གསར་འགྱུར་མཁོ་སྤྲོད་པ། སྦྲ་རིགས་ཐོགས་མེད་།
ཕྱི་ཟླ་གསུམ་པའི་ཚེས་ཉེར་དྲུག་གི་ཉིན་གུང་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མཆོད་མེར་ཕུལ་རྗེས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་ཟང་ཟིང་ལང་ལོང་དུ་གྱུར། ཉིན་དེའི་ཕྱི་དྲོར་བོད་ཀྱི་གཞོན་ནུ་ཚོགས་པའི་སྣེ་ཁྲིད་འོག་ཏུ་བོད་མི་སྐྱ་སེར་རྒན་གཞོན་ལྔ་བརྒྱ་ལྷག་གིས་སྲིད་འཛིན་ཧོས་ཅེན་ཐོ་ལ་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ལྡི་ལི་རྒྱ་ནག་གཞུང་ཁང་གི་ཕྱོགས་སུ་གཤར། འོན་ཀྱང་། སྟབས་མ་ལེགས་བོད་མི་ངོ་རྒོལ་བ་ཡོངས་རྫོགས་རྒྱ་གར་སྐོར་སྲུང་དམག་མི་དང་ཉེན་རྟོག་པ་ཟུང་འབྲེལ་གྱིས་འཛིན་བཟུང་བྱས་ནས་ཏིས་ཧར་བཙོན་ཁང་དུ་ཁྲིད་སོང་བས་ད་ལྟ་ཡང་ཀློད་གྲོལ་ཐོབ་མེད་པ་རེད།
ཉིན་དེའི་རྗེས་ཀྱི་དེ་རིང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་རྫོགས་དམག་མི་དང་ཉེན་རྟོག་པའི་ལྟ་སྲུང་འོག་བཅུག་འདུག ལྡི་ལིར་མན་ཅི་གྲི་ལ་དང་བྷོ་ཏི་བྷིས་ཡར་བོད་མི་བཞི་ལྷག་མཉམ་དུ་འགྲོ་བའམ་འཛོམས་པ་མཐོང་ཚེ་ཐད་གར་བཙོན་འཇུག་བྱེད་ཆོག་པའི་བཀའ་རྩ་བསྒྲགས་འདུག
ལྡི་ལི་ལྷོ་ཕྱོགས་ངོས་ཀྱི་སྨན་ཞབས་སོགས་མཐོ་སློབ་ཁག་ཏུ་བོད་རིགས་སློབ་མ་ཡོད་ཚད་ཀྱི་མིང་དང་ཁ་པར་ཨང་གྲངས་བླངས་ནས་དྲ་ཐོག་བརྒྱུད་ཁོ་ཚོའི་འགྲོ་འདུག་ལ་ལྟ་རྟོག་བྱེད་བཞིན་འདུག་ཟེར།
དེ་རིང་ཉེན་རྟོག་པ་དང་དམག་མི་འཛོམས་ས་ཆེ་ཤོས་གཅིག་ནི་ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་སྡོད་ཁང་ཆགས་འདུག མདང་ནུབ་མཚན་དཀྱིལ་ནས་བཟུང་སྡོད་ཁང་འདི་ཡོངས་རྫོགས་དམག་གིས་བསྐོར་ནས་ཕྱི་ནང་གི་འགྲོ་འོང་ཚང་མ་བཀག་འདུག་པས། ཐ་ན་དེ་རིང་ཞོགས་པའི་ཐབ་ཚང་གི་ཟ་མ་དང་སྔོ་ཚལ་རིགས་ཀྱང་ནང་དུ་གཏོང་གྱིན་མི་འདུག ་སྡོད་ཁང་འདིར་སློབ་མ་ཉིས་བརྒྱ་ལྷག་ཡོད་ལ་ཁོ་ཚོ་མང་ཆེ་བར་དེ་རིང་དམིགས་མཐོ་སློབ་ཀྱི་ཡིག་རྒྱུགས་དང་ནང་སྦྱོང་དཔྱད་རྩོམ་གྱི་དུས་བཀག་ཐ་མར་ཐོན་པ་མང་བོ་ཡོད་ན་ཡང་སློབ་མ་གཅིག་ཀྱང་བཏང་མ་སོང་། སྡོད་ཁང་འགན་འཛིན་གཙོས་སློབ་མ་ཚང་མས་ཨུ་ཚུགས་དང་རེ་ཞུ་གང་མང་བྱས་ཀྱང་ངལ་མ་འབྲས་མེད་དུ་གྱུར། ཐ་ན་མཐོ་རིམ་སློབ་མར་སློབ་གྲྭར་མི་གཏོང་བའི་གནད་དོན་དེ་ཐད་གར་རྒྱ་གར་དབུས་གཞུང་དང་ནང་སྲིད་བློན་ཆེན་ལ་ཞུས་ཀྱང་ཡ་ལན་མེད་པར་གྱུར།
དེར་བརྟེན། ཐ་མར་སློབ་མ་ཚོས་དྲ་རྒྱ་བརྒྱུད་གནས་ཚུལ་དེ་གསར་ཁང་ཚང་མར་བཏང་བས་གསར་འགོད་པ་འདྲ་མིན་སྡོད་ཁང་དུ་འབྱོར་ལ་དེ་དང་མཉམ་དུ་སློབ་མ་ཚོས་ཀྱང་ནང་ལོགས་ནས་སྦྱར་ཚིག་འདྲ་མིན་ཕྱར་ནས་ངོ་རྒོལ་བྱེད་འགོ་བརྩམས། ་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ལྡི་ལིའི་བོད་རིགས་རྣམས་ཀྱི་འགྲོ་འདུག་དང་སྨྲ་བརྗོད་ཀྱི་རང་དབང་སྲིད་འཛིན་ཧོས་ཕྱིར་མ་ལོག་བར་ཏུ་འཕྲོག་པ་རེད་ཟེར། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་ལ་བོད་མི་ལྔ་བརྒྱ་ལྷག་བཙོན་ཁང་དུ་བཅུག་ནས་ཡོད། ཐ་ན་ལྷག་མའི་བོད་པ་དག་ཀྱང་ཁྱིམ་གྱི་བཟང་བཙོན་ཟེར་བའི་འོག་ཏུ་བཅུག་ནས་ཡོད། གལ་སྲིད་ཁྱེད་རང་བོད་མི་ཞིག་ཡིན་ཚེ་ཉིན་འདི་ཚོར་ལྡི་ལིར་རང་དབང་དང་ཐོབ་ཐང་གང་ཡང་མི་འདུག
ཡ་ཡ་ཡ་ སྨ྄་ར་དཀར་པོ་ཁྱེད་ཚང་སྨ་ར་ནག་པོ་ཚང་ལ་་དེ་འདྲའི་ཞེ་དགོས་དོག་ད་མེད་མོད།
ད་ཡིན་ན་་་་་
ངན་པ་ཉིས་ལོག་བགྱིས་ནས་བཟང་བོ་ཐང་ལ་བརྒྱག་འདོད་དང་།
ཁྱི་སྤྱང་མཉམ་སྦྲེལ་བགྱིས་ནས་ལུ་གུ་ཟ་འདོད་མིན་ན་་ཨ་མའི་ཤ་་་
རྒྱ་གར་ཡང་བལ་ཡུལ་དང་འདྲ་རུ་འགྲོའི་བའི་དུས་ཚོད་འདིར་བོད་མི་རྒན་གཞོན་བར་གསུམ་སེམས་
ཤུགས་ཆགས་མི་རུང་དཀའ་བ་དཔྱད་ན་འབྲས་བུ་བཟང་པོ་ལོས་ཡོང།
རང་དབང་གི་གནས་བབས་ཧ་ཅང་མཐོ་བའི་རྒྱ་གར་རྒྱལ་ཁབ་དེ་ཡང་ད་ལྟའི་ཆར་དྲག་པོའི་བྱེད་ལས་དང་མཚུངས་པ་ངོ་མ་ཡིད་མུག་པའི་གནས་ཚུལ་ཞིག་ཅི་ལ་མིན་ལོས་ཡིན། སྤྱིར་རྒྱལ་ཁབ་གཉིས་ཀྱི་བར་ཚོང་འབྲེལ་སོགས་གལ་ཆེ་ཡང་གཉོམ་ཆུང་བོད་མི་ཐོག་དེ་འདྲ་བྱས་དགོས་དོན་ཨེ་ཡོད།།
