བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
བོད་ཀྱི་རིག་གནས་དང་ལོ་རྒྱུས་ཡང་དག་པ་ཞིག་ཤེས་འདོད་ན་བོན་གྱི་ཡིག་ཆ་ཁག་ལ་ངེས་པར་དུ་སློབ་སྦྱོང་བྱོས། བོད་ཀྱི་བླ་ཆེན་དང་དཔོན་ཆེན་འགས་གཙོས་བོད་མི་ཁག་ཅིག་གིས་བོན་གྱི་ཡིག་ཆ་ཤོག་ངོས་གཅིག་ཀྱང་མ་བཀླགས་པར་ཤར་ནུབ་ཀྱི་སྤྱི་ཚོགས་ཁྲོད་”བོན་པོ་ནང་པ་མིན་པ་དང་”། “བོན་པོས་དམར་མཆོད་བྱེད་པ།” “བོན་པོ་ལ་དཀར་ནག་གཉིས་སུ་དབྱེ་བ་”སོགས་མི་མང་འདུ་འཛོམས་ཆེ་ཆུང་གང་སར་དོན་གྱི་གནས་ལུགས་དང་མི་འཚམས་པའི་བསྒྲགས་གཏམ་སྤེལ་བ་ལས་ལྷག་པའི་བདག་ལ་དགོད་བྲོ་ཞིང་སྙིང་ལ་གཟན་པ་ཞིག་མི་འདུག
ངས་མི་ལོ་ཉི་ཤུ་ལྷག་གི་རིང་བོན་གཞུང་མདོ་སྔགས་རྫོགས་གསུམ་ལ་སྦྱང་བ་བྱས་ཀྱང་བོན་པོ་ནང་པ་མིན་པའི་དོགས་པ་བྱུང་མེད་ལ། བོན་པོས་དམར་མཆོད་བྱེད་པའི་རྒྱུད་རིམ་མཐོང་མེད། ད་དུང་བོན་པོ་ལ་དཀར་ནག་གི་དབྱེ་བ་ཞིག་ཡོད་པའང་བོན་གྱི་གཞུང་ལུགས་ཁག་ཏུ་མི་འདུག
ཁྱོད་ཚོས་གང་ནས་རྙེད་པ་རེད། མ་གཞི་བོད་ཀྱི་སྤྱི་ཚོགས་འདི་ད་དུང་རྨོངས་དད་དང་། རྗེས་ལུས། ཟེར་སྒྲོས། བག་འཁུམ། གཉའ་གནོན་གྱི་ར་བ་ལས་བརྒལ་མ་ཐུབ་པ་འདི་ཆེས་ཡར་ཐོན་ལྡན་པའི་འཛམ་གླིང་འོད་ཀྱི་སྟེགས་བུར་ཅི་འདྲའི་ངོ་གནོང་དགོས་པ་ཞིག་རེད་ཨང་།
ཡང་ཅིག་བཤད་ན་མི་ཆེན་དེ་དག་གིས་བོན་པོ་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་ཀྱིས་གོ་བ་ལོག་སྒྲུབ་དང་ཕ་རོལ་གྱི་གྲུབ་མཐའ་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བ་ཁག་ཅིག་དེ་རིང་གཟུགས་མཐོང་གློག་བརྙན་བརྒྱུད་མཐོང་ཐོས་གཉིས་ཀ་བྱུང་བས་ཡིད་མ་བདེ་བས་འདི་འདྲ་ཞིག་འབྲི་བཞིན་ཡོད། མི་རིགས་ཀྱི་རྩ་དོན་རྩོད་སར་གཡས་འཇུ་གཡོན་འཇུ་བྱས་ཏེ་བོད་མི་ནང་ཁུལ་དུ་རྙོག་ཟིང་འདྲ་མིན་རྒྱུན་མི་ཆད་པར་བསམ་གཟས་ཏེ་བཟོས་པ་མང་དྲགས་སོང་། སོམས་དང་། དེ་དག་ནི་སྒང་བ་གངས་ཅན་པའི་རྨི་ལམ་གྱི་རོལ་མཚོའམ་ཁྱིམ་གཞི་གསར་པ་ཞིག་འཛིན་པའི་རེ་སྨོན་ལ་ཅི་འདྲའི་བར་ཆོད་ཆེན་པོ་རེ་མ་རེད་དམ།
ངས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་བཅིངས་པའི་སེམས་ཚོར་དྲན་མོ་འདི་སྒང་པ་ཚང་གི་ལས་དབང་དང་ཕུགས་འདུན་ལ་བགེགས་དང་བར་ཆོད་ཧ་ཅང་མང་བའི་གྲས་ནས་ཤེས་རབ་དང་ལྷག་བསམ་གྱི་རལ་གྲིས་བླངས་པའི་སྤུ་ཉག་རེ་ཟུང་ཙམ་ཡིན། ད་དུང་མང་ཡ། ཤིན་ཏུ་མང་། ནད་རིགས་དེ་ཆོལ་ཁ་གསུམ་གྱི་རྫ་གསེབ་ཏུ་འདུག གྲུབ་མཐའི་ཁག་གི་སྤང་གཞོང་ན་འདུག ཆབ་སྲིད་ཚོགས་པའི་སྦྲ་ལྟག་ཏུ་འདུག ཆོས་རྒྱུད་སོ་སོའི་ལྷས་ར་རུའང་འདུག
མདོར་ན་བོད་ཀྱི་གནས་བབ་འདི་ད་ལྟའི་ཆར་འཇིག་རྟེན་པའི་ལྷ་འདྲེའི་ལུང་ཐོ་རྫུན་མ་ཞིག་ལ་ཨུ་ཚུགས་ཀྱིས་བཀལ་བའི་གཏད་སོ་མེད་པའི་ཡུལ་གྱར་བའི་སྦྲ་ཁྱིམ་ཐད་པོ་ཞིག ཡང་ན་བོད་རིགས་ནང་ཁུལ་དང་རྒྱལ་སྤྱིའི་ལྡིང་ཆའི་ཐོག་རྩེད་ཆས་ལྟར་གཡུག་བཞིན་པའི་རྐང་རྩེད་སྤོ་ལོའི་གྲུབ་ཆ་ཞིག དྲིན་ཅན་ཚོ།
ངས་དེ་རིང་གཙོ་བོ་བཤད་འདོད་པ་འདི་ཡིན། བོད་ཀྱི་བླ་ཆེན་དང་དཔོན་ཆེན་ཚོ། བོན་གྱི་སྐོར་ལ་དོན་གྱི་གནས་ལུགས་དང་འགལ་བའི་དོན་མེད་ཀྱི་སྐད་ཅོལ་མི་རྒྱག་རོགས། མི་ཤེས་ན་རང་སར་བཞག་སྟེ་ཇུས་གཏོགས་མི་བྱེད་རོགས། སྐད་ཅོལ་དེ་དག་གིས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད། སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་ལ་གནོད། སེམས་ཅན་གྱི་བདེ་སྐྱིད་ཆ་སྙོམ་ལ་གནོད། མ་གཞི་ཁྱོད་དང་ཁྱོད་ཚོའི་སྡོམ་ཚིག་དེས་བཙོ་མ་གསེར་ལྟ་བུའི་བོན་པོའི་རང་གཤིས་དང་ལྟ་གྲུབ་ལ་བཟང་ངན་གྱི་འགྱུར་བ་གང་ཡང་གཏོང་མི་ནུས་ཀྱང་བོད་མི་མང་པོ་ཞིག་མགོ་སྐོར་དང་གཡོ་འོག་ཏུ་འཛུལ་སླ་བ་ནི་ཁྱོད་ཚོའི་མིང་བྱང་གི་དབང་ཤུགས་དང་གནས་སྐབས་ཀྱི་མངའ་ཐང་དར་བས་རེད།
ཡང་ཅིག་བཤད་ན་གོང་དུ་བཤད་པ་ལྟར་བོད་མི་མང་པོ་ཞིག་ལྷ་བླ་མའི་ཟེར་སྒྲོས་དང་། རྫུན་གྱི་རྗེས་འདེད། ད་དུང་རྨོངས་དད་དམ་བླུན་རྟགས་སྟོན་རྒྱུར་གོམས་དྲགས་པམ་གཉིད་མ་སད་པའི་སྐྱོན་རེད་འདོད།
སྐད་བསྐུར་འདི་བོད་ཀྱི་བླ་ཆེན་དཔོན་ཆེན་དེ་དག་གི་སྙན་ལམ་དུ་འཕྲོད་ཐབས་བྱེད་རྒྱུ་དྲ་གྲོགས་ཚོར་བཅོལ་བའི་ངའི་རེ་བ་ཉག་གཅིག་ཡིན། སྤྱི་བཤད་ཙམ་གྱི་སྐད་ཆ་འདིའི་ནང་གི་བླ་དཔོན་ཚོའི་མིང་རེ་རེ་བཞིན་ནམ་ཞིག་གླེང་ཆོག་པར་ཞུ། །
དཀོན་མཆོག་གིས་གཟིགས། འཛམ་གླིང་འདི་ཞི་བདེ་དང་། ཀུ་ཡངས། གཤིས་བཟང་གིས་འཚོ་བར་སྨོན། །
བོན་གྱི་ཡིག་ཆ་ལ་གང་ལ་གང་འཚམས་རེ་བལྟས་ཡོད། འུག་པས་རྫུན་དྲུག་བཤད་པ་ལྟ་བུ་ཞིག་རེད། ཡིད་ཆེས་འོས་པ་ཞིག་མི་འདུག དམར་མཆོད་བྱས་མ་བྱས་དེ་སྔོན་བྱུང་ལོ་རྒྱུས་ཀྱིས་ཁ་གྲགས་བསྡད་འདུག དུས་རབས་རིམ་བྱུང་གི་མཁས་པ་མང་པོའི་ཡིག་ཆ་ལས་གསལ་བ་མ་གཏོགས་ང་ཚོས་ད་ལྟ་སྐྱག་རྫུན་གསར་དུ་བཟོས་ཡོང་བ་ཞིག་མ་རེད།
“ལྷ་བླ་མའི་ཟེར་སྒྲོས་དང་། རྫུན་གྱི་རྗེས་འདེད། ད་དུང་རྨོངས་དད་དམ་བླུན་རྟགས་སྟོན་རྒྱུར་གོམས་དྲགས་”ཟེར་བ་དེ་བཤད་ས་མི་ལ་བཤད་ཀྱང་འཁོར་ས་རང་ལ་མི་འཁོར་བའི་ངེས་པ་མི་འདུག མ་གཟབ་ན་ར་སྤུའི་འུར་རྡོའི་དཔེར་འགྱུར་ས་རེད།
