ཁ་བ་སྐམ་པོ།
གསལ་བཤད་ཉུང་ངུ་། ནོར་གླིང་མཐོ་སློབ་ཀྱིས་སྒྲུབ་བཞིན་པའི་རང་མོས་བགྲོ་གླེང་འདི་ནི་སློབ་མ་ཚོའི་ངོས་ནས་བརྗོད་བྱ་རང་མོས་ཀྱིས་འདམ་ཞིང་དགེ་སློབ་ཡོངས་ཀྱི་ཧ་ཅང་ཀུ་ཡངས་བའི་གླེང་སྟེགས་ཤིག་ཡིན་པར་མ་ཟད། འདི་ལ་ནོར་གླིང་ཉམས་ཞིབ་སྡེ་ཚན་དང་། མཛད་རྣམ་སྡེ་ཚན་སོགས་ཀྱང་མཉམ་ཞུགས་གནང་གི་ཡོད། ད་ཐེངས་ཀྱི་བགྲོ་གླེང་འདི་སྐབས་ལྔ་བའི་རང་མོས་བགྲོ་གླེང་ཐེངས་བཅོ་ལྔ་བ་ཆགས་ཡོད་ལ། སློབ་སྐབས་འདིའི་ཐེངས་དང་པོ་ཆགས་ཡོད།
ནོར་གླིང་མཐོ་སློབ་ཀྱི་རང་མོས་བགྲོ་གླེང་ཐེངས་བཅོ་ལྔ་བའི་སྐབས་ཀྱི་གཏམ།
སྤྱིར་ངས་འདི་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཆེ་ཆེ་ཞིག་བཤད་རྒྱུ་མེད་ལ། གཞན་གྱིས་མ་བཤད་པ་ཞིག་སྐད་གཟེངས་མཐོན་པོས་སྒྲོགས་རྒྱུ་དེ་བས་མེད་མོད། འདིའི་རིགས་འདི་འུ་ཚོས་བཤད་དགོས་རྒྱུ་ཞིག་རེད་བསམ་གི སོང་ཙང་དེ་རིང་འདི་ནས་ཁ་མར་འཁོར་ཏེ་ཡིན་ཡིན་ཅོག་ཅོག་གིས་ཅིག་བཤད་ཁུལ་བྱེད་རྒྱུ་ཡིན།
ང་ཚོས་ལོ་རྒྱུས་རང་བཞིན་ཅན་གྱི་འུ་ཚོའི་རིག་གནས་ལ་ཕྱི་མིག་ཅིག་བལྟས་བ་ཡིན་ན། དོན་དངོས་སྟེང་འདི་མོ་ཞིག་རེད། དེ་འདྲ་ཡིན་ཙང་འུ་ཚོས་འདི་དག་ངེས་པར་ཤེས་དགོས་བ་དང་བཤད་དགོས་བ། སྒྲོག་དགོས་བ་ཞིག་ཏུ་ངེས་པར་མཐོང་སོང་བ་དེ་ཡིན། ཡ་་་་་་ད་ཉེ་བའི་ལོ་རྒྱུས་དང་། དུས་རབས་བདུན་པ་དང་བརྒྱད་པའི་ལོ་རྒྱུས་ལ་ཤེས་ཚོད་ཀྱིས་གཤིབ་བསྡུར་རེ་བྱས་ན་ད་གཟོད་ང་ཚོ་ཧམ་པ་སྐྱེ་དགོས་ས་དང་མིག་ཆུ་ཤོར་འགྲོ་ས་གང་མང་ཞིག་ཡོད་ཁུ། དུས་རབས་བདུན་པའི་ཡར་སྔུན་ལ་ཞེ་དྲག་ཞིག་བལྟ་མི་ཐུབ་ན་ཡང་ལོ་རྒྱུས་ཀྱི་རྒྱུ་ཆ་ཅུང་ཟད་ཡོད་པའི་རྒྱལ་རབས་སོ་གསུམ་པ་དང་སོ་བཞི་སོགས་ནས་བཟུང་ང་ཚོས་བསམ་གཞིག་གང་འཚམ་བྱེད་ཐུབ་ཀི སྐབས་དེ་དག་ལ་བཙན་པའི་སྙིང་སྟོབས་ཞེས་ཀུན་གྱིས་བསྔགས་བརྗོད་བྱེད་བཞིན་པ་ཡིན་ན་ཡང་། མང་མང་ཞིག་གིས་གང་ཞིག་རིག་ནས་བསྔགས་བརྗོད་བྱེད་མིན་ངས་ཐག་གི་གཅོད་མི་ཐུབ་ཀི ལར་ཤེས་ནས་བསྔགས་བརྗོད་དང་ཞན་ཆ་གླེང་མཁན་ཞིག་ཡིན་ན། སྐབས་དེ་དག་ལ་གསར་གཏོད་ཀྱི་འདུ་ཤེས་སྙིང་སྟོབས་ཟེར་ན་ཆོག་གི ཕྱི་ཕྱོགས་ཀྱི་ལེགས་ཆ་ནང་འདྲེན་གྱི་སྙིང་སྟོབས་ཟེར་ན་ཆོག་གི རང་ཉིད་མྱི་ངོ་ཤེས་བའི་ངོ་ཤེས་སྙིང་སྟོབས་ཟེར་ན་ཡང་ཆོག་གི་གང་ལྟར་ཡང་སྙིང་སྟོབས་མང་པོ་ཞིག་ཚོགས་ཤིང་ཉེར་ལེན་དེ་དག་གི་རྐྱེན་བྱས་ནས་ང་ཚོ་ལ་བཙན་པོའི་སྙིང་སྟོབས་ཀྱི་མྱི་གུ་འབུས་ཤིང་མགོ་ལྕོག་ཡང་འགུལ་བྱུང་བ་རེད། སྐབས་དེ་དག་ཏུ་ལྷ་ཆོས་དང་མི་ཆོས་གཉིས་ལས་མི་ཆོས་ལ་འདང་ཆེ་བ་དང་། ལྷ་ཆོས་དང་མི་ཆོས་གཉིས་ལས་མི་ཆོས་གཙུག་ཏུ་བཀུར་བ་རེད། དེ་ལྟར་བྱས་འབྲས་ལ་རྡོག་རྡོག་ཅིག་བཤད་ན་ང་ཚོའི་རྒྱལ་ཁབ་དར་བའི་རྩེ་མོར་སོན་པ་རེད་ལ། གྲགས་པས་ཨེ་ཤ་ཡར་ཁྱབ་པར་མ་ཟད། རྒྱ་ནག་གི་ཁྲང་ཨན་ཚུན་དང་རྒྱ་གར་གྱི་ཡུལ་མ་ག་ངྷ་ཚུན་ལ་བཙན་པོའི་རྟ་དམག་གི་རྨིག་སྒྲས་ཁྱབ་ཐུབ་སོང་བ་དེ་རེད། ཡིན་ན་ཡང་ལྟ་ཚུལ་འགྱུར་གྱིན་འགྱུར་གྱིན་དང་ཚོར་ཤེས་འགྱུར་གྱིན་འགྱུར་གྱིན་ང་ཚོ་དར་བ་ནས་རྒུད་པའི་ལམ་ལ་ཕྱོགས་ཤིང་ཆས་བ་དང་། རྒུད་པ་ནས་ད་དུང་རྒྱལ་ཁབ་ཁ་འཐོར་གྱི་ལམ་ལ་ཤུགས་ཀྱིས་གཞོལ་ཞིང་། ཤོབ་ཀྱིས་འཐེན་གྱིན་འཐེན་གྱིན་སོང་བ་དེ་རེད་ལ། ཤུགས་ཀྱིས་གཞོལ་ཞིང་ཤོབ་ཀྱིས་འཐེན་གྱིན་པ་དེ་ཡང་ད་ངས་གོང་ནས་བཤད་པ་ལྟར་འདུ་ཤེས་མི་གཅིག་པ་དང་། ཚོར་ཤེས་མ་འདྲ་བའི་དབང་གིས་ར་བྲག་འདོད་པ་བྲག་དང་ལུག་སྤང་འདོད་པ་སྤང་ལ་སོང་ནི་རེད། གང་འདྲ་བྱས་སོང་ནི་རེད་ཟེར་ན་བཤད་པར་བྱ་སྟེ།
ལྷ་ཆོས་རིག་གནས་གཙུག་འཛིན་བྱེད་རྒྱུ་མང་དྲགས་པས་དང་། ཕྱི་ཕྱོགས་ཀྱི་ལེགས་ཆ་ནང་འདྲེན་དག་ཅིང་ལྷ་ཆོས་རིག་གནས་གཙོ་བོར་བཟུང་པའི་ཉེར་ལེན་གྱིས་དང་། དེ་ཡང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་གཙོར་བྱས་ཀྱིས་གཙུག་འཛིན་བྱེད་རྒྱུ་མང་དྲགས་པས་རྐྱེན་གྱིས་མི་ཆོས་རིག་གནས་ལ་དོ་གལ་མེད་པ་དང་། མཐོང་མེད་པ་དང་བརྩི་བཀུར་མེད་པའི་འདུ་ཤེས་དེ་བསྐྱེད་པ་རེད་བསམ་གི དེ་ནས་རིམ་པ་རིམ་པའི་ཁྲི་རལ་སོགས་ཀྱི་དུས་ལ་བལྟས་བ་ཡིན་ན་ད་དེ་བཤད་མི་དགོས་ཀི་ཀུན་གྱིས་མཁྱེན་རྒྱུ་རེད། འུ་ཚོའི་རིག་གནས་ཐོག་ལ་བཅིངས་བའི་འདུ་ཤེས་དེ་ཐལ་ཆ་ཆེ་དྲགས་ཡོད་ནི་རེད་དམ་ཡོད་ནི་མ་རེད། དེ་ལྟར་བལྟས་ཡོང་དུས་ང་ཚོའི་སྔན་གྱི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་ལམ་ལུགས་དམག་དོན་ལམ་ལུགས་སོགས་ལ་འདུ་ཤེས་གང་བཟུང་བ་རེད། བརྩི་བཀུར་ཅི་བྱས་བ་རེད། རང་སྐྱོང་རིག་གནས་དེ་དག་ལ་རྒྱབ་ཕྱོགས་ཡོང་དུས་རང་གི་བུ་ལ་རང་གིས་སྟར་གྲིས་བརྒྱབ་པ་དང་ཅི་ཁྱད། ད་དུང་ཕྱི་ཕྱོགས་ཀྱི་ལེགས་ཆ་ནང་འདྲེན་ཕྱོགས་ནས་རང་གི་མི་རིགས་ཡར་སློང་བྱེད་ཀྱི་བཅུད་གང་བསྡུས་བ་རེད། རང་མི་རིགས་ཀྱི་བཙན་པོའི་སྙིང་སྟོབས་ག་ལེ་ག་ལེར་ཡལ་སོང་བ་མ་རེད་དམ། བཙན་པོའི་སྙིང་སྟོབས་ཡལ་སོང་བ་དང་དེའི་ཤུལ་དུ་འདུ་ཤེས་གསར་བ་ཟེར་ན་རེད། ལྟ་བ་གསར་བ་ཟེར་ན་རེད། འཛིན་སྟངས་གསར་བ་ཞིག་སླེབས་བསྡད་པ་རེད། དེ་ཡང་མགོ་རྒྱལ་བོ་ནས་དམའ་འབངས་མིའི་བར་སླེབས་བསྡད་པ་རེད། གཙུག་འཛིན་བྱས་བསྡད་པ་རེད། བཀུར་ཡུལ་དམ་པར་བཞག་བསྡད་པ་རེད། དི་བཞག་ན་ཆོག་གི་མིའི་འདུ་ཤེས་འཛིན་སྟངས་ཤིག་རེད་ཟེར་ན་ཐང་། དི་བདེན་གི་འོན་ཀྱང་རིག་གནས་བྱེ་བྲག་པ་ཞིག་གིས་རྒྱལ་ཁབ་ཞིག་གི་ཚབ་བྱེད་ཐུབ་རྒྱུ་མ་རེད། མི་རིགས་ཤིག་གི་ཚབ་ཡོངས་རྫོགས་བྱེད་རྒྱུ་ཟེར་ན་ད་ནོར་སོང་ནི་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཆབ་དཔལ་རིག་གསུམ་ལ་བརྟེན་ནས་སྟོབས་ཆེན་ཆགས་པ་ཞིག་རེད་མ་གཏོགས། བྱེ་བྲག་གི་རིག་གནས་ཤིག་གིས་ཡོངས་རྫོགས་ཀྱི་ཚབ་བྱས་ནས་སྟོབས་ཆེན་ཆགས་པ་ཞིག་གཞར་ཡང་མ་རེད།
