དམག་བྱེ་བ་འཁྲིད་དེ་རང་རང་མདའ་དང་གོ་མཚོན་ཐོགས།
པེ་ཅིང་སོང་ལ་ཧུའུ་ཅིང་ཐའོ་སོགས་དཔོན་ངན་དགུ་ཡི་མགོ་ལག་ལོངས།
ཞིང་བཅུ་ཚང་བའི་བསྟན་དགྲ་རྒྱ་དམག་ད་ལྟ་མྱུར་དུ་ཐལ་བར་རློགས།
བསྟན་མ་བཅུ་གཉིས་ལོང་མདོག་མ་བྱེད་གངས་ལྗོངས་བོད་ཀྱི་གཏེར་ཁ་སྲུངས་།
ཚེ་རིང་མཆེད་ལྔ་འོན་མདོག་མ་བྱེད་མཐོ་སྒང་རྩ་ཆེའི་འཁོར་ཡུག་སྲུངས་།
གངས་དཀར་ཡུལ་གྱི་སྣོད་བཅུད་རྒུད་ཚོགས་རང་བཙན་ངོ་སོ་ཡ་ལ་གཏོད།
ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་གཟིགས།
ཀླ་ཀློ་རྒྱ་ཡི་འགྲོ་ལ་འཚེ་བའི་ཞེ་སྡང་ལྗོན་པའི་སྡོང་བུ་དེ། །
གདོང་དམར་དཔའ་པོའི་ལུས་མཆོད་མེ་ཡིས་ཀུན་ནས་རབ་ཏུ་སྲེག་པར་བྱེད། །
རང་སྡེ་ཁོ་ནའི་འདོད་རྔམ་དུག་གི་སྒོ་མེད་ཁུང་བུ་ནག་པོ་སྟེ། །
བདག་གཞན་ཁྱད་མེད་བྱང་སེམས་བློ་ཡི་འོད་ཀྱིས་ཡོངས་སུ་གསལ་པར་བྱེད། །
ཁྱེད་རྣམས་འབར་བའི་མེ་དེ་མེ་མིན་སྙིང་རྗེ་ངོ་བོ་མཚོན་བྱེད་ཡིན། །
ཁྱེད་རྣམས་འགྲོ་སའི་ལམ་དེ་ལམ་མིན་བྱང་ཆུབ་སེམས་ཀྱི་ལམ་མཆོག་ཡིན། །
ཁྱེད་རྣམས་བསྲེག་པའི་ལུས་དེ་ལུས་མིན་བསོད་ནམས་རིན་ཆེན་ཕུང་བོ་ཡིན། །
ཁྱེད་རྣམས་བཞུད་པ་རང་གི་དོན་མིན་མ་དང་འགྲོ་བ་ཡོངས་ཀྱི་དོན། །
རང་སྲོག་བློསབཏང་མཁན་དེ་རྣམས་རང་གི་ཁེ་ཕན་ཁོ་ནའི་དོན་དུ་ཤི་བ་མ་ཡིན་ཞིང།་བོད་ཀྱི་བསྟན་པ་ཆབ་།སྲིད་རང་དབང་གི་དོན་དུ་ཡིན་པ་གསལ་པོ་རེད།་དེ་སྔ་སངས་རྒྱས་ཀྱིས་སྟག་མོར་ལུས་བྱིན་གྱི་ལོ་རྒྱུད་ཀྱང་ཡོད་པ་དང།་ཕྱོགས་གཞན་ཞིག་ནས་རང་སྲོག་བཅད་ན་ཚེ་ལོ་ལྔ་བརྒྱ་མི་ལུས་མི་ཐོབ་པ་གསུང་གི་ཡོད།
ནང་ཆོསཀྱི་ཐོག་ནས་བོད་མི་དེ་དག་ལ་འགྲེལ་བརྗོད་གང་འདྲ་ཞིག་རྒྱབ་དགོས་ཀྱི་རེད་དམ།
མི་ལུས་རིན་ཆེན་དང་མི་ལུས་ཐོབ་པ་ཁག་པོ་ཡིན་པ་གསུང་གི་ཡོད།་ཁོང་ཚོས་གཞན་ཕན་གྱི་དོན་དུ་ལུས་སྲོག་བློས་བཏང་དེར་ཤི་བའི་རྗེས་སུ་ལམ་ཡག་པོ་ཞིག་ཏུ་འགྲོ་མ་ཐུབ་ན་སྙིང་རེ་རྗེ།
འཇམ་པོས་བོད་པའི་སེམས་ཀྱི་མདོན་འདོད་བསྒྲགས།།
དབྱངས་ཀྱི་ང་རོས་མི་རིགས་བདེན་པ་བསྐྲུན།།
ཡིད་ཆད་གཏིང་ནས་ལོགས་པའི་བཙན་བྱོལ་ལ།།
ཤེས་འདོད་ཅན་གྱིས་སྙིང་སྟོབས་ཟླ་མེད་བསྐྲུན།།
རྒྱལ་གཅེས་པ་དཔའ་བོ་འཇམ་དཔལ་ཡེ་ཤེས་མཆོག་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་གུས་བཏུད་བཅས་ཁོང་གི་བསམ་དོན་ཡིན་བཞིན་འགྲུབ་པ་དང་།་་་མགྱོགས་ནས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་ལམ་ཡང་ཡང་འདེབས།
དཔའ་བོ་ཁོང་ལ་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།
རྒྱ་གར་རྒྱལ་ས་ལྡི་ནས།།
བོད་ཀྱི་དཔའ་བོ་ཞིག་གིས།།
བོད་མིའི་བདེན་དོན་ཆེད་དུ།།
རང་ལུས་མེར་བསྲེགས་བཏང་བ།།
མཐོང་བས་ཡིད་སེམས་སྡུག་གི་མནར།།
དཔའ་བོ་ཁོང་ལ་ཡི་རངས་ཞུ།།
གོ་སྒྲིག་པ་རྣམས་ལ་ད་ནས་བཟུང་སྟེ་གནས་ཚུལ་དེ་འདྲ་བྱུང་མ་ཐག་ངེས་པར་དུ་མེར་བསད་ཆེད་དུ་ཆུ་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག་ལ། དེ་ལུགས་གནང་སྐྱོང་བའི་མ་འོངས་པ་རེ་འདུན་ཞུ་བཞིན་ཡོད། དེ་ལུགས་དགོངས་བཞེས་མཛོད།
དཔའ་བོ་ཁོང་ལ་གུས་འདུད་དང་སྙིང་ནས་སྨོན་ལམ་ཞུའོ།
ཁ་རྡ་ཚང་ཁ་ཡེང་ནས་ད་ལྟ་བར་དུ་གསར་འགྱུར་འདི་འགོད་རྒྱུ་བྱུང་མི་འདུག ཕར་ཆེར་སྲིད་སྐྱོང་ལ་སྐྱོན་བརྗོད་རྒྱུ་འདྲ་འདུག་བས་ལྟ་ནས་མགོ་འཁོར་ནས་སྡོད་པ་འདྲ། དྲ་རྒྱ་གཞན་ནང་དུ་ད་ེ་རིང་སྔ་དྲོ་ནས་འགོད་འདུག དཔའ་བོ་འཇམ་དཔལ་ཡེ་ཤེས་ལ་གུས་འདུད་ཡོད།
ཤར་ཕྱོགས་ཁུག་རྟ་ཤི་ཚར་བ་ཡིན་ནམ།
སྔ་མོར་ཨ་མདོ་ཀླུ་དཀར་བྱམས་ཀྱིས་འཇུ་ཆེན་དང་གཞོན་ལྷན་གྱི་རྐུབ་ཏུ་འབྲང་ནས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་བཏང་། རྒྱལ་ཚོང་བ་རེད་ཅེས་སྡུག་པ་རེད། ད་རྒྱལ་བཙོང་བ་མིན་ན་དངོས་གནས་རང་ལུས་མེར་བསྲེགས་ཆོག་ཆོག་ནི་འདུག ཧུའུ་ཅིན་ཐའོ་ནི་རྒྱ་གར་དུ་སླེབས་ཡོད། གཞོན་ནུ་དང་རང་བཙན་པ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་མེར་སྲེག་རོགས། ད་རང་བཙན་རྩོད་ན་རྩོད་རན་རེད། གཞོན་ལྷན་གྱིས་ཟས་བཅད་ངོ་རྒོལ་བ་གསུམ་ཀྱང་གླས་པ་རེད། དེ་རིང་གི་ལས་འགུལ་བ་འདིའང་གཞཽན་ནུའི་ཚོགས་མི་མ་རེད། དངོས་གནས་བྱས་ན་ད་གཞོན་ནུ་དབུས་དང་ས་གནས་ཡོངས་རྫོགས་མེར་སྲེག་ནས་འཐབ་རྩོད་ཀྱི་འགོ་འཛུགས་དགོས་པ་རེད། དེའི་རྗེས་ཀླུ་དཀར་བྱསམ་དང་རས་དམར་པོ་པེད་ཤག་བ་ལ། དོན་གྲུབ་ལྷ་དར་སོགས་གང་དུ་ཡོད་དམ། ད་མེར་སྲེག་རོགས། སྐུ་མཁྱེན།