་འོན་གྱང་བོད་མི་ཚོའི་སེམས་ཤུགས་ལ་འགོག་ཐབས་ནམ་ཡང་མེད། བོད་རྒྱལ་ལོ།།
དྲ་ཐོག་གི་ཀློག་པ་བོ་ཚོ།
དགོངས་འགལ་མེད་པར་ཞུ། གནས་ཚུལ་དག་ས་གནས་ས་ཐོག་ནས་ཐད་གར་བཏང་བ་ཡིན་པས་ཡིག་ནོར་དང་སྡེབ་སྦྱོར་མི་ལེགས་པ་མང་དག་ཅིག་ཤོར་འདུག རྗེས་ཕྱོགས་སུ་གཟབ་ངེས་ཡིན།
དཔལ་འབྱོར་དང་ཐུག་དུས་བདེན་པ་གནང་མེད་དུ་བཞག་པ་དེས་བོད་མི་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་གསབ་ཏུ་མེད་པའི་གྱོང་གུད་ཆེན་པོ་ཞིག་འདོན་མི་ཟ་བར་ཡོང་ངེས་ཡིན། རྒྱ་གར་གཞུང་ནས་ཀྱང་གུང་ཁྲན་སྒེར་སྤྱོད་སྲིང་གཞུང་དང་དེའི་ལག་གཡོག་བལ་ཡུལ་གཞུང་གཉིས་ཀྱིས་སྤྱོད་ཚུལ་ལྟར། ཉམ་ཆུང་བོད་མི་རྣམས་ཀྱིས་བོད་མིའི་བཤས་པ་ལག་དམར་བ་ཧཱུ་ཅིན་ཐའོ་ལ་ངོ་རྒོལ་བྱ་རྒྱུའི་གོ་སྐབས་འཕྲོག་པར་བློ་ཕམ་ཚད་མེད་དང་་བཅས་འབོད་བསྐུལ་ཞུ་རྒྱུར། ཚེས་27ཉིན་ལྟ་བུ་མ་ཡིན་པར་སང་ཉིན་ནས་ཧཱུ་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རང་དབང་ཐོག་ནས་སྐད་འབོད་བྱ་ཆོག་པའི་འཐོབ་ཐང་ཆ་ཚང་སྤྲད་དེ། རྒྱ་གར་རང་ཉིད་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོ་མ་རླག་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན།།
ཨ་ཤི་རེ་གོ། ཞི་ལ་གཡར་མས་ཙི་ཙི་མི་སོད་ཟེར་བ་བདེན་ཀི་ཡ། སོ་སོ་ལ་ལུང་པ་ཞིག་མེད་ཚེ།
རྒྱ་གར་འདི་བ་ཚང་གིས་ང་ཚོ་ལ་ཡག་པོ་ཞིག་ཁྱོན་ནས་བྱེད་ཀྱི་མ་རེད།
ནེ་པ་ལའི་རྒྱ་ནག་གི་རྒྱུགས་ཁྱི་དེའི་རྗེས་སུ་སོང་འདུག
ཡང་བསམ་བློ་ཞིག་བཏང་ན། རྒྱ་གར་ལའང་ཁེ་སང་རེ་ལོས་དགོས།
བོད་པའི་ལས་དབང་ཟེར་བ་འདི་འདྲ་ཞིག་རེད།
གསར་འགྱུར་སྐྱིད་པོ་ཞིག་འདུག རྒྱ་གར། འཕགས་པའི་ཡུལ།
When you drink water of the land must respect law of the land too, no other chioce!!!