འུ་ཚོ་ཆགས་ཡོད་ནི་མ་རེད་ལ་ཆགས་ཀྱང་ཐུབ་ནི་མ་རེད། ཡིན་ན་ཡང་འུ་ཚོས་ལྷ་ཆོས་རིག་གནས་ལ་གཙུག་འཛིན་བྱེད་རྒྱུ་མང་དྲགས་པ་དང་། ལྷག་པར་གོང་གི་རྒྱལ་བོ་ནས་དེ་ལྟར་བྱས་བ་རེད། དེ་དང་མཉམ་པོར་མི་ཆོས་རིག་གནས་ཟེར་ན་རེད་རྒྱལ་ཁབ་ཡར་སློང་བྱེད་ཀྱི་རིག་གནས་ལ་བརྩི་བཀུར་མེད་པ་དང་། མཐོང་མེད་པ་དང་། རིན་ཐང་མ་སྤྲད་པའི་དབང་གིས་རིམ་གྱིས་ཉམས་སོང་ནི་རེད་ལ། ག་ལེར་ཡལ་སོང་བ་ཡང་རེད། ཡང་ལྷ་ཆོས་རིག་གནས་ལ་རིན་ཐང་མེད་ཁུ་ཟེར་བ་གཏན་ནས་མིན་མོད། ཁྲི་རལ་བ་ཅན་གྱི་རིང་ནས་ལྷ་ཆོས་འཛིན་སྐྱོང་བྱེད་མཁན་དག་ཆབ་སྲིད་ཀྱི་ཁྲིར་འགྱིངས་བ་མ་ཟད། དམིགས་བསལ་མང་པོ་མང་པོ་ཞིག་ཁོང་ཚོར་གནང་འདུག་ག ཁོང་ཚོར་ལྷ་འབངས་གང་མང་ཕྱིན་པ་དང་ཁྲལ་དང་འུ་ལག་མ་བསྡུས་པས་རྒྱུ་རྐྱེན་ལ་བརྟེན་ནས་ད་གཟོད་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་འབབ་ཉུང་དུ་ཕྱིན། ཆོས་བར་བཀུར་བཟོ་ཚདབརྒལ་བྱས་བ་ལ་བརྟེན་ནས་ཆོས་བའི་གྲངས་ཀ་མང་དུ་སོང་འདུག དེ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དམག་གྲངས་ཡང་ཉུང་དུ་བུད་སོང་བ་རེད། འདི་ནས་རང་རྒྱལ་ཁབ་ཀྱི་དམག་ཤུགས་ཉམས་འགོ་ཚུགས་པ་ཡང་རེད། ཕྱི་ཕྱོགས་ནས་ལྷ་ཆོས་རིག་གནས་མ་གཏོགས་མི་ཆོས་རིག་གནས་ནང་འདྲེན་བྱེད་པ་དང་མཐོང་བཟོ་བྱེད་པ་ཉུང་བས་རྐྱེན་ལ་བརྟེན་ནས་ཕྱི་ཕྱོགས་ཆབ་སྲིད་ཀྱི་གནས་བབ་དང་ནང་གི་ཆབ་སྲིད་འཕེལ་རྒྱས་འགྲོ་རྒྱུ་མེད་པར་མ་ཟད། ཆོས་ལུགས་འཐེན་འཁྱེར་ལ་མགོ་འཁོར་ནས་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་གཏོང་བའི་འདུ་ཤེས་ཡེ་ནས་བྲལ་གྱིན་བྲལ་གྱིན་སོང་བ་རེད། འདི་ལ་དཔེ་མཚོན་ཞིག་བཞག་ན་ལྷ་ལུང་དཔལ་རྡོར་ལྟ་བུ་རེད། ཁོས་ཆོགས་ལུགས་གཅིག་པོར་བསམ་བློ་བཏང་ནས་མི་རིགས་དྲན་ཡུལ་ལ་མ་མཁོར་བ་རེད། དེ་འཁོར་ཡོད་རྒྱུ་ན་འུ་དམ་བཙན་བགྲོངས་རྗེས་འདི་བྱེད་ཀྱི་ཐབས་བཀོད་ཅིག་ངེས་བར་དུ་དགོས་རྒྱུ་རེད་མོད་དེ་མེད་སོང་ནི་རེད། འདི་གཅིག་རེད། གཉིས་ནས་སྐབས་དེ་དག་གི་སྔ་གཞུག་ཏུ་བོད་རང་གི་རིག་གནས་སྦྱོང་སའི་ཁོར་ཡུག་གམ་སློབ་གྲྭ་ངོ་མ་རེ་འཛུག་དགོས་བ་ཡིན་ཡང་། ཆོས་བ་དང་ཆོས་ལུགས་དབང་བཙན་པས་དེ་འདྲའི་ཁོར་ཡུག་ཅིག་མྱི་སུ་ཞིག་གི་ཡིད་ལ་དྲན་རུང་ཁ་ནས་ཤོད་མི་ཐུབ་པའི་ཚད་ལ་བརྒྱབ་འདུག་གི་བསམ་གི འདི་འདྲ་འདི་འདྲ་བྱས་ནས་ད་ང་་ཚོ་ཚད་དེ་རུ་ལྷུང་བ་རེད། དེ་རྗེས་ཀྱི་ས་སྐྱའི་དབང་མ་བསྒྱུར་གོང་གི་བོད་ཀྱི་གནས་བབ་དེ་འདྲ་བྱས་ནས་ཚར་སོང་ནི་རེད་ལ། ཚར་སོང་བའི་ཤུལ་དུ་ཡང་ཆོས་ལུགས་རིག་གནས་མུ་མཐུད་དུ་གནས་བསྡད་ཡོད་ནི་རེད་མོད། རྒྱལ་ཁབ་དང་མི་རིགས་སྐྱོང་བའི་རིག་གནས་ཁག་མེད་པར་གྱུར་སོང་བ་དེ་རེད། དེ་ནས་བཟུང་ང་ཚོའི་ལྷ་ཆོས་རིག་གནས་ཡར་རྒྱས་དང་འཕེལ་འགྱུར་ཆེས་ཆེར་ཕྱིན་པ་ཡིན་ཡང་། མི་ཆོས་རིག་གནས་ནི་རང་མི་རིགས་ལ་བཙའ་ཐུབ་རྒྱུ་ཕར་ཞོག་སྦྲུམ་ཐུབ་ཡོད་ནི་མ་རེད། འདི་འདྲ་བྱས་ནས་རྒྱལ་ཁབ་འཐོར་བ་དང་རིམ་གྱིས་མི་རིགས་ཚར་བའི་ཉེན་ཁ་ཧ་ཅང་ཆེ་བ་འདི་རེད། ཡིན་ན་ཡང་ང་ཚོའི་ད་དུང་དེ་ཐུར་ལ་མུ་མཐུད་ཀྱིས་ཡིན་ཉེན་ཁ་ཅན་གྱི་མདུན་སྐྱོད་འདི་མཚམས་འཇོག་རྒྱུ་མིན་ནམ།
ཕྱོགས་གཅིག་ནས་དཔེ་མཚོན་ཞིག་འཇོག ང་ཚོའི་བཙན་བྱོལ་ནང་ལ་ཆ་བཞག་ན་ཆོག་གི དགོན་སྡེའི་གྲངས་ཀ་ཅི་འདྲ་མིང་གི དེ་བཟང་གི་ང་ཚོས་དེའི་ཕྱོགས་ལ་ཤུགས་རྒྱག་དགོས་བར་མ་ཟད་ཤུགས་སྣོན་རྒྱག་དགོས་ཀྱི་འདུག འོན་ཀྱང་ཤུགས་སྣོན་དེ་སྤུས་ཀའི་ཕྱོགས་ལ་ཁ་དཀྱོག་རན་རེད། ཁྲ་ཁྲ་ཟང་ཟིང་གཅིག་པུས་མི་བ་གི་ཕྱི་ཡག་ནང་བཙོག་ལ་ནམ་ཞར་འཐམ་མི་ཉན་གི ལྷག་པར་དུ་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་གཞར་ཡང་དགོས་དོན་མེད་པར་མ་ཟད། མི་དགོས་བའི་གནས་ལུགས་འདི་བསམ་ཡོད་རྣམས་ཀྱིས་ཤེས་དགོས་ཀི་ངེས་བར་ཤེས་དགོས་ཀི་འདུག སྔན་ཆད་ཁྲི་རལ་སྐབས་ཆོས་པ་གཅིག་ལ་ཁྱིམ་ཚང་བདུན་གྱི་ཐོབ་དབང་ཡོད་ནི་རེད། ད་སྐབས་འུ་ཚོའི་ཆོས་པ་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་དབང་ཡོད་ནི་རེད། ད་འདི་དག་ཡང་མཚམས་འཇོག་རན་རེད། མཚམས་འཇོག་སྟངས་དེ་ཡང་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོས་ན་ཐོབ་དབང་དེ་དག་རང་ཤུགས་ངང་མེད་པ་ཆགས་རྒྱུ་རེད། མདོར་བསྡུས་ནས་བཤད་ན་ཆོས་སྲིད་གཉིས་ཀ་ཁ་ཁ་སོ་སོ་ཕྱེ་རན་འདུག རན་ནས་མི་ཚད་འཕྱི་ནས་འདུག འདི་གཅིག་ཡིན། སྤྱིར་བཏང་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ནས་འདུ་ཤེས་གསར་བ་དང་། ལྟ་ཚུལ་གསར་བ་སླེབས་ཡོང་བ་དག་ལ་བལྟས་ན། ང་ཚོས་བསམ་བློའི་བཅོས་བསྒྱུར་ཕྱོགས་ལ་གོམ་ཞེང་ཆེན་པོ་ཆེན་པོ་སྤོ་དགོས་བ་རེད་བསམ་གི འོ་་་་་་ད་དེ་ཡིན་སྤྱིར་ཕྲན་ནི་ལོ་རྒྱུས་དབྱེ་ཞིབ་པ་ཞིག་མིན་པའི་དབང་གིས་ཧ་ཅང་གི་བམ་བཤད་བམ་བཤད་ཞིག་བྱས་བ་ཡིན་པ་ལས་ཞིབ་ཚགས་ཀྱི་ཆ་འདི་ན་མེད་ཞེས་བཤད་དང་ཆོག་ནི་རེད།
དྲི་བ་དྲིས་ལན་གྱི་རྣམ་པ་ཅུང་འཐུས་ཚང་ཞིག་བྱུང་སོང་མོད་ཡིག་ཐོག་ཏུ་འགོད་མ་ཐུབ་པས་ཀློག་པ་པོ་དག་ལ་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན། སྤྱིའི་གཏམ་བཤད་ལ་འབྲི་སྣོན་ཉུང་ཉུང་རེ་བྱས་ནས་བཀོད་ཡོད། ༢༠༡༢/༨/༢༧།
ཡཡ་གྲོགས་པོ་སྐམ་པོ་ལགས། རྩོམ་ཡིག་འདིའི་མགོ་ནས་མཇུག་བར་དུ་མིག་ཤད་ཅིག་བརྒྱབ་པ་ཡིན། འདིར་བརྗོད་པ་དེ་གཙོ་བོ་མི་ཆོས་ཀྱི་སྐོར་བརྗོད་ཀྱི་འདུག དམ་པ་ལྷ་ཆོས་ཀྱིས་མི་རབས་ནས་མི་རབས་དང་དུས་རབས་ནས་དུས་རབས་ལ་མི་འགྲིག་ཚུལ་ཞིག་བརྗོད་འདུག ང་ཚོ་བོད་མི་རིགས་འདིའི་གནས་བབ་དང་རན་པའི་སྐད་ཆུ་ཐུང་ངུ་ཞིག་བརྗོད་ན་དམ་པ་ལྷ་ཆོས་ལས་འཇིག་རྟན་མི་ཆོས་མི་འཛའ་ཁོ་ཐག་རེད། རྒྱུ་མཚན་མང་པོ་མི་དགོས་ཏེ་བོད་མི་སྤྱི་ཡོངས་ནས་ཡིག་རྨོངས་པའི་ཟིན་ཡོད་པ་དང་། འཇིག་རྟེན་མི་ཆོས་ཀྱི་གོ་རྟོགས་རྙེད་རྒྱུ་ལོ་ངོ་མང་པོ་ཞིག་དགོས་པས་སོ། གཞན་དུ་ན་ཁྱོད་ཀྱིས་བཙན་བྱོལ་དུ་དགོན་པ་གྲྭ་ཚང་མང་སོང་བས་སྐོར་ཞིག་བརྗོད་འདུག དེ་ནི་སྐྱོན་ཆ་གང་ཡང་མ་ཡིན་པར་དེ་ལས་ལྡོག་སྟེ་བཟང་ཆ་གང་མང་ཞིག་བགྲང་རྒྱུ་འདུག དགོན་པ་གྲྭ་ཚང་གི་ལས་སྣེ་མོད་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་བོད་པའི་དོན་དངོས་ཀྱི་གནས་ཚུལ་དང་བདེན་པ་ར་སྤྲོད་བྱེད་པའི་བརྒྱུད་ལམ་ཞིག་བཟོས་པ་རེད། འདིའི་ཕྱོགས་ལ་བསམ་བློ་གཏོང་ཨེ་མྱོང་། གྲོགས་པོ་སང་ཉིན་ནས་བཟུང་ལམ་རིམ་ལ་བློ་སྦྱོང་དང་དེ་གས་འགྲིག་འདུག་་་་་་་་་་་་་མི་ཆོས་གཡུགས་ཞོག