བུམ་པ་བོན་ཅན། མི་རྟག་ཏེ་ བྱས་པ་ཡིན་པའི་ཕྱིར། ཞེས་པ་འདིས་བོན་དང་ཆོས་གོ་དོན་གཅིག་པར་སེམས། བོན་སྟོན་གཤེན་རབ་མཆོག་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་གང་ཡིན་ཤེས་པར་བྱོས། བོན་ཆོས་འདི་བོད་གང་ཅན་པའི་གདོད་མའི་ཆོས་ཡིན་པས་གུས་ཞབས ངེས་པར་དུ་དགོས། བོན་པོ་རང་གིས་བཤད་ཚུལ་ཡང་བོན་གསར་དང། བོན་རྙིང་གཉིས་འདུག་པ་དང། སངས་རྒྱས་ཆོས་བོད་ལ་མ་དར་གོང་གི་བོན་པོ་དང། སངས་རྒྱས་ཆོས་མདོ་སྔགས་ཡོངས་རྫོགས་བོད་ལ་དར་བའི་རྫེས་སུ་བོན་པོ་ལ་ཁྱད་པར་ཡོད་པར་སེམས། ཡང་གཡུང་དྲུང་བོན་དང་བོན་ལ་ཁྱད་པར་ཡོད་དམ་མེད་དམ། གང་ལྟར་ད་ལྟའི་བོན་གསར་འདི་ལ་སངས་རྒྱས་ཆོས་ཀྱི་གཞུང་ལུགས་མདོ་སྔགས་ཡོངས་རྫོགས་ཚང་པ་ལྟ་བུ་འདུག་ན་ཁ་གཏོང་མི་རུང། ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་བོད་ལ་མ་དར་གོང་ལ་། ད་ལྟའི་བོན་གསར་འདི་ཡོད་ན། བཀའ་དྲིན་ཅན་གྱི་བོད་ཀྱི་ཆོས་རྒྱལ་དང། ལོ་ཙ་བ་རྣམས་ཀྱི་ངལ་བ་བརྒྱ་སྟོང་གིས་ནང་ཆོས་བོད་ལ་གདན་འདྲེན་ཞུ་དགོས་དོན་མ་མཆིའོ། སློབ་དཔོན་པདྨའི་ཞལ་སྔ་ནས་ཀྱང་གདོན་གཟུགས་བོན་གྱི་བསྟན་པ་སྣུབ་གསུངས་དགོས་དོན་མེད། ལྷག་པར་ཚེ་ཅིག་ལ་སྐུ་བཞིའི་གོང་འཕངས་མངོན་གྱུར་རྗེ་མི་ལ་རས་པའི་རྣམས་ཐར་ནང་ལ་ཤིན་ཏུ་གསལ། དངོས་ཡོད་ལ་ཡང་རི་རྩེ་དྲུག་གི་བྱང་ཕྱོགས་གི་བོན་པོ་དམར་མཆོད་བྱེད་མཁས་ཤིན་ཏུ་མང། ད་ལྟ་རྒྱ་འདྲེས་བཏགས་པའི་བོད་རང་སྐྱོང་ལྗོངས་སྦྲ་ཆེན་ཞེས་པ་དང། ཡང་ནག་ཆུ་ཞེས་པ་དང། ཨ་མདོའི་ཕྱོགས་ལ་ཉུང་ངུ་མཐོང་རྒྱུ་ཡོད། དེ་མིན་མངའ་རེས་ཕྱོགས་དང་ ཀོང་པོ་སོགས་ག་བ་ཡིན་ནའང་མཐོང་རྒྱུ་ཡོད་པས་ཁྲོམ་པའི་སྦལ་པ་ལྟར་མ་འགྲོ་བ་ཕྱོགས་ཡོངས་ནས་སྡུར་དགོས། བོད་ལ་མི་རབས་རྒན་པ་ཚོས་བོན་པོ་དམར་མཆོད་བྱེད་མཁས་ལ་བོན་ནག་དང། དེ་ལྟར་མི་བྱེད་མཁས་ཀྱི་བོན་ལ་། བོན་དཀར་ཞེས་པ་ཡོངས་གྲགས་དང། དེ་ལྟར་ཡང་བོན་བན་གཉིས་གཉིས་མཉམ་མཐུན་ཞི་བདེར་ལོ་ངོ་རྒྱ་སྟོང་གནས་པས་ཤིན་་ཏུ་བཟང། གུས་པ་སྒེར་ངོས་ནས་བོན་པོ་ནང་པ་ཡིན་མིན་ལ་ཁྱད་པར་གང་མེད། བདག་ཉིད་བདག་གི་མགོན་ཡང་ཡིན། བདག་ཉིད་བདག་གི་དགྲ་ཡང་ཡིན་། ཞེས་པ་དང་ ཐར་པ་རང་ལ་རག་ལས་ཤེས་པར་བྱོས་གསུངས་པ་ལ་ཤིན་ཏུ་མོད་པར་ཡིན།
འོ་ལགས་སོ།
དམར་མཆོད་དང་བོན་གསར་རྙིང་བཤད་ན་བན་དེ་ལ་དེ་བཞིན་རེད། དམར་མཆོད་ལོ་རྒྱུས་ཀྱི་ཁ་གྲགས་བསྡད་ཡོད་རེད་ཟེར། དེ་བདེན་རྒྱ་གར་ནང་བན་དེ་ནུབ་སྐྱེན་དམར་མཆོད་ལ་ཐུག་ཡོད། བོད་ནང་ཨ་ཚོ་བན་དེ་བཅོ་བརྒྱད་ཀྱི་དམར་མཆོད་བྱས་པ་ལོ་རྒྱུས་ཀྱི་ཁ་གྲགས་བསྡད་པ་ཞིག་རེད། བོན་ལ་གནའ་བོའི་བོན་དང་གཡུང་དྲུང་བོན་གཉིས་ཡོད་པ་བདེན། བན་དེ་ལ་ཡང་གནའ་བོའི་བན་དེ་དང་ད་སྐབས་ཀྱི་བན་དེ་གཉིས་ཡོད།
བོན་ལ་གསར་རྙིང་གཉིས་ཡོད་པ་བདེན་ཡིན་ཡང་བོན་གསར་མ་དེ་ཚོ་བན་དེ་དབང་ཤུགས་ཆེ་སའི་ས་ཆའི་ནང་གནས་ཡོད། ཁོ་ཚོའི་བན་དེ་ལ་གནས་སྐབས་རིང་ངོ་བསྟོད་ཀྱི་ཆད་དུ་པདྨ་འབྱུང་གི་མཆོད་ཐབས་འགའ་བེད་སྤྱོད་གཏོང་གི་རེད་མ་གཏོགས། གཞན་ལྟ་གྲུབ་དང་ལོ་རྒྱུས་ཀྱི་ཆ་ནས་བོན་པོ་རང་ལུགས་སུ་བཤད་པ་ལས་བན་དེ་ཁས་མི་ལན། དེ་དག་ནི་བན་དེའི་འཇིགས་པ་འགོག་ཆད་གནས་སྐབས་ཀྱི་ཐབས་ཤེས་ཙམ་རེད།
ད་སྐབས་རང་དབང་ཡོད་དུས་དེ་དག་ཕལ་ཆེར་དོར་ཚར་བ་རེད། བོན་གསར་རྙིང་གང་ཡིན་ཡང་ལྟ་གྲུབ་ཀྱི་ཆ་ནས་བཤད་ན་བན་དེ་ལྟར་རྙོག་ཟིང་མེད། གཤེན་རབ་ནས་རྒྱུད་པའི་མདོ་སྔགས་རྫོགས་གསུམ་གཅིག་མཚུངས་སུ་ཁས་ལན་པ་ལས། ཀླུ་ཐོགས་ལྟར་ཤཀྱས་མ་གསུང་པའི་བཀའ་རྙོག་ཟིང་ཅན་དེ་འདྲ་མེད། བན་རྙིང་དང་བན་གསར་གཉིས་ལ་ཆད་པར་ཧ་ཀྱང་ཆེ། བན་ནག་དང་བན་དཀར་གཉིས་ནི་ད་ལྟ་མཐོང་བཞིན་པ་འདི་རེད། འཛམ་གླིང་ཐོག་དམར་མཆོད་ཆེ་ཤོས་བྱེད་མཁན་ད་སྐབས་བན་ནག་ཆགས་ཡོད། ད་སྐབས་ཁུ་ནུས་ལུང་པར་རྙིང་མ་ཡིན་ཞེས་བན་ནག་དང་རིགས་འདྲེས་པའི་དམར་མཆོད་བྱེད་མཁན་མང་དག་ཞིག་ཡོད་པ་ནི་མཐོང་གསལ་རེད།
བོད་ཀྱི་ནང་ཆོས་ནང་ལ་ད་དུང་གདོད་མའི་བོན་པོའི་ལམ་གསོལ་ལྷག་སྡད་ཡོད་། དཔེར་ན་ལྷ་གསང་གཏོང་བ་དང། ཁང་སྒོ་ལ་གཡུང་དྲུང་གི་ས་དཀར་གཏོང་བ་དང། ལ་མགོ་ལ་ལ་བཙན་བཟོ་བ་དང། སྤྱིར་ནང་ཆོས་ཀྱི་བྱུང་བ་ལ་ཡང་མ་གྷ་ཌ་བཟང་མོ་ནས་གསང་གསོལ་བྱུང་ཡོད། གལ་སྲིད་ཧི་མ་ལ་ཡི་རི་རྒྱུད་ལ་ནང་པ་དམར་མཆོད་བྱེད་གསོལ་ཡོད་ན་བོན་ནག་གིས་ཤན་ཞུགས་པར་གོར་མ་ཆག། གང་ལྟར་བོན་ནག་གིས་དམར་མཆོད་རྗེ་མི་ལ་རས་པའི་སྐབས་སུ་ཡང་ཡོད་པ་དང། བོན་གསར་ནི་ནང་ཆོས་ནང་ནས་མིང་འདོགས་སྦྱོར་བ་དང་། དེའི་གང་ཕྱྭ་གཡང་་དང་མོ་འགུག་སོགས་རང་སོར་བཞག་ནས་གང་ལ་ཡང་ཡིད་གཏན་མེད་པར་བཟོས་པ་གསལ། གང་ཅན་ལྷག་ཅིག་རྒྱལ་བ་ཡིད་བཞིན་ནོར་བུས་བོན་ལ་ཡང་གོ་ས་ཆེན་པོ་ཞིག་གནང་ནས་བོན་སྤྱི་དང་བོན་གཞིས་སོགས་གསར་འཛུགས་གནང་བ་་རྗེད་མི་རུང། བོན་པོ་བོན་ཅན་ ནང་པ་མིན་སྟེ་། སྐྱབས་་འགྲོ་མེད་པའི་ཕྱིར། བོན་དགེ་བོན་ཅན། གྲྭ་པ་མ་ཡིན་སྟེ་ སྡོམ་རྒྱུད་མེད་པའི་ཕྱིར། ནང་ཆོས་བོད་མ་དར་གོང་གི་བོན་པོ་བོན་ཅན། དམར་མཆོད་བྱེད་ཏེ། ཁྲག་ཆེན་གྱི་དམར་མཆོད་པའི་ཕྱིར། རྟག་གྲུབ་ཏེ་། བོད་ནས་ཐོན་པའི་ལོ་རྒྱུས་ཚད་ལྡན་དུ་གསལ་བའི་ཕྱིརརོ། རྟག་དེས་ཆོས་རྒྱལ་ལོ་པན་ཚོས་བོད་ལ་ནང་ཆོས་སྤེལ་བའི་རྒྱུ་མཚན་ཡང་གྲུབ་པོ་།
བན་དེའི་དམར་མཆོད་བྱས་པའི་ལོ་རྒྱུས་དག་རྒྱ་གར་དང་བན་དེ་རང་གི་ལོ་རྒྱུས་ནང་གསལ་བསྡད་པ་ཞིག་ལས་བོན་པོའི་ལབ་བཞག་པ་ཞིག་མ་རེད། སྔ་ཕྱི་བར་གསུམ་བན་ནག་གི་དམར་མཆོད་ནི་འཛམ་གླིང་ཐོག་རྒྱ་ཆེ་ཤོས་བྱེད་མཁན་དག་རེད། ད་སྐབས་བན་དཀར་ནང་དམར་མཆོད་དག་བན་ནག་གི་ཤན་ཞུགས་ཡོད་པ་ནི་སྨོས་མེད་རེད། སྡོམ་རྒྱུད་ཆད་ནས་ད་སྐབས་འཇུ་ས་ལྟ་ས་མེད་པར་རྫུན་ཆག་ལྷུ་སྒྲིག་བྱེད་མཁན་བོན་པོ་མ་རེད་བན་དེ་རེད། བོན་ལ་སྐྱབས་འགྲོ་ཡོད་མེད་དང་པོ་མ་བཤད་ཤཀྱའི་བཀའ་མདོ་ཡི་སྡེ་སྣོད་གསུམ་ཕུད་པའི་སྔགས་རྫོགས་གཉིས་དེ་ཚུལ་རྩིས་སྤྲོད་ཤོག། དེ་ནས་ལྟ་ཆོག།
མེས་པོའི་བོན་ཆོས་ལ་ཟུར་ཟ་དང་དམའ་འབེབས་རྒྱུན་དུ་གཏོང་བའི་བོད་ཀྱི་བླ་ཆེན་དཔོན་ཆེན་ཚོའི་མཚན་རེ་རེ་བཞིན་དངོས་སུ་བགྲང་ན་ལྟད་མོ་ཡོད་ས་རེད། དེ་མིན་མུན་ནག་ནང་དུ་མདའ་འཕེན་པའི་བཟོ་རེད་འདུག་ག