རང་ལུས་མེར་སྲེག་གཏོང་བ་འདི་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་པ་གསལ་བོ་རེད་འདུག་པས། འཕྲོ་བརླག་ལ་མ་གཏོང་རོགས། གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཕྱི་ནང་གཉིས་སུ་མེར་སྲེག་དགོས་པའི་མགོ་སྐོར་གཏོང་གི་ཡོད་ནའང་། དེ་སྐྱག་རྫུན་རེད། མེར་སྲེག་ནས་གྲུབ་འབྲས་ཐོན་རྒྱུ་ཁེག་པོ་རེད། དེ་བས་མེར་མ་སྲེག་རོགས། བོད་མི་ཚོ།
གཞེ་སྡང་མེ་ཡི་དམར་པོའི་ལྟ་བ་ཙད་ནས་སྲེགས་པར་ཤོག།
དམར་པོའི་རིང་ལུགས་འཛིན་མཁན་དམངས་ལ་འགྱུར་བར་ཤོག།
དམར་པོའི་མེ་ཡི་གང་གི་སྡུག་གསུམ་གཏན་ནས་འཚིག་པར་ཤོག།
དེ་ལྟར་མེ་འདི་ཡེ་ཤེས་མེ་རུ་གྱུར་ནས་ཆོས་མེད་རྒྱལ་ཁམས་ཆོས་སུ་འགྱུར་བར་ཤོག།
དེ་ལྟ་བུ་གོ་སྒྲིག་བྱེད་མཁན་གྱི་བྱས་ལས་འགུལ་སྤེལ་མཁན་གྱི་སྤེལ་ནས་བོད་མི་རིགས་ཀྱི་དོན་དུ་རང་ལུས་མཆོད་མེར་ཕུལ་བ་ལ་ཡི་རངས་བསྔགས་བརྗོད་དང་གུས་བཏུད་ཞུ། གྲུབ་འབྲས་ངེས་ཅན་ཞིག་ཐོན་ཐུབ་པའི་རེ་བ་ཡོད་པ་རེད། མདོར་ན་བར་གཞིས་བྱེས་གཉིས་ནས་རང་རིགས་ལྷག་བསམ་ཅན་གྱི་དཔའ་བོ་ཕོ་མོ་རྣམས་ཀྱི་གཅེས་པའི་ལུས་དང་ལོངས་སྤྱོད་ཚང་མ་བོད་མི་རིགས་ཀྱི་དོན་ཁོ་ནར་བསམ་ནས་འདི་ལྟ་བུ་གནང་བ་ནི་ཧ་ཅང་གཟི་རྗིད་རེད་ཐུགས་རྗེ་ཆེ། ཨུ་ཚུག་ཟེར་བའི་མི་ངན་རེ་བཟུང་གི་ལས་འགུལ་བ་རྣམས་ལ་སྐྱོན་བརྗོད་ཚིག་ཚོན་འདེབས་པ་ནི་གཞིས་བྱེས་བོད་རིགས་ལར་ཞེན་ཅན་ཚང་མ་བློ་ཕམ་གྱི་ཡུལ་ལས་མ་འདས། འདི་ལྟ་བུ་མི་བུ་རེ་འགའི་ཁ་ལ་རྟེན་ནས་དཔའ་བོ་རྣམས་སེམས་ཤུགས་མི་ཆགས་པའི་རེ་བསྐུལ་ཞུ། བོད་རྒྱལ་ལོ། །
རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་འདུད་དང་། ཁོང་གི་གནས་སྟངས་ལ་སེམས་ཚབ་་ཆེན་པོ་འདུག
དྲང་སྲོང་མེ་ལྷ་དངོས་སུ་འཕེབས་འདུག།
རྒྱ་ནག་གཙན་པོའི་འགོ་དཔོན་ལགས།
གདོང་དམར་བོད་པ་ཚང་ལ་དགོས་པའི།
རང་དབང་ཞི་བདེའི་མཆོད་པ་འཕུལ།
འཇམ་དཔལ་ཡི་ཤེ་ལགས་སྨན་ཁང་ནས་སླར་ཡང་སྐུ་ལུས་བདེ་ཐང་བསྐྱར་གསོ་ཡོང་ཐུབ་པའི་སྨོན་ལམ་དང་ཁོང་གི་ཚེ་སྲོག་ལ་བར་ཆད་མི་ཡོང་བའི་སྨོན་ལམ་ལག་ཟུང་ཐལ་མོ་སྦྱར་བ་དང་མིག་ཟུང་མཆུ་མས་བཀང་ནས་རི་བོ་གངས་ཅན་པའི་ལྷ་སྲོང་གཞི་བདག་ཡོད་དོ་ཅོག་ལ་བསྔོའོ།
དེ་དེ་བཞིན་དུ་བོད་ཕྱི་ནང་གཉིས་ཀྱི་རང་རིགས་ཀྱི་ཕོ་མོ་རྒན་གཞོན་ཡོང་ལ་སྙིང་དབུས་ནས་རང་ལུས་མེ་ལ་བསྲེག་པའི་ལས་འགུལ་དེ་མཚམས་འཇོག་བྱེད་པའི་རེ་བསྐུལ་དང་སྨོན་ལམ་འདེབས་སོ།
ཁྱེད་ཅག་འདི་ལྟར་གཅིག་རྗེས་གཉིས་མཐུད་འགྲོ་ཚར་དུས་ང་ཚོས་ཕ་གཞི་སུ་ཡིས་སྐྱོང་། ང་ཚོའི་ཕ་ཡུལ་གྱི་གཞི་ཁྱིམ་ལ་ཞིག་གསོ་སུ་ཡིས་བྱེད། ང་ཚོའི་སྐད་ཡིག། ཡུལ་སྲོལ་གོམས་གཤིས་ཀྱི་མེ་རོ་སུ་ཡིས་འབར།
ང་དང་ང་འདྲ་བའི་སྡར་མ་དག་ལ་ཕ་ཤུལ་སྐྱོང་བའི་ནུས་བ་མེད་པས་ཁྱེད་ཚོ་ཡིན་གཅིག་མིན་གཅིག་གསོན་པོར་བསྡད་ནས་རི་བོ་གངས་ཅན་པའི་བདེ་སྡུག་ལ་ལྟ་བར་སྨོན།
དཔའ་བོ་རེད།
རྒྱལ་གཅེས་པ་ཁོང་སྐུ་ཚེར་བར་ཆད་མི་འབྱུང་བའི་སྨོན་ལམ་ཞུ།།
དཔའ་བོ་ཁོང་ཕྱི་མར་བདེ་བ་ཅན་སྐྱེ་བའི་སྨོན་ལམ་ཡང་ཡང་འདེབས། པར་ཡག་པོ་འདུག་ཡིན་ན་ཡང་། གློག་བརྙེན་ཞིག་མཐོང་ཡ་མི་འདུག་སེམས་ཕམ་ཆེན་པོ་ཡོད། ལས་འགུལ་སྤེལ་བཞིན་པའི་རང་དབང་ལུང་པ་ལ་ཡོད་པ་ཚོའི་གློག་བརྙེན་ཡག་པོ་རག་ཡོད་པའི་རེ་བར་ཡོད།
དཔའ་བོ་ཁྱེད་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་ཁྱེད་ཀྱི་སྐུ་གཟུགས་སྔར་བཞིན་འོད་སྟོང་ལྡན་པའི་སྨོན་འདུན་གྲངས་མེད་ཞུ།། བདེན་པ་ནི་དུས་ནམ་ཡང་བདེན་པ་ཡིན།
རྒྱལ་གཅེས་དཔའ་བོ་ཁྱེད་རྒྱལ་གྱུར་ཅིག ཁྱེད་ལྟ་བུའི་སྙིང་སྟོབས་ནི་ང་ཚོའི་བསམ་ཡུལ་ལས་འདས་སོང་།ང་ཚོས་མིག་མཐའ་མཆི་མས་བརླན་ཞིང་ཁྱེད་ལ་ནམ་ཡང་གུས་འདུད་ཞུ།བོད་རྒྱལ་ལོ་བོད་རྒྱལ་ལོ
