ལྗང་སྨྱུག
ཇི་ཙམ་གྱི་ཕྱིན་ཅི་ལོག་པའི་བདེན་འཛིན་ཤུགས་ཆེན་པོ་ཡོད་ན། དེ་ཙམ་གྱིས་གནོད་བྱེད་མང་བ་ཡིན། ལུས་པོ་བདེ་ཐང་ཙམ་འཚོ་གནས་ཐུབ་པ་ལའང་གཙོ་བོར་སེམས་ཀྱི་འཛིན་སྟངས་ལ་རག་ལུས་ཡོད། གདོན་འདྲེ་དང་། གསོན་འདྲེ། ཤི་འདྲེ་སོགས་ཀྱང་གང་ཟག་དེས་ཕྱིན་ཅི་ལོག་གི་འཛིན་སྟངས་ཤིག་ལས་བྱུང་བ་མ་གཏོགས་ཡུལ་དེར་དངོས་སུ་གྲུབ་མེད་ཀྱང་། ཕལ་ཆེར་བས་གནོད་བྱེད་འདྲེ་དང་སྐྱོབ་བྱེད་ལྷ་ཞེས་གཉིས་སུ་འཛིན་ཏེ། འདྲེ་ཞེས་པ་ནི་མི་སྡུག་པའི་མཚན་མ་དགུས་བརྒྱན་པའི་མི་མ་ཡིན་པ་ཞིག་གཟུགས་པོ་རླུང་ལྟར་མགྱོགས་པ་དང་། སེམས་ཅན་མང་པོའི་ཚེ་སྲོག་འཕྲོག་མཁན་གྱི་དངོས་མེད་ཅིག་བློས་མཁྲེགས་འཛིན་བྱས་ཡོད། འགའ་རེས་ལྷ་ཞེས་པ་ཁས་མི་ལེན་ཡང་། འདྲེ་ཡོད་པར་འདོད་མོད། དོན་དུ་འདྲེ་ཡང་བློས་སྒྲོ་བཏགས་པ་ལས་བྱུང་བ་ཡིན། དཔེར་ན་མི་ཞིག་གསར་དུ་ས་རྒྱུས་མེད་པའི་ལུང་བ་ཞིག་ལ་འབྱོར་ན། མི་གཞན་ཞིག་གིས་ས་འདིར་མཚན་མོ་གདོན་འདྲེ་མང་པོ་ཡོད་ཅེས་བཤད་དེ། མི་དེའི་སྡོད་གནས་ཀྱི་ཁྲིས་སུ་གོས་སློག་སོགས་གཡོགས་ནས་མིའི་གཟུགས་བརྙན་བཞིན་བཅོས་ཏེ་ཁོ་ལ་ལྟར་བཅུག་ཚེ། ཕར་གི་གཟུགས་དབྱིབས་དེས་དངོས་སུ་གཡོ་འགུལ་བྱེད་ཅིང་། ཡན་ལག་སོགས་ཀྱང་ཡོད་པའི་རྣམ་པར་ཅན་ཞིག་ཏུ་གྱུར་ཏེ་ཞེད་སྣང་དང་དངངས་སྐྲག་སྐྱེད་བཅུག་གི་ཡོད། ཁོས་ནམ་བདེན་མེད་མིས་བཟོས་པའི་ཐོ་ཡོར་ཞིག་ཡིན་པའི་དཔྱད་པ་མ་ཐུབ་བར་དུ། ནང་དུ་འཛིན་པའི་གདོན་འདྲེ་དེས་རྐྱེན་པའི་གནོད་པ་འདྲ་མིན་ཡོང་བ་ལས་བག་ཕེབ་ངང་བདེ་བར་གནས་ཐབས་མེད་པ་རེད།
ང་ཚོ་བོད་པའི་ས་ཆ་མང་པོར་མི་གྲོངས་ཚར་ནས་སླར་རོ་ལངས་བརྒྱབ་སྟེ་གནོད་པ་བྱེད་ཀྱི་ཡོད་པ་དང་། རོ་ལངས་དེས་སུ་ལ་ཐུག་ཀྱང་དེ་དག་ཀྱང་རོ་ལངས་ནང་བཞིན་འདྲེར་འགྱུར་འགྲོ་བ་དང་། དེ་བཞིན་དུར་ཁྲོད་དང་། གཡུལ་ས་སོགས་ལའང་མཚན་མོ་འདྲེའི་སྐད་དང་། གཟུགས་བརྙན་འདྲ་མིན་མཐོང་ཐོས་བྱུང་རྒྱུ་ཡོད་པའི་སྐོར་གྱི་གནའ་སྒྲུང་མང་པོ་བཤད་སྲོལ་ཡོད་པ་དག་ཀྱང་། བློས་བདེན་འཛིན་ཤུགས་དྲགས་བསྐྱེད་པའི་དབང་གིས་འཁྲུལ་སྣང་ཙམ་ལས་བྱུང་བར་འདོད།
