རྩོམ་པ་པོ། སྐྱ་རེངས།
ནགས་ཀྱི་ཤིང་ཕྲན་དག་ནི་ཕན་ཚུན་གཙུབ།།
སྙན་བའི་བྱིའུ་སྐད་དག་ནི་ངེས་མེད་འབྱིན།།
རིང་ནས་བརྩེ་བའི་སྤྲ་དང་སྤྲེའུ་རྣམས།།
ཡལ་འདབ་ཤིང་གི་རྩེ་ལ་འདོད་པས་འཁྱུད།།
མོ་ཤིང་སྟོངས་བའི་དབེན་པའི་ནགས་རྫོང་ན།།
ཕོ་ཤིང་དག་ནི་ངེས་མེད་བཙན་གྱིས་གཙུབ།།
ཕོ་ཤིང་མེད་པའི་རི་རྫོང་དག་ན་ནི།།
མོ་ཤིང་ཕན་ཚུན་སྦྱོར་བ་ཕྱོགས་འདིར་གྲགས།།
རིང་ནས་ཆགས་པའི་འདོད་ལྡན་ཕོ་མོ་ཡང་།།
མཚན་མ་འདོམས་འཇུག་ཙམ་གྱིས་མི་འཚིམ་ན།།
ཕོ་ཡི་བླ་བར་ཕོ་ཡིས་བརྫུལ་བ་འདིས།།
གཅེས་པའི་བན་ཆུང་དག་ལ་ཇི་ལྟར་འཚིམ།།
གྲོང་གི་མཐའ་དང་དགོན་པའི་སྲད་ལམ་ནས།།
ངུ་མ་ཟུག་གིས་འབྱིན་པའི་གཟན་སྒྲ་དེ།།
དད་ལྡན་ཕོ་མོས་ཐོས་ན་དད་ལོག་སྐྱེས།།
ཆགས་རྒན་ཕོ་མོས་ཐོས་ན་འདོད་པ་འཕེལ།།
གྲོང་གི་བུ་དང་བུ་མོས་འུར་བརྗོད་ལས།།
རང་གིས་དངོས་སུ་མྱོང་ཞིང་མཐོང་བ་ཡི།།
ཆ་རྒྱུ་ཡོད་པའི་ཁོ་བོའི་གཏམ་འདི་ལ།།
བདེན་ནམ་རྫུན་ཡིན་བན་རྒན་དག་ལ་དྲིས།།
༢༠༡༡།༢།༡༢
༈ མཚན་མཐུན་ཆགས་སྤྱོད།
དམངས་ན་མཚན་མཐུན་ཆགས་སྤྱོད་གྲགས།།
དགོན་ན་ཐབས་མཁས་སྨོན་ལམ་གསོལ།།
འཁྲིག་པའི་རྣམ་པ་བགྲང་མི་ལོང་།།
ལ་ལས་བདེ་བ་ཚད་མེད་འབྱིན།།
ལ་ལ་ཕྱི་ཡི་རྣམ་པ་དགའ།།
འགའ་རེ་ནང་གི་བརླ་ཁ་ཆགས།།
མོ་རྒྱུད་ཅན་གྱི་བན་ཆུང་ཚོ།།
རྩོད་མེད་ལས་འདིའི་སྲོག་རྩ་ཡིན།།
བརླ་ཁ་འཇམ་པའི་བན་ཆུང་གཅིག།
བརླ་ཁ་རྩུབ་པའི་བན་ཆུང་གཉིས།།
འཇམ་རྩུབ་རམ་པའི་བན་ཆུང་གསུམ།།
ལས་འདིའི་ཐོག་མའི་གླེང་གཞི་ཡིན།།
འདེགས་འགྱོག་རན་པའི་སྒྱུ་རྩལ་དང་།།
བརླ་ཁ་དན་པའི་ཆེ་བ་དང་།།
རེག་བྱ་འཇམ་པའི་ཡོན་ཏན་གསུམ།།
མངའ་བའི་གཞོན་ནུ་དང་པོ་ཡིན།།
ཁ་མདོགས་མེད་པའི་བན་ཆུང་ཚོ།།
གཡོ་རྒྱུ་ཅན་གྱི་ཨ་ཁུ་འགའི།།
འདོད་པས་འབར་བའི་ཚ་རླབས་དེ།།
ཐེངས་གཅིག་འཇགས་པའི་སྡུག་སྐད་ཡིན།།
ཕྱོགས་དང་ཕྱོགས་ནས་ཕེབས་ཡོང་བའི།།
ཉམས་མྱོང་མེད་པའི་བན་ཆུང་ཚོ།།
སྒྱུ་མ་ལྟ་བུའི་བླ་རྒན་འགས།།
མཚན་མཐུན་གཅིག་གི་རྩེད་རོགས་ཡིན།།