འཛམ་གླིང་ནང་ཆེས་རྣ་ཐེག་ཅན་རྒྱའི་སྲིད་འཛིན་ཧུའུ་མིང་ཅན་གྱིས་དེ་རིང་རྒྱ་གར་དུ”འདི་ནའང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག་འདུག”ཅེས་པ་ལྟར་བོད་མི་རིགས་ནི་སྙིང་སྟོབས་དང་ལར་ཞེན་འགྲན་མེད་ཅིག་ཡིན་པ་སེམས་སུ་དྲན་སྐུལ་ཐེབས་ཡོད་པ་གོར་མ་ཆག་མོད། ནམ་རྒྱུན་མངོན་སུམ་དུ་བསྙོན་པའི་སྐྱག་ལང་ཤོར་ཡོད་སྟབས་ཁ་ནས་དོན་དངོས་ཇི་མ་ཇི་བཞིན་འབུད་མི་སྲིད་ཅིང་རོ་སྒམ་ནག་རོག་གེ་བ་ཞིག་ཏུ་སྦ་བར་མི་འགྱུར་གྲང་།
ཁོང་གི་གནས་སྟངས་ཛ་དྲག་ཡིན་ཡིན་པ་རེད། ཡིན་ནའང་ད་ལྟ་གང་འདྲ་ཡོད་དམ། ཤེས་མཁན་འདྲ་ཨེ་ཡོད།
མེ།
པདྨ་བསམ་གྲུབ་ཀྱིས་སུམ་ཅུ་དུས་དྲན་༥༣ཉིན་མོར་བྲིས།
མེ་ལ་དུངས་བ་ཡོད།
རང་དབང་དང་འདྲ་མཉམ་ནི་མེ་ཡི་དུངས་ཀ་ཡིན།
མེ་ལ་ཁ་དོག་མཆིས།
བདེན་པ་དང་གནས་ལུགས་ནི་མེ་ཡི་མདོག་ག་ཡིན།
མེ་ལ་རང་གཤིས་ལྡན།
དཔའ་སྤོབས་དང་དྲང་ཚུགས་ནི་མེ་ཡི་གཤིས་ཀ་རེད།
ཆོས་ཉིད་དུའང་། མེ་ཡིས་མི་གཙང་བ་འདག་པར་བྱེད་དོ།
མི་གཅིག་མེ་རུ་བསྒྲོན། དཔའ་སྤོབས་ཀྱི་འབོད་པ་ལྷང་ལྷང་།
མི་བཅུ་མེ་རུ་གྱུར། ཆིག་སྒྲིལ་གྱི་དཔུང་གདང་ཤིག་ཤིག
མི་རིགས་ཤིག་མེ་རུ་འབར།
གསར་བརྗེ་ཡི་འོད་སྣང་ལམ་ལམ།
བདེ་སྐྱིད་ཀྱི་དྲོད་ཁོལ་ལམ་ལམ།
མེ་ལགས། ཁྱེད་ནི་འབར་སླ་བའི་ཁོང་ཁྲོ་ཞིག་མིན་ལ།
ཁྱེད་ནི་ཤི་སྐྱེན་པའི་སེམས་ཚོར་ཞིག་ག་ལ་ཡིན།
མེས་པོའི་ཞལ་ཆེམས་སུ། མེ་ཁ་ཐུར་དུ་བསྟན་ཡང་མེ་ལྕེ་གྱེན་ལ་འབར་ངེས་གསུངས།
ཅི་ལ་མིན་ཏེ། བདེན་དོན་གྱི་མེ་ལྕེ། དུས་ཚོད་ཀྱིས་ཁྱེད་ཀྱི་རྒྱུན་གཅོད་མི་སྲིད།
མེ་ལ་མེ་ཡི་རིགས་ཡོད། མེ་ལ་མེ་ཡི་རྒྱུན་ཡོད།
དེ་ཡང་བདེན་ཏེ། གསར་བརྗེ་ཡི་མེ་ལྕེ།
དཔའ་སྤོབས་ཀྱི་མེ་མུར་རེ་རེ་ང་ཚོའི་སེམས་སུ་གནས་ཡོད།
ལྷག་བསམ་ཅན་གྱི་དཔའ་བོ་རྣམས་ལ་གུས་འདུད་ཞུ།
རྒྱ་དམར་གུང་ཁྲན་གྱིས་བོད་ནང་བོད་ཀྱི་རིགས་གཞུང་དང་མི་རིགས་སྲུངས་སྐྱོབས་ཆེད་སྐུ་ལུས་མེར་ཕུལ་བའི་རྐྱེན། བཙན་བྱོལ་དུ་བཞུགས་པའི་༧གོང་ས་མཆོག་དང་འདིར་ཡོད་པའི་ཚོགས་པ་ཁག་གིས་འབོད་བསྐུལ་བྱས་པ་ལ་བརྟེན་ནས་བྱུང་བ་ལས། གུང་ཁྲན་གཞུང་གི་རང་ཉིད་ཀྱིས་སྲིད་འཇུས་ནོར་འཁྲུལ་ཅན། དེ་ལས་བྱུང་བ་ནམ་ཡང་ཁས་ལེན་མི་བྱེད་པའི་སྐབས་འདིར། དྲ་འབུ་ཨུ་ཚུགས་མིང་ཅན་གྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་དང་གུང་ཁྲན་གྱིས་དུས་རྟག་ཏུ་སྐྱོན་བརྗོད་ཁོ་ན་བྱ་ཡུལ་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ནས་ཁ་ཡོད་ལག་ཡོད་ཀྱི་ནུས་པ་མཐོན་ཤོས་སུ་ཚང་མས་མཐོང་ཆོས་སུ་གྱུར་པ་ལ། མི་ངན་ཁྱོད་ནས་གུང་ཁྲན་གཞུང་གི་རྒྱབ་ལངས་བྱས་ནས་དཔའ་མཛངས་སྙིང་སྟོབས་ལྡན་པའི་གཞོན་ནུ་ཚོགས་པར་སྐྱོན་བརྗོད་བྱ་དགོས་དོན་་་ཁྱོད་ཟས་ཀྱི་དབེན་པ་མ་ཡིན་ནམ།། །།
གླིང་ཕྲུག་ཚེ་རིང་ལགས་ཁྱེད་རང་སྐུ་ལས་མཆོད་མེར་སྒྲོན་དང་ངས་པར་ཆས་དང་གློག་བརྙན་འཕྲུལ་ཆས་སོགས་གྲ་སྒྲིག་ཨང་གསར་བྱེད་ཡོང་།
བཟོད་པར་དཀའ་བའི་ན་ཟུག་ལྕི་མོ་རྒྱབ་ཏུ་གཡུགས་དེ་བོད་མིའི་བདེ་སྐྱིད་རེ་འབོད་བྱས།།
ས་ཡ་དྲུག་གི་ཚབ་ཏུ་ལངས་ཏེ་རང་ལུས་རིན་ཆེན་བོད་ལ་སྤྱིན།།
མི་རིགས་ཆེད་དུ་ཡོད་ཚད་བློས་གཏོང་དཔའ་བོ་ཁྱེད་ཀྱི་མཛད་རྗེས་ནི།།
གོ་ལ་ཧྲིལ་བོ་འཕྲེད་ཀྱིས་བཅད་དེ་ས་ཆེན་འདི་རུ་ཁྱབ་པར་གྱུར།།
དངོས་གནས་རང་མི་རིགས་ཀྱི་རྩ་དོན་དང་བདེ་སྐྱིད་ཀྱི་ཆེད་དུ་གཅེས་ཤིང་དམར་པའི་དལ་རྟེན་གྱི་མི་ལུས་རིན་པོ་ཆེ་ཧོམ་ཞལ་དུ་སྤོར་ཐུབ་པའི་དཔའ་བོ་ཁྱེད་མྱུར་ནས་མྱུར་དུ་དྲག་བསྐྱེད་བྱུང་དེ་མི་རིགས་ཀྱི་དོན་དུ་འདི་ལས་ཀྱང་ཤུགས་ཆེ་བའི་བསམ་དོན་འགྲུབ་པ་དང། གལ་ཏེ་འདི་ནས་ཞིང་ཁམས་གཞན་དུ་གཤེགས་ཀྱང་རྗེས་ལུས་མི་རིགས་ལྷག་བསམ་དང་རང་ཞེན་དག་གིས་ཁྱེད་སླར་ཡང་མི་རིགས་འདི་ཡི་ཁོར་ཡུག་ཏུ་སྐྱེ་བ་བཞེས་ཏེ་སྔར་གྱི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་ངེས་ཡིན་པ་ནི་ཁྱེད་ཀྱིས་ཤེས་གསལ་ལས་ངས་སྨྲོས་ཀྱང་ཅི་དགོས།
ཁྱེད་ཀྱི་དགོངས་དོན་མཐའ་དག་འགྲུབ་པའི་སྨོན་འདུན་དང་བཅས་ཏེ།
ཀྱི་ཧུད་ཀྱིས་བསམ་པས་ཕུལ།
དཔའ་བོ་ཁྱེད་ཐུགས་རྗེ་ཆེ། ་བོད་རིགས་མང་པོ་ཞིག་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ནས་ད་བར་གྲུབ་འབྲས་མ་ཐོན་ནའང་། ་མགྱོགས་མྱུར་འཐོབ་པའི་སྨོན་ལམ་ཡོད།