དེའི་སྐོར་ཚན་རིག་པས་དཔྱད་དོན་ལྟར་ཅུང་ཟད་བཤད་ན། སྔར་ལུང་པ་ཞིག་ལ་སང་ཉིན་སྲོག་ཐོག་གཏང་རྒྱུའི་མི་ཞིག་ལ་འགྲེལ་བཤད་རྫུན་མར་བརྒྱབ་སྟེ། ཤི་བར་ལས་སླ་པོ་རེད། གཟུགས་པོའི་ཁྲག་ཏོན་ན་མགྱོགས་པོ་དང་བདེ་བོའི་ངང་ཤི་ཐུབ་རྒྱུ་རེད་པས། ཁྱེད་རང་ཡང་སང་ཉིན་ཁྲག་ཏོན་ནས་གསོད་ཡ་རེད་འདུག་ཅེས་བཤད་དེ། ཕྱི་ཉིན་ཁོའི་མིག་གཉིས་རས་ཀྱིས་བཀབ་ནས། མི་གཞན་ཞིག་གིས་ཁོའི་རྐེ་ནས་ཅུང་ཟད་བཙིར་ཏེ་ཟུངས་ཁྲག་རིམ་པས་ཏོན་གྱི་ཡོད་པའི་ཚུལ་གྱིས། ཟུར་དུ་སྣོད་ཅིག་ཏུ་འགྱིག་སྦུག་ནས་ཆུ་འཐེན་པས། ཁོའི་སེམས་ལ་གཟུགས་པོའི་ཟུངས་ཁྲག་ཆ་ཚང་ཏོན་པའི་སྒྲ་ཡིན་སྙམ་པའི་འཛིན་སྟངས་ཤུགས་དྲགས་བསྐྱེད་པས་ཚ་ན་གང་ཡང་མེད་པའི་ངང་བློས་འཛིན་སྟངས་ཤིག་གིས་ཚེ་འཕྲོག་པ་རེད།
དེ་དང་ཆ་འདྲ་བ་བློས་འཛིན་སྟངས་མཐུན་པའི་ཕྱོགས་སའང་ནང་ཆོས་ནས་གསུངས་པ་བཞིན་བརྩོན་འགྲུས་ཆེན་པོས་ལྷར་བསྐྱེད་པ་དང་། འཕོ་བ་སྦྱོང་བ། ཞིང་ཁམས་སྒོམ་པ། བདག་གཞན་བརྗེ་བ་སོགས་དྲན་ཤེས་དང་། བྱ་ར། བག་ཡོད་པའི་སྒོ་ནས་སྦྱོང་སྟེ་གོམས་འདྲིས་བྱུང་ན་དངོས་སུ་སྤྲུལ་སྒྱུར་དང་། རྫུ་འཕྲུལ། མངོན་མཁྱེན་སོགས་ནི་བློ་གང་ལ་བྱང་བ་དེའི་འབྲས་རྟགས་ཡིན་པར་འདོད།
ལྗང་སྨྱུག་གམ་འབྲི་གུང་འབྲུག་ཚེ་རིང་ལགས། ཕེབས་པར་དགའ་ཡོད། ལྷ་འདྲེ་ཡིད་ཀྱི་ཆོ་འཕྲུལ་ཞེས་པ་བོད་པས་རྟོག་བཟོ་རྐྱང་རྐྱང་པ་ཞིག་མིན་པ་འདྲ། དེ་འདྲ་ཡིན་ན་འབྲི་གུང་གི་ཨ་ཕྱི་ཆོས་སྒྲོན་བསྟན་སྲུང་དུ་བཟུང་བ་དང་། ཏྰ་ལས་བླ་མས་རྡོ་རྗེ་ཤུགས་ལྡན་འདྲེ་རུ་གསུངས་པ་ལ་ཁྱད་པར་ཞིག་གསུངས་རོགས། གུས་མོས་མ་ཤེས་ན་དྲིས་པ་ཡིན་ནོ།