ཕལ་ཆེར་སྒྲ་ཐག་ལས་བཤུས་པ་ཡིན་ས་རེད། དེ་མིན་ཀློག་དཀའ་བ་མ་ཟད་གོ་ཡང་དཀའ་བ་འདི་འདྲ་ཡིན་མི་སྲིད། གལ་སྲིད་དྲ་ཐོག་ཏུ་སྤེལ་ན་དཔྱད་རྩོམ་ཨ་མ་རང་སྤེལ་ཐུབ་ན་ཕན་ཐོགས་ཆེ་བར་འདོད། དེ་མིན་བཤད་མི་ཤེས་ན་མ་བཤད་ཀྱང་ཆོག་མོད། བཙན་གྱིས་བཤད་ན་ཕན་ཐོགས་གང་ཡང་མེད་སྙམ། ངོ་ཤེས་སྙིང་སྟོབས་ཞེས་པ་དང་། རྒྱལ་ཁབ་ཁ་འཐོར་གྱི་ལམ་ལ་ཤུགས་ཀྱིས་གཞོལ་ཞིང་ཞེས་པ། མགོ་ལྕོག་ཡང་འགུལ་བྱུང་བ་རེད་ཅེས་པ། ཤུགས་ཀྱིས་གཞོལ་ཞིང་ཤོབ་ཀྱིས་འཐེན་གྱིན་ཞེས་པ་སོགས་ཅི་ཞིག་ཡིན་ནམ། རྩོམ་ཡིག་ཧྲིལ་པོ་བཀླག་ཐུབ་མ་སོང་ལ་ཀློག་འདོད་ཀྱང་སྐྱེས་མ་སོང་། དགོངས་དག
རིན་སྒྲོལ་ལགས་ཀྱིས།
འགན་ཞིག་འཁྱེར་འགོ་བཙུགས་འདི་ལ། དགའ་བསུ་དང་རྗེས་སུ་ཡི་རང་ཡོད་དོ། བོད་རིགས་བུད་མེད་ཚོ། ད་ངར་ཤོག ཕེབས་ཤོག ཀློགས་དང་། མང་ཙམ་འབྲི་རོགས་གནོངས་དང་།
བཙུགས། འདི། བཙུགས་པ་ལ་བཅོས།
ཆོས་དང་སྲིད་ཁག་ཁག་དབྱེ་དགོས་པ་དངོས་བདེན་རེད། འོན་ཀྱང་སྲིད་ཀྱི་ཕྱག་ལས་གནང་དུས་ཆོས་དང་བསྟུན་ཅི་ཐུབ་མཛད་དགོས། དེར་བརྟེན་ཆོས་བརྒྱུད་སྤྱི་འཐུས་ཉུང་ཙམ་ཡོད་པ་ལ་ཕན་པ་ལས་གནོད་པ་མི་ཡོང་སྙམ། དེང་སང་འཛམ་གིང་གི་མི་དཔོན་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་དད་གུས་དང་དག་སྣང་ཤུགས་ཆེར་བསྐྱེད་བཞིན་པ་ཡང་རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་འོ་མཚོ་ལས་བྱུང་བའི་འཛམ་གླིང་ཞི་བདེའི་ལྟ་བ་ལ་བརྟེན་ནས་རེད་དྲན། འཛམ་གླིང་གི་མི་དཔོན་ཆེན་པོ་སྟེ་སྲིད་དོན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་འཛམ་གླིང་ཞི་བདེའི་ལྟ་བ་ལ་དོ་སྣང་མཛད་པ་ནི་དེས་སྲིད་དོན་ལ་ཕན་ཁྱད་ཆེན་པོ་ཞིག་སྟེར་བའི་ནུས་པ་ཡོད་པ་མཐོང་བས་ཡིན་པ་ལས། དེ་མིན་དེ་འདྲའི་དོ་སྣང་བསྐྱེད་དགོས་དོན་ག་ལ་ཡོད། འབྲུག་རྒྱལ་པོའི་ཐུགས་དགོངས་ལས་བྱུང་བའི་རྒྱལ་ཡོངས་དཔལ་འཛོམས་ཀྱི་ལྟ་བ་ལ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོ་སྣང་གནང་ཡོད་རེད། དེ་ཡང་ཞི་བདེ་བསྐྲུན་པའི་ལྟ་བ་རེད་ལ། ཞི་བདེ་ནི་སྤྱོད་པ་འཚེ་བ་མེད་པ་ལས་འབྱུང་དགོས་ཤིང་། དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་གསུངས་པས་འཛམ་གླིང་ཞི་བདེ་དང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སོགས་མིང་ཇི་ལྟར་བཏགས་ཀྱང་དོན་དངོས་ལ་དམ་པའི་ཆོས་ཀྱི་ལྟ་བ་ཡིན། དེར་བརྟེན་ངས་སྨྲ་འདོད་པ་ནི་སྲིད་དོན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་ཀྱང་སྲིད་སྐྱོང་གི་ཆེད་དུ་དམ་པའི་ཆོས་ཀྱི་ལྟ་བ་ལ་ཁ་ཕྱོགས་པ་ལ་གཞིགས་ཚེ། དམ་པའི་ཆོས་ཀྱི་ལྟ་བས་སྲིད་སྐྱོང་ལ་གནོད་ཚབས་ལྟ་ཞོག་ཕན་ཁྱད་ཆེན་པོ་ཞིག་ཡོད་པར་གདོན་མི་ཟ་ཞེས་རྒྱུ་ཡིན་ནོ། །
མི་རིགས་རང་ལུགས་ལ་ཁྱད་ཆོས་ག་རེ་ཡོད་པ་རེད། མི་རིགས་ཁོ་ནའི་གནད་དོན་རྐྱང་རྐྱང་གླེང་གི་བསྡད་ན་མགོ་ཡར་འགྱོག་པའི་གོ་སྐབས་ཡོད་པ་མ་རེད། འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་། མིའི་རིགས་ཀྱི་ཤེས་ཡོན་རིག་གནས་འཕེལ་རྒྱས་འགྲོ་བར་གོ་ལ་གཅིག་གྱུར་གྱི་དགོངས་པ་བཞེས་དགོས་པ་རེད། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་རིག་གནས་གསར་བརྗེ་བོད་དུ་བསླེབས་ནས་བོད་ཀྱི་རྩ་ཆེ་རིག་གནས་ལ་གཏོར་རྒོལ་བཏང་བ་དང་བཙན་པོ་འུ་དུམ་གྱིས་བོད་ཀྱི་ལྷ་རྟེན་ཆོས་གསུམ་ལ་མེར་བསྲེགས་ཆུར་བསྐྱུར་བཏང་བ་གཉིས་ལ་ཁྱད་པར་ག་རེ་འདུག །བཙན་པོ་འུ་དུམ་གྱིས་བོད་ཀྱི་མི་ལ་དགོངས་པ་བཞེས་མྱོང་ཡོད་ན་བོད་མི་རིགས་ལ་ལག་རྗེས་ག་རེ་བཞག་ཡོད་པ་རེད། ཤོད་དང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ལ་འཛམ་གླིང་སུམ་གཉིས་དབང་བསྒྱུར་མཛད་བཞག་པ་དང་ནང་བསྟན་རིག་གནས་ནང་འདྲེན་བྱས་པ་མཚོན་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་རྗེས་བཏང་ཡོད་པ་གླང་དར་གྱིས་གཏོར་བཤིག་བཏང་དགོས་པ་ག་རེ་རེད། སྐབས་དེ་དུས་བོད་པ་ཚོ་མི་རིགས་ཀྱི་འདུ་ཤེས་མེད་ཟེར་བ་ནི་ཇི་འདྲའི་བྱབ་ཆུང་ཞིག་རེད། ལྷ་སྲས་དར་མ་ལ་ལག་རྗེས་བགྲང་རྒྱུ་ག་རེ་ཡོད།
ཁ་བ་སྐམ་པོས་ཨམ་སྐད་ལ་བདག་པོ་བརྒྱབ་པར་ཤིན་ཏུ་དགའ།
དེ་ན་འདི་ནས་ངས་ཁྱོ་ལ་རྩ་ཚིག་ཞིག་གོས་ཐོས་སུ་འབུལ་དགོས།
ཨམ་སྐད་ངག་གི་སྦྱོར་བ་ལ།།
ཀི་གི་འི་གསུམ་རྗེས་འཇུག་ཅུར།།
ད་བ་ཡང་འཇུག་ད་ས་ཀི།
ན་མ་ར་དང་ག་ང་གི།
ས་འ་ལ་དང་མཐའ་མེད་འི།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
དཔེར་ན།
ཀི
བོད་ཀི་མྱི། ཁབ་ཀི་རྩེ། སྦྲུལད་ཀི་མགོ། སྐྱབས་ཀི་ལྷ།
གི
དཔོན་གི་བཀའ། གནམ་གི་སྤྲིན། མཁར་གི་རྩིབ། དམག་གི་ཞྭ། རང་གི་སྡེ།
འི
བྲིས་འི་ཡི་གེ། མཐའ་འི་ལུག། ཤུལ་འི་ཟོག། འབྲི་འི་ནུ་མ།
ལྟ་བུ་འོ།
གོས་ཐོས་མ་རེད་གོ་ཐོས་ལ་བཅོས་རོགས།
ཁ་བ་གངས་ཅན་པར་ངན་དགུ་ཡོད་ཚོད་བོད་ཀྱི་རིགས་གཞུང་རྙིང་པ་དང་། ཆོས་ལུགས་མི་སྣས་བྱས་པའི་ལྟ་ཚུལ་འདི་དག་ནི་དེང་སྐབས་རིགས་གསར་བྱ་དངོས་འདོད་རྔམས་ཅན་གྱི་ཁ་འོག་ལག་འོག་ཏུ་གྱུར་ནས་རང་྄ཕྱོགས་མེད་པས་མི་བུ་དག་དག་རེད། ཁོ་ཚོས་རང་མི་རིགས་ཀྱི་རིགས་གཞུང་གི་ཁྱད་ཆོས་དང་དོན་སྙིང་ངོ་མ་དེ་ཤེས་ཀྱི་མེེད་ཁར། གསར་དད་ཙམ་ལས་མི་རིགས་ཞིག་དང་མི་བུ་ཞིག་གིས་འཇིག་བརྟེན་འདིར་བྱ་བཞག་ངོ་མ་དེ་ཡང་ཤེས་ཀྱི་མེད། ཐ་ན་དེ་སྔོན་བོད་དུ་སློབ་གྲྭ་ཚད་ལྡན་ཙམ་ཡང་མེད་པ་དེ་ཆོས་ལུགས་མི་སྣས་བྱས་པ་བཤད་པ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ལ་བློ་ཁ་འཁོར་མཁན་ཞིག་གིས་དཔྱད་ན་གད་མོའི་རྒྱུ་ལས་མེད།
དྲ་གྲོགས་རྣམ་པ་ཕེབས་པར་དགའ་བསུ་ཡང་ཡང་ཞུ་བཞིན་ཡོད།