རྗེས་སུ་ཡི་རང་ཞུ། དྲང་པོར་བཤད་ན། ང་ལ་རང་ནུས་མེར་བསྲེགས་ནུས་པའི་ཕུགས་བསམ་དང་། སྤོབས་པ་རྩ་བ་ནས་མེད། ང་དང་ང་འདྲ་བའི་བོད་མི་མང་པོ་ཡོད་ངེས། དེས་ན། བློ་སྤོབས་ཆུང་བའི་ཅོལ་ཆུང་ང་འདྲ་བ་ཚོས་ནང་ཁུལ་བྱིས་པའི་ཁ་རྩོད་མཚམས་བཞག་ན་བཟང་།
བོད་རྒྱལ་ལོ།
རྒྱལ་གཅེས་པ་ཁོང་གི་སྙིང་སྟོབས་དང་གཏོང་ཕོད་ལ་སེམས་ཁོང་ནས་གུས་འདུད་དང་སེམས་ཀྱིས་མཐོ་སར་འཇོག་གི་ཡོད་ལ་བོད་ནང་གི་བློས་གཏོང་བ་རྣམ་པར་ཚེ་སྲོག་གིས་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་རེད། ཡིན་ཡང་། བོད་ཕྱི་ནང་གཉིས་ཀི་སྙིང་སྟོབས་དང་ཆོད་སེམས་མ་འདྲ་ཙང་བྱེས་གྱར་བ་རྣམ་པས་འདི་ལྟ་བུའི་ཚེ་སྲོག་དབང་ལ་བཞག་ནས་བདེན་དོན་གྱི་ང་རོ་སྒྲོག་པ་ལོ་ངོ་མང་པ་ོཞིག་གི་ནང་ཐེངས་ཁ་ཤས་ལས་བྱུང་མེད།
བོད་ཕྱི་ནང་གཉིས་ཀྱི་དཔལ་བོ་དང་དཔལ་མོ་རྣམས་ཀྱི་སྙིང་སྟོབས་ནི་བསམ་གྱི་མི་ཁྱབ་པ་ཞིག་རེད། ཁོང་རྣམས་ཀྱི་ལུས་ལ་མཆེད་པའི་མེ་ལྕེ་དེ་ནི་ལྟ་བའི་མིག་གིས་མི་བཟོད་པ་ཞིག་རེད། ཁོང་རྣམས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པ་དང་། ཕྱི་མ་ཡང་བོད་རྒྱལ་ཁབ་ཡོངས་ལ་ཕན་ཐོག་ངེས་པའི་དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡང་ནས་ཡང་དུ་འདེབས།
དུས་བབ་དང་ངོ་དེབ། ཁ་བརྡ་ཚང་མའི་ནང་གི་མཆན་ཀློགས་པ་ཡིན་མོད། དཔའ་བོ་ཁོང་ལ་བསྟོད་པ་དང་སྨོན་ལམ་ཙམ་ལས་ཅི་ཡང་མི་འདུག བསྟོད་པ་དང་སྨོན་ལམ་གྱིས་ད་རུང་བོད་མིའི་ཚེ་སྲོག་གང་མང་མེ་ཐོག་ལ་འདེད་བཞིན་འདུག ད་ཚེ་སྲོག་ལ་གཅེས་སྤྲས་གནང་སྟེ་རང་ལུས་མེ་བསྲེགས་ཀྱི་ལུས་འགུལ་འདི་བོད་ཕྱི་ནང་གཉིས་ནས་མཚམས་འཇོག་དགོས་བའི་དུས་ལ་བབས་འདུག དཔའ་རྒཽད་ཚོའི་ཚེ་སྲོག་ལ་དཔག་པའི་གྲུབ་འབྲས་ཞིག་འབྱུང་གིན་མེད་པས་གསོན་གནས་གལ་ཆེན་རེད།
དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་དང་བོད་མི་རིགས་ཀྱི་བདེ་སྡུག་མེ་ལྕེའི་ནང་ནས་ལག་དམར་ཧུའུ་ལ་ངོ་རྒོལ་དང་འཛམ་གླིང་མི་དམངས་ལ་གསལ་སྟོན་གནང་བར་ཐུགས་རྗེ་ལན་བརྒྱར་ཆེ་ཞུ་དགོས་པ་རེད་ལ་གུས་བཏུས་དང་བསྔགས་བརྗོད་ཀྱང་ཞུ་དགོས་པ་རེད། འོན་ཀྱང་དྲ་འདྲེ་ཨུ་ཚུགས་མིང་ཅན་གྱིས་དཔའ་བོ་ཚོའི་མཛད་རྗེས་ལ་དམའ་འབེབས་དང་གྲུབ་འབྲས་མེད་ཚུལ་༧རྒྱལ་བའི་དགོངས་པ་དང་འགལ་ཚུལ་སོགས་དོན་མེད་དཀྲོག་གཏམ་མང་པོ་བཤད་འདུག་པས་སྨྱོ་ལབ་འདི་ལ་ཁ་ཡ་བྱེད་ལོང་མེད་ཀྱང་གཅིག་མ་བཤད་རང་བཤད་ཆགས་སོང་། འོ་ན་ཁྱོད་ཀྱིས་ཕྱོགས་གཅིག་ནས་གཞོན་ལྷན་དང་རང་བཙན་པ་ཚོས་གཅིག་འཇུག་གཉིས་མཐུད་ཀྱིས་མེར་བསྲེགས་རོགས་ཞེས་འབོད་བསྐུལ་འདྲ་ཞིག་དང་། ཕྱོགས་གཞན་ཞིག་ནས་མེར་བསྲེག་གི་ལས་འགུལ་དེས་འགྲུབ་འབྲས་མེད་ཚུལ་༧རྒྱལ་བའི་དགོངས་པ་མིན་ཚུལ་དོན་མེད་འཕྲོ་བརླག་ཡིན་ཚུལ། ད་དུང་གཞིས་ལུས་མི་དམངས་ཀྱིས་རྒྱ་གཞུང་གིས་རྡུང་བརྡེག་ཚ་ནན་དང་མནར་གཅོད་དམར་གསོད་ཁོ་ནར་བརྟེན་ནས་བོད་ཐོགས་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སྤུ་ཙམ་མེད་ཙང་འུ་འཐུག་ཐབས་ཟད་ཀྱིས་ལས་འགུལ་དེར་རྒྱ་གཞུང་གིས་ཕྱི་ནས་ཏཱ་ལའི་ཁ་བྲལ་རིང་ལུགས་ཀྱིས་ངན་བསྐུལ་དང་རྒྱུད་བསྐུལ་བྱས་ཚུལ་འགྲེལ་བརྗོད་བྱས་པ་ནང་བཞིན་ཁྱོད་ཀྱིས་གཞོན་ལྷན་དང་རང་བཙན་པ་ཚོས་གཞིས་ལུས་དཔའ་བོ་ཚོར་མགོ་སྐོར་བཏང་ཚུལ་སོགས་བསམ་བརྗོད་ལས་འདས་པའི་དཀྲོག་གཏམ་འདིས་་ཁྱོད་སུའི་ཕོ་ཉ་ཡིན་མིན་ངས་གཞི་ནས་ཤེས་སོང་། འོ་ན་ཁྱོད་ལ་འཕྲོ་བརླག་མིན་པ་གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་བསྟོན་དང་ངས་དང་ལེན་ཞུས་ཆོག། བསྟོན་རྒྱུ་མེད་ན་ངས་ཁྱོད་དང་ང་འདྲ་བའི་རང་ཉིད་ཅི་ཡང་མི་འཇོན་པས་གཞན་ལ་མེག་སྡུག་ལབ་མཁན་ཡོད་ཚད་ཀྱི་ཞལ་ལ་སྐྱག་པས་མཆོད་ལབ་འདོད་བྱུང་།
རྒྱལ་བའི་དགོངས་པ་ཡིན་མིན་གང་ལྟར་ཡང་། བོད་མི་རིགས་ཀྱི་བདེན་དོན་གསལ་ཆེད་ལས་དོན་གང་སྒྲུབ་ལ་མངོན་པར་བསྟོད་ཅིང་། ལས་དོན་དེའི་ཆེད་མི་སུ་འདྲ་ཞིག་གིས་ལུས་སྲོག་གཏོང་བཞིན་ཡོད་པ་དེས་བཀའ་དྲིན་རེད་ཅེས་མི་བརྗོད་པར་ཡོད་ཚན་བླ་མའི་བཀའ་དྲིན་བསམ་ནས་སྡོད་རྒྱུ་རེད་དམ།