རྗེ་མི་ལས།
ཁམས་འདུས་པ་རྩ་ཡི་རྟེན་འབྲེལ་གྱིས།།
ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས།།
དེ་རང་སྣང་རྫུན་དུ་མ་ཤེས་ཤིང་།།
བདེན་ནོ་སྙམ་ན་ཤིན་ཏུ་རྨོངས།།
ཞེས་གསུངས་པ་ལྟར་འདྲེ་ཟེར་བ་ནི་མི་མ་ཡིན་གྱི་རིགས་ཤིག་རེད། འཇིགས་སྐྲག་གི་བསམ་བློ་ནི་བདེན་འཛིན་ཨ་འཐས་ལས་བྱུང་བ་དཔེར་ན། ཐག་ཁྲ་སྦྲུལ་འཛིན་གྱི་བློ་ནི་འཁྲུལ་གཞི་ཐག་ཁྲ་ལ་བརྟེན་ནས་བྱུང་བ་རེད། ཐག་ཁྲ་སྦྲུལ་གྱིས་སྟོང་བ་རེད་ཅེས་བརྗོད་ན་སྦྲུལ་འཛིན་གྱི་འཇིགས་སྐྲག་སེལ་ཐུབ་པ་ལྟར། ཐག་ཁྲ་མེད་ཅེས་ཟེར་མི་རུང་ལ་དེ་སྦྲུལ་གྱི་ངོ་བོས་སྟོང་བ་རེད། ཤེར་ཕྱིན་གྱི་མདོ་ཡི་སྐབས་སུ་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་གསུངས་པ་དེ་ལ་གོ་རྒྱུ་ཆེན་པོ་ཡོད་པ་ཤེས་དགོས།
ལྗང་སྨྱུག་ལགས་
སྐྱེ་བོ་ཐམས་ཅད་དག་སྣོད་བཅུད་ཐམས་ལྷ་དང་ལྷ་མོར་མཐོང་བ་ཡིན་ན་མ་གཏོགས་དེ་མིན་ལྷ་དང་འདྲེ་ཞེས་ལོས་ཡོད།
དེ་དག་བདེན་འཛིན་གྱིས་བཞག་པའི་ལོག་འཛིན་ག་ནས་ཡིན། སྤྱིར་སོ་སོ་སྐྱེས་བུ་དག་གིས་འཛིན་སྣང་ཐམས་ཅད་བདེན་འཛིན་གྱིས་མ་བསླད་པ་ཞིག་ག་ནས་ཡོད།
ལྷ་ཞེས་པ་ནི་སྐྱོབས་པའི་མགོན་དང། འདྲེ་ཞེས་གནོད་ཅིང་འཚེ་བའི་མི་མ་ཡིན་གྱི་རིགས་སམ་བར་སྲིད་ཀྱི་འགྲོ་བས་བསྡུས་པ་ཞིག་རེད། སྤྱིར་འདྲེ་ཞེས་པ་རིགས་ཀྱིས་དབང་གིས་འགྲོ་བ་གཞན་ལ་གནོད་ཅིང་འཚེ་བ་བྱེད་པ་ལས་བསམ་བཞིན་དུ་བྱེད་པ་ཁོ་ནར་མ་ངེས། དེ་ཡང་བར་དོའི་རྣམ་ཤེས་འཁྱམས་པོ་བ་འགའ་ཞིག་གིས་རང་གི་ཉེ་དྲུང་འབྲེལ་བ་དག་ལ་ཕན་ཅིག་འདོགས་སྙམས་ནས་ལས་བྱེད་དུས་དེ་ཕན་འདོགས་པའི་ཚབ་དུ་འགལ་རྐྱེན་བྱེད་པར་བཤད་པས་སོ།
དེང་སང་མང་པོ་ཞིག་ནས་རང་ཉིད་ལྟ་བ་མཐོ་རབས་ཀྱི་སྐད་ཆ་རྐྱང་བཤད་ཀྱིན་འདུག དོན་དུ་བདེན་འཛིན་གྱི་འགོང་པོ་དེ་ཉིད་ཅུང་ཙམ་ཀྱང་མ་བྲི་བར་གྲྭ་མ་ཉམས་མདོག་མ་འགྱུར་བར་ཡོད་མུས་རེད།