རྒྱ་གར་རང་དབང་ལུང་པ་ངོ་མ་ཡ་རེ་མཚན། འདི་འདྲ་ནུབ་ཕྱོགས་དང་ཨ་རི་སོགས་སུ་ནམ་ཡང་བྱེད་ཀྱི་མི་འདུག། ད་བོད་པ་ཚོས་གནས་ཚང་འདི་ལ་ཡིད་ཆེས་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད། ནམ་ཞིག་ཁྱི་སྤྱང་གཉིས་ཁ་མཐུན་ན་བོད་པ་མྱང་རྒྱུ་ཉག་གཅིག་རེད། བྱས་ཙང་བོད་པ་ཨ་རི་དང་ནུབ་ཕྱོགས་སུ་ཕྱིན་པར་ནོར་མེད་པ་འདྲ། ད་དུང་ནམ་ཞིག་རྒྱ་མིས་རྒྱ་གར་ལ་ཡུལ་གྱར་སྲིད་གཞུང་རྩིས་སྤྲོད་དགོས་ཞེས་རྫིག་རྫིག་ཅིག་བཏང་ན་གནས་ཚང་ལྟོ་ལྡིར་རྐང་རིང་འདི་ཚོས་ལམ་སེང་རྩིས་སྤྲོད་རྒྱུ་གདོན་མི་ཟའོ།
རྒྱ་གར་རང་དབང་ལུང་པ་ངོ་མ་ཡ་རེ་མཚན། འདི་འདྲ་ནུབ་ཕྱོགས་དང་ཨ་རི་སོགས་སུ་ནམ་ཡང་བྱེད་ཀྱི་མི་འདུག། ད་བོད་པ་ཚོས་གནས་ཚང་འདི་ལ་ཡིད་ཆེས་ཞེ་དྲག་བྱེད་རྒྱུ་ཡོད་པ་མ་རེད། ནམ་ཞིག་ཁྱི་སྤྱང་གཉིས་ཁ་མཐུན་ན་བོད་པ་མྱང་རྒྱུ་ཉག་གཅིག་རེད། བྱས་ཙང་བོད་པ་ཨ་རི་དང་ནུབ་ཕྱོགས་སུ་ཕྱིན་པར་ནོར་མེད་པ་འདྲ། ད་དུང་ནམ་ཞིག་རྒྱ་མིས་རྒྱ་གར་ལ་ཡུལ་གྱར་སྲིད་གཞུང་རྩིས་སྤྲོད་དགོས་ཞེས་རྫིག་རྫིག་ཅིག་བཏང་ན་གནས་ཚང་ལྟོ་ལྡིར་རྐང་རིང་འདི་ཚོས་ལམ་སེང་རྩིས་སྤྲོད་རྒྱུ་གདོན་མི་ཟའོ།
ངས་བསམ་ན་དེ་འདྲའི་བློ་ཡུལ་ལ་མི་བཤོང་བའི་བྱ་བ་ཞིག་མ་རེད་སྙམ། ཁོང་ཚོས་དེ་ལྟར་བྱེད་དབང་དུ་བཏང་ན་ཐང་གི་རྡོ་བླངས་ནས་རུམ་གི་དྲོད་བོར་ཞེས་པ་ལྟར་རང་ཉིད་ཀྱི་རང་དབང་དང་མང་གཙོའི་ཁེ་དབང་དངུལ་ལ་བརྗེས་བསྒྱུར་བྱེད་པའི་སྲིད་ཇུས་དེ་འདྲ་རྒྱ་གར་མི་མང་གིས་བརྟན་ནས་ཁེ་ལེན་མི་སྲིད། དེང་སང་སྲིད་དོན་མི་སྣ་མང་པོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