སྤོབས་པ་ལགས་བོན་གྱི་ཡིག་ཆ་རེ་གཉིས་ཤིག་ལ་བལྟས་ནས་བོན་ལ་རྒྱུས་ལོན་སོང་སྙམ་ན་ང་རྒྱལ་ཆེ་བའི་རྟགས་ལས་མ་འདས། ཞིབ་འཇུག་བྱེད་འདོད་མཆིས་ཚེ་བོན་གྱི་བཀའ་བསྟན་འགྱུར་ཡོངས་རྫོགས་ལ་ལེགས་པར་ལྟོས་དང་དེ་ནས་ཤེས་འོང་། སྔགས་དང་རྫོགས་ཆེན་གྱི་ཁུངས་བོན་ལ་ཐུག་ཡོད་པའི་ངེས་པ་ཡང་རྙེད་ཐུབ། གང་ཡིན་ཞེ་ན་ཆོས་ལུགས་ལ་མེད་པ་བོན་ལུགས་ཡོད་པ་མང་བོ་ཞིག་སྣང་བས་སོ། དཔེར་ན་རྗེ་བཙུན་སྒྲོལ་མ་དང་སྤྱན་རས་གཟིགས་གཉིས་ལ་ཆ་བཞག་ན་ཆོས་ལུགས་ལ་བྱ་བརྒྱུད་རེད། བོན་ལུགས་ལ་འདི་གཉིས་ཀ་སྔགས་བླ་མེད་ཀྱི་ལུགས་ཡིན་པར་མ་ཟད་དབང་བཞི་རྒྱས་པ་སྐུར་རྒྱུ་ལུགས་སྲོལ་ཡོད། ལྷག་པར་དུ་བོན་གྱི་ཀུན་བཟང་རྒྱལ་བ་འདུས་པ་ནི་རབ་བྱུང་དང་སྔགས་པ་ཁྱིམ་པ་ཕོ་མོ་ཡོངས་སུ་རྫོགས་པའི་ཐུགས་དམ་གྱི་གཙོ་བོ་ཞིག་ཡིན་ལ། འདིའི་བསྙེན་ཚད་རྫོགས་པ་ཕལ་མོ་ཆེས་འཆི་ཁར་ཐུགས་དམ་ལ་བཞུགས་པ་དང་རང་བསྲེལ་གྱི་ཕུང་བོར་གྱུར་བའི་ལོ་རྒྱུས་རྫོགས་མཐའ་མེད། འདི་ནི་དཔེ་མཚོན་ཙམ་ཡིན། སྤོབས་པ་ལགས། དེབ་རེ་གཉིས་ཤིག་བལྟས་ནས་ང་མཁས་པ་ཡིན་མ་སྙམ་རོགས། ཐུགས་རྗེ་ཆེ།།
བོན་ལ་དགག་པ་རྒྱག་མཁན་གྱི་མི་ཆེན་བླ་ཆེན་ཚོའི་མཚན་ནས་བགྲངས་ན་རྗེ་ཙོང་ཁ་པ་དང་། མི་ལ་རས་པ། ཉང་ཉི་མ་འོད་ཟེར། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ། སྟག་ཤམ་ནུས་ལྡན་གླིང་བ། དགེ་འདུན་ཆོས་འཕེལ། ད་དུང་མང་རྒྱུ་རེད་ཡ།
ད་ཡང་འུར་སྒྲ་བརྒྱབ་མ་ཡོང་ཨ། ག་རེ་བོན་ཅན། ཆོས་ཅན། བོད་སྐད་དུ་བོན་དང་ཆོས་ཅེས་པའི་ཆོས་ཚིག་འདི་གཉིས་ཀྱི་ནང་ནས་སྔོན་ལ་གང་བྱུང་བ་ཡིན་ཨེ་ཤེས། བོན་དང་བོན་ཅན་ཞེས་པའི་བོད་སྐད་རྣལ་མའི་བརྡ་རྙིང་གི་བོད་རང་གི་ཆོས་ཚིག་འདི་ཁྱེད་ཚོས་བེད་སྤྱོད་བྱེད་མ་ཕོད་དུས། ང་ཚོས་བོད་རང་གི་ངོ་བོ་མཚོན་ཕྱིར་བེད་སྤྱོད་ལོས་བྱེད། ཁྱེད་ཚོས་དེང་སང་བོད་ཅེས་པའི་མིང་ཚིག་འདི་ཡང་མི་དགོས་ལབ་ཀྱི་ཡོད་བ། བོན་ཅན་ད་ག་བ་ག་བ། བོན་ལ་སྐྱབས་འགྲོ་ཡོད་མ་རེད་ཨེ། ཁྱེད་ཚོས་སྐྱབས་སུ་འགྲོ་ས་འཇིགས་པ་མ་དེ་ཚོ་གསལ་གསལ་དག་དག་མར་ཐང་མར་བརྡལ་ཤོག་དང་། དེ་ནས་བོན་ལ་སྐྱབས་འགྲོ་དེ་འདྲ་ཞིག་ཡོད་ནས་དགའ་རྒྱུ་དང་མེད་ནས་སྡུག་རྒྱུ་ག་རེ་འདུག་བལྟ་ཆོག །
བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་གསུངས་པ་ལ་མངོན་པར་བསྟོད་དོ། རྗེས་སུ་ཡིད་རང་ཞུ། རྒྱབ་སྐྱོར་ཡོད། བཀའ་དྲིན་ཆེ་ཞུ། །
རང་གི་ཆོས་ལ་དད་པ་བྱོས། གཞན་གྱི་ཆོས་ལ་དག་སྣང་སྦྱོང་། རང་ཉིད་དཔེ་རུ་བཟུང་ན་ཡག་ཤོས་དེ་རེད་མི་འདུག་གམ། །
རང་ཆོས་ལ་བསྟོད་ར་བྱེད་པའི་ཆེད་དུ། གཞན་ཆོས་ལ་སྨད་ར་རྐྱང་བྱས་ནས་འགྲོ་དགོས་པ་ཨ་ཡོད་ན། ཡང་མིན་ན་རང་ཉིད་ལ་བློ་མི་བདེ་བའི་དོགས་པ་ཞིག་ཡོད་པའི་རྟགས་རེད། ཟ་ཞོར་འཐུང་ཞོར་འགྲོ་ཞོར་སྡོད་ཞོར། ཐ་ན་རྒྱོ་ཞོར་བཅས་ལའང་གཞན་ཆོས་ལ་སྨད་ར་རྐྱང་བྱེད་སྡོད་དགོས་པའི་ཚོགས་མ་བསགས་པ་འདི་འདྲ་གང་ཡིན་ནམ། །
བོན་ལ་རྡོལ་བོན་དང་། འཁྱར་བོན་ཞེས་གཉིས་སུ་དབྱེར་ཡོད་པ་ཞིག་བཀླགས། ལོ་རྒྱུས་ཐོག་དཔྱད་པ་མཐིལ་ཕྱིན་འདྲ་བྱས་ཏེ། བདེན་པར་འཐོན་པ་ཞིག་དགོས། འཁྱར་བོན་ནི། ཨི་རན་སྟེ། ཏ་ཟིག་གི་ཡུལ་ནས་བོད་དུ་དར་བ་ཞིག་སྟེ། དེ་དག་གིས་བོད་ལ་ལུགས་སྲོལ་ཆེས་སྟེར་བ་གཅིག་ནི། ཆེས་སྔོན་མར་བོད་དུ་མི་རོ་རྣམས་ས་རུ་སྦེད་་སྲོལ་ཡོད་ཀྱང་། རྗེས་སུ་འཁྱར་བོན་གྱི་དབང་གིས་ཕལ་ཆེར་བོད་ཡོངས་སུ་མི་ཤི་བའི་ཕུང་པོ་བྱ་རྒོད་ལ་སྦྱིན་པའི་ལུགས་སྲོལ་ཆགས་སོ་སྙམ། ད་ལྟར་ཨི་རན་སྟེ། ཏ་ཟིག་ན་སྔར་ལུགས་འཛིན་པ་ཡོད་མེད་བདག་གིས་མི་ཤེས་ཀྱང་། ལོ་ངོ་སྟོང་ཕྲག་ལྷག་སྔོན་དུ་ཨི་རན་ནས་རྒྱ་གར་དུ་སྐྱབས་་བཅོལ་དུ་འོངས་པའི་མི་རྒྱུད་པཱར་སཱི་ཞེས་པ་དག་གིས་བོད་པ་བཞིན་མི་རོ་བྱ་རྒོད་ལ་སྦྱིན།
་
ཆོས་ལུགས་ཀྱི་བན་བོན་ནི་སོ་སོའི་དད་པས་བྱུང་བ་ཡིན་པས། རྣམ་དཔྱོད་ཅན་སུས་ཀྱང་དེ་དག་ལ་དགག་སྒྲུབ་མི་བྱེད། འདི་ནི་བདེན་གྱི། གཞན་ནི་མ་རུངས་པའོ་ཞེས་ཟེར་བ་རྒྱ་གར་དུ་རྒྱལ་པོ་མྱ་ངན་མེད་དང་། བོད་དུ་་ཡོངས་་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བཀག་པར་མཛད་པ་བཞིན་དུ། ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་། ཆོས་ལུགས་གཞན་དང་མཐུན་་གྲོགས་ཆེན་པོ་མཛད་དང་མཛད་བཞིན་པའོ།
་
“བོན་གྱི་སྐོར་ལ་དོན་གྱི་གནས་ལུགས་དང་འགལ་བའི་དོན་མེད་ཀྱི་སྐད་ཅོལ་མི་རྒྱག་རོགས།” འདིར་རྒྱག་རོགས་ཞེས་པ་རྒྱབ་དང་གྲོགས་ལེགས་པར་མ་འདོན་པ་ལས་་བྱུང་བས། དེ་དག་དག་པར་འདོན་ན། རྒྱབ་དང་། གྲོགས་ཞེས་སོ།
ཧ་ཧ་ཧ་སྔགས་བླ་མེད་ལ་སྒྲོལ་མ་མེད་པར་འདོད་པ་། ཙི་ཊ་མཎི་སོགས་མི་ཤེས་། ཧི་ཧི་ཧི་།།།།། ད་དུས་ཚོད་ཆུ་ཟོས་མ་གཏོང་ངོ།
མི་རོ་བྱ་རྒོད་ལ་སྦྱིན་པ་གཏང་སྲོལ་འདི་བོན་ལུགས་རེད་ལབ་ན་ལོས་ཆོག། དེ་སྦྱིན་པ་རེད་བ། ད་རུང་འབུ་སྦྱིན་ཟེར་ནས་བོན་ལུགས་ལ་མི་རོ་འབུ་ལ་སྦྱིན་པ་གཏོང་སྲོལ་ཡོད། ཧིན་དྷིའི་ཤན་བན་དེ་ལ་ཞུགས་ནས་བན་དེ་སྔགས་པ་འགས་མི་རོ་ཟ་སྲོལ་འདུག་བོད་ནང་སྔོན་མ། དེའི་མ་ཚད་མི་རོའི་ཤ་སྣག་ནས་བཅད་ཅིང་རང་གི་ཆུང་མ་དང་བུ་ཚ་ལ་སྦྱིན་སྲོལ་འདུག། དེ་དག་བོན་ལུགས་ལ་མེད།
དགེ་འདུས་ཆོས་འཕེལ་གྱི་བོན་པོ་ལ་སྨ་ཕམ་ཡོད་མེད་མི་ཤེས། བན་དེ་ལ་སྨ་ཕབ་ཡོད་པ་ཞིག་མཐོང་སོང། དེ་ནི་ཀླུ་སྒྲུབ་དགོངས་རྒྱན་དར་ནས་ཤཀྱ་ཐུབ་པའི་ཕོར་པ་ཆག་སོང་ཟེར་བ་དེ་རེད། ཨབ་རྒན་ནང་སྔོན་མ་སངས་རྒྱས་ཆོས་ལུགས་དར་ཡོད་པས་མ་ཚད་སྔོན་ཡུལ་དེར་བོད་ཀྱི་སྐད་ཡིག་སྤྱོད་མཁན་ཞིག་ཡིན་པ་གསལ་པོ་རེད། ད་སྐབས་འབྲུ་གུང་སྐབས་མགོན་ནས་གསལ་པོ་གསུང་འདུག་བ།
ཤར་བ་ལགས། ཅི་ཡང་མ་ཤེས་ནས་ཁྲེད་དགོད་བྱས་པ་ངོ་རེ་ཚ། སྒྲོལ་མ་ཙི་ཏ་མ་ནི་སྟག་ཕུད་རྡོ་རྗེ་འཆང་ནས་བྱུང་བ་རེད། དེའི་སྔོན་སྒྲོལ་མ་བླ་མེད་ཀྱི་ལུགས་ཡོད་པ་མ་རེད། སྒྲོལ་མ་བྱ་རྒྱུད་ཡིན་པ་ལས་སྔགས་བླ་མེད་ཀྱི་ལུགས་ཡིན་པའི་རྒྱུད་སྡེ་ཡོད་པ་མ་རེད། ངས་བཤད་རྒྱུ་ནི་བོན་ལུགས་ཀྱི་ཡུམ་ཆེན་བྱམས་མ་དང་ཀུན་བཟང་རྒྱལ་བ་འདུས་པ་གཉིས་ནི་སྔགས་བླ་མེད་ཀྱི་རྒྱུད་སྡེ་བཀའ་འགྱུར་ནང་ན་ཡོད་པ་རེད། བྱམས་མ་དང་སྒྲོལ་མ། ཀུན་བཟང་རྒྱལ་བ་འདུས་པ་དང་སྤྱན་རས་གཟིགས་སོགས་ལྷ་གཅིག་ཡིན་པ་ཚད་ལྡན་གྱི་སྐྱེ་བ་དམ་པ་འགས་གསུངས་ཡོད་པ་ལགས། ལྷ་གྲངས་དང་སྐུ་མདོག་ཕྱགས་མཚན་སོགས་གཅིག་པ་ཡོད་པ་རེད། །