འདྲེ་མི་འདུག་མ་གསུངས།
ངས་དངོས་སུ་མཐོང་མྱོང་།
སྒྲ་དབྱངས་ལྷ་མོ་ལགས། ངས་ལྷ་འདྲེ་ཟེར་ཡོད་མ་རེད་བཤད་མེད། སྤྱིར་བཏང་ཡིད་ཀྱིས་བརྩོན་པ་ཤུགས་དྲག་དབང་གིས་གང་ལ་འབུངས་པ་དེའི་ཉེ་བར་ལེན་པའི་འབྲས་བུ་ཞིག་འབྱུང་རྒྱུར་བསྙོན་མེད་རེད། འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱིས་འཁོར་ཚེ་ཐོག་མ་མེད་པ་ནས། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། བསྟན་པ་སེམས་ཅན་ལ་ཕན་པའི་ཀུན་སློང་དང་སྦྱོར་བས་དུས་འདའ་བའི་དམ་ཚིག་བརྟན་པོ་ཡོད་པའི་རྒྱུ་མཚན་གྱིས། དངོས་སུ་སེམས་ཅན་ལ་ཕན་བདེ་བསྐྲུན་གྱིན་ཡོད། ངས་གོང་དུ་བྲིས་ཟིན། དཔེར་ན་བརྩོན་འགྲུས་ཆེན་པོས་ལྷར་བསྐྱེད་པ་དང་། འཕོ་བ་སྦྱོང་བ། ཞིང་ཁམས་སྒོམ་པ། བདག་གཞན་བརྗེ་བ་སོགས་དྲན་ཤེས་དང་། བྱ་ར། བག་ཡོད་པའི་སྒོ་ནས་སྦྱོང་སྟེ་གོམས་འདྲིས་བྱུང་ན་དངོས་སུ་སྤྲུལ་སྒྱུར་དང་། རྫུ་འཕྲུལ། མངོན་མཁྱེན་སོགས་ནི་བློ་གང་ལ་བྱང་བ་དེའི་འབྲས་རྟགས་ཡིན་པར་འདོད།
དེའི་ཟློག་པའི་ཕྱོགས་ནས་བཤད་ན། སྨོན་ལམ་ལོག་པ་དང་། དམ་ཚིག་ཉམས་པ། དེའི་རྒྱུ་མཚན་གྱིས་འགོང་པོ་དང་འབྱུང་པོའི་ལུས་སུ་བླངས་པ། བསྟན་དང་སེམས་ཅན་ཀུན་ལ་འཚེ་བ་ཅན་དཔེར་ན་རྡོ་རྗེ་ཤུགས་ལྡན་ལྟ་བུ་ཡིན་པས་ཁྱད་པར་ད་དུང་མ་ཤེས་སམ།
ཁྱོད་ཀྱིས་མཐོང་བའི་འདྲེ་དེ་གང་འདྲ་ཞིག་འདུག་གམ།
འབྲུག་ཚེ་རིང་ལགས། ལན་དེ་མཐོང་བས་དགའ་ཡོད། ཨ་ལེ། ངས་ཁྱོད་ཀྱི་ལྷ་འདྲེ་ཟེར་དུས་མེད་པ་འདྲ་ཞིག་བཤད་ཀྱིན་འདུག་བསམ་སོང་། དེ་སེམས་ལ་ཁྲོད་མ་སོང་། ། ས་སྐྱ་པ་ཞིག་གིས་འབྲི་གུང་ཨ་ཕྱི་ཆོས་སྒྲོན་ཟེར་བ་དགེ་སློང་དམ་ཉམས་སུ་བྱེད་པའི་འདྲེ་མོ་དམ་ཉམས་ཤིག་རེད་ཅེས་བཤད་འདུག མ་ཚད་རྡོ་རྗེ་ཤུགས་ལྡན་མིང་དེ་ཐོག་མར་ས་སྐྱ་ལས་བྱུང་བ་ཡང་བཤད་འདུག གང་ཡིན་ཧ་གོ་མ་སོང་། རི་བོ་དགེ་ལྡན་པའི་ཁྲི་པས་ཀྱང་ཆོས་སྐྱོང་གི་རྒྱལ་པོ་རྡོ་རྗེ་ཤུགས་ལྡན་རེད་བཤད་འདུག དེས་ན་ཆོས་སྐྱོང་ཟེར་བ་ཕན་གནོད་ཀྱི་ལྷ་འདྲེ་ཟེར་བ་དེ་དངོས་གནས་ཡོད་དམ། ། མེད་ཅེས་དོགས་པ་ཟོས་སོང་།