དབྱངས་ཅན་ལྷ་མོའི་མཚན་གསོལ་བའི།།
མཛེས་པས་འབར་བའི་བན་ཆུང་ཚོ།།
བརྩེ་འདང་ཅན་ཅན་གྱི་དགེ་སློང་ཚོའི།།
འགྱུར་མེད་བརྟན་གྱི་མལ་གྲོགས་ཡིན།།
ཤམ་ཐབས་དོག་པའི་བན་འགའི།།
ལུས་པོ་གཙང་ཞིང་གྲལ་དག་པས།།
གྲྭ་སྨྱོན་འགའ་ཡི་མིག་འཕྲུལ་ན།།
ཆུང་འདྲའི་འཚོ་བ་བདེ་ཞིང་སྐྱིད།།
ཕྱི་ཡི་རྣམ་པ་མཛེས་ན་ཡང་།།
ནང་གི་བརླ་ཤིང་མ་འཇམ་ན།།
འཁྲིག་པའི་བདེ་བ་འབྱིན་དཀའ་བས།།
དེ་ལ་དེ་ལྟར་མོས་པ་ཉུང་།།
སྤྱི་ལ་བྱང་བ་གན་རྐྱལ་ཡིན།།
འདོན་པ་ཅན་ཚོས་སྦུབ་པ་དང་།།
སྟེང་འོག་བརྗེས་ནས་འཁྲིག་ན་ཡང་།།
མེད་དུ་མི་རུང་མཆིལ་མ་ཡིན།།
སྐྱེས་པོ་རེ་ལ་འདོད་པ་རེ།།
འདོད་པ་ཚིམ་སྟངས་མི་འདྲ་བས།།
རང་རང་གང་ལ་མཁས་པ་ན།།
དེ་ལྟར་འཁྲིག་པ་བདེ་བའི་ཆོག།།
༢༠༡༠།༣།༡།ལ།
༈ བརླ་རྐང་བར་གྱི་འཁྲིག་གཏམ།
བདག་གི་གཞོན་ནུའི་བརླ་ཡི་ཆེད།།
ཨ་ཁུ་འགའ་རེས་སྨད་གཡོགས་ཉོ།།
བླ་རྒན་འགའ་ཡིས་མགྲོན་དུ་བསུ།།
དེ་དུས་ཁོ་ཡང་གཅེས་ཕྲུག་ཞིག།
འཕྲིན་དང་ཁ་པར་བསྟུན་མར་འབྱོར།།
གསང་དང་ལྐོག་ནས་ཤབ་ཤུབ་ལབ།།
ཆགས་པའི་བླུན་མིག་ཡང་ཡང་སྟོན།།
དེ་དུས་ཁོ་ཡང་མཛེས་མ་ཞིག།
ཅི་ཞིག་དགོས་ན་ཁོ་བོའི་སྤྲོད།།
ཁོ་ལས་གཞན་པ་མི་ཆོག་ཞེས།།
བཙན་པའི་བསྒྲགས་ཚིག་སྤེལ་བས་ཚེས།།
དེ་དུས་ཁོ་ཡང་ཆུང་མ་ཞིག།
ཕྲག་དོག་ཅན་གྱི་བླ་རྒན་འགའ།།
བློ་དང་རིག་པའི་ཐབས་སྤྱད་ནས།།
མཚན་མཐུན་གཅིག་གི་རྗེས་སུ་བཟུང་།།
དེ་དུས་ཁོ་ཡང་མཛངས་མ་ཞིག།
བྱ་ཤ་ཉ་ཤ་མགྲོན་གྱི་ཟས།།
ཁུའུ་ལི་མངར་ཇ་བཏུང་བའི་ཆུ།།
སྐྱེས་པར་འཕུལ་བ་རྩ་ཆེ་བས།།
དེ་དུས་ཁོ་ཡང་བླ་རྫུན་ཞིག།
གོས་ཆེན་འབྲུག་མའི་སྟོད་འགག་དང་།།
འབུ་རས་ཐེར་མའི་གཟན་ཤམ་སོགས།།
མི་དགོས་ཟེར་ཡང་མནན་གྱིས་འབུལ།།
དེ་དུས་ཁོ་ཡང་ཨ་མཆོད་ཞིག།
གཏོང་ཕོད་ཅན་གྱི་བླ་རྒན་འགས།།
དམར་མདངས་ཁྱབ་པའི་སྒྲོན་མེ་འོག།
ཆགས་པས་གདུང་བའི་འཁུན་སྒྲའི་ཁྲོད།།
ཁོ་བོར་འདོད་པའི་དགའ་མར་རོལ།།
ལྷིང་འཇགས་དབེན་པའི་གནས་ཚང་དེར།།
མྱོས་པའི་ཤ་འགྱུར་ཁོ་བོར་གླན།།
འདོད་པའི་རྔུལ་ཆུ་ཁོ་བོར་འཐིམ།།
