ལོག་སྨྲ་ཚར་གཅོད།
ལྷ་མོ་དོན་འགྲུབ། ཁྱེད་ནི་ལྷ་མོའི་བླ་མཚོ་ནང་འཆར་བའི་ཨ་ཀ་མ་ཡིན་ལ། ལྷ་མོས་བསྐོས་པའི་གངས་ཅན་པའི་རྒྱལ་པོ་མཐའ་མ་དེའང་ཡིན། ཁྱེད་ནི་བཙན་པོའི་གདུང་རྒྱུད་ཀྱི་ཤུལ་འཛིན་པ་ངོ་མ་དེ་ཡིན་ལ་གདོང་དམར་བའི་ལོ་རྒྱུས་ཀྱི་དཔང་པོ་ཡང་ཡིན། ལྷ་མོ་དོན་འགྲུབ། ཁྱེད་ཀྱི་གཟི་བརྗིད་ཀྱིས་མི་རིགས་ཤིག་གི་ཚེ་སྲོག་སླར་གསོ་ཐུབ་ལ། བཙན་པོ་ཞིག་གི་སྙིང་སྟོབས་མངོན་འགྱུར་ཡང་བྱེད་ཐུབ། དམ་ཉམས་ཚོས་བར་ཆད་ཇི་ལྟར་བཙན་ཡང་། ལྟ་ལོག་གིས་ཞབས་འདྲེན་ཅི་འདྲ་བྱས་ཀྱང་། དམར་དམག་གིས་འཇིགས་སྣང་ཅི་འདྲ་སྟོན་ཡང་། རེ་སྒུག་གི་ལོ་ཟླའི་ཁྲོད་ནས་ཁྱེད་སྔར་བཞིན་བཞུགས་དགོས། ལྷ་མོ་དོན་འགྲུབ། ཁྱེད་ནི་ཉམ་ཐག་པའི་མི་རིགས་ཤིག་གི་མིག་མདུན་ནས་ནུབ་མི་རུང་བའི་ཉི་མ་ཡིན་ལ། ཁྱེད་ནི་གོ་ལ་འདིའི་སྟེང་གཟིམ་མི་རུང་བའི་སྒྲོན་མེའང་ཡིན། ལྷ་མོ་དོན་འགྲུབ། བརྟན་པོར་བཞུགས་རོགས།
༢༠༡༣ ཟླ༧ ཚེས༦ ཉིན་བྲིས།
ཐུགས་རྗེ་ཆེ།
ཁྱེད་ནི་གོ་ལ་འདིའི་སྟེང་གཟིམ་མི་རུང་བའི་སྒྲོན་མེའང་ཡིན། ལྷ་མོ་དོན་འགྲུབ། བརྟན་པོར་བཞུགས་རོགས།
དད་པ་དང་དམ་ཚིག་ཅན་ཞིག་ཡིད་སོད་ཀི། སྲལ་འི། ཡག་གི།
ཁྱེད་རྣམ་པས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།