ལྷ་འདྲེ་ཡོད་པ་རྩོད་མེད་ལ། །
འཁྲུལ་སྣང་ཙམ་ཞེས་ཅུང་ཅད་འཁྲུལ། །
གནས་ཅུང་དོ་རྒྱལ་ཕན་གནོད་དག །
མེད་པར་འདོད་པ་སྨྱོ་ཧམ་ཆེ། །
ཡུམ་སྒྲ་དབྱངས་ལྷ་མོ་ལགས་ཁོག་པ་ལ་གཡོ་རྒྱུ་ཞིག་ཡོད་པ་འདྲ་བོ་འདུག་གདའ།
ཁོང་ངམ་ཁོང་གི་རིགས་མ་སྒྲ་ཡང་ལྷ་མོ་ལགས་བཀྲིས་བདེ་ལེགས།
སྒྲ་དབྱངས་ལྷ་མོ་ལགས། ངས་ཀྱང་ཁྱེད་ལ་དོགས་པ་ཅུང་ཟད་ཡོད། ཡང་བསྐྱར་ང་གཡོ་སྒྱུའི་འོག་ཏུ་ཚུད་ཀྱིན་མིན་འགྲོ་བསམ་གྱི་འདུག ཧཧཧཧ ང་དང་ངའི་སྤུན་གྲོགས་ཚང་མས་སྒྲ་དབྱངས་ལྷ་མོ་ལ་དོགས་ཟིན་མཛོད་ཅིག
སྒྲ་ཡང་ལྷ་མོ་ཟེར་བ་ཁྱོད་དོགས་པ་ཟ་བ་ཅི་ཁག ཁྱོད་བུད་མེད་ཅིག་གིས་ལྷ་འདྲེ་དང་ཆོས་ལུགས་སྐོར་ཅི་ཤེས། དེ་ལས་བུད་མེད་ལ་མི་འཛའ་བའི་ལྷ་བཤད་འདྲེ་བཤད་དེ་ཚོ་བཞག་ནས་ཁ་དམ་པོ་དང་རྐུབ་ཡངས་པོ་བྱེད་ཐུབ་ན་བོད་མི་རིགས་འཕེལ་རྒྱས་ལ་དེས་ཕན་ངེས་ཡིན་པས་སེམས་ལ་ཞོག་ཨ། མགོ་སྟོང་མ། ད་དྲན་རྒྱུ་མ་མང་།
ས་འབྲི་གཉིས་ཀྱི་མཁོན་མ་སློང་ན་ཡག་ གུ་རུའི་རྣམ་ཐར་པདྨ་བཀའ་ཐོང་ནང་གི་ལུང་བསྟེན་ལས་ སྣ་ཐག་སས་བྱེས་ཧོར་དམགས་བོད་དུ་དྲོངས་ ངན་སོངས་ཟེར་ན་དེ་འདྲའི་སྡུགས་བསྔལ་མེད་ ས་འབྲི་མཁྲུག་ནས་འབྲི་གུང་པའི་དགེ་འདུན་ཁྲི་གཅིག་བཀྲང་བ་རེད་ད་འབྲི་གུང་ཨ་ཕྱི་ཅིག་རེད་མང་རེད་མ་གསུང་ན་དགའ་ོ།
སྒྲ་དབྱངས་ལྷ་མོ་ལགས། ཁ་དཔེར། འོན་པའི་མི་གོ་དགུ་གོ་དང་ལོང་བའི་མི་རིག་དགུ་རིག་ལྟ་བུ་མིན་པར། ས་སྐྱ་པས་འབྲི་གུང་ཨ་ཕྱི་ཆོས་སྒྲོན་ཟེར་བ་དགེ་སློང་དམ་ཉམས་སུ་བྱེད་པའི་འདྲེ་མོ་དམ་ཉམས་ཤིག་རེད་ཅེས་བཤད་འདུག་ཟེར་བ་དེ་ཁྱོད་ཀྱིས་གང་དུ་འདུག་ཅིག