བོན་གྱི་བསྟན་པ་ཏི་སེའི་དྲུང་ནས་དར།།
ཧིན་དྷུའི་ཆོས་ལུགས་གངྒའི་རྒྱུད་དུ་འཕེལ།།
ཤཱཀྱའི་ཆོས་ལུགས་གཅེར་བུའི་སྒམ་ལས་བླངས།།
མདོར་ན་ཆུ་མགོ་གངས་ལ་ཐུག་པ་ཉིད།།
ངེད་ཀྱི་སྐྱབས་འགྲོའི་བསླབ་བྱ་ཤིན་ཏུ་གཉན།།
ཆོས་ལུགས་གཞན་ལ་སྨོད་པ་ནན་གྱིས་བཀག །
ཆོས་མིན་ཆོས་ཀྱི་རྩོད་པས་སྨྱོས་པ་དག །
འདི་འདྲའི་གནད་དང་བསྡུར་ན་ཡ་རེ་ང་།།
ཉ་དང་ཆུ་སྲིན་་ཆུ་ལ་དགའ་བ་དང་།།
གཡག་དང་ཤ་བ་རི་ལ་དགའ་བ་སོགས།།
ཁམས་དང་མོས་པར་བསྟུན་པའི་འཚོ་ཐབས་ལ།།
ཕན་ཚུན་དགྲ་རུ་འཛིན་པ་དཀའ་བའི་རྒྱུ།།
ཆོས་གཟུགས་སེར་མོའི་གྲལ་དུ་འཚང་ན་ཡང་། །
དམ་ཚིག་ཤེལ་སྒོང་ཆགས་པས་རྡོ་ལ་བརྡབས། །
གྲུབ་མཐའི་གོ་དོན་མ་རྟོགས་སྡང་སེམས་ཀྱིས། །
བོན་ལུགས་དགྲ་རུ་མཐོང་འདི་ཅི་ཡིས་ནོངས། །
དེས་ན་རང་གི་སེམས་ལ་བརྟགས་པའི་ངོར། །
ཕན་ཚུན་སྡང་སེམས་ཚེར་མའི་ཕུང་པོ་ལས། །
སྐྱབས་སེམས་བསླབ་བྱ་རྡུལ་ཙམ་མེད་པ་དེ། །
དྲ་གྲོགས་ཁྱོད་ཀྱིས་ཤེས་པ་གནད་དུ་མཐོང་། ། ཀུ་རེ་དང་བཅས་སྨྲས་སོ།
མཁས་དབང་ཆེན་པོ་སྤོབས་པ་མཐའ་ཡས་ལ་རྒྱ་ཆ་བརྒྱ་དུང་ལེན་ཡོད། དེ་མིན་གཟུར་གནས་བློ་ལྡན་ཟེར་བ་དྲ་ཐོག་འདི་ཚོ་དཀོན་པོ་རེད། དེས་ན་བོན་དགེ་བཤེས་ཆེན་པོ་བྱ་འཕུར་གྱིས་དུག་རོ་དེ་ཚོ་མང་པོ་མ་སློང་ན་ཡག་གི་རེད་དྲན་ནོ། རྒྱུ་མཚན་ཚང་མ་ན་ཚོད་མ་སྨིན་པའི་བྱིས་པ་ལ་དམར་ར་ཁ་ཚ་བྱིན་པ་ནང་བཞིན་རེད། དམ་པའི་ཉམས་ལེན་ཡག་པོ་བྱས་ཡོད་ན་མིང་ལ་ཁྱད་པར་མི་འདུག དེས་ན
བན་དེའི་ཆོས་ལ་ཉམས་སུ་ལེན་མཁན་ཉུང་།།
བོན་པོའི་རྫུན་ལ་བློ་ཕུག་གཏོད་པ་ཚོས།།
རོང་དང་འབྲོག་པ་རྩོད་པའི་ཞེ་འཁོན་བཞིན།།
དོན་མེད་མི་ཚེ་བཟད་འདི་སྐྱོ་བའི་གནས།།
སྔོན་དུས་དམར་མཆོད་ཆོས་སྨྲ་བོན་པོ་གྲགས།།
དེང་དུས་བན་དེ་ཆོས་ཟེར་གསོན་བསྲེག་དར།།
ད་ནི་བན་ཆོས་རྣམ་དག་ཉིན་སྐར་ཙམ།།
མཁན་སློབ་ཆོས་གསུམ་མི་མངོན་དབྱིངས་ནས་དགོངས།།
དགེ་ལུགས་ཟེར་ནས་སྡིག་པའི་དོལ་འདྲེ་བསྟོད།།
ས་སྐྱ་ཟེར་ནས་བན་ལས་སྐྱ་བསྔགས་བྲེལ།།
བཀའ་བརྒྱུད་ཟེར་ནས་ནང་རལ་འཁོན་འཛིང་མོད།།
རྫོགས་ཆེན་ཆོས་ལ་དམོད་པའི་དམུ་རྒོད་མང་།།
བོན་གསར་ཀཾ་གསར་དོལ་གསར་དམར་གསར་དར།།
ད་དུང་ཁ་ཤོས་ཁ་ཤོར་འཆའ་སྨོད་དང་།།
ལོང་བས་ལོང་བ་འཁྲིད་པའི་དབུ་འཛིན་རྩོད།།
མ་འོངས་དམར་གསར་ཁོ་ནས་གཞན་དབང་རེད།།
དེ་ལས་ཀྱང་བགད་མོ་ཤོར། སྒྲོལ་མ་སྙིང་ནོར་མ་དེ་སྔགས་བླ་མེད་ཡིན་པ་དེས་ཆོག། གསང་སྔགས་རྙིང་མའི་ཆོས་ནང་ལ་སྒྲོལ་མ་མང་། ཁྱོད་མ་མཐོག་ཤེས་བྱ་མང། བུང་བུས་མ་མགྲོད་ལམ་འཕྲང་མང། ཧ࿒ཧ་ཧ་ཧ་
ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་ ཞེས་བཅིས་རོགས།
་
ཤཱཀྱའི་ཆོས་ལུགས་གཅེར་བུའི་སྒམ་ལས་བླངས།།
་
ཞེས་པ་འདི་མི་འཐད། གཞན་ཅང་སྨྲ་འདོད་མེད།
དེ་རིང་ངའི་ཀློག་མཚམས་ནང་ལ།
ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །
གང་དུ་མ་གྲོལ་དེ་སྲིད་དུ། །
དེ་ཕྱིར་བླ་ན་མེད་པ་ཡི། །
བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །འདི་རེད་འདུག
འདི་སུའི་གསུང་རེད་དམ། གསུང་འདི་འདྲ་གཅེར་བུ་སྒམ་ན་ཡོད་པ་ཁྱེད་ཀྱིས། མཁྱེན་ནམ། ལགས།
ཀརྡོ་ཀྱེ་་་་་། རྩ་བ་ས་ལ་ཡོད་པ་ན།། རྩེ་མོ་ས་ལ་ཡོད་ཅི་དགོས།། རྩེ་མོ་གནམ་ལ་ཟུག་པ་འདི།། རྩ་བ་བརྟན་པོ་དག་ལས་བྱུང་།།
རྩ་བ་གངས་ཀྱི་རི་ལས་འཁྲུངས། །
ལོ་འདབ་དཀར་ནག་ཡུལ་དུ་རྒྱས། །
འབྲས་བུ་ཕྱོགས་བཞིའི་མགྲོན་གྱིས་རོལ། །
རྒྱལ་བསྟན་སྨན་མཆོག་རྣམ་པར་རྒྱལ། ། འདི་འདྲ་ཞིག་ཡིན་པ་འདྲ།
གཅེར་བུའི་འཚེ་བ་སྤངས་པའི་ལག་ལེན་དག
ཤིན་ཏུ་ཞིབ་ཅིང་ལག་ལེན་ཉིད་དུ་འདེབས།།
འདི་འདྲའི་དཀའ་བ་སྤྱོད་པའི་ཚུལ་མཐོང་ན།།
ཐེག་ཆེན་སྨྲ་བའི་ལྕེ་རྣམས་ལྐུག་པར་འགྱུར།།
ནམ་མཁའ་འདྲ་བའི་ལྟ་བ་བཤད་བཞིན་དུ།།
ཁབ་མིག་ལྟ་བུའི་ལྟ་བ་སྙིང་ལ་བཅུག །
ཚུལ་འཆོས་ཁོ་ནར་འབད་པའི་ཆོས་པའི་གཟུགས།།
གཅེར་བུའི་ཞབས་ཀྱི་མཛུབ་མོའི་ཟླའང་མིན།།
ཤར་རྫུན་ལགས། ཁྱོད་ནམ་ཡིན་ཀྱང་དྲང་གཏམ་བཤད་མཁན་ཞིག་མིན། ཁྱོད་ཀྱི་ཕ་ཡུལ་ནས་བོན་པོ་ཚོས་མི་ཤི་རྗེས་སེམས་ཅན་གསོད་ཀྱི་འདུག་ཟེར་ནས་རྫུན་བཤད་མྱོང་། ད་ཐེངས་ཡང་རི་རྩེ་དྲུག་དང་ནག་ཆུ་སོགས་ན་བོན་པོས་དམར་མཆོད་བྱེད་མཁན་ཡོད་རབས་ཟེར་ནས་རྫུན་གཏམ་ལུང་བ་མི་ཤོང་བ་རེ་བཤད་ཀྱི་འདུག ལས་རྒྱུ་འབྲས་ཟེར་བ་ཞིག་ངེས་པར་དུ་ཡོད་པ་རེད། ཁྱོད་ཀྱིས་སྣང་བར་སོང་རུང་མ་སོང་རུང་བོན་དང་རྙིང་མ་གཉིས་ནི་བླ་བརྒྱུད་དང་ཆོ་ཀ་ཕྱག་ལེན་མི་འདྲ་བ་མ་གཏོགས་ལྟ་སྒོམ་སྤྱོད་གསུམ་གཅིག་པ་རེད། ད་སྐབས་ཀྱང་ལུང་བ་ཁ་ཤས་ན་མདའ་རྩེད་སོགས་ཀྱི་ཆེད་དུ་དམར་བསུར་ཤུགས་ཆེན་གཏོང་གི་འདུག་རབས་ཐོས་མྱོང་། དེ་དག་རྣམས་རྙིང་མ་དང་དགེ་ལུགས་ཀྱི་སྡེ་རེད། འོན་ཀྱང་དམར་བསུར་བཏང་བ་དེ་རྙིང་མ་དང་དགེ་ལུགས་པའི་ཆོས་ལ་འབྲེལ་བ་ཡོད་པ་མ་རེད། དེ་དང་དེ་བཞིན་བོན་སྡེ་ཁ་ཤས་ནའང་མདའ་དང་རྒྱན་རྩེད་སོགས་ཀྱི་ཆེད་དུ་དམར་བསུར་གཏོང་མཁན་ཡོད་སྲིད་པ་རེད། ཡིན་ཀྱང་བོན་གྱི་ཆོས་ལུགས་དང་འབྲེལ་བ་ཡོད་པ་མ་རེད། ཧ་གོ་སོང་ངམ། སྐད་ཆ་ག་རེ་བཤད་ཀྱང་བློ་གཟུ་བོར་གནས་ནས་བཤད་ན་ལེགས་པོ་རེད། དེ་མིན་རྫུན་གཏམ་ཞིག་ལ་སུས་ཀྱང་ཡིད་ཆེ་བྱེད་ཀྱི་མ་རེད། །
གྲོགས་པོ་ལགས་ངས་རྫུན་བཤད་པ་ཆག་བཞག། རྗེ་མི་ལའི་མགུར་རྣམ་དང། སློན་དཔོན་རིན་པོ་ཆེའི་བཀའ་ཐང་རྫུན་མ་ཨེ་ཡིན་ནམ། བོད་ནས་གསར་དུ་སྐྲུན་པའི་ལོ་རྒྱུས་ནང་ལ་དེ་ལས་ཚབ་ཆེ་བ་ཆོས་རྒྱལ་གསོན་གཙན་གང་ལ་མི་ཡི་ཁྲག་ཆེན་གྱིས་ལྷ་འོན་པ་མཆོད་ཚུལ་ཡང་འདུག། དེ་བདེན་མིན་ཡིད་གཏན་དཀའ་ཡང། རྗེ་མི་ལ་རས་པ་དང་ སློན་དཔོན་རིན་པོ་ཆེ་ལ་ཡིད་ཆས་ཡོད་དོ། བོན་པོ་དམར་མཆོད་བྱེད་མཁས་ཤིན་ཏུ་མང་བ་དང། དེ་ལ་བོན་ནག་ཡིན་པར་རླུང་ལྟར་གྲགས་། ཁྱོད་རང་བོད་མངའ་རེས་སྟོད། ཀོང་པོ་། བྱང་ནག་ཆུ་ལ་ཤིན་ཏུ་མང། རི་རྩེ་དྲུག། སོགས་ལ་མང་ངོ། ཨམ་མདོ་། ཆབ་མདོ་ རྒྱ་མོ་རང་སོགས་ཉུང་ཤས་ཞིག་ཡོད་དོ། འོན་ཀྱང་བོན་དེ་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་པས་བོན་ལ་གུས་ཞབས་ཡོད།