ཆོས་བ་ཚོའི་མི་ཆོས་གཡུགས་ཤོག་ཟེར་ན་དི་དོན་མཐུན་རེད། དི་འགྲིག་ན་ཐང་ཡིན་ཡང་བོད་རྒྱལ་ཁབ་དང་བོད་མི་རིགས་ད་དུང་ས་སྒང་འདིར་འཚོ་དགོས་བ་མ་ཟད། འཛམ་གླིང་མི་དམངས་ཀི་རྗེས་ཨེ་ཟིན་བལྟ་ལོས་དགོ་འདི་གཅིག་ཡིན། བཙན་བྱོལ་ནང་དགོན་པའི་གྲངས་མང་ནི་རེད་དི་འགྲིག་གི་བཟས་ཡོད། འོན་ཀྱང་སྤས་ཀ་ཡར་རྒྱས་ལ་གཏོང་དགོས་ཀྱི་འདུག་ཟེར་བ་ཡིན་རུལ་སུངས་མེད་པར་བཟོ་དགོས་ཀྱི་འདུག་ཟེར་བ་ཡིན། ད་དུང་ཆོས་པ་དེ་དག་ཆོས་པ་ངོ་མ་ཞིག་བྱ་དགོས་ཀྱི་འདུག་ཟེག་གི་ཡོད། འདི་གཉིས་ཡིན། ཡིག་རྨོངས་ཀྱི་ཕྱོགས་ནས་ཁྱོད་ཀྱི་མ་ཤེས་ནི་ཡིན་རྒྱུ་རེད། ད་སྐབས་ཡིག་རྨོངས་བའི་གྲངས་ཉུང་ཉུང་རེད། སྔོན་ཆད་རང་གི་ཡི་གེ་སྒེར་འཛིན་བྱེད་རྒྱུ་མང་དྲགས་ནས་སྤྱི་ཚོགས་ཅན་དུ་འགྱུར་མ་ཐུབ་ནི་རེད། དེ་ད་ཧ་ཅང་གི་ནོར་འཁྲུལ་ཡིན་ནི་རེད་དི་ཤེས་དགོས་ཀྱི་འདུག་ཟེར་བ་ཡིན། ད་སྐབས་ཁྱོད་ཀྱི་གཟིགས་དང་ཕྱི་རྒྱལ་ཁག་ན་ཆོས་པ་ཚོས་ཅི་བྱེད་ཀྱི་འདུག་ཞབས་འདྲེན་ཞུ་གི་འདུག་གམ་མི་འདུག་དྲངས་མོར་བལྟ་དགོས་བ་རེད། ལེགས་པར་བསམ་དགོས་བ་རེད། ཕྱོགས་གཅོད་རྐྱང་བ་མ་བྱེད་ཟེར་བ་འདི་ཡིན།
གཞན་དྲ་གྲོགས་ཁ་ཤས་ཀྱིས་མ་བཤད་ན་ཆོག་རབས་གསུངས་འདུག་འདིར་ང་མོས་མཐུན་རྩ་བ་ནས་མེད། ང་ཚོས་བསམ་དགོས་བར་མ་ཟད་བཤད་དགོས་ནི་རེད། མང་མང་བཤད་དགོས་ནི་རེད། མང་པོར་བཤད་དགོས་ནི་རེད། མང་པོ་དང་མཉམ་པོར་བཤད་དགོས་ཀྱི་འདུག་འདི་གཅིག་ཡིན། ཁྱོད་འུ་ཅག་གི་ཐ་སྙལ་ལ་རྨོངས་འདུག་འདི་ཁྱོད་ཀྱི་སྐྱོན་ཁོ་ན་ཡིན་པ་ལས་གཞན་ཞིག་གི་སྐྱོན་ག་ལ་ཡིན། རང་གི་སྐད་ཡིག་ལ་དོ་གལ་བྱེད་དགོས་རེད་ཟེར་ཡིན། རྩོམ་ཡིག་འདི་གང་འཚམ་བཀླགས་ནོ་བཀའ་དྲིན་ཞུ།
ཡང་ཆོས་དང་ཆོས་བར་དོ་སྣང་བྱེད་མཁན་དག་ནི་ཡར་ལངས་ཟིན་པའི་སྟོབས་ཆེན་རྒྱལ་ཁབ་དག་རེད་འོན་ཀྱང་དེ་ཡང་སྒེར་དོན་ལས་བོད་ལ་ཕན་འདོག་རྒྱུ་ཁག་ཁག་རེད། འདི་ཤེས་དགོས་ཀི རང་མི་རིགས་ལ་ཕན་ན་རང་མི་རིགས་སྐྱོབས་ཐུབ་ན་དེ་དང་པོར་འཛིན་དགོས་རྒྱུ་རེད། དམ་པའི་ཆོས་ཀྱི་ལྟ་བ་ཟེར་བ་སྲིད་ལས་བྱེད་ཅིག་གཞར་ཡང་མ་རེད། དི་ཁྱོད་ནོར་བ་རེད་འདི་ལྟར་བསྲེ་རྒྱུ་མེད་པ་འདི་ངེས་བར་ཤེས་དགོས་རེད།
གཞན་ཡང་དུས་རབས་བརྒྱད་པའི་ནང་མི་རིགས་ཀྱི་འདུ་ཤེས་བརླག་པའི་འགོ་བརྩམ་པ་རེད། མང་མང་ཞིག་དེ་དུས་མི་རིགས་ཀྱི་འདུ་ཤེས་ཡོད་ནི་མ་རེད། སུམ་གཉིས་ས་ཡི་དཀྱིལ་འཁོར་ཟེར་བ་ཡ་གླིང་དི་དེ་ལྟར་ཡིན་སོང་ནི་རེད་དི་བཙན་པོའི་སྙིང་སྟོབས་དང་མི་ཆོས་ཀྱི་བྱིན་རླབས་ཟུང་དུ་འབྲེལ་སོང་ནི་རེད། ངས་འདི་དག་ཕྱོགས་ལ་གོམ་པ་སྤོ་དགོས་བ་བཤད་ཀི་ཡོད་འདི་གཅིག་ཡིན། གཉིས་ནས་འུ་དམ་བཙན་ལ་མི་རིགས་ཀྱི་འདུ་ཤེས་ཡོད་ནི་རེད། སོང་ཙང་ཁོས་བཙན་པོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་ལམ་བཙལ་བ་རེད། ལམ་ཁ་འདི་རག་ཡོད་ན་ང་ཚོའི་རྒྱལ་ཁབ་དང་མི་རིགས་སྒེར་ཚུགས་སུ་གནས་ཡོད་རྒྱུ་རེད།
གཞན་ང་ཚོའི་བོད་སྐད་ལ་བདག་རྒྱུ་གལ་ཆེན་རེད་མ་གཏོགས་བྱེ་བྲག་བཀར་རྒྱུ་མེད་རེད་འདི་ཡང་ཤེས་དགོས།
འུ་དུམ་བཙན་པོས་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་འཛུགས་རྒྱུ་ཕར་ཞོག་བོད་སིལ་བུར་ཐོར་བའི་རྒྱུ་རྐྱེན་གཙོ་བོ་ལྷ་སྲས་དར་མ་ནས་བྱུང་འདུག །ཁྲི་རལ་བ་དོན་མེད་དུ་བགྲོངས། ཡབ་མེས་ཀྱི་ཤུལ་བཞག་ཆུ་ལ་བསྐྱུར། བོད་ནང་ཁུལ་དཀྲུགས་ཤིང་བསླངས། རང་ཚུགས་མེད་པར་སྡིག་བློན་གྱི་ཁ་ལ་རྒྱུགས། མི་བྱེད་དགུ་བྱེད་བྱས་ནས་བོད་རྣམས་སྡུག་ལ་གཏད། ཁོང་ལ་བྱས་རྗེ་ཏིལ་ཙམ་མ་དམིགས། ཁྱོད་ཚོས་གླང་དར་ལ་བྱས་རྗེས་བགྲང་ནས་བོད་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་བྱུང་ན་འདོད་པ་ཁག་མེད། དཔེ་བལྟ་ས་ནོར་བ་རེད།
བསྟན་འཛིན་ལགས།
འོ་ན་༥༩ ལོའོ་ཡར་སྔོན་དུ་ལྷ་སར་དབྱིན་ཇིའི་སློབ་གྲྭ་འཛུགས་རྩིས་བྱས་ནས་གདན་ས་གསུམ་གྱིས་ངོ་རྒོལ་བྱས་པ་དངོས་བདེན་མ་རེད་པས། གདན་ས་ན་ཆོས་ལུགས་མི་སྣ་མེད་པ་ཨེ་རེད།
ཧ་ཧ། མིག་བརྒྱད་པ་ལགས།
བོད་སིལ་བུར་ཐོར་བའི་རྒྱུ་རྐྱེན་བྱེད་གཏེ་གླང་དར་མ་གསོད་མཁན་གྱི་ཤན་པ་ལག་དམར་ལྷ་ལུང་དཔལ་རྡོར་མ་རེད་པས།
ཁོས་གླང་གོག་དེ་མ་གསད་ན་འོད་བསྲུང་དང་ཡུམ་བརྟན་གཉིས་འཁྲུགས་མི་སྲིད་ལ། བཙན་པོའི་གདུང་རྒྱུད་ཀྱིས་བོད་ལ་དབང་གྱུར་མཇུག་སྒྲིལ་མི་སྲིད་པས་བོད་སིལ་བུར་འགྲོ་རྒྱུ་ཁག་པོ་བྱས་པ་མ་རེད་པས།
མ་བྱེད་དགུ་བྱེད་ལྷ་ལུང་དཔལ་རྡོས་བྱས།
མ་ཡོང་དགུ་ཡོང་བོད་འདི་སིལ་བུར་ཐོར།
ལྷ་སྲས་དར་མ་ནི་མི་རིགས་རིང་ལུགས་པ་ཞིག་ཡིན་ན་བཀས་བཀོད་རྒྱུད་འཛིན་ནམ་རྒྱལ་རྒྱུད་རིང་ལུགས་ཀྱིས་ཁོ་ལ་ཅི་ཞིག་བྱ། ཅིག་གསུངས་དང་། ཁྱོད་ཚོས་ཁོང་བོད་ལ་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་བྱེད་པ་དེ་གསལ་བར་བཤད་ན། ཁོང་ལ་གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་བློ་ཁོག་མེད་པར་བརྟེན་ཡབ་མེས་རྣམས་ཀྱིས་ལོ་ངོ་ཉིས་བརྒྱ་ལྷག་ཅིག་གི་རིང་རྒྱ་གར་འཕགས་པའི་ཡུལ་ནས་ནང་བསྟན་ནང་འདྲེན་བྱས་པ་དག་ཤུལ་མེད་དུ་བཏང་བ་རེད། མཁས་པ་དང་བཙུན་པ་མང་པོ་བཙོན་འཇུག་སྲོག་ཆད་སོགས་བཏང་ནས་བོད་ཀྱི་མཁས་པ་མི་གསུམ་སོགས་རེ་གཉིས་ཤིག་མ་གཏོགས་ལྷག་མེད་པའི་ཚོད་ལ་བསྐྱལ་བ་རེད། ཁྱོད་ཚོ་གླང་དར་གྱི་རྗེས་འབྲངས་བ་ཚོས་ཁ་ནས་བཤད་རྒྱུ་མི་རིགས་ཀྱི་སྐད་ཆ་རེད་དེ། དོན་དུ་མི་རིགས་ཀྱི་ཤེས་ཡོན་རྩ་མེད་གཏོང་བའི་རིག་གནས་གསར་བརྗེ་པ་དང་ཁྱད་ཅི་ཡོད།
ཁ་བ་དཀར་པོས།
བརྗོད་བྱ་དང་རྗོད་བྱེད་གང་ལ་ཡང་ལྟ་བཟོ་མེད་པ་ཅིག་བྲིས་མི་འདུག་གམ། ད་དུང་ཨམ་སྐད་ཀྱི་སུམ་རྟགས་ཀྱིས་མཆན་གྱིས་ཀྱང་ཡར་བཀྱག་ཁུལ་བྱས་འདུག བོད་ཀྱི་གཏམ་དཔེར། རང་གིས་རང་བཀྱག རྐྱག་པས་རྐུབ་བཀྱག ཟེར་བ་འདི་ལྷག་པ་གང་ཡང་མི་འདུག འདོར་དེད་ན། བོད་ཀྱི་ནང་ཆོས་མི་ཤེས་ལ། ད་ལྟའི་ཆབ་སྲིད་མི་འཇོན་པ། སྤྱི་སྐད་ལ་རང་སྲུང་མེད་པ་གསུམ་འཛོམས་སུ་མཐོང་ལགས།