ཡིན་ཡང་ཁོ་བོས་ཅི་ཞིག་ཚོར།།
འདོད་ཧམ་ཅན་གྱི་གྲྭ་རྒོད་འགས།།
ལུས་ལ་འཐེམས་ཤིང་འཇིབ་པས་ན།།
དམར་བའི་ལྕེ་ཉིད་གཅོད་ལ་ཁད།།
ཁ་ཡི་ཕྱིས་ནང་རྫོགས་གྲལ་བྱེད།།
ས་སོ་ལྟ་བའི་བརླ་རྐང་བར།།
འདོང་བརྩེ་ཤུགས་ཀྱིས་འཕུར་ན་ཡང་།།
ཁྱོད་ཀྱིས་ཚོར་ཡང་ངས་མི་ཚོར།།
དེ་ཕྱིར་འདི་ལ་སུན་སྣང་སྐྱེས།།
ན་ཆུང་ཟླ་གཟུགས་དུས་ཀྱིས་བཅོན།།
གཞོན་ནུའི་བརླ་ཤིང་སྤུ་ཡིས་ཁེངས།།
བླ་རྒན་ཚོགས་ཀྱི་འདོད་གདུང་དེ།།
ད་ལྟ་བདག་གིས་སེལ་ཐུབ་བྲལ།།
༡༠༡༠།༣།༡༡།ལ།
༈ ཚེ་གཅིག་ལས་ཀྱི་སྐྱ་ཡ།
སྡོམ་པ་ཟེར་བའི་གསེར་གྱི་སྐེ་རྒྱན་ཞིག།
གཟུགས་མེད་སེམས་འདིའི་མགུལ་ལ་སྒྲོན་ཉིན་ནས།།
ཡིད་ཀྱིས་སྤྲུལ་བའི་སེམས་ཀྱི་ལྷ་མོ་ཞིག།
ཉིན་དང་མཚན་དུ་རེ་བའི་དམིགས་པ་བཏབས།།
གཞོན་ནུ་དུས་ཀྱི་ཉིན་ལམ་རིང་མོ་ཞིག།
བརྫུན་པའི་ཚུལ་གྱིས་དམ་པའི་འདུལ་ཁྲིམས་ཤིག།
བསྲུང་དང་མི་བསྲུང་འགལ་བའི་མདུད་བརྒྱའི་ཁྲོད།།
ཁེར་རྐྱང་མུན་པའི་གནས་སུ་རང་གིས་བཏབས།།
བརྩེ་བ་སྙིང་ལ་ཆགས་པའི་བུ་མོ་ཞིག།
གཤིས་བཟང་རྒྱུད་ལ་གྲུབ་པའི་མཛངས་མ་ཞིག།
འཇིག་རྟེན་ལུགས་བཞིན་ཚེ་གཅིག་སྐྱ་ཡ་རུ།།
མཛའ་བའི་སེམས་ཀྱིས་ཁོ་བོའི་སྙིང་ནས་བསུ།།
སྐྱིད་སྡུག་ལས་ཀྱིས་བསྐོས་པའི་མི་ཡུལ་འདིར།།
དྲན་པའི་སྙིང་ལ་རུམ་པའི་བུ་མོ་དེ།།
ཚེ་ཡི་ལོངས་སྤྱོད་མཛད་སའི་ཞིང་མཆོག་ཏུ།།
དེ་ཉིད་ཁོ་ན་ཁོ་བོས་བདག་གར་བྱ།།
མཚམས་སྤྲིན་ཉི་མར་བརྡབས་པའི་དགོང་ཀ་འདིར།།
མུན་པ་རི་ལ་བསྐྱིལ་བའི་ས་སྲོད་འདིར།།
རྨི་ལམ་ནང་དུ་མཛའ་བའི་བུ་མོ་དེ།།
ད་ལྟ་ཉིད་དུ་བདག་ལ་མཇལ་བར་ཤོག།
ཁྱི་སྤྱང་ཟླ་བར་ཟུག་པའི་དོ་ནུབ་འདིར།།
གྲང་རླུང་བྱུར་བུ་ལྡང་བའི་མཚན་མོ་འདིར།།
སེམས་ཀྱི་ཟླ་བར་འཁྱུད་པའི་ལྷ་མོ་དེ།།
འདོད་པའི་ལྷ་ཡིས་ཁོ་བོར་མཇལ་དུ་གསོལ།།
༢༠༡༢།༡༢།༤
བརླ་རྐང་ལ་གཡབ་དང་ན་དངོས་གནས་ཁག་མི་འདུག། རྨི་ལམ་ནང་གི་མཛེས་མར་མ་མཇལ་གོང་ཀུ་ཤུའི་ཀློག་ཀླད་ལ་སེམས་ཤོར་ན་དབྱིན་ཇི་ཚོས་སྐྱག་ཁུང་ནང་གཡབ་ན་ཐང་། རྨི་ལམ་ནང་གི་མཛེས་མར་མཇལ་བར་སྨོན།