རྩ་བ་དེ་བོན་ཆོས་བྱས། ཆོས་གཞན་ཐམས་ཅད་དེའི་རྩེ་མོ་རེད་ཨེ། དེ་ལ་ཀུན་གྱིས་ཁྲལ་བགད་ཤོར་རྒྱུ་ཙམ་ལས་ཅང་མ་མཆིས་སོ།།
དམུ་ཐག་འདི་། ད་དུང་ཡང་དམུ་ཐག་ལ་འཐམ་ནས། སྐད་ཅོར་རྒྱག་བགྱིད་འདུག་གོ།
རྗེ་བཙུན་མི་ལའི་རྣམ་ཐར་རྩོམ་པ་པོ་གཙང་སྨྱོན་ཧེ་རུ་ཀ་རེད། མི་ལོ་ལྔ་བརྒྱ་ལྷག་གི་རྗེས་སུ་རྩོམ་པའི་རྣམ་ཐར་ཞིག་རེད། དེར་བརྒྱ་ཆ་བརྒྱ་ཆ་འཇོག་ཐུབ་མིན་ངས་བཤད་མ་དགོས་པ་རེད། རྗེ་བཙུན་མི་ལའི་རྣམ་ཐར་ནང་དུ་ན་རོ་བོན་ཆུང་དང་རྩལ་འགྲན་པའི་སྐོར་དེ་ལའང་བདེན་པའི་ཡིད་ཆེ་མེད། རྒྱུ་མཚན་ནི་བོན་གྱི་ལོ་རྒྱུས་སུ་ན་རོ་བོན་ཆུང་ཟེར་བ་ཞིག་མི་འདུག མི་ལའི་སྐབས་སུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་དམ་པ་སངས་རྒྱས་གཉིས་རྩལ་འགྲན་པའི་ལོ་རྒྱུས་ཤིག་འདུག ཁྲོ་ཚང་འབྲུག་ལྷ་ནི་བོན་གྱི་གྲུབ་ཐོབ་སྐད་གྲགས་ཅན་ཞིག་རེད། ཁྱོད་ཀྱིས་བཤད་པའི་ཆ་ཁུལ་དེ་དག་ཚང་མར་ང་མ་བགྲོད་མ་མྱོང་ཡང་ཀོང་བོ་ནས་ང་ལོ་བཞི་ལ་བསྡད་པ་ཡིན། དེང་དུས་དམར་མཆོད་བྱེད་པའི་ལུགས་སྲོལ་མེད། འོང་ཀྱང་དུག་ལ་འཛེམ་དོགས་དགོས་པའི་ས་ཁུལ་ཞིག་ཡིན་པ་ཡོངས་གྲགས་རེད། གལ་ཏེ་བོད་ཀྱི་ས་ཁུལ་གང་ན་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་དུ་ཆུག་ཀྱང་། དེ་དག་ནི་བོན་གྱི་ཆོས་ལ་འབྲེལ་བ་སྤུ་རྩེ་ཙམ་ཡང་ཡོད་པ་མ་རེད། སྔ་རབས་ཀྱི་མཁས་པ་འགས་བོན་ལ་སྨད་ཡོད་པ་སུས་ཀྱང་བསྙོན་དུ་མེད་པ་རེད། མང་ཆེས་པས་བོན་ལ་ཐུགས་རྒྱུས་མེད་པས་རེད། ཁ་ཅིག་གིས་ཆགས་སྡང་གིས་རེད། སྔོན་བྱུང་གི་ལོ་རྒྱུས་མང་བོ་ཞིག་ལ་ཆ་འཇོག་རྒྱུ་མེད་པ་རེད། དཔེར་ན་ཀ་ཁོལ་མ་ལ་ལྟོས་དང་ཁ་སྐྱེངས་དགོས་པ་ལྟ་བུ་རེད། ངེས་པར་དུ་ཤེས་དགོས་རྒྱུ་གཅིག་ལ། སྟོན་པ་གཤེན་རབ་མི་བོས་ཐེག་པ་རིམ་དགུའི་ཐོག་མར་གཏོ་རིགས་མང་བོ་ཞིག་གསུངས་ཡོད་པ་རེད། དེ་དག་ནི་སེམས་ཅན་གྱི་སྲོག་གཅོད་རྒྱུ་ཚབ་དུ་གཏོར་མ་བཟོས་ནས་གཏོ་གཏོང་རྒྱུ་གསར་དུ་བཏོད་པ་རེད། དེར་དཔག་ན་དེ་དུས་བོད་དང་ཞང་ཞུང་སོགས་ན་དམར་མཆོད་བྱེད་པའི་ལུགས་སྲོལ་ཡོད་པ་ཤེས་ཐུབ། འོན་ཀྱང་དེ་དག་ནི་གདོད་མའི་ལུགས་སྲོལ་ཞིག་ཡིན་པ་ལས་གཡུང་དྲུང་གི་བོན་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། བོད་ས་ཁུལ་ཡོངས་རྫོགས་ན་གཡུང་དྲུང་བོན་གྱི་སྡེར་གཏོགས་པ་ཡོད་དོ་ཅོག་གིས་དམར་མཆོད་བྱེད་ཀྱིན་མེད་ཟེར་ནས་ངས་སྤོབས་པ་དང་བཅས་བཤད་ཐུབ་ཀྱི་ཡོད། དེ་ཙམ་ཡིན། །
ཀརྡོ། ད་ཁྱོད་ལ་འདི་ཙམ་ལས་བཤད་རྒྱུ་མེད་དམ། ཁྱོས་བྱེད་སྟངས་འདིས་ངས་གོང་དུ་བྲིས་པ་དེ་བདེན་པ་ཡིན་པའི་དཔང་པོ་བྱས་འདུག་གོ བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་ཟེར་གྱིན་ཟེར་གྱིན། མི་ལ་ཚིག་ངན་རྒྱག་གིན་རྒྱག་གིན། ཧ་ཧ་ཧ
ང་ལ་སྨོད་ན་རྒྱུ་མཚན་དཔང་པོར་ཞོགས།།
བཟི་བོའི་མྱོས་འཛིང་དེ་འདྲས་ང་མི་ཐུབ།།
ཐུབ་པས་གཞན་དང་བགྲོ་བ་གནང་བའི་དུས།།
སྨོད་དང་ཁྲེལ་()དགོད་གནང་བ་ཐོས་སམ་ཅི།།
སྒྲོལ་མ་ཐམས་ཅད་སྔགས་བླ་མེད་རེད། ཇོ་བོ་རྗེའི་སྐབས་ནས་དགོས་དབང་གིས་བྱ་རྒྱུད་ལྟར་ཉམས་ལེན་གནང་པ་རེད། ཆོ་ག་བྱ་རྒྱུད་ལྟར་ཉམས་ལེན་གནང་ཚུལ་ཡོད་ཀྱང་། ཆོ་ཀའི་ཁུངས་གཏུག་ས་རྒྱུད་ཡིན་དགོས། ཕལ་ཆེ་བ་སྒྲོལ་མ་འབྱུང་བའི་རྒྱུད་གཉིས་སོགས་བླ་མེད་རྒྱུད་ལ་བརྟེན་ནས་བྱུང་བ་རེད། བན་བོན་གཉིས་ལ་ཞུ་རྒྱུ། སྒྲོལ་་མ་བྱ་རྒྱུད་ཡིན་པའི་ཤཱཀྱའི་ནང་ཆོས་ཀྱི་རྒྱུད་དེ་སྟོན་གྲོགས་གནང་ན་རྟ་ཞིག་སྟེར།
འོ་ལགས་སོ་ལགས།
དྲི་མེ་ལྷག་བསམ་ལགས། སྔོན་༧གོང་ས་མཆོག་གིས་སྒྲོལ་མ་ཙི་ཏཱ་མི་ནི་རྗེ་སྣང་སྐབས་གསུངས་པ་ཞིག་དྲན་སྣང་ལ། སྤྱིར་སྒྲོལ་མ་བྱ་བརྒྱུད་རེད། འོན་ཀྱང་སྟག་ཕུད་རྡོ་རྗེ་འཆང་གི་སྒྲོལ་མ་ཙི་ཏ་མི་འདི་ཐུན་མོང་མ་ཡིན་པ་རེད་གསུངས་པ་ཞིག་དྲན། འདན་མ་བློ་ཆོས་རིན་པོ་ཆེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བསྩལ་སྐབས་ཀྱང་། སྒྲོལ་མ་ནི་བྱ་རྒྱུ་ཡིན་སྟབས་བསྙེན་མཚམས་ལ་བཞུགས་སྐབས་ཤ་སོགས་སྤང་དགོས་རྒྱུ་སོགས་གསུངས་པ་གསལ་པོ་དྲན་གྱི་འདུག གཞན་ཡང་སྒྲོལ་མ་བླ་མེད་ཀྱི་ལུགས་སྟག་ཕུད་རྗེ་རྗེ་འཆང་གི་ཡན་ལ་མེད་ལུགས་དགེ་བཤེས་ཤིག་གིས་གསུངས་པ་དྲན། རྙིང་མའི་ལུགས་ལ་སྒྲོལ་མ་སྔགས་བླ་མེད་རེད་དམ། ཡོངས་གྲགས་ལ་་སྒྲོལ་མ་ནི་སྤྱན་རས་ཀྱི་འཕྲིན་ལས་ཀྱི་སྤྲུལ་བ། སྤྱན་རས་གཟིགས་ནི་བྱ་རྒྱུད་ཡིན་པ་གསལ་པོ་རེད་སྙམ། འོན་ཀྱང་བོན་དང་རྙིང་མ་གཉིས་ལ་གཏེར་སྟོན་མང་བོ་ཞིག་སྣང་བས་སྔགས་བླ་མེད་ཡོད་སྲིད་པ་རེད། །
དྲི་མེད་ལྷག་བསམ་ལགས། རྟ་ཞིག་གི་དགོས་པ་མེད། མོ་ཐོའམ་འཕྲུལ་རྟ་ཞིག་སྤྲད་རོགས་བྱེད་ན་ངས་སྒྲོལ་མའི་རྒྱུད་བྱུ་རྒྱུད་ཡིན་པའི་ཁུངས་བསྐྱལ་འོང་། རྙིང་མའི་འདོན་ཆོག་མང་བོ་ཞིག་གི་དབུ་འདྲེན་ལྟ་བུ་བྷྱོ་ཡོད་དམ། ལྷག་པར་དུ་མོ་རྒྱུད་ཀྱི་ལྷ་དང་སྲུང་མ་སོགས་ཀྱི་དབུ་འདྲེན་དུ་བྷྱོ་ཡོད་དམ། དྲི་མེད་ལྷག་བསམ་ལགས་ལན་ཞིག་གསུང་རོགས་ཞུ། །
རང་ཤར་རིག་གྲོལ་རྩལ་ལེགས། ཐུགས་རྗེ་ཆེ། ཁུངས་ཞིག་ཐོབ་ན་ང་ལ་རྟ་ཞིག་སྟེར་བ་དང་ཁྱད་པར་མེད། ཁུངས་བཙུན་ན་འཕྲུལ་རྟ་ཡང་སྟེར་ཆོག །ངའི་གཏེར་མ་ཞུས་པ་མིན། བཀའ་མ། རྒྱ་གར་ནས་འགྱུར་བའི་སྔ་འགྱུར་ཕྱི་འགྱུར་གང་ཡིན་ཡང་ཆོག ཆོ་ག་ཟེར་བ་མིན། ཆོ་གའི་ཁུངས་རྒྱུད་སྡེ་ཞུ་བ་ཡིན། ས་སྐྱ་པཎ་ཆེན་གྱིས། རང་བཟོས་ཆོ་གར་འགྱུར་མི་སྲིད། །ཆོ་ག་སངས་རྒྱས་སྤྱོད་ཡུལ་ཡིན། །ཞེས་པའི་བོད་ཀྱི་བླ་མས་བཟོས་པའི་ཆོ་ག ལྷག་པར་ཏུ་དགེ་ལུགས་པའི་རྟོག་གེས་བཅོས་པ་དང་། བཀའ་རྙིང་གི་དག་སྣང་གིས་བཞག་པ་དེ་ཚོ་རང་ངོས་ནས་ཟབ་ཀྱང་། ལོ་རྒྱུས་ཀྱི་ཁུངས་མི་ཡོང་ལེགས། བྷྱོཿདབང་ཕྱུག་མ་ཉེར་བརྒྱད་སོགས་མ་རྒྱུདདང་མ་མོའི་སྲོག་ཡིག བསྐུལ་བཟློག་སྐབས་ལས་ཆོ་ག་སྤྱི་ལ་འབྱུང་བའི་ངེས་པ་མེད་ལེགས། །