་མང་། ཞི་བདེ་དང་རང་དབང་མང་གཙོ་ཡང་དག་པ་དེ་སྲིན་པོ་ལྟ་བུའི་དམར་ཕྱོགས་ལ་འབུལ་རྒྱུའི་བྲེལ་ཤ་ལངས་ཀི་ཡོད་མོད། འཛམ་གླིང་གི་སྐྱེ་བོ་ཚང་མས་རྣམ་དཔྱོད་ལྡན་པའི་ཐོག་ནས་རྒྱ་མཚོའི་རྦ་རླབས་འཕྱུར་བ་ལྟ་བུའི་ངོ་རྒོལ་བྱ་རྒྱུར་དུས་ཚོད་ཅུང་འགོར་རྒྱུ་མིན་པ་ངེས་གཏན་རེད།
དེང་སང་ལྟས་ངན་ཧུ་གཅིན་འཐུང་འདི་ལ་ཡོང་གྲབས་བྱེད་དུས་ལྡི་ལི་བོད་པ་ཚང་མ་བཙོན་པ་ལྟ་བུ་རེད་འདུག
དེ་རིང་ཞོགས་པ་ངའི་གྲོགས་པོ་པན་ཇིབ་ཁྲོམ་ར་ལ་ཞོགས་ཟས་ཟ་ལ་སོང་ནས་ཚུར་ཡོང་དུས་ཉེན་རྟོག་པ་དང་དམག་གིས་བཀག་འགོག་དང་དོན་མེད་སུན་གཙིར་གང་མང་བྱས་འདུག་ལ། ཐ་ན་དོན་མེད་བརྡུང་བརྡེག་ཀྱང་བྱེད་རྐྱང་རེད་བཞག་ལབ་བྱུང་། འོ་ཡ་ད་ཁག་པོ་རེད་འདུག
ཡ་རྒྱ་གར་ཡང་ནེ་པལ་ནང་གཞིན་ཆགས་ཚར་སོང་བ་རེད་ད་ཅི་བྱེད་དགོས་པ་རེད་འུ་་ཚང་གི་རྒྱལ་གཅེས་ཀྱི་དཔའ་བོད་དག་གིས་བྱས་རྗེད་ལ་གུས་པས་སྙིང་ཐག་ནས་གུས་འདུད་ཞུ་ཡིན་ན་ཡང་རང་གིས་རང་ལ་ཡོད་ཚད་མེ་རུ་ཕུལ་ན་ཡང་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་རྣ་བར་ལ་ཡང་མི་འཛིན་བ་ཚང་མས་མཁྱེན་གསལ་རེད་དེ་ཡི་རྒྱུ་སྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་ལབ་ན་རྒྱ་མི་དང་རྒྱལ་སྤྱི་ལ་གྱོང་གང་ཡང་མི་རེག་པ་རེད་དེ་འདྲ་ཡིན་ཙམ་ཁས་ཅི་ཡང་བཤད་མི་འདོད་པ་རེད་ང་ཚོ་བོད་མི་དག་ལ་རྒྱ་མི་བཅུ་ཤི་བ་དང་བོད་མི་གཅིག་ཤུ་བ་གྱོང་ཆེ་དེ་འདྲ་ཡིན་ཙམ་བོད་མི་ཚོས་རང་གིས་རང་ལ་བློས་མ་གཏོང་རོགས་ཞུ་གར་སྲིད་བོད་ཀྱི་རྩ་དོན་ཆེད་དུ་བློས་གཏོང་གནང་བ་ཡིན་ན་མིག་དཔེ་ཕྱི་ཡི་རྒྱལ་ཁབ་དག་ལ་ལྟ་ནས་རང་ཉིད་ཤི་བ་མཉམ་དུ་རྒྱ་མི་འཁྲིགས་བཟུང་བྱེད་ཉེན་དཔོན་རྒན་དག་ཀྱང་འཆི་ཐོབ་པ་ངེས་པར་དུ་བཟོ་དགོས་པ་རེད་དཔེར་ན་སྦེལ་ལ་དེན་དང་ས་དམ་ཧུ་སྲིན་ནང་གཞིན་མ་ནུས་ན་ཡང་དེ་འོག་བལྟར་ངེས་པར་དུ་བྱེད་དགོས་དེ་འདྲ་བྱེད་ཐུབ་ན་སྐྱེ་བ་བརླབས་ཆེ་ལ་འཆི་བ་གཟི་བརྗེད་ཡང་ཆེ་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་དོ་སྣང་མ་བྱས་རང་བྱས་ཞིག་བྱུང་ངོས
བོད་མིའི་བདེ་འཇགས་དང་རྒྱ་གར་བདེ་འཇགས་གང་ཡིན་ཡང་་་་་་ད་ཐེངས་མན་ཇི་ཀྲི་ལ་བཟང་བཙོན་འོག་ལ་བཅུགས་པ་ལྟ་བུར་འདིས་་་་་་་ཆེས་རང་དབང་ཆེ་བའི་རྒྱལ་ཁབ་ཆེན་པོ་རྒྱ་གར་ལ་ཕྱོགས་ཀུན་ནས་ལྟ་ཚུལ་ཡག་པོར་མི་ཡོང་བ་ཐག་ཆོད་པ་རེད།
ད་རེས་ད་ངོ་རྒོལ་བྱེད་ཀི་མི་འཇུག་ཁོ་ཐག་རེད་ད། མིན་ན་ད་ཧུའུ་རྒན་ལ་ངོ་རྒོལ་ཞིག་ག་རྣ་བས་མི་བཟོད་རྒྱུ་ཞིག་ཡེས་ན་བསམ་མ་དཱ། ད་ད་སྒོ་ཡ་འབུད་ཁ་མི་འཇུག་པ་འདྲ།
མི་འགྱུར་ཀྲི་ལའི་ཕྱི་ནང་བར་གསུམ་དམག་གིས་སྐོར་ནས་མི་གཉིས་གསུམ་མཉུ་དུ་འགྲོ་ན་སྐོར་སྲུད་བས་སྒོ་བཀག་ཅིང་། མི་འགྱུར་ཀྲི་ལའི་ཉེ་ཕྱོགས་ལ་གླ་བྱེད་རླངས་འཁོར་དང་རྐང་གསུམ་གླ་པ་སོགས་ཀྱང་སྐོར་སྲུང་བས་དབྱུག་དེད་ཚར་བར་མི་རེ་གཉིས་ཡར་མར་འགྲོ་བསམ་ཡང་རང་ཉིད་ལ་མོ་གྲ་མེད་ན་ཁག་པོ་ཆགས་འདུག
རྒྱ་ནག་དམར་པོས་ང་ཚོ་བོད་་ཚོ་གང་དུ་སོང་ཡང་དཀའ་ངལ་སྤྲད་པ་འདི་བཟོད་མི་ཐུབ་པ་ཞིག་རེད།
བློ་ཕམ་པ་ཞིག་ལ་༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་སྤྱི་ཚེས་ལྔ་ཉིན་ངེས་པར་དུ་ས་གཞན་ལ་ཐོན་དགོས་པའི་བཀའ་བཏང་ནས་ཁོང་རྣམ་གཉིས་ཉིན་མོ་དེར་རྡ་ས་རུ་ཕེབས་སོང་དེ་འདྲ་བསམ་ཚེ་སེམས་ལ་ན་ཟུག་མང་ཀི་ཡ།