རྣམ་གྲོལ་གླིང་། དགའ་དགའ།
ལྷིང་འཇགས་མཚར་སྡུག་ཅན་གྱི་ས་སྲོད་དེ་ནས།།
སྤྲིན་དཀར་འདབ་མ་ལྷུང་སའི་ཆུ་བོའི་ངོགས་སུ།།
ཆུ་ཡི་རླབས་རིས་བཞིན་དུ་སྒེག་ཉམས་འཕྱོ་བའི།།
ཁྱད་འཕཊ་གཟུགས་ཀྱི་ལྷ་མོ་མངོན་སུམ་མཐོང་བྱུང་།།
གོས་དཀར་སྲབ་མོའི་ཐུ་མཐའ་རྒྱབ་ཏུ་སྐྱོད་ཅིང་།།
ལུས་ཀྱི་གར་དང་ཚོར་བ་ཟུང་དུ་འབྲེལ་བའི།།
ཕྱི་ཤུན་མེད་པའི་རྐང་རྗེས་ས་ལ་དཔར་ཏེ།།
དེ་རིང་ལྷ་ཡི་གླིང་ནས་སྲིད་འདིར་ཕེབས་འདྲ།།
བྲང་གི་ཆགས་པའི་མྱོས་བུམ་གཏད་སོ་ཆེ་བས།།
དགུང་གི་རི་བོང་ཅན་ཡང་ཕྱིར་སྣུར་བྱེད་ཅིང་།།
ཕྲག་དོག་ཟུར་མིག་གཡོ་བའི་རྟོག་འགྱུ་རྒོད་པོས།།
མཚན་མོའི་ཐུན་མཚམས་དེ་ཡང་ཏག་ཏག་ཨེ་ཡོད།།
དབྱངས་ཆེན་ལྷ་མོ་ཟེར་བ་ཡིད་ཀྱི་སྤྲུལ་པ།།
ནང་གི་ཚོར་བའི་སྒྱུ་རྩལ་ཕྱི་རུ་མངོན་པའི།།
ཧ་ཅང་མཛེས་མའི་མཛེས་མ་ཁྱེད་ལས་གཞན་ཞིག།
སྒྱུ་མའི་གར་སྟེགས་འདི་རུ་སྲིད་པ་ཙམ་མོ།།
གྲེ་འགྱུར་དབྱངས་རྟ་སྙན་མོ་ངག་ལ་འགུགས་དུས།།
ཟླ་བའི་ཟེགས་མ་འཕྲོས་ཀྱང་མོག་པོར་བྱས་སོང་།།
ཆུ་མོའི་རླབས་ཕྲེང་རེ་རེ་གན་དུ་འཁོར་ཞིང་།།
བརྩེ་བའི་མིག་ཞགས་དྲོན་མོས་གདོང་ལ་ཅེར་འདུག།
འཛིན་མའི་པང་དུ་བཞད་པའི་མེ་ཏོག་གསར་པ།།
ཆུ་བུར་མིག་གི་ལམ་དུ་ལྡེམ་ལྡེམ་འབུས་དུས།།
ཁྲེལ་གཞུང་མེད་པའི་བདག་འདྲ་འདོད་པས་བཟི་ཞིང་།།
ཡིད་ཀྱི་ཚོར་བ་སྤྱང་མོའི་ཧམ་སེམས་འདྲ་བྱུང་།།
སྐྲ་ཡི་ལན་བུ་དེ་ཡང་མི་མངོན་སྦས་འདུག།
སྙིང་གི་ཟབ་ས་ཞིག་ནས་འཛུམ་ཆུང་སྟོན་པའི།།
ཕྱི་རོལ་སྟངས་སྟབས་ཤིག་གི་མངར་ཁ་ཐུལ་བས།།
ནང་གི་གློ་བ་དམར་པོ་འགུལ་བ་གྲངས་མེད།།
སོ་སོའི་ལྷ་འདྲེ་གང་ལ་དད་པ་དང་ཆགས་པ་བྱས་ན་གང་ཤེས། ཡིན་ན་ཡང་རྣམ་གྲོལ་གླིང་ཟེར་དགོས་དོན་གང་ཡིན་ནམ། གླིང་ཚང་མ་དེ་འདྲ་ཡིན་ཟེར་བ་མིན་ནམ། ད་ཕྱིན་དགའ་དགའ་ལས་རྣམ་གྲོལ་གླིང་མ་ཟེར་ན་ལེགས་སོ། གང་ཡིན་ན་རྣམ་གྲོལ་གླིང་ན་ཁྲིམས་ལྡན་གྱི་དགེ་སློང་མང་། རྣམ་གྲོལ་གླིང་ཚད་ལྡན་གྱི་བཙུན་མ་མཆིས། འདི་གྲྭ་རྟ་བ་ཞིག་གིས་མིག་འཕྲུལ་མིན་ནམ་སྙམ་མོ།
བཙུན་ཆུང་གཉའ་མ་མ་ཚ་བར་དུ།
ཆགས་གདུང་དབང་སྣ་མ་འཐོར་བར་དུ།
སྙན་ངག་སྙིང་གི་རྨ་ཁ་འདི་ན།
མི་སོས་དཀར་ཡོལ་ཆག་ལ་གས་ལ། ཧ་ཧ་ཧ།
ཧ་ཧ་ཧ་ད་གནས་དེ་ན་love འཁྲབ་ཀྱི་ཡོད་ས་རེད།
གྲྭ་བ་འདི་ཚོས་བུ་མོ་ལ་མ་སྦྱར་ན་རྩོམ་འབྲི་མི་ཤེས་པ་ག་རེ་ཡིན་ནམ།
གྲྭ་བས་གྲྭ་བའི་ཁོར་ཡུག་དང་འབྲེལ་བའི་རྩོམ་བྲིས་ན་མི་ལེགས་སམ།
མཁས་པའི་ཉམས་བསྟན་ནས་བཙུན་པའི་མཐོང་བརླགས་ན་ག་འགྲིག
མཁས་བཙན་བཟང་གསུམ་འཛོམས་པའི་མི་ཞིག་འཇོག་མ་ཤེས་པ་ག་རེ་ཡིན་ནམ།
པད་མ་ལགས་དང་དགེ་འདུན་རྒྱ་མཚོ་གཉིས་བདེན་
དྲྭ་གྲོགས་འགས་གང་དྲན་པ་དེ་སྨྱུག་རྩེ་ནས་ཕྱུང་འདུག ཁྱོད་ཚོའི་དྲི་བར་ངས་ལན་མེད།
རྣམ་གྲོལ་གླིང་་” ཞེས་པ་དེ་ངས་ནམ་ཡང་འབྲི་འདོད་ལ་བྲིས་པ་ཡིན། དེའི་འགྲེལ་བཤད་དགོས་ན་ང་དངོས་སུ་མཇལ་ཡོང་ན་མ་གཏོགས་མིང་དེའི་ནང་དོན་ཟབ་དྲགས་ནས་ཁྱོད་ཚོས་གོ་རྒྱུ་དཀའ་ལས་སོ།
རྣམ་གྲོལ་གླིང་གི་གྲྭ་ཚང་དུ། །
ལྷ་མོ་དབྱངས་ཅན་ལྷ་མོ་ལ། །
དགའ་དད་སྙིང་འདར་མ་བྱུང་བར། །
གློ་བ་འགུལ་མཁན་འདི་ན་འདུག །
འདི་ནི་ཀུ་རེའི་ཆེད་དུ་བྲིས། །