ཧ་ཧ་ནམ་རྒྱུན་བན་དེ་བ་ཚོས་བཤད་པ་རྣམས་ཚང་མ་རྫུན་པ་ཡིན་མདོག་མདོག་བྱེད་ཀྱི་ཡོད། དེ་ལྟར་ན་ལྷ་སྲས་དར་མ་བཀྲོང་མཁན་ལྷ་ལུང་དཔལ་རྡོར་ཡིན་པའི་སྐད་ཆ་ཡང་རྫུན་པ་ཅི་ལ་མི་འགྲོ། གལ་ཏེ་དར་མ་བཀྲོང་མཁན་ལྷ་ལུང་དཔལ་རྡོར་ཡིན་ན་ཡང་དེ་ལ་བྱས་ཉེས་ཅི་འདུག། བོད་རྒྱལ་ཡབ་མེས་དང་བོད་མི་བྱིངས་དཀའ་སྤྱད་ཀྱིས་བསྒྲུབས་པའི་རིག་གནས་དང་ཤུལ་བཞག་ལ་གུས་མེད་བརྩིས་མེད་བྱེད་པ་ནི་བོད་རྒྱལ་ཡབ་མེས་དང་བོད་མི་བྱིངས་ལ་གུས་བརྩི་མེད་པའི་རྟགས་རེད། བོད་མི་མང་ལ་གུས་བརྩིས་མེད་པའི་མི་དེ་བོད་ཀྱི་རྒྱལ་པོར་བཀུར་ནས་ཅི་བྱེད། མི་མང་ལ་བྱམས་བརྩེ་དང་གུས་བརྩི་མེད་པའི་མི་ཞིག་རྒྱལ་པོར་ཡོད་ཚེ་མི་མང་ལ་དཀའ་སྡུག་ག་ཚོད་བྱུང་གི་ཡོད་པ་དེང་སང་ཁྱེད་རྣམ་པས་གསལ་གསལ་རིག་རིག་ཏུ་མཐོང་བ་མ་ཡིན་ནམ། ལྷག་དོན་དུ་ཡང་དེ་འདྲའི་རྒྱལ་པོ་དེ་དེ་དུས་ནས་མ་བཀྲོངས་པ་ཡིན་ན་ནི་བོད་རྒྱལ་ཡབ་མེས་དང་བོད་མི་བྱིངས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་བསྐྲུན་པའི་རིག་གནས་ཏེ། དེང་སང་བོད་མི་རྣམས་ཀྱིས་འཛམ་གླིང་ཡོངས་ལ་ངོམས་རྒྱུ་ཡོད་པ་རྣམས་མེད་ངེས་ཡིན། དེང་སང་བོད་མི་རྣམས་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་དུས་རྒྱལ་ཁབ་གཞན་གྱི་སྐྱབས་བཅོལ་བ་དང་མ་འདྲ་བར་ག་ས་གང་དུ་ཕྱིན་རུང་། མགོ་བོ་ཡར་བཏེགས་ཏེ་སྡོད་རྒྱུ་བྱུང་བ་སུའི་བཀའ་དྲིན་རེད། ངས་བྱས་ན་དེ་ནི་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རེད་ལ། དེ་ཡང་ནང་ཆོས་ཀྱི་གཟི་བརྗིད་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་ནས་རེད་དྲན། ལྷ་ལུང་དཔལ་རྡོར་ཡིན་ན་ཡང་རེད། སུ་ཡིན་ན་ཡང་དེ་དུས་དར་མ་མ་བཀྲོངས་པ་ཡིན་ན་ད་ལྟ་དེ་འདྲའི་སྐལ་བ་བཟང་པོ་བོད་མི་རྣམས་ཀྱིས་སྤྱོད་མི་ནུས་པ་ཡིན་པ་མཁྱེན་པར་མཛོད་ཅིག
ཁ་བ་སྐམ་པོ་ལགས། བོད་ཀྱི་ཆོས་པ་ཚང་མ་མི་རིགས་ཀྱི་འདུ་ཤེས་མེད་སོང་ནི་ཨེ་རེད། ག་རེ་བྱས་ནས། ཤོད་དང་། ཆོས་དང་སྲིད་ཁ་ཁ་ཡིན་ཟེར་ན་མི་ཆོག་རྒྱུ་མེད། སྲིད་དོན་པ་ཞིག་ཡིན་ན་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ལ། ཆོས་པ་ཞིག་ཡིན་ན་མི་རིགས་ཀྱི་འདུ་ཤེས་དང་མི་ཆོས་རིང་ལུགས་མེད་པའི་རྒྱུ་མཚན་ག་རེ་རེད། མི་ཚེའི་རིན་ཐང་དང་མི་ཚེའི་བསམ་བློ། མིའི་རིགས་ཀྱི་འདུ་ཤེས་ཡག་བཙོག་གང་གིས་འབྱེད་ཅེ་ན། བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱིས་འབྱེད་པ་ཨེ་ཡིན། ཁྱོད་ཀྱིས་ཡིག་ནོར་ལ་ཅིག་གཟིགས་དང་༼ ཆོས་བ་ཚོའི་མི་ཆོས་གཡུགས་ཤོག་ཟེར་དི་དོན་མཐུན་རེད ༽ཟེར་བའི་དི་ཡིག་རྐྱང་རྐྱང་འབྲི་དགོས་པ་སུས་ཁག་བཀལ་སོང་། ༼ འཛམ་གླིང་མི་དམངས་ཀི་རྗེས་ཨེ་ཟིན་བལྟ་ལོས་དགོ་འདི་གཅིག་ཡིན།༽འཛམ་གླིང་མི་དམངས་ཀྱི། ལོས་དགོས། ༼ སྤས་ཀ༽སྤུས་ཀ།
སྐུ་ཉིད་ཀྱིས། མང་མང་བཤད་དགོས་ནི་རེད། མང་པོར་བཤད་དགོས་ནི་རེད། མང་པོ་དང་མཉམ་པོར་བཤད་དགོས་ཀྱི་འདུག་འདི་གཅིག་ཡིན། ཁྱོད་འུ་ཅག་གི་ཐ་སྙལ་༼ ཐ་སྙད༽ལ་རྨོངས་འདུག་འདི་ཁྱོད་ཀྱི་སྐྱོན་ཁོ་ན་ཡིན་པ་ལས་གཞན་ཞིག་གི་སྐྱོན་ག་ལ་ཡིན། རང་གི་སྐད་ཡིག་ལ་དོ་གལ་བྱེད་དགོས་རེད་ཟེར་ཡིན། རྩོམ་ཡིག་འདི་གང་འཚམ་བཀླགས་ནོ་བཀའ་དྲིན་ཞུ། ཞེས་པའི་དགོངས་དོན་ལྟར་བྲིས་པ་ཡིན་པས་དགོངས་འགལ་མེད་པར་མཛོད།།
ལྷ་སྲས་དར་མ་གཏུམ་དྲག་ཇི་ལྟར་ཆེ་ན་ཡང་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་རེད། ཁོང་གི་ལྷ་ཆོས་རིང་ལུགས་རྩ་མེད་བཏང་བ་ཡིན་ཡང་བོད་སྤྱི་ལ་དབང་བསྒྱུར་གྱི་ནུས་པ་ཚད་མཐོ་པོ་རེད། སྤྱིར་སྟངས་གྲུབ་མཐའ་རིང་ལུགས་ཀྱི་རྩོད་རྙོག་དེ་སྐབས་དེ་དུས་ནས་ཤར་ནུབ་ཚང་མར་ཡོད་པ་རེད། ལྷ་སྲས་དར་མ་དཀྲོངས་པ་ནས་བཟུང་བོད་སྤྱི་ལ་དབང་བསྒྱུར་བྱེད་ནུས་པའི་ནུས་ལྡན་གྱི་གང་ཟག་བྱུང་མེད་པ་རེད། དུས་དེ་ནས་བཟུང་བཙན་པོའི་གདུང་རྒྱུད་དཀྲོངས་པས་མཇུག་འབྲས་ད་ལྟ་གཞི་ནས་མངོན་འགྱུར་བྱུང་བ་རེད། དཔེར་ན་དབྱིན་ཇིའི་རྒྱལ་མོ་དང་རྒྱལ་སྲས་ལྟ་བུ་ཆབ་སྲིད་དབང་བསྒྱུར་བྱེད་ཀྱི་མེད་ཀྱང་དབྱིན་ཇི་བ་ཚང་མས་རྒྱལ་པོའི་རིང་ལུགས་སྐབས་ཀྱི་རྒྱལ་པོ་དང་རྒྱལ་མོ་ནང་བཞིན་བརྩི་བཀུར་ཆེན་པོ་དང་དགའ་ཞེན་བླ་ན་མེད་པ་བྱེད་ཀྱི་འདུག། དོན་དངོས་བྱས་ན་རྒྱལ་རྒྱུད་གོང་མ་ཚོས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་ཀྱིས་མི་སེར་ལ་སྡུག་སྤྱོད་ཚད་མེད་བཏང་བ་རེད། འོན་ཀྱང་སྐབས་དེ་དུས་ཀྱི་དུས་རབས་ནི་ཤར་ནུབ་ཕལ་ཆེ་བ་གཅིག་པ་རེད། བྱས་ཙང་རྒྱལ་པོ་གཏུམ་དྲག་ཇི་ལྟར་ཆེ་ན་ཡང་རྒྱལ་ཁབ་གོང་བུ་གཅིག་བསྒྱུར་བཟོ་ཐུབ་ཙང་ད་ཆ་རང་དབང་རང་བཙན་དམངས་གཙོ་ལྡན་པའི་རྒྱལ་ཁབ་ཞིག་མངོན་འགྱུར་བྱུང་བ་དེ་རྒྱལ་པོ་གོང་མ་ཚོས་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་བྱེད་ཀྱི་ཡོད་པ་རེད། ཨིསི་པཎ་གྱི་རྒྱལ་སྲས་དང་ཌན་མཱག་གི་རྒྱལ་སྲས་སོགས་མང་པོ་ཞིག་འདུག་ལ་རྒྱལ་རྒྱུད་རིང་ལུགས་མཇུག་སྒྲིལ་ནས་ཡུན་རིང་སོང་ཡང་དམངས་ཀྱི་གུས་བརྩི་ནི་སྔར་བཞིན་རེད་འདུག།
དེས་ན་ལྷ་སྲས་དར་མ་སྐུ་དཀྲོངས་མེད་ན་བཙན་པོའི་གདུང་རྒྱུད་ཀྱི་བོད་སྤྱི་ལ་དབང་བསྒྱུར་གྱི་ནུས་པ་རྫོགས་མི་སྲིད་ལ། འོད་བསྲུང་དང་ཡུམ་བརྟན་སྐུ་ན་སོན་པ་དང་རང་གི་ཡབ་མེས་ཀྱི་མཛད་རྗེས་བཟང་པོ་གསན་གཟིགས་གནང་གི་རེད་ལ། ཡབ་དར་མ་ནང་བཞིན་གནང་མདོག་ཁ་པོ་མ་རེད། བྱས་ཙང་དང་པོ་རྒྱལ་ཁབ་དེ་གོང་བུ་གཅིག་བསྒྱུར་དང་རང་བཙན་གཙང་མར་གནས་ཡོད་ན་ལྷ་ཆོས་རིག་གནས་གཙོས་པའི་ཆབ་དཔལ་རིག་གསུམ་ཚང་མ་རང་བཞིན་གྱིས་ཡོང་གི་རེད་ལ། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འཕེལ་སྒྲིབ་རང་བཞིན་ནི་ཆོས་ཉིད་རེད།
དར་མ་གཏུམ་དྲག་ཇི་ལྟར་ཆེ་ན་ཡང་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་རེད། ་་་ཅེས་པ་གདུང་རྒྱུད་འཁྲུལ་མེད་ཡིན་པ་དེ། བདེན་ཡང་གཏུམ་རང་གི་མི་སེར་དང་། ནང་དམེ་བྱས་ནས་འཇོན་པ་ལས། ཁྱིམ་མཚེས་དགྲ་བོ་དམར་གསོད་བཏང་བ་མིན་ཙང་། ནང་པས་སྨོན་ལོག རབ་བཟི། བུད་མེད་དགའ་བའི་དབང་རྟུལ་བོང་བུ་ལྟ་བུ་འཁྲུངས་ནས་བོད་རྒྱལ་གྱི་རིགས་བརྒྱུད་དང་། རྒྱལ་རབས་གཉིས་ཀ་ཆདད་ནས་ཕུང་ལ་སྦྱར་བ་མ་རེད་པེ། ལགས།