་སྟོན་དང་། ཡང་རྡོ་རྗེ་ཤུགས་ལྡན་མིང་དེ་ས་སྐྱ་ལས་བྱུང་བ་ཡིན་པ་བཤད་འདུག་ཟེར་བ་དེ་དང་པོ་ས་སྐྱ་ལས་བྱུང་བ་ཡིན་ན་ག་རེ་ཡོད་རེད་ཅིག་ཤོད་དང་། ཡང་རི་བོ་དགེ་ལྡན་ཁྲི་པས་ཆོས་སྐྱོང་རྒྱལ་པོ་རྡོ་རྗེ་ཤུགས་ལྡན་རེད་ཟེར་བའི་དོན་དེ་ལའང་ཁྱོད་ཀྱི་དོགས་མེད་ཡིད་ཆེས་བྱེད་དགོས་ཡག་གི་བྱིན་ནུས་དེ་སུ་ཡིས་གནང་བ་ཡིན་ནམ་ཅིག་ཤོད་དང་། དོན་ངོ་མ་ཁྱོད་ཀྱི་ཤོད་སྟངས་ལ་ལྟས་ན་རི་བོ་དགེ་ལྡན་ཁྲི་པ་དེ་མ་ནོར་ལམ་བཟང་གི་སངས་རྒྱས་ཤིག་ཡིན་པར་ཤུགས་ཀྱིས་བསྟན་ཡོང་པའི་གཞོར་དུ་ཁྱོད་ཀྱི་རང་གཤིས་ངོ་མ་དེ་ཡང་ཕྱི་རུ་ཐོན་ཡོང་གིན་འདུག་ལ། གལ་ཏེ་དེ་ལྟར་ཡིན་ན་ཁྱོད་ཀྱི་མིང་དུ་སྒྲ་དབྱངས་ལྷ་མོ་ཞེས་བཏགས་པ་དེ་ཡང་མིང་དོན་མཚུངས་པའི་དབྱངས་ཅན་ལྷ་མོ་ཞིག་ཡིན་དགོས་ཀྱང་། ཁྱོད་ལ་ནི་འགོ་འཐུམ་པ་དང་། མ་ཤེས་པ་དང་། མ་རྟོགས་པ། མ་ཚོར་བ། མ་རིག་པ། འགལ་བ་ཆགས་པ། དེ་ཚོ་གང་ཡིན་ནམ་སྒྲ་དབྱངས་མ་གཅིག་གསུང་དང་།
སྒྲ་དབྱངས་ལྷ་མོ་ལགས། ཁྱོད་ཀྱིས་ཐད་ཀར་འབྲི་གུང་ཨ་ཕྱི་དང་རྡོ་རྗེ་ཤུགས་ལྡན་གཉིས་ཞེས་ཁ་ལ་བབ་ནས་ཡོད་པ་ངས་སྔ་ས་ནས་ཤེས་ཀྱི་ཡོད། ད་དུང་ཁྱེད་ཀྱིས་ཚོད་མ་ཟུང་ན་ཡང་བསྐྱར་ཨུ་ཐུག་པའི་གནས་སུ་གྱར་ཡོང་། དྲང་པོར་བཤད་ན་ཁྱོད་ཀྱི་གདོང་འབག་དེ་མར་ཕུད་ནས་བཤད་དང་། ཁྱོད་ག་དུས་ཡིན་ཡང་རས་ནག་གིས་གདོང་གཡོགས་ཏེ། དྲ་རྒྱའི་ནང་གི་དཀྲུགས་འབུ་ཞིག་གི་སྐྱེ་བ་ལེན་དགོས་དོན་ཅི་ཡིན་ནམ། ལས་ངན་པ་ཁྱོད། མཚམས་རེར་ཤ་ཚ་དང་སྙིང་རྗེ་རེ་སྐྱེས་ཡོང་གི་འདུག དངོས་འབྲེལ་ཡིན།
ནགས་ཀྱི་སེང་གེ་ལགས།
ངོ་མ་དྲ་ཐོག་འདིར་ཡོང་ན་རང་མི་རིགས་ཀྱི་རིག་གཞུང་དང་འཇིག་རྟེན་ཀུན་ཕན་གྱི་དགོངས་པ་ཞིག་བཞེས་དགོས་པ་ལས་རང་སྣང་གང་ཤར་གྱིས་སྨྲ་བར་ཚོད་ཟིན་ཅིག་དགོས་འདུག
དེ་ཐུགས་ལ་བདོག་རོགས།
འཚིག་པ་ཕ་ལ་ཟས།
འགྲམ་ལྕག་བུ་ལ་རྒྱབ་མི་ཉན།