བོད་ཀྱི་དཔའ་བོ་ སྐུ་ཉིད་མི་རིག་ཀྱི་དཔའ་བོ་ བོད་ཀྱི་དཔའ་བོ་ གུས་འདུད་ཞུ་་
གཞོན་ལྷན་གྱིས་ཟས་བཅད་ངོ་རྒོལ་བ་གསུམ་ཀྱང་གླས་པ་རེད། དེ་རིང་གི་ལས་འགུལ་བ་འདིའང་གཞཽན་ནུའི་ཚོགས་མི་མ་རེད། དངོས་གནས་བྱས་ན་ད་གཞོན་ནུ་དབུས་དང་ས་གནས་ཡོངས་རྫོགས་མེར་སྲེག་ནས་འཐབ་རྩོད་ཀྱི་འགོ་འཛུགས་དགོས་པ་རེད། དེའི་རྗེས་ཀླུ་དཀར་བྱསམ་དང་རས་དམར་པོ་པེད་ཤག་བ་ལ། དོན་གྲུབ་ལྷ་དར་སོགས་གང་དུ་ཡོད་དམ། ད་མེར་སྲེག་རོགས། སྐུ་མཁྱེན།
ཁྱེད་ཀྱིས་བློས་བཏང་ཆེན་པོའི་གོམ་ཁ་འདི།།
ནམ་ཡང་མི་བརྗེད་ས་ཡ་དྲུག་གིས་ནི།།
ཞི་རྒོལ་རྒྱལ་རབས་གསལ་བའི་མེ་ལོང་དུ།།
མཛད་བཟང་རི་མོར་བརྐོས་ནས་གུས་འདུད་ཞུ།།
ཡང་ཡང་འཐོབ་དཀའི་རིན་ཆེན་ལུས་རྟེན་དམར་པོའི་མེ་ཡིས་ལྷམ་ལྷམ་འབར།
མི་རིགས་སྐྱོབས་པའི་རེ་བསྐུལ་འབོད་སྐད་མགྲིན་པའི་དབྱངས་ནས་ལྷང་ལྷང་སྒྲོག
གཏོང་ཕོད་ཆེ་བའི་དཔའ་བོ་ཁྱེད་ནི་རྒྱལ་སྲས་སྙིང་སྟོབས་ཆེན་པོའམ།
པུར་རྒྱལ་ལྗོངས་ཀྱི་བཙན་པོའི་ཁྱུ་མཆོག་སྲོང་བཙན་སྒམ་པོའི་དཔལ་ལ་འགྲན།
བོད་རིགས་སྤུན་ཟླ་ཚོ། བློས་གཏོང་འདི་འདྲ་མང་མང་གིས་མི་ནུས་པ་བདེན་མོད། ནུས་ནུས་ལ་གཡོལ་ན་ཁྲེལ་དང་ངོ་ཚ་ནས་བུད་པ་ཡིན། རང་ཅག་རྣམས་མཐུན་སྒྲིག་རྡོག་རྩ་གཅིག་བསྒྲིལ་སྒོས། སྤྱི་སྒེར་ཚོགས་པ་གང་གིས་རུང་སྟེ། ཐ་ན་ལས་འགུལ་ཆུང་ཆུང་ཞིག་སྤེལ་ཀྱང་རུང་། དེས་ཅི་ཕན། ཁོས་ཅི་འཇོན་སྙམ་དུ་རྒྱང་བལྟས་རྒྱང་བཤད་ངང་གྱི་ནར་མི་འཇོག་པར། མཉམ་ཞུགས་འཕྱར་གྲུ་མཉམ་འདེགས། ནུས་ཤུགས་ཆུང་ཆུང་ཞིག་ཡིན་རུང་། ཕྱོགས་གཅིག་ཏུ་སྤུངས་པའི་དུས་ལ་བབས་ནས་གདའ་འོ། དེ་ལྟར་བྱས་ན། སེམས་དཔའ་ཆེན་པོ་ཁོང་རྣམས་ཀྱི་བཞེད་དགོངས་ཀྱང་རྫོགས་རྒྱུ་ཡིན། བོད་རྒྱལ་ལོ།།
ཐུབ་པ་ཡ། བདུད་ཀྱིས་རྒྱུད་བརླན་མེད་ན་སྐད་ཆ་འདི་འདྲ་ཞིག་ཁ་ནས་ཐོན་སྲིད་དམ། རང་ཉིད་མི་གང་གི་རིགས་སུ་གཏོགས་མིན་ལ་ཁ་ནང་བལྟས་ཤིག་བྱོས་དང་ཧ་གོ་ཡོང་། ཀྱེ་མ་ཀྱེ་ཧུད།
ད་ཡིན་ན་རྒྱ་ལྡོམ་ཚང་གི་ཧྥུ་ཅིན་ཐའོ་རྒྱ་གར་ལ་ཡོང་བ་དང་སྟབས་བསྟུན་ནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་གཞིར་བཟུང་ལྡི་ལིར་སྐད་འབོད་ཁྲོམ་བསྐོར་བྱས་ཏེ་སྔར་ལས་མ་ནུས་པའི་གླིང་ལ་གྲགས་པ་ཞིག་སྐབས་འདིར་བྱེད་དགོས་པའི་དམིགས་ཡུལ་ཡིན་ན་ཡང་ཁམས་རྟའུ་ནས་ཡིན་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེ་རུ་མཆོད་ནས་ད་ལྟ་སྨན་ཁང་ནང་དུ་གསོན་པའི་རེ་བ་ཕྲ་བའི་དུས་འདིར་ང་ཚོས་མུ་མཐུད་དུ་སྐད་འབོད་ཁྲོམ་བསྐོར་བྱེད་དགོས་པ་ནི་བཤད་ཅི་སྨོས།་་་ཡིན་ན་ཡང་རྒྱ་དཀར་ཚང་གིས་བཀའ་རྒྱ་འབྱོར་ནས་བོད་མི་སུ་ཡིན་རུང་ལྡི་ལི་བསམ་ཡས་གླིང་ནས་ཡར་མར་གང་ལའང་འགྲོ་བསྐྱོད་མི་ཆོག་པ་མ་ཟད་གལ་ཏེ་བོད་མི་ལྔའམ་དེ་ལས་མང་བ་མཉམ་གཅིག་ཏུ་འཛོམས་ན་འཛིན་བཟུང་བྱེད་ངེས་ཡིན་ཞེས་བཀའ་རྒྱ་ཐེངས་གཅིག་མིན་མང་པོ་སླེབས་འདུག་པས་ད་ང་ཚོས་ག་རེ་བྱ་རྒྱུ་ནི་སྐབས་འདི་འབྲེལ་གྱི་དྲི་བ་ཞིག་ཡིན་ཡང་དྲི་བ་ནི་དྲི་བ་རང་ཡིན་པས་བཀའ་ལན་སྐྱོན་མཁན་མེད་ཀྱང་གནད་འགག་མེད་མོད་ཕྱི་ཚེས་་༢༦་ནས་་༣༠་་བར་བོད་མི་སུ་ཞིག་ཡིན་ཀྱང་ཁེར་འགྲོ་ཁེར་འདུག་བྱེད་པ་ལས་གྲོགས་བཟང་ས་མཉམ་དུ་འཛོམས་ནས་རྒྱལ་སར་འཁྱམ་འཁྱམ་དུའང་འགྲོ་མི་ཉན་པ་འདྲ།་་་དེ་མིན་ན་ཁྱེད་རང་འཛིན་ངེས་ཡིན་པ་ནི་གོང་གི་བཀའ་རྒྱ་ལས་གསལ་བོར་ཤེས་ངེས་ཡིན་པས་དུས་འདི་དང་འབྲེལ་བའི་ཉིན་དེ་ཚོ་ལ་ལྡི་ལི་ནས་ཡར་འགྲོ་མར་འགྲོ་གང་ཞིག་བྱེད་ཀྱང་རང་ངོས་ནས་གཟབ་གཟབ་བྱ་རྒྱུ་ནི་ད་ལྟའི་གནས་བབས་ཆེས་ལེགས་ཤོས་ཡིན་པ་འདྲ་བས་ཚང་མས་དོ་སྣང་ཡོང་བར་ཞུ།
གནས་ཚུལ་གསར་འགྱུར་འདི་འདྲ་བ་ཤར་ཁུག་གིས་བཀོད་ཀྱི་མ་རེད། དངོས་ཡོད་གནས་ཚུལ་རྒྱལ་ཞེན་ལྷག་བསམ་ཅན་གཏོང་ཕོད་ལྡན་པའི་དཔའ་བོ་ཁོང་ལྟ་བུར་ཐོན་ཀྱང་ལུང་ཚན་གྱིས་བཀར་ཚར་ན་ཤར་ཁུག་ཞེ་མེར་ཚར་ནི་རེད་ཡ། ཤར་ཁུག་ནི་འཁྱོག་བཤད་དང་དཀྲོག་གཏམ་ལ་དགའ་མཁན་ཞིག་རེད་ཁ་སང་ནས་ཞུས་ཚར་ཡིན་པ། ང་ཤར་ཁུག་གམ་བློ་ཆོས་ལ་རྒྱུས་ཤིན་ཏུ་ཆེ་ཡ།
ཤི་ན་གསོན་ན་མགོན་པོ་འོད་དཔག་མེད་ཀྱིས་མཁྱེན་ནོ།།