ཁ་བརྡ་དྲྭ་ཚིག་གི་འུ་ཚང་གི་ཨ་ཁུ་ཁ་ཤས་དང་གྲྭ་ལོག་ཁ་ཤས་ཀྱི་ཉོག་གཏམ་འདི་རིགས་བཀག་ན་རེད། དེ་མིན་འདི་དག་གི་འཚམས་ཞིག་ནས་གསོད་རས་གཏོང་གི་ཡིན་སོ་ཟེར་ན་ཐང་། མི་དགོས་རྒྱུ་རྐྱང་རྐྱང་རྩོད་ཀྱི་འདུག རང་རང་གི་སྤྱོད་པ་བདག་ཞིག་རྒྱོབ་དང་དེའི་འགྲིག་གི་རེད་གྲོགས་ཚོ།
བོད་པའི་བླ་སྤྲུལ་འདི་ཚོས་གོ་གནས་འཐོབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། མི་དམངས་ལ་དབང་སྒྱུར་ཐུབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། མཛེས་མ་དང་རྒྱུ་ནོར་འཐོབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། སྤྱི་ཚོགས་ནང་དུ་དཀྲུགས་ཤིང་རྒྱབ་ཆེད་དུ་ཤཀྱའི་ཆོས་ལུགས་བེད་སྤྱོད་བྱས། སོ་སོའི་རྒྱལ་ཁ་འཐོབ་ཆེད་དུ་དགེ་སློང་དམག་ལ་ཁྲིད་པའི་ལོ་རྒྱུས་ཡོད།
མདོ་ན་བོད་རྒྱུད་ནང་བསྟན་འདི་ཤཀྱའི་ཆོས་ལུགས་ཀྱི་གད་རྙིགས་ཤིག་ལ་བསྒྱུར་ཡོད། ཤཀྱའི་རྒྱལ་པོའི་བཀའ་དང་ཡོངས་སུ་འགལ་བའི་ལས་ཀ་བྱེད་མཁན་གྱི་བོད་ཀྱི་སྤྲུལ་སྐུ་དེ་དག་ནི་སངས་རྒྱས་བསྟན་པའི་དགྲ་བོ་དངོས་མ་ལ་གྱུར་ཡོད། ཤཀྱའི་ལྷ་ཆོས་འདི་འཇིག་རྟེན་འཁོར་བ་འཛིན་སྐྱོང་བྱེད་ཆེད་དུ་བེད་སྤྱོད་བཏང་མཁན་གྱི་བླ་སྤྲུལ་དེ་དག་ནི་སངས་རྒྱས་བསྟན་པ་བཤིག་མཁན་ཡིན་པ་ལས་བསྟན་འཛིན་གྱི་སྐྱེ་བོ་ག་ལ་ཡིན།
འཇིག་རྟེན་ཕ་ཆོས་ཀྱི་ཕྱོགས་ནས་བལྟས་ན་དགྲ་བོའི་ལག་ནས་རྒྱུ་ནོར་དང་མཛེས་མ་ལེན་ནས་ཡོང་ཐུབ་པ་ནི་རྒྱལ་ཁ་ཞིག་ལ་བརྩི་ཆོག་གི་ཡོད་པ་མིན་ནམ། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བལྟས་ན་ཤཀྱའི་རྒྱལ་པོའི་རྐང་འདྲེན་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
བཙན་བྱོལ་ནང་གི་གྲྭ་ས་ཁག་གིས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་ནས་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ་ལོག་འགྲོ་གི་ཡིན་ཟེར་བསྡད་པ་ལ་ཐུགས་ཁག་མི་འདུག རྒྱ་ཡུལ་དུ་མཛེས་མ་དང་རྒྱུ་ནོར་དེ་འདྲ་འཐོབ་ཀྱི་ཡོད་ན་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་དང་བྱེད། གདན་ས་ཁག་ལ་ཐུགས་ཁག་རྩ་བ་ནས་མི་འདུག་ཞུ་རྒྱུ་དང་། མགྱོགས་པོ་རྒྱ་ཡུལ་དུ་ལོགས་རྒྱུགས་ཞུ་རྒྱུར་ཡིན།
བན་བོན་བར་ན་རྫོགས་མེད་འགྲན་རྩོད་རེ།།
འགྲན་རྩོད་བར་ན་ཉོན་མོངས་དུག་ལྔ་རེ།།
དུག་ལྔའི་བར་ན་ཐར་བའི་བཀག་རྡོ་རེ།།
བཀག་རྡོའི་རྩ་བ་མ་རིག་པ་ཡིས་ལེན།།
གཡུང་དྲུང་བོན་དང་དམ་པའི་ལྷ་ཆོས་ཀྱི།།
མིང་འདི་འཁྱེར་ནས་ཕུན་ཚུན་མི་དཀྲུགས་པར།།
རང་རང་དད་ཕྱོགས་དེ་ལ་སྐྱབས་བཅོལ་ཏེ།།
ཁམས་གསུམ་སེམས་ཅན་མ་ལྟར་བྱམས་སྙིང་སྒོམ།།
འདི་ནི་གྲུབ་མཐའ་གཉིས་ཀྱི་ལྟ་བ་སྟེ།།
ཐར་ལམ་ཟིན་པའི་སྐས་འཛེགས་འཕྱུག་མེད་དང་།།
མ་རིག་དུག་ལྔ་འཇོམས་པའི་གཉན་པོ་ཡིན།།
སངས་རྒྱས་བསྟན་པའི་དགོངས་དོན་འདི་ལ་ཟེར།།
རྫོགས་པའི་གོ་འཕང་མ་ཐོབ་བར་དུ་ནི།།
རང་གིས་སེམས་ངོར་ལྟོས་ལ་ཕྱི་དོར་ཐོངས་།།
དེ་ན་བོན་དང་ཆོས་ཀྱི་མིང་མེད་པས།།
རིག་པའི་རྒྱལ་ས་ཟིན་ན་སངས་རྒྱས་ཡིན།།
རང་ཤར་ལགས། བོན་ཆོས་ཐོག་མར་གསར་གཏོད་གནང་མཁས། བོན་གྱི་སྟོན་པ་གཤེན་རབ་འཁྲུང་ཡུལ་དང་། ཡུལ་གང་གི་མི་རིགས་ཡིན་ནམ། སྟག་གཟིགས་འོལ་མོ་ལུང་ཡིན་ན། ཡུལ་དེ་ཁ་ཆེའི་ཡུལ་རེད་དམ། ཁོང་གི་བོན་ཆོས་དེ་རྒྱུད་པ་གོང་མ་ཁ་ཆེ་ལ་ཐུགས་སམ། ཡང་ན་རང་ཉིད་གསར་སྟོད་བྱེད། བོན་གྱི་བསྟན་པ་སྔ་དར་དང། བར་དར་དང། ཕྱི་དར་དང། བོན་དཀར་ནག་ཁྲ་གསུམ་གྱི་ཁྱད་པར་དང། རྡོལ་བོན་དང། འཁྱར་བོན། བསྒྱུར་བོན་གྱི་ཁྱར་པར་དང། མི་བརྗེད་པའི་གཟུངས་་ཞེས་པ་དེ་ཡོད་དམ། བདག་ཅག་སྟོན་པ་བཀའ་དྲིན་ཅན་་། མྱང་ངན་ལས་འདས་་ཚུལ་བསྟན་པའི་རྫེས་ལ་། བཀའ་བསྡུ་རིམ་པ་རིམ་གསུམ་བྱུང་ནས་དེ་ཚོ་ལ་ཡིད་ཆས་ཡོད་དམ། ས་པན་གྱི་ཞལ་སྔ་ནས། ཁྱོད་ཀྱིས་མ་་མཐོང་ཤེས་བྱ་མང། བུང་བུས་མ་བགྲོད་ལམ་འཕྲང་མང་། ཞེས་པ་དེ་བདེན་པར་ལུང་བསྟན་ཡིན་ནོ། རང་ཤར་ལགས་བོན་གྱི་བསྟན་པའི་འབྱུང་ཁུང་དང། ཁྱད་ཆོས་། དར་ཚུལ་སོགས་མ་ཤེས་ན། ཡོན་ཏན་མེད་པ་ང་རྒྱལ་ཆེ། སྙེ་མ་སྟོང་པ་མགོ་འཕངས་མཐོ་། ཞེས་པར་ཁྱོད་རང་བོན་ཆོས་ལ་ཞེན་ཁོག་གཅིག་པུ་མ་ཡིན་པར་ཡག་པོ་སྦྱང་གལ་ཆེ། དེ་མིན་བོན་ལ་སྟོད་ཁུལ་བྱེད་ཀྱང་། སྨད་པར་འགྱུར་རོ། གདམ་ངག་ཁ་རླང་མ་་ཡལ་འདི་ཡིད་ལ་བཞག་ནས། གུས་པ་ལ་ཉིན་ལེན་གསུམ་དང་། མཚན་ལེན་གསུམ་ཕྱག་འཚོལ་ཅིག། རྗེ་མི་ལའི་རྣམ་ཐར་ལ་ཡིད་ཆས་མེད། ཨྱོན་པདྨ་རིན་པོ་ཆེའི་རྣམ་ཐར་ཡིད་ཆས་མེད། གང་ལྟར་ཁྱོད་རང་མ་ཤེས་ན་མེད་པར་འདོད་པ་ཁྱོད་ནི་། བླུན་པོ་ལས་ཀྱང་ཆེས་ལྐུག་པ་ཡིན་པས་། བོན་སྟོན་་གཤེན་རབ་དངོས་སུ་ཕེབས་ནས་སྟག་གཟིགས་འོལ་མོ་ལུང་དུ་ཁྲིད་ཀྱང་འདུལ་་ཐབས་མེད་དོ།
མཁས་བླུན་ཚང་མས་བོན་གྱི་ལོ་རྒྱུས་དང་།།
བོན་གྱི་ཆོས་ལ་བལྟ་བར་སྐུལ་བ་འདི།།
རང་ཉིད་བོན་ཞེན་གདོན་གྱི་རྒྱུད་བརླམས་ནས།།
རང་ལ་དབང་མེད་སྐད་ངན་སྒྲོགས་པར་ངེས།།
བོན་གྱི་ལོ་རྒྱུས་ཚད་མར་ཁས་བླང་ན།།
རྒྱ་གར་པཎ་གྲུབ་བརྩམས་པའི་བཀའ་གསུངས་དེབ།།
བོན་ནས་རྐུ་འཁྱེར་བྱས་པ་ཁས་ལེན་དགོས།།
ནང་བའི་བཀའ་བསྟན་སོགས་ཀྱང་དེ་ལྟར་ཡིན།།
ནང་བ་ཡིན་མིན་སེམས་ངོར་བལྟ་རྒྱུ་ལས།།
གཞན་གྱིས་ཁས་ལེན་དགོས་འདོད་ཁ་ཆེའི་སྲོལ།།
སྤྲེའུ་ཕག་གཉིས་ཀྱིས་བྱ་སྤྱོད་རྩོད་ན་ཡང་།།
རང་སྤྱོད་རང་ལ་ལྟོས་ནས་འགྲིག་པ་ཡིན།།
