བོད་ཀྱི་འཐབ་རྩོད་ལས་འགུལ་བ་དང་། ཤེས་ཡོན་ཅན། དེ་བཞིན་སྒྱུ་སྩལ་པ་ཁག་གཅིག་ནས་ཐུན་མོང་ཐོག་བོད་ཕྱི་ནང་གཉིས་ནང་ལྷག་དཀར་ལས་འགུལ་རྒྱ་ཁྱབ་འགྲོ་བཞིན་པའི་སྐབས་དང་བསྟུན་ནས་ལྷ་དཀར་ལས་འགུལ་གྱི་དྲ་རྒྱ་དེ་བཞིན་དབུ་འབྱེད་བྱེད་བཞིན་ཡོད། ལྷག་དཀར་ཞེས་པ་ནི་བོད་ཀྱི་ལུགས་སྲོལ་ནང་འཁོད་པ་ལྟར་རེ་བཟའ་ལྷག་པ་སྟེ་གོང་ས་མཆོག་གི་བླ་གཟའ་ཡིན་པ་དང་། ཉིན་དེར་བོད་ཕྱི་ནང་གང་སར་བོད་མི་ཚོས་བསང་གསོལ་བྱེད་པ་དང་། མཆོད་མཇལ་བྱེད་པ་སོགས་ཀྱི་དཀར་ཕྱོགས་ཀྱི་དོན་སྒྲུབ་ཀྱི་ཡོད། དམིགས་བསལ་སྤྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་ནས་གདུག་རྩུབ་ཆེ་བའི་དམ་བསྒྲགས་བྱེད་མིན་ལ་མི་ལྟོས་པར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་མི་དམངས་ནས་ཞི་བའི་གྱེན་ལངས་བྱས་པ་དང་ཆབས་ཅིག་གནད་འགག་ཆེ་བའི་ཞི་བའི་ལས་འགུལ་ཞིག་འགོ་བཙུགས་པ་རེད། སྐབས་དེ་ནས་བཟུང་བོད་མི་ཚོས་རེ་གཟའ་ལྷག་པ་ནམ་ཡིན་ལ་བོད་ཆས་གྱོན་པ་དང་། བོད་ཟས་བཟའ་བ། བོད་སྐད་རྒྱག་པ། བསང་གསོལ་བྱེད་པ། གླིང་སྐོར་ལ་འགྲོ་བ་སོགས་མི་རིགས་ཀྱི་རྣམ་པ་འབུར་དུ་ཐོན་པའི་ལས་འགུལ་དེ་དར་འཕེལ་འགྲོ་བཞིན་པ་རེད། ལྷ་དཀར་གྱི་དྲ་རྒྱ་དབུ་འབྱེད་བྱས་པ་འདིས་ལྷག་དཀར་གྱི་མང་ཚོགས་རང་བཞིན་གྱི་ལས་འགུལ་དེ་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་རྒྱག་བཞིན་ཡོད།
དྲ་བའི་ཁ་བྱང་གཤམ་གསལ།
http://lhakar.org/
(ལྷ་དཀར་ལས་འགུལ་དྲ་རྒྱ་)སྒོ་འབྱེད་གནང་གྲུབ་པར་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱོད་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད།
ལོ་གསར་ལ་ལྷ་དཀར་གྱི་དྲ་གསར་བཟོས་པ་ལ་དགའ་བསུ་དང་། བཀྲ་ཤིས་བདེ་ལེགས་ཡོད།
ང་རང་དགའ་ཤོས་ཀྱི་ལས་འགུལ་ཞིག་ཡིན། ལས་དོན་ལེགས་འགྲུབ་ཡོང་པའི་རེ་བ་
ཡོད། ལྷག་དཀར་ལ་ཕྱག་ལས་གནང་མཁན་ཚང་མ་ལ་ཁ་དྲོ་བཀྲ་ཤིས།།
ཁྱེད་རང་ཚོའི་ལས་འགུལ་འདི་འཛམ་གླིང་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཚང་མར་ཁྱབ་ཐུབ་པ་ཤོག
ལས་འགུལ་གཟི་བརྗིད་ལྡན་པ་རེད་འདུག
སྤྱིར་ལས་འགུལ་འདི་ལྟར་འགོ་འཛུགས་གནང་བར་དགའ་བསུ་ཞུ་འོས་ཤིག་ཡིན་ནའང་དྲ་རྒྱ་འདི་ཉིད་བོད་ཀྱི་སྐད་ཡིག་ཐོག་གཙོ་འདོན་མ་གནང་བར་བློ་ཕམ་ཆེ།
དོན་སྙིང་དང་རྣམ་དཔྱོད་ལྡན་པའི་ལས་འགུལ་འདི་འདྲ་སྤེལ་པར་སེམས་གཏིང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། ལོ་སར་པའི་ནང་འབྲེལ་ཡོད་དག་གི་མཛད་ཕྲིན་གོང་འཕེལ་དང་། ལས་འགུལ་འདི་རྒྱ་ཁྱབ་དུ་མཆེད་ཐུབ་པར་སྨོན།
ལྷག་དཀར་དྲ་ཚིགས་ལེགས་འགྲུབ་བྱུང་བ་དགའ་བོ་བྱུང་ཡོད ། མགོ་ལོག་ཟླ་བྷེ་འདི་ལ་འབྲེལ་བ་ཅི་ཞིག་ཡིན་ན །