ཡཡ་་་་་་་་་་་་་གྲོགས་པོ་སྐམ་པོ་ལགས་་་་་་་་་་་་་་་ཁྱོད་ཀྱིས་བཤད་པ་ནི་འཛམ་གླིང་མི་མང་གི་རྗེས་ཟིན་དུ་འཇུག་གི་ཡིན་དང་། རྒྱལ་ཁབ་གཞན་པ་དང་མཉམ་བསྐྱོད་བྱེད་རྒྱུའི་སྐད་ཆ་སྙན་མོ་དེ་རེད། ཐོག་མར་ཁྱོད་ཀྱིས་རྐུན་མ་བཟུང་སོང་ན་ཉེས་ཆད་གཅོད་མིན་གྱི་ཐད་ནས་གོ་བསྡུར་བྱེད་ཆོག་གི་རེད་། འདི་ནི་དཔེ་འཇོག་ཞིག་ཡིན། ཐོག་མར་ཁྱོད་ཀྱིས་བོད་འདི་རྒྱལ་ཁབ་མེད་པ་ནས་ཡོད་པར་བྱེད་པའི་ཐབས་འདི་ཁོད་དང་། གལ་སྲིད་བོད་རྒྱལ་ཁབ་ཞིག་ཆགས་སོང་ན་ཁྱོད་ཀྱིས་བརྗོད་པ་བཞིན་སྲིད་འབྱོར་རིག་གསུམ་ལ་ཡར་རྒྱས་ཀྱི་གཞི་རྟེན་འདིང་ཆོག་གི་རེད། དེ་མིན་ཁྱོད་ཀྱི་སྐད་འདི་ནི་གྲོད་ཁོག་རྒྱགས་ཀྱི་དུས་ཀྱི་སྐད་ཆ་སྙན་མོ་ཞིག་ཏུ་མཐོང་བས་བདག་གིས་དེ་ལྟར་བརྗོད་པ་ཡིན། ངས་ཁྱོད་ལ་འདྲི་ཆོག བོད་པ་གཅིག་སྡོད་ཀྱི་ཁོར་ཡུག་མེད་ས་ནས་རྒྱལ་ཁབ་སྐྱོང་བྱེད་ཀྱི་མི་ཆོས་རིག་པ་དེའང་སྤུས་ཚད་ཞིག་གི་ཡོང་གི་རེད་དམ།
ལྷ་སྲས་དར་མའི་དུས་སུ་རྒྱལ་སྲིད་དང་མངའ་ཐང་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་ཏེ་བོད་སྤྱི་ལ་དབང་བསྒྱུར་བ་དང་། དེ་ལྟ་བུའི་རྒྱལ་སྲིད་དང་མངའ་ཐང་སྟོབས་འབྱོར་ཕུན་སུམ་ཚོགས་པའི་རྒྱལ་པོ་གྲྭ་པ་ཞིག་གིས་བཀྲོངས་ཚུལ་བཤད་པ་ནི་དངོས་ནས་དགོད་མོ་འཆོར་བའི་གཏམ་དུ་སྣང་ངོ་། །
དྲ་གྲོགས་མང་མང་ཞིག་ཕེབས་འདུག་པར་དགའ་བསུ་ཞུ།
ཡང་བསྐྱར་སྤྱི་སྡོམ་གྱི་ལམ་ཞིག་གླན་ན།
ལྷ་སྲས་དར་མས་བོད་འདིར་ཉམས་ཉེས་སུ་འགྲོ་བཞིན་པའི་བཙན་པོའི་སྙིང་སྟོབས་དར་སྤེལ་གཏོང་འདོད་ཀྱི་ཕྱོགས་ལ་གཞོལ་ཡོད་པ་བསམ་ཡོད་ཞིག་ཡིན་ཕྱིན་རྗེས་སུ་དཔག་ཐུབ་ཀི་དི་གཅིག་རེད། ལྷ་ལུང་དཔལ་རྡོར་ལགས་ཀྱིས་རང་གི་མི་རབས་ཕྱི་མ་དག་ལ་བསམ་གཞིག་གང་ཡང་མི་བྱེད་པར་བཙན་པོ་དམར་གསོད་བྱས་རྗེས་ཁོ་རང་བྲོས་སོང་བ་རེད། འདི་ཆེས་ཚབས་ཆེ་བའི་ནོར་འཁྲུལ་དང་བོད་མི་རིགས་ལམ་ལོག་ལ་བསྐྱལ་དང་ནི་མ་ར་ཅི་རེད་འདི་གཉིས་ཡིན།
(གསེར་འབྲུག་སྡེར་ལྔ་ནས) བཤད་པ་ལ་བདེན་ལུགས་ཤིག་འདུག་ག སྐབས་དེ་དུས་བཀས་བཀོད་རྒྱུད་འཛིན་ཧ་ཅང་གལ་ཆེན་ཡིན་ནི་རེད། དུས་རབས་འདྲ་ནི་མ་རེད། འུ་དམ་བཙན་ཁོང་ཕྱི་ཕྱོགས་ལ་ལག་སྙོབས་བྱེད་པའི་དུས་ཚོད་ཕྱིན་ཡོད་ནི་རེད་དམ་མ་རེད། ཁོང་ལ་དེ་འདྲའི་དུས་ཤིག་ཤར་ཡོད་རྒྱུ་ན་ཁོང་གིས་ཕྱི་ཕྱོགས་ནས་ཆོས་སྲིད་གཉིས་ཀའི་ལེགས་ཆ་བསྡུ་ལེན་བྱེད་ནི་རེད། བགྲང་བྱ་ཁ་ཤས་རིང་གི་ཁོང་གི་བཅོས་བསྒྱུར་སྙིང་སྟོབས་ལ་བལྟས་ན་ཁོང་སྔར་གྱི་བཙན་པོ་དག་གི་ལྷག་ཅིག་ཡིན་པ་ཡང་དཔོག་ཐུབ་ཀི ཁོང་གིས་གདོད་མའི་རང་གི་རིག་གནས་ལ་བརྩི་བཀུར་བྱེད་པའི་ལག་པ་ཡར་བཀྱག་པ་དེས་ཁོང་གི་རིགས་ཞེན་དང་ལ་རྒྱ་མཚོན་ཐུབ་པར་མ་ཟད། མི་ཆོས་རིག་གནས་གཙོར་འཛིན་གྱི་བསམ་བློ་དེ་རྒྱལ་བོ་ཞིག་ལ་མཚོན་ན་ཅི་འདྲའི་དགོས་ངེས་ཅན་ཞིག་མ་རེད་དམ།
ཡང་གཅིག་བཤད་ན་ཁྱོད་ཀྱིས་འཇིགས་སྐུལ་ལྟ་བུའི་སྐད་ཆ“ ཁྱོད་ཚོ་གླང་དར་གྱི་རྗེས་འབྲངས་བ་ཚོས་ཁ་ནས་བཤད་རྒྱུ་མི་རིགས་ཀྱི་སྐད་ཆ་རེད་དེ། དོན་དུ་མི་རིགས་ཀྱི་ཤེས་ཡོན་རྩ་མེད་གཏོང་བའི་རིག་གནས་གསར་བརྗེ་པ་དང་ཁྱད་ཅི་ཡོད།”ཟེར་བར་འདི་བཤད་འདོད། རིག་གནས་གསར་བརྗེ་ཟེར་བ་ང་ཚོར་དུས་བསྟུན་གྱིས་འགྲོ་དགོས་རེད། གསར་བརྗེ་བྱེད་རན་དུས་ཤིག་ལ་གསར་བརྗེ་བྱེད་དགོས་རྒྱུ་རེད། གང་ལྟར་ང་ཚོའི་འདུ་ཤེས་འཛིན་སྟངས་འགྲིག་གི་མེད་པ་གསལ་བོ་རེད།
ཡང་ཁ་ཅིག་གིས་བཤད་པའི་ཨམ་སྐད་ཀྱི་སུམ་རྟགས་ཟེར་བར་ང་ཡིད་འཐད་རྩ་བ་ནས་མེད། ཆོལ་གསུམ་གང་གི་སྐད་ཡིན་ཡང་བོད་སྐད་རེད། ང་ཚོའི་བཙན་བྱོལ་ནང་གི་གྲྭ་ས་ཁག་དང་སློབ་གྲ་ཁག་ནས་དབུ་ཅན་དང་དབུ་མེད་ལ་ཡང་དབྱེ་འབྱེད་བྱེད་རབས་འདུག ཁྱོད་ཡང་དེ་དག་གི་གྲལ་མཐའ་བ་ཅིག་ཡིན་ས་རེད། འདི་རིགས་ལ་ངོ་ཚ་རྒྱུ་མེད་ནད་ཀི་མིན་ནས་འདི་འདྲའི་རིགས་བཤད་རྒྱུར་ངོ་ཚ་ན་ཆོག་གི གང་ལྟར་དེ་རིགས་བཤད་འདོད་མི་འདུག་ལ་མ་བཤད་རོགས་ཞུ་རྒྱུ་ཡིན།
གཞན་ད་སྐབས་ཀྱི་ང་ཚོའི་ལྟོ་རྒྱབ་༸གོང་ས་མཆོག་གི་བཀའ་དྲིན་ཡིན་པ་དངོས་འབྲེལ་རེད། འོན་ཀྱང་ང་ཚོ་དང་ང་ཚོའི་མི་རབས་ཕྱི་མ་འདི་ལྟར་འདུག་ཐུབ་ཀི་མ་རེད། ང་ཚོའི་ཆོས་སྲིད་ཁ་ཁ་ཕྱེ་རྒྱུ་སྔ་མེད་པར་མ་ཟད། འཕྱི་ནས་འདུག་ཅེས་ངས་གོང་ནས་བཤད་ཟིན་པ་དེ་ཡིན། སྐབས་དེ་དུས་བཙན་པོ་དགྲོང་མེད་རྒྱུ་ན་འུ་ཅག་བོད་ཟེར་ན་ཡ་གླིང་དུ་རྒྱལ་ཁབ་སྟོབས་ལྡན་ཞིག་ཆགས་ཡོད་ན་ཐང་། ཁྱོད་ཀྱིས་འདི་ལྟར་བཤད་འདུག “ལྷ་ལུང་དཔལ་རྡོར་ཡིན་ན་ཡང་རེད། སུ་ཡིན་ན་ཡང་དེ་དུས་དར་མ་མ་བཀྲོངས་པ་ཡིན་ན་ད་ལྟ་དེ་འདྲའི་སྐལ་བ་བཟང་པོ་བོད་མི་རྣམས་ཀྱིས་སྤྱོད་མི་ནུས་པ་ཡིན་པ་མཁྱེན་པར་མཛོད་ཅིག”ད་ལྟའི་སྐལ་བ་བཟང་བོ་ཟེར་བ་ཡིན་ན ད་ལྟ་ང་ཚོར་སྐལ་བ་གང་ཞིག་བཟང་བོ་འདུག་ཨ་ལས་ངན་པོ། རང་ཡུལ་རང་ལ་མི་དབང་གཞིས་བྱེས་མཉམ་འཛོམས་མི་དབང་ང་ཚོར་དབང་བ་གཅིག་ཅང་མེད་ནོ་འདི་སྐལ་བ་བཟང་བ་རེད་དམ། གང་ལྟར་འདས་དོན་ལས་བསླབ་བྱ་ལེན་རྒྱུ་ལེགས་བཤད་ཡིན་པ་ངེས་དགོས་རེད་ཟེར་བ་དེ་ཡིན།
གཞན་ཆོས་བ་མི་རིགས་ཀྱི་འདུ་ཤེས་ཅན་ཡོང་ནི་རེད། དི་བཤད་མི་དགོས་ཀི འོན་ཀྱང་རེ་ཟུང་ཞིག་ལ་མ་གཏོགས་མེད་པ་ཡང་དངོས་འབྲེལ་རེད། མི་ཆོས་རང་ལུགས་ཡོད་ནི་མ་རེད། ཆོས་བ་ངོ་མ་ཞིག་ཡིན་ན་ཕྱི་མ་དང་སེམས་ཅན་རིོགས་དྲུག་གཙོར་འཛིན་དགོས་ནི་རེད་དི་གཅིག་ཡིན། བཏགས་ནོར་རེ་ཟུང་ཤོར་བ་སྐབས་སྟོབས་ཀྱིས་བྲིས་དུས་དེ་འདྲ་རེད། དི་ངས་སྐྱོན་དུ་ཤུགས་ཀྱིས་ལྟ་ནོ་ཁོ་ཐག་ཡིན།
མཆན་བཅོ་ལྔ་བ(གསེར་འབྲུག་སྡེར་ལྔ་ནས། )གནས་ལུགས་ཤིག་བགྲང་འདུག་པར་ཚང་མས་བསམ་གཞིག་རེ་གནང་རྒྱུ་འདུག་པ་དགོངས་འཇགས་ཞུ།
ཡང་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་མཉམ་པོར་བསྐྱོད་རྒྱུར་ང་ཚོ་སྔ་ས་ནས་ལམ་ལ་ཆས་དགོས་རེད། སྔོན་ཐོན་མི་རིགས་ཁག་ཀྱང་དང་པོ་ནས་སྔོན་ཐོན་ཡིན་ནི་མ་རེད་གོམ་པ་རིམ་བཞིན་སྤོས་ནི་རེད། དེ་འདྲ་བྱས་ད་གཟོད་སྔོན་ཐོན་དུ་གྱུར་སོང་བ་རེད། ང་ཚོ་རྒྱལ་ཁབ་ཞིག་ཆགས་པ་ལ་ཆེས་ཐོག་མའི་རྨང་གཞི་ནི་ཡང་དག་པའི་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་རེད། འདི་མེད་ན་ད་ང་ཚོའི་གཡས་གཡོན་དང་མདུན་རྒྱབ་ཀྱི་ལོ་རྒྱུས་ལ་ལྟོས་དང་ཧ་གོ་གི་མི་འདུག་གམ།
རྩོད། མུ་མཐུད་དུ་རྩོད། སྔོན་ནས་ད་བར་བརྩད་པ་རེད། འོན་ཀྱང་སྔོན་ཆད་དོན་བརྩད་པ་རེད། ད་བར་ཚིག་རྩོད་ཀྱིན་འདུག རྩོད་སྟངས་གཅིག་མ་འདྲ་བ་མ་གཏོགས། ཚང་མ་རྩོད་པ་ཡིན་པ་འདྲ་འདྲ་རེད། བརྩད་ན་ད་གཟོད་བདེན་པ་ལྷང་ལ་འབུད་རྒྱུ་རེད། ཁྱེད་ཅག་གིས་རྩོད་དང་། ང་ཚོས་བལྟས་ནས་འདུག་དགོས། ཉན་ནས་འདུག་དགོས།
བོད་ལ་རིག་གནས་མེད་པ་ནས་ཡོད་པ་དང་དར་རྒྱས་གཏོང་མཁན་སུ་རེད། རྟ་ཕོའི་རྨིག་སྒྲས་འཛམ་གླིང་སུམ་གཉིས་དབང་བསྒྱུར་མཛད་ཅེས་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་མཚན་སྙན་ཅན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་རེད། གསལ་བར་བཤད་ན་བཙན་པོ་འུ་དུམ་གྱིས་ཐམད་ཅད་གཏོར་བརླག་བཏང་བ་རེད། ཁོ་རང་གི་དམིགས་ཡུལ་འགྲུབ་སོང་བ་རེད། བོད་སྟོབས་འབྱོར་རྒྱལ་ཁབ་བརླགས་སོང་བ་རེད། ལྷ་སྲས་དར་མའི་དུས་སྐབས་དེ་ནང་བསྟན་རྩ་མེད་གཏོང་བའི་དམིགས་ཡུལ་འགྲུབ་སོང་བ་དེ་རེད། དེ་མིན་དམིགས་ཡུལ་གཞན་པ་ཁོང་ལ་ཅང་ཡོད་པ་མ་རེད། བོད་ལ་རིག་གནས་གསར་བརྗེ་བསླེབས་ནས་ཆག་སྒོ་ག་ཚོད་བསླངས་སོང་། དེ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་གི་ཡིན།
མིང་མེད་རྡོ་རྗེ་ལགས།
ད་བྱས་ན་ལྷ་སྲས་དར་མ་ལས་གུང་ཁྲན་འདི་གཏུམ་དྲག་ཆུང་བ་དང་དྲག་ག་འདུག་གས། ལྟ་གྲུབ་ཀྱིས་རྒྱུད་བརླན་པའི་གང་ཟག་ཞིག་གི་ངོས་ནས་བཤད་ན་སྨོན་ལོག། ར་བཟི། ལྷ་ཆོས་རིང་ལུགས་མི་ཤེས་པའི་བོང་བུ་ཡིན་རྒྱུ་རེད་མ་གཏོག། ལྟ་གྲུབ་ཀྱིས་རྒྱུད་མ་བརླན་པའི་མི་རིགས་རང་བཞིན་ཅན་གྱི་གང་ཟག་ཞིག་གི་ངོས་ནས་བཤད་ན་དེ་འདྲ་ཡིན་རྒྱུ་མ་རེད། བྱས་ཙང་ལྷ་སྲས་དར་མ་ལྷ་ལུང་དཔལ་རྡོར་གྱིས་དཀྲོངས་ནས་བྲོས་བྱོལ་དུ་ཕྱིན་པ་ནས་བཟུང་། བོད་སྤྱི་ལ་དབང་བསྒྱུར་བྱེད་ཐུབ་པའི་ནུས་ལྡན་གྱི་གང་ཟག་ཞིག་མ་བྱུང་བ་རེད། དེའི་མཇུག་འབྲས་ད་ལྟ་གཞི་ནས་མངོན་འགྱུར་བྱུང་བ་རེད་བཤད་པ་དེ་དོན་ལ་གནས་ཡོད་སྙམ།
མིག་བརྒྱད་ལགས།
འོ་ཙི། བོད་ལ་རིག་གནས་གསར་རྗེ་བསླེབས་ནས་ཆག་སྒོ་བསླངས་པ་མ་གཏོག། འོ་ན་རྒྱ་གུང་ཁྲན་ག་པར་ཕྱིན་པ་རེད།
ངས་འདིར་དྲི་བ་གཅིག་ཡོད། དེ་ནི་དེང་སྐབས་བལ་ཡུལ་ཉིན་རེ་ནས་ཉིན་རེར་ཉམས་གུད་དང་། རྒྱ་ཡི་འོག་ཏུ་ཚུད་བཞིན་པ་འདི་སུའི་ལན། རྒྱལ་བོ་སྤུན་ཆུང་བས་རྒྱལ་སྲིད་མནོན་མ་ཐུབ་པས་ལན་ནམ། རྒྱལ་བོ་སྤུན་ཆུང་བས་སྤུན་ཆེ་བ་བསད་པའི་ལན། གནད་འདི་ཤེས་ན་ད་བཟོད་བོད་ཀྱི་བཙན་པོ་ཨུ་དུམ་བཙན་གྱི་སྐབས་དང་གཅིག་པ་རེད། གཙོ་བོ་རྒྱལ་བོ་སྤུན་ཆུང་པས་གང་ལ་ཡང་བསམ་བློ་མ་བཏང་བར། རང་ཉིད་ཀྱིས་རྒྱལ་ཁབ་སྐྱོང་ཐུབ་མིན་ལ་བསམ་བློ་མ་བཏང་པར་རྒྱལ་བོ་སྤུན་ཆེ་བའི་ནང་མི་དམར་བསོད་བྱས་པའི་བྱས་ཉེས་རེད་མ་གཏོགས། སྤུན་ཆུང་པས་རྒྱལ་སྲིད་སྐྱོང་མི་ཐུབ་པ་ས་རིས་ཐང་གསལ་རེད། རང་རེའི་བོད་ཀྱི་རྒྱལ་བོ་མཐའ་མ་ཨུ་དུམ་བཙན་ཡང་དེ་དང་གཅིག་པ་རེད། རང་ཉིད་ཀྱི་སྤུན་རྒྱལ་བོ་ཁྲི་རལ་བ་ཅན་གསོད་ཐུབ་ན་རང་ཉིད་ཀྱིས་རང་སྲུང་བྱེད་ཐུབ་དགོས་པ་ལ། རང་སྲུང་བྱེད་མ་ཐུབ་པར་རང་སྲོག་མིའི་ལག་ལ་བཞག་པ་རེད། གལ་སྲིད་རང་སྲོག་མི་གཞན་གྱིས་མ་བཅད་ན་ཡང་བལ་ཡུལ་གྱི་རྒྱལ་བོ་མཐའ་མ་དང་གཅིག་པ་རེད། རྒྱལ་ཁབ་ཁོ་རང་གི་མི་ཚང་མས་ངེས་ལེན་མེད་སོང་ན་བྱས་ཡ་ཡོད་པ་མ་རེད། གནད་འདི་རེད་མ་གཏོགས། ལྷ་ལུང་དཔལ་རྡོར་ལྡོམ་པོ་མི་རྐྱང་ཞིག་གིས་བསད་པ་དེ་ནི་རྒྱལ་ཁབ་འཇིག་པའི་རྐྱེན་ག་ལ་ཡིན། གཙོ་བོ་རང་གི་སྤུན་ཡང་གསོད་ཐུབ་པའི་གླང་ངུ་ལྟ་བུ་ཞིག་ལ་རྒྱལ་ཁབ་སྐྱོང་པའི་འཇོན་ཐང་ཡོད་མེད་ཤེས་ཀ རང་ཉིད་མི་འཇོན་བཞིན་དུ་རང་སྤུན་རྩ་མེད་བཏང་པ་དེ་ནི་རྒྱལ་ཁབ་འཇིག་པའི་རྐྱེན་རྩ་རེད། མི་ཤེས་ན་འདི་ལྟར་ཤོད། ལྷ་ལུང་དཔལ་རྡོར་གྱིས་གླང་དར་གསོད་པ་གླེང་ཐུབ་ན། གླང་དར་གྱིས་རང་གི་སྤུན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བོ་གསད་པའི་དོན་རྐྱེན་མི་གླེང་པ་དེ་ནི་ཞ་ར་ཡིན།།
ཨ་རོ་གསེར་འབྲུག་སྡེར་ལྔ། ངས་རིག་གནས་གསར་བརྗེའི་དམིགས་ཡུལ་དང་གཅིག་མཚུངས་རེད་ཟེར་དོན། །རིག་གནས་གསར་བརྗེ་ལ་ཡག་བཙོག་གཉིས་ཀ་ཡོང་ཆོག་མོད། ལྷ་སྲས་འུ་དུམ་བཙན་ལ་ནང་བསྟན་རྩ་མེད་གཏོང་བའི་བསམ་བློ་རང་མ་གཏོགས་རིག་གནས་གསར་བརྗེའི་བསམ་བློ་སྙིང་སྟོབས་ཧ་ལམ་ཡོད་ས་མ་རེད། གང་ཡིན་ཟེར་ན། ཁོང་ནི་རང་ཚུགས་མེད་པ་དང་གཅིག །སྡིག་བློན་གྱི་ཁ་ལ་རྒྱུགས་པ་དང་གཉིས། །ཡབ་མེས་ཀྱི་རིག་གཞུང་རྩ་མེད་གཏོང་རྐྱང་བྱེད་པ་དང་གསུམ། བཟང་ངན་ལེགས་ཉེས་ཀྱི་དབྱེ་བ་མི་ཤེས་པ་དང་བཞི། རིག་གནས་གསར་བརྗེ་བ་ཞིག་ཡིན་ན་རིང་ལུགས་ཤིག་ཡོད་དགོས་ལ། ཁོང་ལ་རིང་ལུགས་འདི་ཡིན་ཞེས་སྟོན་རྒྱུ་མེད་པ་དང་ལྔའི་སྒོ་ནས་རིག་གནས་གསར་བརྗེའི་བློ་སྟོབས་མི་འདུག་ཟེར་བ་ཡིན། བོད་འབངས་རྣམས་ཀྱིས་ལྷ་སྲས་འུ་དུམ་བཙན་ལ་རྒྱལ་པོ་གླང་རྒན་ལྟ་བུ་ཞེས་འབོད་པ་ལས་གླང་དར་དུ་ཐོགས་པ་རེད། མགོ་ལ་རྭ་སྐྱེས་དགོས་དོན་ཅི་རེད། བླུན་པོ་ཡིན་རྒྱུ་མང་དྲགས་ནས་མགོ་རྭ་སྐྱེས་སོང་བ་རེད། ཧ་ཧ་ཐན་ལྟོས་མིན་ན་ཅི་རེད།
ནང་བའི་ཆོས་ལུགས་བོད་ལ་དྲངས་པས་བོད་ཆོས་ངོ་མའི་རླུང་རྟ་ཡལ། །
ལྷ་སྲས་དར་མའི་ཚེ་སྲོག་འཕྲོག་པས་བཙན་པོའི་གདུང་བརྒྱུད་རྩ་མེད་བཏང་། །
བོད་ཡུལ་ཆོལ་ཁ་གསུམ་དུ་ཕྱེ་བས་ཕྱོགས་རེས་འཐེན་ཁྱེར་མཚམས་མ་ཆད། །
རང་གི་མི་ཡི་བྱས་ཉེས་དག་ལ་འཁང་ར་བྱེད་ས་ཡོད་དམ་ཅི། །
གཟུགས་རིང་སྐམ་པོ་ལགས། དང་པོ་ཁྱོད་ཀྱིས་སྦྲ་ཁྱིམ་སྨུག་པོ་དེ་བདག་ཏུ་མ་བཟུང་བར་གཞི་ཁྱིམ་ལ་ཅ་དངོས་གང་དག་དགོས་མིན་ལ་རྩོད་པ་བྱས་ན་གནས་ལུགས་དང་མཐུན་པ་ཞིག་ཨེ་ཡིན་ལགས། དེ་ལས་ཁ་སང་དེ་རིང་གི་ཁ་ཚ་དགོས་གཏུགས་ལ་སྨན་པའི་སྐད་ཆ་རེ་བཤད་ན་འོས་ཤིང་མཚམས་པ་རེད། དུས་རབས་ཟེར་བ་འགྱུར་བའི་རང་བཞིན་ཡིན་དུས་དེ་དང་རན་པའི་སྐད་ཆ་དང་ཕན་ཐོགས་ཡོད་པའི་ལས་ལ་གཞོལ་ན་ད་གཟོད་ཡར་རྒྱས་ཀྱི་ངོ་བོ་ཤར་གྱི་རེད། དེ་མིན་གོང་ནས་རྩོད་བཞིན་པའི་གནས་ཚུལ་དེ་དག་སྔོན་ནས་འུ་ཚང་གི་མཁས་མིང་འཛིན་པ་དག་དང་ལོ་རྒྱུས་སྨྲ་བ་མང་པོས་ཕར་འཐེན་ཚུར་འཐེན་གྱི་བགྱི་བ་མང་པོ་བྱས་པ་རེད། ཁ་བ་སྐམ་པོས་བརྕད་ནས་ཁྲུན་ཐག་ཆོད་འགྲོ་བ་མེད་ཀོ གལ་སྲིད་མི་ཤེས་ན། སློབ་གྲོགས་པ་ཐེ་བོ་ཤེས་རབ་རྒྱ་མཚོ་ལ་ལྟོས་དང་(སྲིད་སྐྱོང་བ་བློ་བཟང་སེང་གེ་སྤྲིངས་པའི་འཕྲིན་ཡིག)་གིས་གནས་ལུགས་ཤིག་ཁྱེར་ནས་བདེན་པ་ཞིག་བསྣམས་ནས་སྤྱི་ཚོགས་སྟེང་ལ་འུར་ཆིལ་བུད་ཡོང་བ། དེ་ནི་ད་ཁ་ཚ་དགོས་གཏུགས་རེད་ཡ