ཤར་བ་ལགས། བློ་གཟུ་བོར་གནས་ནས་ཤེས་འདོད་ཡོད་ཚེ། སྟོན་པ་གཤེན་རབ་ལ་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཡོད། རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་རྒྱལ་ལ་བོད་ཆེན་བཅུ་གཉིས་ཡོད་པའི་དེར་གཟིགས་རོགས་ཞུ། རྣམ་ཐར་འབྲིང་བ་མདོ་གཟེར་མིག་བོད་ཆེན་གཅིག རྣམ་ཐར་བསྡུས་པ་མདོ་འདུས་ལ་བོད་ཆུང་གཅིག་བཅས་ཡོད། སྟོན་པ་གཤེབ་རབ་ཀྱི་སྐབས་དེར་དེང་དུས་ཁ་ཆེ་ཟེར་བའི་ཆོས་ལུགས་དེའི་མིང་ཙམ་ཡོད་པ་མ་རེད། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལ་ལྟོས་དང་སྡོད་མའི་ཆོས་ལུགས་ཤིག་ཡོད་པ་གསལ་པོ་ཤེས་ཐུབ། སྔ་རབས་ཀྱི་ལོ་རྒྱུས་མང་བོ་ཞིག་ལ་ཆ་འཇོག་རྒྱུ་མི་འདུག་གོ དཔེར་ན་བཀའ་ཆེམས་ཀ་ཁོལ་མ་གཟིགས་དང་རྟོགས་སླ། དེར་དཔག་ན་རྟོག་བཟོ་བ་ཞིག་གིས་བྲིས་ནས་ཇོ་བོ་རྗེ་ལ་ཁ་གཡར་བར་ཟད་དོ། མི་ལའི་རྣམ་ཐར་ཡང་ལོ་ངོ་ལྔ་བརྒྱའི་རྗེས་སུ་དམངས་ཁྲོད་དུ་གྲགས་པའི་སྒྲུང་གཏམ་ཕྱོགས་སྒྲིགས་བྱས་ཏེ་སྙན་ངག་གིས་བརྒྱན་པ་ཞིག་རེད། །
ནོར་བཅོས། མདོ་དྲི་མེད་གཟི་བརྗིད། །
དྲི་མེད་ལྷག་བསམ་ལགས་ཀྱིས་བྷྱོཿཡི་སྐོར་གསལ་བྱེད་གསུངས་པར་ཐུགས་རྗེ་ཆེ། རྙིང་མའི་ཕྱོགས་ནས་བྷྱོཿཡིག་འདི་ཞང་སྐད་དུ་ངོས་འཛིན་བྱེད་དམ། དགེ་ལུགས་པའི་བླ་ཆེན་འདན་མ་བློ་ཆོས་རིན་པོ་ཆེས་འཇིགས་བྱེད་དཔའ་གཅིག་གི་ཁྲིད་གནང་སྐབས་སུ་དཔལ་ལྡན་ལྷ་མོའི་སྲོག་ཡིག་བྷྱོཿའདི་ཞང་ཞུང་གི་སྐད་རེད། དཔལ་ལྡན་ལྷ་མོ་དང་བོ་བསྟེན་དུས་སྲོག་ཡིག་རང་སོར་མ་བཞག་ན་མ་འཁོར་བ་རེད་ཅེས་གསུངས་པ་ཞིག་གསལ་པོ་དྲན་སྣང་དུ་འདུག རྙིང་མའི་ཕྱོགས་ནས་འདི་འདྲ་བཤད་སྲོལ་ཡོད་དམ། བླ་བྲང་སྐལ་བཟང་གིས་ཕྱོགས་བསྒྲིགས་བྱས་པའི་སྲུང་མའི་ལོ་རྒྱུས་ནང་དུ་དཔལ་ལྡན་ལྷ་མོའི་བྱུང་ཁུངས་ཞང་ཞུང་ཡིན་པའི་ཚིག་ཟུར་ཙམ་ཡང་མི་འདུག །
སྤྱིར་སྟངས་གསལ་བཤད་དང་ཡིན་ལུགས་མིན་སྟངས་ལོས་ཤོད་ཆོག འོན་ཀྱང་བོན་ཆོས་ཀྱི་དག་འབུད་དེ་བན་དེ་ཚང་ལ་བྱེད་དགོས་པ་གང་ཡང་ཡོད་མ་རེད། བོན་ལུགས་ནི་བོད་གངས་ཅན་པའི་ཆོས་ལུགས་རང་སྐྱ་བ་ཞིག་ཡིན། ད་བར་སུ་དང་གང་གིས་ཆ་ཤས་སུ་གྱུར་མ་མྱོང་། བོད་ལ་རང་གི་ལོ་རྒྱུས་ལྡན་པའི་ཆོས་ལུགས་རང་བཙན་པ་ཞིག་ཡོད་པ་དེ་ནི་བོན་ལུགས་ཁོ་ནའོ། རྩ་བ་བརྟན་ལ་རྩེ་མོ་རྒྱས་པ་ཞིག་རེད། དཔའ་དང་དཔུང་པ་རྒྱུ་དང་འབྱོར་བ་ག་ཚོད་ངོམ་ནའང། ཁྱེད་ཚོས་བོན་ལུགས་ཀྱི་དོ་ཟླ་ནམ་ཡང་མི་ཐུབ། མི་འཇོན་རྒན་མོས་སྟུ་བཙུམ་མ་བརྒྱབ་ན་དགའ། དཔེར་ན་གསེར་ཆེན་ཉི་མའི་འོད་ཟེར་ལ་འོད་ཕྲན་ཆང་ངེ་ཆུང་ངེས་ནམ་ཡང་འགྲན་པར་མི་བཟོད་པ་བཞིན་ནོ། དེ་འདྲ་རེད་དམ་མ་རེད་ཁ་ནང་ལ་བསྐོར་ནས་བསམ་བློ་ཡག་མོ་ཐོངས་དང་ཨ་རོགས་ཚོ། ཁྱེད་ཚོ་ལ་ངོ་ཚ་དང་ཁྲེལ་མེད་དུས་བོད་གདོད་མའི་བོན་ལུགས་མདུན་ལ་བཞག་ནས། ད་དུང་ཁྱེད་ཚོ་རང་ཆེན་པོ་ཞེ་བོ་ཞིག་ཡིན་མདག་སྟོན་གྱི་འདུག་བ། འགྲོ་སྟངས་མེད་པ་འདི་འདྲ་བྱས་ན་འཛམ་གླིང་གད་མོ་ལོ་ཤོར། །
བོན་ཚང་ལགས་ཀྱི་མཆན་དེ་ལ་གོ་རྒྱུ་འདུག། བྲོ་བ་འདུག། བན་བོན་སུ་ཡི་ཕྱོགས་གཏོགས་ཡིན་མིན་ནི་མི་ཤེས། ཤར་པ་ལགས་ཀྱི་དྲི་བ་འགའ་གཏོང་འདུག། དེ་ལ་ལན་ཁ་གསལ་ཞིག་མེད་པ་ཡིན་ནམ།
༄།དྲང་པོའི་ལམ་ནས་དྲང་སོང་གངས་ཅན་པའི་གདོད་མའི་ཕ་ཆོས་བོན་ནི་ཤིན་ཏུ་ནས་གལ་ཆེ་ལ་གུས་ཞབས་ཡང་བླ་ན་མེད་པ་ཡོད། བོན་པོའི་་དང་བན་དེའི་མིང་ཐོག་ནས་ཆོས་ལུགས་སྐོར་ལ་འགལ་ཟླ་མ་བཟོ་བར་ཞི་བདེ་མཉམ་གནས་གལ་ཆེ། བན་དེ་བོན་པོ་ཟབ་མདོག། བོན་པོའི་བན་དེ་ཟབ་མདོག་མ་བྱེད་པར་གཉིས་ཀ་ལ་གུས་ཞབས་དང་དག་སྣང་དགོས། ཧ་ཧ་ཧ་རང་ཤར་ལགས་། བོན་པོའི་མིང་མང་པོར་བེད་སྤྱོད་མ་བྱེད་ན་བཟང། མི་འགས་བན་བོན་འཁྲུག་རྩོད་བླང་མཁས་མང་། དཔེར་ན་བྱ་འཕུར་བཞིན། ང་ཚོ་་ད་སྐབས་བན་བོན་འཁྲུག་དུས་མ་ཡིན་པར་། ཁྱི་རྒན་རྒྱ་རོ་ལ་རྩོད་པའི་དུས་ཡིན། བོད་ནང་ལ་ ཆོས་སྡེ་ཆེན་པོ་ལྔ་ཀ་རྒྱ་དམར་གྱི་དྲག་གནོན་འོག་ལ་ཉི་མཚན་འཁྱོལ་དཀའ་བ་གནས་པར་མ་རྗེད་པ་གལ་ཆེ། བན་བོན་སྐོར་ལ་མཚམས་བཞག་རོགས།
ངས་མཐོང་ཐོས་བྱུང་བའི་བཙན་བྱོལ་དུ་ཡོད་པའི་བོན་ཆོས་དང་། བོན་པོར་གུས་དུད་ཡོད། སྔར་དང་། ས་ཁུག་ལུང་ཁུག་གི་བོན་ཆོས་དང་། བོན་པོའི་སྐོར་ལ་ནི་ཅང་མི་ཤེས།
རང་ཤར་རིག་གྲོལ་རྩལ་ལེགས། བྷྱོ༔ཡིག་ཐོག་མ་གང་ནས་ཡིན་མི་ཤེས། ཞང་ཞུང་དང་རྒྱ་གར་གཅིག་ལས་འགྲོ་ས་མེད་པ་ཞིག་ཀྱང་ཡིན་དགོས་པ་མེད། ཨ་ཕ་ཨ་མ་ལྟ་བུའི་འཛམ་གླིང་གི་སྤྱི་སྐད་ཅིག་ཡང་ཡིན་སྲིད། སོག་པོའི་ལྕང་ལུང་པཎྜི་ཏ། སུམ་པ་མཁན་པོ། ཚེ་ཏན་ཞབས་དྲུང་སོགས་དགེ་ལྡན་བླ་མ་མང་པོའི་ཞང་ཞུང་སྐད་ཡིན་པ་སོར་བཞག་བྱས་འདུག འོན་ཀྱང་དཔལ་ལྡན་ལྷ་མོའི་འབྱུང་ཁུངས་འཕགས་མ་ལྷ་མོ་ནག་མོའི་སྲོག་གི་འཁོར་ལོའི་རྒྱུད། ནག་མོ་རེ་མ་ཏིའི་རྒྱུད། གནམ་ལྕགས་ཐོག་གི་བུ་ཡུག་མའི་རྒྱུད། འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་སོགས་དང་། སྔ་འགྱུར་རྫོགས་ཆེན་རྒྱུད་བཅུ་བདུན་བཀའ་སྲུང་དང་བཅས་པ་ལས། སྔགས་སྲུང་ཁྲོས་མའི་རྒྱུད་སོགས་རེད། དེ་བཞིན་ནཱ་རོའི་སྲུང་མ་བརྒྱ་རྩའི་ཡ་གྱལ་མར་པ་ལོ་ཙཱའི་སྲུང་མ་ལྷ་མོ་དུད་སོལ་མའི་རྒྱ་གཞུང་དཔལ་ལྷ་མོ་ནག་མོ་ཆེན་མོའི་སྒྲུབ་ཐབས། དེའི་ཁུངས་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་སོགས་སུ་་བྷྱོཿ་ཡིག་ཡོངས་ཁྱབ་ཏུ་བཞུགས་པ་དང་། མགོན་པོ་ཆོ་ག་དང་རྒྱུད་ཕལ་མོ་ཆེར་ལྷ་མོའི་སྲོག་ཡིག་བྷྱོ་བཀོད་པ་དང་། སྒྲོལ་མའི་འཁོར་རལ་གཅིག་མའི་སྲོག་ཡིག་ཀྱང་བྷྱོ༔་བྱས་པའི་སྐབས་ཡོད་པས་དགོངས་མཛོད། ལྷ་མོ་མ་འཁོར་བའི་ལོ་རྒྱུས་དེ་སོག་ཡུལ་རྒན་མོ་ལྷ་བ་ཞིག་གི་ངག་སྒྲོས་ལས་ཁུངས་མེད་ཅིང་། ལྷ་མོའི་རྒྱུད་དང་སྒྲུབ་ཐབས་བེ་བུམ་རྒྱ་ཆེར་བཞུགས་པའི་སྔ་འགྱུར་དང་དཔལ་ས་སྐྱའི་ཕྱོགས་ལ་ཟུར་ཙམ་ཡང་མ་གྲགས་སོ། །དཔལ་ལྡན་མོའི་རྒྱུད་དང་མན་ངག་བོད་གངས་ཅན་དུ་བཞུགས་པ་ཕལ་མོ་ཆེར་མཇལ་ཞིང་ཕྱོགས་སུ་མ་ལྷུང་པའི་བློ་ཅན་རྨོངས་རྟུལ་དྲི་མེད་པས།