དཔའ་བོ་ཁོང་གི་སྐུ་ལུས་ཀྱི་་བརྒྱ་ཆ་གོ་བརྒྱད་འཚུགས་འདུག་པས་གནས་སྟངས་ཛ་དྲག་སྐབས་འདིར་སྐྱབས་གནས་དགེ་འདུན་གྱི་སྡེ་དང་མི་མང་གང་མང་གི་ཐོག་ནས་རྒྱ་ཆེན་སྨོན་ལམ་གསོལ་འདེབས་གནང་རྒྱུ་གལ་ཆེའོ།།འཇམ་དཔལ་རྡོ་རྗེའི་ངག་ལ་དབང་འབྱོར་ཞིང་། །བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས། །བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན། །འཕགས་མཆོག་ཕྱག་ན་པདྨོར་གསོལ་བ་འདེབས། ། ཨོྃ་ཨཱཿགུ་རུ་བཛྲ་དྷ་ར་བྷ་ཌྜཱར་ཀ་མཉྫུ་ཤྲཱི་ཝཱ་གིནྡྲ་སུ་མ་ཏི་ཛྙཱ་ན་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིངདྷི་ཧཱུཾ་ཧཱུཾ། ༸བླ་མ་རྡོ་རྗེ་འཆང་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོི་དཔལ་བཟང་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། །བསིལ་ལྡན་ལྗོངས་འདིའི་ཕན་བདེ་མ་ལུས་པ། །གང་ལས་འབྱུང་བའི་བསམ་འཕེལ་ཡིད་བཞིན་ནོར། །རྒྱལ་བའི་དབང་བོ་བསྟན་འཛིན་རྒྱ་མཚོ་ཡི། །སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག། །
ང་ཚོས་སྐབས་འདིར་རྒྱལ་གཅེས་དཔའ་བོ་ཁོང་གི་ཆེད་དམ་དེ་མིན་འདས་པའི་དཔའ་བོ་དཔའ་མོ་དག་གི་སླད་དུ་རྒྱ་ཆེན་སྨོན་ལམ་དང་གསོལ་འདེབས་བྱ་རྒྱུ་ནི་གལ་ཆེན་ཡིན་པ་སུ་དང་སུ་ཞིག་ཡིན་རུང་ཤེས་ངེས་ཡིན་པས་དེ་ལ་རྩོད་གླེང་ཅི་ཡང་མེད་མོད།་་་་ཡིན་ན་ཡང་ང་ཚོས་སྨོན་ལམ་དང་གསོལ་འདེབས་ཙམ་ལ་སྐྱབས་བཅོལ་ནས་བསྡད་ན་དཔའ་བོ་ཁོང་གི་རེ་འདོད་དང་ཕུགས་འདུན་སྣང་མེད་དུ་བཞག་པ་མ་ཟད་རང་ལུས་མེ་རུ་སྒྲོན་ནས་ཚ་དམྱལ་ལས་ཀྱང་ཐུལ་བའི་སྡུག་བསྔལ་འདི་གསོལ་འདེབས་དང་སྨོན་ལམ་ཙམ་གྱིས་ཆེད་དུ་ནི་མིན་ལས་ཆེ་བས།་་་ང་ཚོས་གསོལ་འདེབས་སྨོན་ལམ་བྱེད་དགོས་ལ།་་་དཔའ་བོ་ཁོང་གི་རེ་འདོད་དང་ཕུགས་རེ་བཞིན་ལས་འགུལ་སྔར་ལས་མཐུ་ཆེ་ཞིང་དོན་ཕན་ལྡན་པའི་རང་བཞིན་ཞིག་ཅིས་ཀྱང་གོ་སྒྲིག་དགོས་པ་ནི་བཤད་མ་དགོས་པ་རེད།་་་དེ་བས་ཕྱོགས་གཞན་ནས་རང་ནུས་རྩལ་དུ་བཏོན་ནས་རང་རང་ས་ནས་ལས་འགུལ་གོ་སྒྲིག་གམ་ལས་འགུལ་རྩོམ་པ་ནི་སྐབས་འདི་འབྲེལ་གྱི་དཔའ་བོ་ཁོང་དང་ཁོང་ལྟ་བུའི་འདས་པོ་རྣམས་ཀྱི་རེ་འདུན་ཉག་ཅིག་ཡིན་པ་ནི་སུས་བལྟས་ཀྱང་མཐོང་གསལ་རེད།
ཀྱེ་ཀྱེ་་་རླབས་ཆེན་གྱི་དཔའ་བོ་དམ་པ་མི་རིགས་ཀྱི་མི་འོངས་པའི་བདེ་སྐྱིད་ལ་རེ་བའི་ཁེངས་ཞིང་རང་ལུས་རིན་ཆེན་དེ་མེ་རུ་བསྒྲོན་ས་ཡ་དྲུག་གི་ལས་དབང་བསམ་ནས་ན་ཟུག་ཡོད་ཚད་རྒྱང་དུ་འཕངས། དཔའ་བོ་ལགས་
ཨུ་ཚུགས་ཅན་ནས་རྒྱལ་བའི་དགོངས་པ་མ་རེད་ཅེས་བཤད་སྟངས་ལ་བལྟས་ནས་ཁོང་ནི་ཅི་འདྲའི་རྒྱལ་བའི་དགོངས་པ་སྒྲུབ་མཁན་ཞིག་ཡིན་པ་ཤུགས་ཀྱིས་བསྟུན་པའི་ཁུལ་ཡིན་མོད།་་་དོན་ངོ་མར་ཨུ་ཚུགས་མིང་ཅན་གྱིས་དགོངས་པ་ཅི་ཞིག་བསྒྲུབ་པའམ་ཅི་ཞིག་རྒྱལ་བའི་དགོངས་དོན་ཡིན་ཞེས་གྲུབ་འབྲས་ཤིག་མིག་སྟོན་བྱེད་རྒྱུ་ཡོད་དམ།་་་མེད་ན་ཁྱི་ལམ་དེ་འདྲ་ཞིག་ལབ་ནས་མ་ཡིན་ཡིན་མདོག་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ཅི།
“བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
དྲི་འཛིན་མགོན་དེས་ཐུགས་རྗེ་སྐྱོང་བར་མཛོད།།”
རླབས་ཆེན་གྱི་དཔའ་བོ་དམ་པ།
ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨུ་ཚུགས་དང་ཐུབ་པ་མིང་ཅན་གཉིས་གུང་ཁྲན་གྱིས་ཆེད་གཉེར་བྱས་པའི་བོད་མིའི་ཆིག་སྒྲིལ་གཏོར་གཞི་ཞིག་ཏུ་ངོས་འཛིན་ཐོག བོད་མིའི་ལུས་ལ་བོད་སེམས་མེད་པའི་མི་ངན་འདི་གཉིས་ལྟ་བུའི་དཀྲོག་གཏམ་ལ་བོད་མི་ཚང་མས་ཡིད་ཟབ་གནང་བའི་རེ་བ་ཡོད།།
ང་ཚོ་བོད་མི་རྣལ་མ་དག་གི་རེ་འདུན་ནི་བོད་མི་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་གཙང་མ་ཞིག་དང་རང་མི་རིགས་ཀྱི་རིག་གཞུང་བཀོལ་སྤྱོད་ལེགས་པོ་ཞིག་བྱེད་ཆོག་པའི་རང་དབང་ལེན་དགོས་དེ་ཡིན་མོད།དེ་ལེན་པར་རང་རང་སོ་སོ་ནས་ནུས་པ་རབ་དང་རིམ་པ་སྤེལ་ཆོག་པ་སྨྲོས་མེད་རེད།ཡིན་ན་ཡང་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱས་ནས་རྐྱེན་འདས་སུ་གྱུར་བ་དང་བཙོན་དུ་བཟུང་བ་རྣམས་ལ་ང་ཚོས་བཀའ་དྲིན་ཞུ་བ་ལས་སྡིག་དམོད་བྱས་ན་ང་ཚོ་ལ་མིའི་འདུ་ཤེས་སྐྱོན་མེད་ཞིག་མེད་པའི་རྟགས་ལས་གཞན་བསམ་བློ་བ་དང་ཆབ་སྲིད་པ་སོགས་གཟི་བརྗིད་ཅན་གྱི་མི་སྣ་གང་ཡང་མ་ཡིན་ནོ།།
རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ནས་མྱ་ངན་གུས་འདུད་ཞུ། བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཡིན་པ་ལས་དོན་ཆུང་ཞིག་གི་ཆེད་དུ་མ་རེད། དེས་ན་མེར་སྲེག་གི་ལས་འགུལ་སྤེལ་དགོས་ཞེས་བཤད་མི་ཐུབ་ཀྱང་ལས་འགུལ་འདི་མཚམས་འཇོག་དགོས་པའི་འབོད་སྐུལ་སུས་ཀྱང་ཞུ་མི་ཐུབ། གང་ཡིན་ཞེ་ན་ང་ཚོས་ལས་འགུལ་འདི་མཚམས་འཇོག་བྱས་ན་རྒྱ་གཞུང་གིས་ང་ཚོར་རང་དབང་དང་ཐོབ་ཐང་སྤྲོད་སྲིད་དམ། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པ་གནས་འཇུག་གི་རེད་དམ། འདི་ཚོ་ཡོང་མི་སྲིད་པ་ནི་འདས་པའི་ཉམས་མྱོང་ལས་ཤེས་ཐུབ། གལ་ཏེ་གོང་གསལ་འདི་ཚོ་བརླག་པ་ཡིན་ན་བོད་མིའི་ཚེ་སྲོག་གནས་ཀྱང་སྙིང་པོ་ཇི་ཙམ་འདུག་དགེ་མཚན་ཇི་ཙམ་འདུག རིན་ཐང་ཇི་ཙམ་འདུག་འདི་ཚོ་ལ་བསམ་བློ་གཏོང་དགོས། ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་མཁན་ཚོས་བོད་མིའི་ཚེ་སྲོག་གནས་ན་གོང་གསལ་འདི་ཚོ་མི་དགོས་ཤེས་གསུང་ཐུབ་བམ། གསུང་མ་ཐུབ་ན་ཁ་བཙུམ་ནས་བཞུགས་ཟེར་རྒྱུ་ལས་ཅི་ཡོད། གོང་ས་མཆོག་ནས་ཀྱང་ད་བར་དུ་འདིའི་ཐད་གང་ཡང་མ་གསུངས་པའི་རྒྱུ་མཚན་ཡང་འདི་ཚོ་ཡིན་པར་འདོད། ལས་འགུལ་གཞན་དག་སྤེལ་རྒྱུ་ཡོད་ན་ཡང་ལས་འགུལ་ཆུང་ཙག་གིས་རྒྱ་གཞུང་གི་མདུན་ལ་ནུས་པ་ཐོན་མི་ཐུབ་པ་འདས་པའི་ཉམས་མྱོང་ལས་ཤེས་ཐུབ། བོད་ནང་གི་བོད་མི་ཚོས་ཀྱང་ལས་འགུལ་ཆུང་ཙག་གིས་ནུས་པ་ཐོན་མ་ཐུབ་པར་འུ་ཐུག་པ་ལས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བར་ལས་སླ་པོ་མེད་པ་སུས་ཀྱང་ཤེས་གསལ་རེད། དེས་ན་དུས་འདི་འདྲའི་སྐབས་སུ་མི་སུ་ཡིན་རུང་བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་རྒྱུ་གལ་ཆེ་།
སྤུན་ཟླ་ཁྱེད་ཀྱི་དེ་ལྟའི་སྙིང་སྟོབས་ལ་ཁོ་བོ་བདེན་པའི་རྒྱབ་ལངས་ནས་ཡི་རང་ཤིན་ཏུ་ཆེ། ཁྱེད་དང་ཁྱེད་མཚུངས་ཀྱི་རང་རེའི་མི་རིགས་སྤུན་ཟླ་ཡོངས་ཀྱིས་རིང་ནས་སྙིང་དུ་གནག་པའི་འདོད་དོན་གང་མྱུར་སྒྲུབ་པ་ཞིག་སྟོན་པ་རིན་པོ་ཆེ། སློབ་དཔོན་རིན་པོ་ཆེ། འཕགས་མཆོག་མིག་མི་འཛུམ་བཅས་ནས་ཅིས་ཀྱང་གནང་བ་ཞིག་སྨོན་ལམ་འདེབས་རྒྱུ་ཡིན། འོན་ཀྱང་སྐབས་འདིར་ཞུ་འདོད་པ་ཞིག་ལ་རང་རེ་གངས་ཅན་པ་ཡོངས་ནས་རང་ལུས་ལ་བཅེས་པོ་གནང་རོགས། གང་ལགས་ཟེར་ན་རྟག་པ་མཐའ་བཟུང་གི་དབང་དུ་གལ་སྲིད་བོད་མི་ཡོངས་ནས་དེ་ལྟར་ལུས་སྲེག་གནང་ཚེ། གཅིག་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་ཐོབ་སྐབས་ཀྱི་གྲུབ་འབྲས་སམ་དམིགས་ཡུལ་འདི་ཡིན་ནམ་ཟེར་ན་མ་རེད། གཉིས་ནས་རྒྱུ་ཡོད་ན་དཔལ་འབྱོར་འགྲོ་གྲོན་བཏང་སྟེ་ཕ་སྐད་ཡི་གེའི་ཆེད་སློབ་ཡོན། སྤྱ་ཁྲལ་ཞལ་འདེབས། དབུས་དང་འབྲེལ་ཅན་འབྲེལ་མེད་ཚོགས་པའམ་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་བཞག་ཁག་ལ་བཏོང་རྒྱུ་སོགས་དང་། དེ་བཞིན་སློབ་སྦྱོང་ཡོད་ན་བེད་སྤྱོད་བཏོང་རྒྱུའི་དུས་ཚོད་སླེབས་པ་བཅས་བདེན་པ་རེད་དེ་ད་ལྟ་འཚོ་སྡོད་བོད་མི་ཡོངས་ནས་ལུས་སྲེག་མང་པོ་བཏོང་རྒྱུ་མེད། གསུམ་ནས་བྱ་ཐབས་འདི་སྤྱད་པས་དམར་པོའི་གཞུང་ལ་འགྱུར་བ་ཅང་མི་འགྲོ་ཁོ་ཐག་རེད། རང་རེའི་སྲིད་འཛིན་གྱིས་བཤད་པ་ལྟར་”རྒྱལ་ཚོགས་དེ་ནུས་ཤུགས་ཆེ་་ཤོས་མ་རེད་ཟེར་ན་ཡིན་པའི་ཚུལ་དང་ཡིན་ཟེར་ན་མ་རེད།” དེ་ལྟར་བཤད་པ་དངོས་ཡོད་གནས་ཚུལ་རེད། གང་ཡིན་ཟེར་ན་རྒྱལ་ཁབ་ཉི་བརྒྱ་ལ་ཉེ་བའི་རྒྱལ་ཚོགས་དེའི་ནང་ཁ་བཏད་ཕྱོགས་ལ་བརྒྱ་ཆ་སུམ་བཅུ་དང་། བཏང་སྙོམས་པ་བཞི་བཅུ་ཞེ་ལྔ། དེ་འཕྲོས་བརྒྱ་ཆ་ཉི་ཤུ་ལྷག་ཙམ་མ་གཏོགས་བོད་དོན་རྒྱབ་སྐྱོར་བྱེད་འཁན་མེད། དེ་ལྟའི་ཚོགས་པ་ཞིག་གིས་མགུལ་སྐྱོད་བཏོང་ཆེད་ལུས་སྲེག་བགྱིས་ཚེ་དམར་པོ་ལ་ཁ་བཏད་བཅག་ཐུབ་རྒྱུ་བཞག་སྟེ་ཁོ་པ་ཚོའོ་འདོད་དོན་ཏེ། གྲངས་ཉུང་མི་རིགས་རྩ་གཏོང་བཟོ་རྒྱུའི་རྒྱལ་ཁ་ལོན་གྱིན་ཡོད། དེ་སྲིད་ཕྱོགས་ནས་རེད། ཆོས་ཕྱོགས་ནས་བཤད་ན་རང་སྲོག་རང་བཅོད་ལྷ་བསད་པ་དང་མཚུངས་པ་སོགས་ཤོད་སྲོལ་ཡོད། མདོར་ན་ཁོ་བོའི་རེ་བ་ལ་རང་སྲོག་བཏོང་འཁན་མང་པོ་མི་ཡོང་བ་གྱིས། ལ་རྒྱ་དགོས། ཕ་སྐད་ཡི་གེ་སྦྱོང་། བདེན་དོན་མཐའ་བསལ་ཆེད་ཕྱོགས་ཡོངས་ནས་ཤུགས་གནོན་རྒྱག་དགོས། ལྷག་པར་དུ་དྲང་མོ་ཤོད་དགོས་པ་ཞིག་ལ་བཞིས་ཆགས་ནང་སྐྱེས་པ་ཚོས་ལྷག་པར་དུ་བོད་དོན་ལ་རྟོག་ཞིབ་བྱེད་རོགས། ང་རང་༡༩༩༧ ལ་བོད་ནས་ཡོང་སྐབས་ལོ་བརྒྱད་པ་ཡིན། འོན་ཀྱང་ད་ལྟའི་འཛིན་གྲྭ་བཅིུས་ཐོན་པའི་བྱེས་ཕྲུག་ལས་བོད་དོན་རྟོགས་སད་ཆེ་བ་ཡོད་ཅེས་བཤད་ཀྱང་ཐལ་ཆ་མེད། ད་དུང་དབུས་གཙང་པ་རྣམས་ལའང་དེ་རང་ཞུ་རྒྱུ་ཡི། ད་དེ་ཙམ་ཡིན། ཡང་ཁོས་མང་པོ་ཞིག་བྲིས་འདུག་ཅང་གོ་རྒྱུ་མིན་འདུག་ཟེར་འཁན་དང་ཡང་དོགས་པ་བྱེད་འཁན་འདྲའང་ཡོང་སྲིད། འོན་ཀྱང་ཁོ་བོས་དྲང་མོ་ཡིན་ཕྱི་གསལ་ནང་གསལ་ཡིན། ཁ་ཅིག་གིས་དྲང་མོ་ཡིན་ཚད་ཡག་པོ་མིན་པར་སེམས་འཁན་ཡང་ཡོད་ན་མ་ཕོག་ཅིག བདེན་རྒྱབ་ནས།
བོད་རང་དབང་གི་ཆེད་དུ་ལུས་སྲོག་ལོང་སྤྱོད་ཡོངས་སུ་བཏང་བའི་དཔའ་བོ་འཇམ་དཔལ་ཡེ་ཤེས་སོགས་བོད་ཀྱི་དཔའ་བོ་དཔའ་མོ་ཡོངས་ལ་གུས་འདུད་དང་ཡིད་རང་ཞུ།
གངས་རིའི་དཔའ་བོ་མདུན་དུ་མཆོངས་ཐལ།།
གངས་ལྗོངས་སྡུག་བསྔལ་མེ་རུ་གྱུར་ཐལ།།
གངས་ཅན་དཔའ་བོ་སོ་གཅིག་བུད་ཐལ།།
གངས་ལྗོངས་བླ་སྲོག་ཕྲ་རུ་ཕྱིན་ཐལ།།
ལྟེ་ཁྲག་དམར་པོ་ཁ་བའི་ལྗོངས་སུ་འཐོར།
གཞོམ་མེད་སྙིང་སྟོབ་བདེན་པའི་དོན་དུ་མཆེད།
གཅེས་པའི་རང་ལུས་མེ་ལྷའི་དཀྱིལ་འཁོར་དུ།
བོད་མི་ས་ཡའི་བདེ་སྡུག་ཕྱིར་བཏང་ཡང་།
ཇི་སྲིད་འཛམ་གླིང་འདི་ཉིད་གནས་ཀྱི་བར།
གྲགས་པའི་ཞབས་རྗེས་མི་ནུབ་བརྟེན་པར་ངེས།
འོན་ཀྱང་ཁྱེད་ཉིད་འདས་གཞུག་མ་ངེས་ཀྱང་།
ཁྱེད་ཀྱི་སྙིང་ལ་བརྣག་པས་བོད་ཀྱི་དོན།
མྱུར་དུ་བདེན་པས་གཡུལ་ལས་རྣམ་རྒྱལ་ཏེ།
མཐའ་མི་ཀླ་གློ་གདུག་པ་དམ་ཉམས་རྒྱ།
སྐད་ཅིག་མཆོག་གསུམ་མཐུ་ཡིས་འཇོམས་མ་ཐག།
གཞིས་བྱས་གཉིས་འཛོམས་བསྐལ་བཟང་ཡིད་དགས་གནས།
རྫོགས་ལྡན་གསར་པའི་དཔལ་ཡོན་ལ་འཆར་ཏེ།
དེ་ནས་བཟུང་སྟེ་འཇིག་རྟེན་མ་སྟོང་བར།
༧གངས་ལྗོང་མགོན་པོ་སྤྱན་རས་གཟིགས་དབང་གིས།
རྒྱལ་གཅེས་དཔའ་བོ་དཔའ་མོ་ལ་སོགས་པ།
གདོང་དམར་བོད་མི་འཛམ་གླིང་སྐྱེ་འགྲོ་ཀུན།
རྗེས་སུ་བཟུང་ནས་ཚེ་རབ་ཕྲེང་བ་དག།
མགོན་པོ་གང་དང་མི་བྲལ་འགྲོགས་པར་ཤོག།
ད་དུང་གུས་པས་ཁྱེད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལས་གཞན་ནུས་པ་གལ་མེད།
འཇམ་དཔལ་དབྱང་ཀྱི་བློ་གྲོས་མེད་ན་ཡང་། མེ་འབར་རལ་གྲི་ལྟ་བུའི་སྙིང་སྟོབས་ཅན་། མེ་ལྕེའི་ཀློང་ན་འགྱིང་བའི་དཔའ་ཉམས་དེས་། རྨུ་རྒོད་གང་རིའི་སེམས་ཁ་མགུ་བར་ནུས་།
རྒྱལ་བ་རྒྱལ་ཁམས་བོད་ལ་འདྲེན་པའི་དོན་། རྒྱལ་གཅེས་དཔའ་བོའི་སྲོག་འབུལ་བ་འདིས་། རྒྱལ་བའི་སྐུ་ཚེ་རི་དབང་ལྟར་བརྟན་ནས་། རྒྱལ་ཁམས་བོད་ཡུལ་བདེ་བའི་རྒྱུར་སྨོན་ནོ་།
རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ནས་མྱ་ངན་གུས་འདུད་ཞུ། བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་།་་ཁྱེད་ལ་གུས་འདུད་ཞུ།།
རྒྱལ་གཅེས་དཔའ་བོ་ཁོང་གི་ད་ལྟའི་གནས་ཚུལ་གསལ་བོ་ཞིག་ཁ་བརྡ་ཚང་གི་སྤེལ་བའི་སྐྱབས་འཇུག་ཞུ་ཞུ།
དེ་རིང་ཞོགས་པའི་ཆུ་ཚོད་ ༧། ༣༠ ཐོག་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་རཱམ་མན་ནོ་ཧར་ལོ་ཧའེ་སྟེ་ (Ram Manohar Lohia Hospital) སྨན་ཁང་དུ་སྐུ་གྲོངས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེགས་བཏང་རྗེས། རྒྱལ་ས་ལྡི་ལིའི་སྨན་ཁང་རཱམ་མན་ནོ་ཧར་ལོ་ཧའེ་ནང་འཁྱེར་ཏེ་མྱུར་སྐྱོབ་བྱས་ཡོད་ཀྱང་། ཆུ་ཚོད་ ༤༣ རིང་ལ་མ་གཏོགས་སྐུ་འཚོ་བཞུགས་གནང་ཐུབ་མི་འདུག སང་ཉིན་ཁོང་གི་སྐུ་ཕུང་བཞུགས་སྒར་རྡ་སར་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད་འདུག
༄༅།། སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་བཅད་དགོངས་སུ་གསོལ་
ཚེ་ལས་འདས་པ་དཔའ་བོ་འཇམ་དཔལ་ཡེ་ཤེས་གཙོ་བོར་འགྱུར་པའི་རང་ལུས་མེ་ལ་གྲོན་པའི་
རྒྱལ་གཅེས་དཔའ་བོ་རྣམས་སྲིད་པ་བར་དོའི་འཇིགས་པ་ལས་མྱུར་དུ་བསྐྱབ་ཏེ་མྱུར་དུ་བདེ་བ་ཅན་གྱི་
ཞིང་དུ་དྲང་པར་ཞུ་།།།
མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོགཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།