གཞོན་ནུ་ཟླ་མེད་ཀྱི་གསུང་ལ་ལྷ་དང་མི་དང་དྲི་ཟར་བཅས་པ་ཡི་རངས་ཏེ་མངོན་པར་བསྟོད་དོ། །
༢༥༽ གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༠ གི་ཆུ་ཚོད་ ༡༥ སྐར་མ་ ༤༥
མིང་མེད་རྡོ་རྗེ་ལགས།
ད་བྱས་ན་ལྷ་སྲས་དར་མ་ལས་གུང་ཁྲན་འདི་གཏུམ་དྲག་ཆུང་བ་དང་དྲག་ག་འདུག་གས། ལྟ་གྲུབ་ཀྱིས་རྒྱུད་བརླན་པའི་གང་ཟག་ཞིག་གི་ངོས་ནས་བཤད་ན་སྨོན་ལོག། ར་བཟི། ལྷ་ཆོས་རིང་ལུགས་མི་ཤེས་པའི་བོང་བུ་ཡིན་རྒྱུ་རེད་མ་གཏོག། ལྟ་གྲུབ་ཀྱིས་རྒྱུད་མ་བརླན་པའི་མི་རིགས་རང་བཞིན་ཅན་གྱི་གང་ཟག་ཞིག་གི་ངོས་ནས་བཤད་ན་དེ་འདྲ་ཡིན་རྒྱུ་མ་རེད། བྱས་ཙང་ལྷ་སྲས་དར་མ་ལྷ་ལུང་དཔལ་རྡོར་གྱིས་དཀྲོངས་ནས་བྲོས་བྱོལ་དུ་ཕྱིན་པ་ནས་བཟུང་། བོད་སྤྱི་ལ་དབང་བསྒྱུར་བྱེད་ཐུབ་པའི་ནུས་ལྡན་གྱི་གང་ཟག་ཞིག་མ་བྱུང་བ་རེད། དེའི་མཇུག་འབྲས་ད་ལྟ་གཞི་ནས་མངོན་འགྱུར་བྱུང་བ་རེད་བཤད་པ་དེ་དོན་ལ་གནས་ཡོད་སྙམ།
ལན།
དེ་དུས་ནང་ཆོས་དང་བོན་ཆོས་ལྟ་གྲུབ་ཀྱིས་རྒྱུད་མ་བརླན་པའི་རྒྱལ་པོ་དང་བློན་པོ་མི་མང་ཅིག་ཡོད་པར་འདོད་པ་ནི། དེ་དུས་ཀྱི་རྒྱལ་རབས་མ་ཤེས་པའམ། ཤེས་བཞིན་དུ་ཡོན་པོར་་འཆད་པ་ལ་གོམས་པའི་དབང་གིས་གསུངས་པ་མིན་ནམ། བོད་ལ་ལས་བྱེད་བཙན་པོ་དར་མ་དང། མ་འོའི་རྒྱག་ཁྱི། ད་ཡོད་བྱམས་པ་འཕྲིན་སོགས་གསོད་མཁན་ལྷ་ལུང་དཔལ་རྡོར་ཡང་ནས་ཡང་དུ་འཁྲུངས་པའི་སྨོན་ཤུགས་དྲག་དང་བཅས་བྲིས།
བོད་ལ་ལས་བྱེད་བཙན་པོ་དར་མ་དང། མ་འོའི་རྒྱུག་ཁྱི། ད་ཡོད་བྱམས་པ་འཕྲིན་སོགས་གསོད་མཁན་ལྷ་ལུང་དཔལ་རྡོར་ཡང་ནས་ཡང་དུ་འཁྲུངས་པའི་སྨོན་པ་ཤུགས་དྲག་དང་བཅས་བྲིས། དག་བཅོས་ཀྱིས་བསྐྱར་འཇུག
མིང་མེད་རྡོ་རྗེ་ལགས།
ལྷ་ལུང་དཔལ་རྡོར་ཁོང་བོད་རྒྱལ་ཁབ་འདི་འཕུང་བྱེད་ཀྱི་བྱེད་གཏེ་ཡིན་ཙང་། ཡང་ཡང་འཁྲུངས་པའི་སྨོན་ལམ་བཏབ་ན་འགྲིགས་ཨ་ཡོད་ན། གལ་ཏེ་ཁོང་ཡང་སྐྱར་འཁྲུངས་པ་ཡིན་ན་ཡང་བོད་རྒྱལ་ཁབ་གོང་བུ་གཅིག་བསྒྱུར་བཟོ་ཐུབ་མཁན་གྱི་བོད་རིགས་རྣལ་མ་དེ་ཚོ་གསོད་པ་ལས། བོད་རྒྱལ་ཁབ་འདི་ལ་བཙན་འཛུལ་དང་བཙན་འཕྲོགས་བྱེད་མཁན་གྱི་རིགས་དེ་ཚོ་གཅིག་ཀྱང་གསོད་ཐུབ་ཀྱི་མ་རེད་དོ།
༢༩༽ འདྲེ་རྐང་ཐོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣༠ གི་ཆུ་ཚོད་ ༢༣ སྐར་མ་ ༥༣
ནང་བའི་ཆོས་ལུགས་བོད་ལ་དྲངས་པས་བོད་ཆོས་ངོ་མའི་རླུང་རྟ་ཡལ། །
ལྷ་སྲས་དར་མའི་ཚེ་སྲོག་འཕྲོག་པས་བཙན་པོའི་གདུང་བརྒྱུད་རྩ་མེད་བཏང་། །
བོད་ཡུལ་ཆོལ་ཁ་གསུམ་དུ་ཕྱེ་བས་ཕྱོགས་རེས་འཐེན་ཁྱེར་མཚམས་མ་ཆད། །
རང་གི་མི་ཡི་བྱས་ཉེས་དག་ལ་འཁང་ར་བྱེད་ས་ཡོད་དམ་ཅི། །
ལན་དུ།
ནང་པས་བོད་ཆོས་ངོ་མའི་རླུང་རྟ་སྤེལ། །
དར་མས་རྩུབ་དྲགས་རང་གི་སྲོག་ཀྱང་ཤོར། །
བོད་ཡུལ་བསིལ་བུར་གནས་ཀྱང་ཆོས་ཀྱིས་འཚོ། །
འཁང་ར་ཡོད་ཚད་བྱས་ཉེས་ཅན་ཚོར་གྱིས། །
འོ་ཙི་ད་དུང་ངའི་མཆན་འདེབས་སའི་ནང་བཙན་འཛུལ་བྱེད་སྟངས་འདི་སུའི་ལུགས་སྲོལ་རེད།
ངས་ལྟ་གྲུབ་ཀྱི་རྒྱུད་མ་བརླན་པའི་མི་རིགས་རང་བཞིན་ཅན་གྱི་གང་ཟག་ཟེར་དུས། ཡིན་ཅིག་རྒྱལ་པོ་དང་བློན་པོ་དེ་ཚོར་མ་གཏོགས་གོ་མི་ཆོག་པ་ཅི་རེད། དམངས་དཀྱུས་ཞིང་འབྲོག་མི་སེར་ཡུལ་མི་རང་བཞིན་ཅན་དེ་ཚོ་ག་པར་ཕྱིན་པ་རེད། དེ་ཚོ་ཚང་མ་མི་ཆོས་རིང་ལུགས་དོར་ནས་རྒྱལ་པོ་དང་བློན་པོ་དེ་ཚོ་ནང་བཞིན་གཉའ་གནོན་དང་ཤུ་ཞོག་ཕྲག་དོག་དང་འགྲན་སེམས་ཀྱི་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་བྱེད་མཁན་རྐྱང་རྐྱང་ཡིན་པ་ངས་ནམ་ཡང་མི་འདོད་ལ་ནམ་ཡང་ངོས་ལེན་མེད།
ཨ་རོ། མིག་བརྒྱད་པ།
ཁྱོད་མིག་བརྒྱད་ཡོད་ཀྱང་གྲུབ་མཐའ་གཅིག་གི་ལྟ་གྲུབ་མ་གཏོག་གཞན་འཇིག་རྟེན་རང་བཞིན་གྱི་ཆོས་ཉིད་མ་མཐོང་བ་ནི་ཅི་འདྲའི་སྐྱོ་བ་མ་རེད་པས།
རིག་གནས་གསར་རྗེའི་བཟང་ཕྱོགས་ཀྱི་སྙིང་སྟོབས་དེ་ནང་ཁུལ་ནས་བསྐྱེད་ཡོད་ན་མོས་མཐུན་ཡོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཕྱི་ལོག་ནས་ནང་འདྲེན་བྱས་ཙང་ངས་ངོས་ལེན་ནམ་ཡང་མེད། བྱས་ན་ཡག་བཙོག་གཉིས་ཀ་ཡོང་ཆོག་ན་ཡག་ཕྱོགས་གཅིག་གསུངས་དང་། ལྷ་སྲས་དར་མ་ཁོང་རིག་གནས་གསར་རྗེའི་བསམ་བློའི་སྙིང་སྟོབས་མེད་ཀྱང་བོད་རྒྱལ་ཁབ་གཅིག་གོང་བུ་གཅིག་བསྒྱུར་བཟོ་ཐུབ་པའི་ནུས་པ་དང་སྙིང་སྟོབས་ལྡན་ཡོད་པ་རེད་ལ། ཤན་པ་ལྷ་ལུང་དཔལ་རྡོར་གྱིས་ཁོང་དཀྲོངས་མེད་ན་གདུང་སྲས་འོད་བསྲུང་དང་ཡུམ་བརྟན་གཉིས་ནར་མ་སོན་པ་བདག་མེད་ཁེར་རྐྱང་དུ་ལས་མི་སྲིད་ལ། ཡབ་དར་མས་ཉམས་དམས་སུ་བཏང་བའི་ཡབ་མེས་རྣམ་གསུམ་གྱི་རིག་གཞུང་སླར་གསོ་བྱེད་རྒྱུའི་ནུས་པ་ལྡན་ཡོད། དེས་ན་འོད་བསྲུང་དང་ཡུམ་བརྟན་གང་རུང་གིས་བཙན་པོའི་རྒྱལ་ཁབ་དེ་སིལ་བུར་ནམ་ཡང་གཏོང་མི་སྲིད། འོན་ཀྱང་ཤན་ལྷ་དཔལ་གྱིས་གྲུབ་མཐའ་གཅིག་གི་དོན་དུ་བོད་བཙན་པོའི་རྒྱལ་ཁབ་དེ་སིལ་བུར་བཏང་ནས་ཁོ་རང་བྲོས་ཕྱིན་པ་རེད། ཅི་འདྲའི་ཡ་མཚན་མ་རེད་པས། འཇིག་སྐུལ་དྲག་སྤྱོད་རིང་ལུགས་ཀྱི་བྱ་སྤྱོད་མིན་ན་ཅི་རེད། ཡང་ན་ཁོ་རང་བྲོས་མ་ཕྱིན་པར་རྒྱལ་ཚབ་བྱས་ནས་ལྷ་ཆོས་རིང་ལུགས་ཀྱི་རྒྱལ་ཁབ་སྐྱོང་དགོས་པ་རེད། བྱས་ཙང་ཤན་པ་ལྷ་དཔལ་གྱི་བྱས་རྗེས་ཀྱི་མཇུག་འབྲས་ད་ཆ་གཞི་ནས་མངོན་འགྱུར་བྱུང་ནས་རིག་གནས་གསར་རྗེའི་རླུང་འཚུབ་ནང་འདྲེན་བྱེད་དགོས་པ་མ་ཟད་ཨ་ཞང་དྲིན་ཅན་གདན་དྲངས་དགོས་བྱུང་བ་རེད།
དེས་ན་ཁྱོད་ཀྱི་རྒྱུ་མཚན་ལྔ་དེ་རྒྱུ་མཚན་ཡང་དག་མ་རེད་ལ་བཙན་པོ་དར་མ་ལ་གླང་རྒན་ཞེས་འབོད་མཁན་དེ། ལྷ་ཆོས་རིང་ལུགས་ཀྱི་གྲུབ་མཐའ་གཅིག་གིས་བཙན་བསྒྱུར་བྱས་པ་འགས་འབོད་པ་མ་གཏོག་བོད་རྒྱལ་ཁབ་གཅིག་གི་གོང་བུ་ལ་བསམ་ནས་བོས་པ་ཞིག་ཡིན་རྒྱུ་མ་རེད། མ་ཟད་དབུ་ལ་རྭ་ཅོ་ཡོད་རབས་བཤད་པ་ནི་གྲུབ་མཐས་དབང་བསྒྱུར་བྱས་པའི་མི་དེ་ཚོ་ལྷ་གྲུང་བཤད་པ་ལ་གོམས་སོང་བ་རེད་མ་གཏོག་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་མ་རེད། གལ་ཏེ་མངོན་སུམ་གྱི་རྭ་ཅོ་ཞིག་ཡོད་ན་འཇིག་རྟེན་མི་ཆོས་ལས་འདས་པ་རེད་ལ་མངོན་སུམ་ཚད་མ་འགལ་བས་དུས་རབས་གསར་པའི་མི་སུས་ཀྱང་ཡིད་ཆེས་ཀྱི་གནས་མ་རེད་དོ