ཤར་པ་ལགས། རྫུན་གཏམ་ལུང་བ་མི་ཤོང་བ་རེ་བཤད་དེ་ད་དུང་བོན་ལ་གུས་ཞབས་ཡོད་ཚུལ་བཤད་ཀྱི་འདུག རང་གི་རྫུན་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རི་རྩེ་དྲུག་དང་ནག་ཆུ་སོགས་ན་དམར་མཆོད་བྱེད་ཀྱི་ཡོད་ཚུལ་སོགས་རྫུན་གཏམ་བཤད་མཁན་ཁྱོར་རང་རེད། རྒྱ་གར་སྨན་རི་དགོན་གྱི་གྲྭ་རྒྱུན་ཕལ་མོ་ཆེ་ས་ཁུལ་དེ་དག་ནས་རེད། ཧ་གོ་སོང་ངམ། དེང་དུས་སྐད་འཕྲིན་ལམ་ནས་ཞིབ་འཇུག་བྱོས་དང་ལས་སླ་བོ་རེད། ས་ཁུལ་དེ་དག་ལ་དངོས་སུ་བགྲོད་དགོས་མ་རེད། ཁྱོད་ཀྱིས་ཞིབ་ཏུ་ལྟོས་དང་ངས་ཆོས་ཕྱོགས་ལ་སྨད་པ་སྤུ་རྩེ་ཙམ་ཡང་སྔོན་ཆད་ཀྱང་བྱས་མྱོང་མེད་ལ་མ་འོང་པར་ཡང་མི་བྱེད། །
༈ །གངས་ཅན་གྱི་ཆེན་པོ་སྔ་ཕྱིར་བྱོན་པའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་རང་གཞུང་གསལ་བའི་མེ་ལོང་ཞེས་པ་བཞུགས། །
གསེར་མདོག་པཎ་ཆེན་ཤཀྱཱ་མཆོག་ལྡན་གྱིས་མཛད།
༄༅། །ན་མོ་གུ་རུ་པདྨ་བཛྲ་ཡ། བོད་ཡུལ་དུ་བྱོན་གསང་སྔགས་ལ། །སྔ་འགྱུར་ཕྱི་འགྱུར་དག་ཏུ་གྲགས། །དང་པོ་སློབ་དཔོན་སྤྲུལ་པའི་སྐུས། །ཐུགས་ནས་གསུངས་པ་ལོ་ཙྪས་བསྒྱུར། །ཕྱི་དུས་ལོ་ཙྪ་ཆེན་པོ་ཡིས། །རྒྱུད་གཞུང་འགྱུར་ནས་གསང་སྔགས་ལ། །གསར་རྙིང་དུ་གྲགས་འཕགས་ཡུལ་ན། །བརྡ་སྐད་དེ་ལྟར་ཅུང་མ་གྲགས། །སྔ་འགྱུར་སེམས་ཕྱོགས་སྒྱུ་འཕྲུལ་དང་། མདོ་སྡེ་གསུམ་དུ་ཕལ་ཆེར་འདུས། །སེམས་ཕྱོགས་ཡུལ་གྱི་གནས་ལུགས་ཏེ། །སྒྱུ་འཕྲུལ་ལྷག་པའི་ལྷ་སྒྲུབ་ཐབས། །མདོ་སྡེ་ཀུན་ལ་ཁྱབ་བྱེད་དུ། །འཇུག་པ་ཕྱི་དུས་ཞིག་ན་འགྱུར། །ཡུལ་གྱི་གནས་ལུགས་འཁོར་བ་དང་། །མྱ་ངན་འདས་པའི་ཕྱོགས་ཀྱིས་དབྱེ། །འཁོར་བ་བྱེད་པོ་ཀུན་གཞི་ཡི། །རྣམ་ཤེས་ཉིད་ལས་གཞན་དུ་མེད། །མྱང་འདས་བྱེད་པོ་ཀུན་གཞི་ཡི། །ཡེ་ཤེས་ཉིད་ཡིན་དེ་ཡི་མཚན། །གབ་པ་མངོན་པ་ཕྱུང་བ་དང་། །རྫོགས་པ་ཆེན་པོ་ཞེས་སུ་བཏགས། །དེ་མངོན་བྱེད་པའི་ཐབས་མཆོག་ནི། །ལུང་དང་རིགས་པ་ལུས་ཀྱི་གནད། །ཁོ་ནས་མ་ཡིན་རང་རིག་གི །མན་ངག་བླ་མས་བསྟན་པ་དང་། །ཡི་གེར་བྲིས་པ་ཀུན་ན་གསལ། །རྫོགས་པ་ཆེ་ལ་ཐུན་མོང་དང་། །ཐུན་མོང་མིན་པ་རྣམ་གཉིས་ལས། །དང་པོ་ཕར་ཕྱིན་ཐེག་པ་དང་། །ཕྱི་མ་གསང་སྔགས་བླ་མེད་དོ། །རྙིང་མ་པ་ལ་ཕར་ཕྱིན་དང་། །རྒྱུད་སྡེ་རྣམ་གསུམ་གསར་མ་ལས། །ལོག་སུ་མི་འཆད་རྙིང་མར་ནི། །གྲགས་པ་བླ་མེད་ཁོ་ནའོ། །དེ་ལ་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ཡང་། །རྣལ་འབྱོར་གསུམ་ལས་རྫོགས་པ་ཆེ། །ཉིད་ལ་ཨ་ཏི་ཡོ་གར་འཆད། །ཐེག་པ་རིམ་པ་དགུ་ཀུན་ལ། །ལྟ་བ་རྫོགས་པ་ཆེན་པོ་རེས། །ཟིན་པ་དགོས་ཕྱིར་གང་ཟག་དང་། །ཆོས་ཀྱི་བདག་ཏུ་རྨོངས་པ་སེལ། །དེ་ཕྱིར་རྙིངམའི་སྒོམ་པ་ལ། །དབང་སྒོམ་མེད་ཅེས་སྨྲ་བ་འཁྲུལ། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱི། །དངོས་སློབ་གྲུབ་ཆེན་སྐར་མའི་གྲངས། །སྒྱུ་འཕྲུལ་ལས་ནི་ཡང་དག་དང་། །ཕུར་པ་ལ་སོགས་རང་རང་གི །སྐྱེད་པའི་རིམ་པ་མཐར་ཕྱིན་ནས། །ཨ་ཏི་ཡོ་གཉིད་ལ་འཇུག །དེ་སྒྲུབ་བྱེད་དང་གྲུབ་རྟགས་སུ། །སྦྱོར་སྒྲོལ་གཉིས་པོ་དེའི་ངོས་འཛིན། །ཕྱག་རྒྱ་ལ་དད་རྣམ་པར་ཤེས། །དབྱིངས་སུ་སྒྲོལ་བ་ལ་འཆད་དང་། །བསད་དང་གསོ་ལ་ངོས་འཛིན་པ། །བྱུང་ངོ་དེ་ཚེ་སྦྱོར་སྒྲོལ་གཉིས། །ལོག་པ་དང་ནི་ཡང་དག་པའི། །ཀུན་རྫོབ་དབྱེ་བས་སོ་སོར་འབྱེད། །ཕྱག་རྒྱ་དང་སྦྱོར་རྫོགས་པ་ཆེ། །སྐྱེད་དང་མཐར་ཕྱིན་ཐབས་མཆོག་སྟེ། །སྒྲོལ་བ་རྫོགས་པ་ཆེའི་ཡེ་ཤེས། །མངོན་དུ་གྱུར་ལས་གཞན་གྱིས་མིན། །རྫོགས་ཆེན་ཡེ་ཤེས་ལ་རོལ་ཀྱང་། །ཡང་དག་ཀུན་རྫོབ་ཁྱད་བསད་ན། །འཁྲུལ་པའི་སྣང་བ་ལས་བྱུང་བའི། །སྡུག་བསྔལ་གསུམ་པོ་རྒྱུན་མི་ཆད། །དེ་ཕྱིར་སངས་རྒྱས་མ་ཐོབ་པ། །དེ་སྲིད་རྫོགས་པ་ཆེན་པོ་དང་། །ཡང་དག་ཀུན་རྫོབ་ཟུང་སྦྲེལ་དུ། །ཉམས་སུ་བླངས་པས་ལམ་མཐར་ཕྱིན། །འདི་ནི་གསང་སྔགས་སྔ་འགྱུར་བའི། །ལུང་གི་དོན་དང་ཉམས་ལེན་གནད། །འཁྲུལ་མེད་ཡིད་ནོ་དེ་བཤད་པའི། །རྣམ་དཀར་ཀུན་ཏུ་བཟང་པོར་བསྔོ། །ཤུ་བྷཾ༎
ཁ་བརྡ་ཚང་གིས་འདི་ཁོལ་བུར་བཀོད་པར་ཞུ།
དྲི་མེད་ལྷག་བསམ་ལགས། ལན་གསལ་པོ་ཞིག་རྒྱབ་འདུས་པས་བཀའ་དྲིན་ཆེ། ངེད་ཀྱིས་ཤེས་འདོད་པ་ནི་རྙིང་མའི་ཕྱོགས་ནས་དཔལ་ལྡན་ལྷ་མོ་འབྱུང་ཁུངས་ཞང་ཞུང་ཡིན་མིན་དེ་ཡིན། ད་གསལ་པོ་རེད་སོང་། ཤིན་ཏུ་ནས་བཀའ་དྲིན་ཆེའོ། །
xxxxxx རང་ཤར་ལགས། བཟོད་་བཟོད་པ། ཁྲོམ་པའི་སྦལ་པ་མ་བྱེད། མཐོང་རྒྱ་དང་ཐོས་རྒྱ་སོགས་ཤིག། གཞི་གྲུབ་ན་བོན་ཡིན་པའི་ཁྱབ་། ང་ཡང་བོན་རེད།
དྲི་མེད་ལྷག་བསམ་འདི་མཁྱེན་རྒྱ་ཆེ་བར་མ་ཟད་བློ་གཟུ་བོར་གནས་པའི་གང་ཟག་ཅིག་ཀྱང་རེད། སླད་མར་དངོས་སུ་མཇལ་འདོད་ཀྱང་མཆིས། མཆོག་གི་བཞུགས་ཡུལ་གང་ནས་ཡིན། ང་ནི་ད་ལྟ་ཨ་རི་ན་ཡོད། བཀའ་དྲིན་ཆེ་ལགས། །
རང་ཤར་ལགས། ཁྱེད་ལ་ཁོང་ཁྲོ་ཚ་པོ་འདི་ལ་བལྟས་ན་ཁྱེད། བོན་དཀར་ནག་ཁྲ་གསུམ་ནང་ནས་བར་མ་དེ་ཡིན་པར་གོར་མ་ཆག།
ཁྱེད་རྣམ་པས་གླེང་བཞིན་པའི་ལྷ་མོའི་སྐོར་དེ་གཅིག་བྱས་ན་ཞང་ཞུང་གི་ལྷ་མོ་གཡེར་གྲགས་ཅན་་་སྒྲ་བླའི་རྒྱལ་མོའམ་་་སྒྲ་བླ་མ་་་ཞེས་སུ་འབོད་པའི་ཞང་ཞུང་གི་ལྷ་མོ་་དྲག་རྩལ་ཅན་དེ་ལ་རྩ་བ་ཐུགས་བསྡད་པའི་སྐོར་ཞིག་ཡིན་སྲིད། མ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་། ཚུར་བཤེགས་ནག་མོ་སྟག་རི་རོང་། མ་ཁྱོད་ཀྱི་ཡུལ་ལ་ཕར་བལྟས་རྫ། གཡའ་དང་གངས་ཀྱི་ཕ་རོལ་ན། སྤྲིན་དང་ན་བུན་ཚུལ་རོལ་ན། སྟག་རི་ཁྲ་བོའི་མར་ཞབས་སུ། དུག་རི་ནག་པོའི་རྩེ་མོ་ན། མུ་ལེ་མཚོ་ཡི་གཏིང་རུམ་དུ། སྒྲ་བླའི་རྒྱལ་མོ་མཐུ་མོ་ཆེ། ཞེས་སོགས་འདོན་སྲོལ་ཡོད་པའི་ལྷ་མོ་གཡེར་གྲགས་ཅན་ཞིག་ཡོད་ལེ་རེད་ད། འདིའི་སྟག་རི་ཁྲ་བོ་དང་། དུག་རི་ནག་པོ་དང་། མུ་ལེ་མཚོ་བཅས་དེང་སང་ཡང་སྟོད་མངའ་རིས་ལ་ཡོད་ལེ་རེད། ཁྱེད་རང་ཚོ་ཚོད་མ་བཟུང་ན། ངས་གཏོང་རྐྱང་ཡིན་ད། ཧ་ཧ་ཧ། །