མི་ཞུན། ལྦར་ནཱ།
དྲ་གྲོགས་རྣམ་པ། ངས་ཁྱེད་ཚོ་ལ་དྲི་བ་ཞིག་འདྲི། དོལ་ཚོགས་ལ་འབྲེལ་ཐག་གཅོད་པའི་མནའ་སྐྱེལ་དམ་འབུལ་གྱི་ཚ་རླབས་འཕྱུར་དུས་ཤིག་ལ། ཁྱེད་ཀྱི་ཆེས་དགའ་བའི་སྙིང་ལོ་མ་དེ་དོལ་རྒྱལ་བསྟེན་མཁན་གྱི་མི་ཞིག་གི་བུ་མོ་ཡིན་དང་ན། ཁྱེད་ཀྱིས་ཅི་ཞིག་བྱེད་རྒྱུ་ཡིན་ནམ།
མཚོ་སྐྱིད་ཀྱིས་ཉིན་ནས་མཚན་མཐུད་དེ་ཇི་ལྟར་བསམ་བློ་བཏང་རུང་རང་གི་སྙིང་ལ་གྲིས་བསྣུན་པ་ལྟ་བུའི་ན་ཟུག་གི་གཟེར་ཁ་ཞིག་ཡོད་པ་དེ་གཏན་ནས་ཞི་འཇམས་སུ་གཏོང་མ་ཐུབ། ལྷག་པར་དུ་ཤ་ཚ་ཞིང་སྙིང་ཉེ་ལ་ཞེ་འཁྲེང་བའི་དགའ་ལོ་ཚེ་རིང་གི་འུ་ཐུག་ཐབས་ཟད་དུ་གྱུར་བའི་སྐྱོ་ཉམས་ཀྱི་གདོང་རིས་དེས་ཀྱང་མོ་རང་དམར་པོ་མེ་ལ་གསོན་བསྲེག་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་དང་ཚ་བོའི་ཆུ་ལ་གསོན་བཙོས་བྱེད་ཀྱི་ཡོད་པ་ལྟ་བུའི་སྣང་བ་ཞིག་ངང་གིས་སླེབས་ཏུ་བཅུག་སོང་།
བསམ་བློ་ག་ཚད་བཏང་རུང་འཇིག་རྟེན་འདིའི་སྟེང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རང་གི་ཤ་དང་ཁྲག་གི་བྱེད་པོ་ཕ་མ་གཉིས་ལ་གཏན་ནས་གཏན་དུ་འབྲེལ་ཐག་གི་ཟམ་པ་གཅད་རྒྱུའི་མནའ་སྐྱེལ་དམ་འབུལ་བྱེད་རྒྱུ་ནི་ཆེས་མི་སྲིད་པ་ཞིག་ཏུ་རློམ་གྱི་ཡོད་ལ་རང་གི་དཔྲལ་ཐོད་ཀྱི་མིག་དང་བྲང་གཞུང་གི་སྙིང་ལྟ་བུའི་དགའ་ལོ་ཚེ་རིང་གི་ངོ་གདོང་དོར་རྒྱུའི་སེམས་པ་དེའང་དམྱལ་བ་མནར་མེད་ཀྱི་ཟང་ཆེན་ནང་ན་ཨག་སྐད་འདོན་བཞིན་པའི་མི་དེ་དག་གི་སྡུག་བསྔལ་དང་ཅི་འདྲའི་མཚུངས་བ་ཞིག་རེད་ཨང་བསམས་ནས་རྒྱུན་དུ་མིག་ཀོང་མཆི་མས་བརླན་ཞིང་སེམས་པ་ངལ་བས་མནར།
དོལ་ཚོགས་ལ་ཆོས་དང་ཟང་ཟིང་གང་ཐད་ནས་འབྲེལ་བ་གཅོད་རྒྱུའི་མནའ་སྐྱེལ་དམ་འབུལ་མ་ཞུས་གོང་གི་ཉིན་ཞིག་གི་ཞོགས་པར་ཚེ་རིང་འཛིན་གྲ་ལའང་མ་སོང་བར་ཉལ་ཁང་ནང་དུ་འདི་ལྟར་བསམ་བློ་བཏང་ནས་བསྡད། ད་ངས་ཅི་ཞིག་བྱེད་དགོས་པ་རེད་དམ། དགེ་རྒན་དང་གྲོགས་པོ་གྲོགས་མོ་སོགས་སུས་ཀྱང་ངའི་དགའ་ལོ་མ་ལ་ཆོས་དང་ཟང་ཟིང་གི་འབྲེལ་ཐག་གཅད་རྒྱུའི་མནའ་བསྐྱེལ་དམ་འབུལ་བྱས་སོང་བ་ཡིན་ན་ངས་ཅི་ཞིག་བྱེད་དགོས་པ་རེད་དམ། བསེ་རུ་ལྟ་བུའི་ཁོ་མོའི་ཁེར་རྐྱང་གི་འགྲོ་འདུག་ཉལ་འཆག་ལ་ངས་རྒྱང་ནས་བལྟས་ཏེ་སྡོད་ཐུབ་པའི་རེ་བ་ཞིག་གང་ན་ཡོད། ཨོ་ གནམ་རྒན་མ་ཡ་ གནམ་རྒན་མ། ཁྱེད་ཀྱིས་ཅིའི་ཕྱིར་རྡུལ་ཕྲན་གྱི་འགལ་རྫས་ལྟ་བུའི་ལྷ་འདྲེ་གདོན་གསུམ་གྱི་གཏོར་བརླག་གི་ལས་ཀ་འདི་འདྲ་བ་ཞིག་འགྲོ་བ་མི་གཅིག་མཚུངས་ཀྱི་འཇིག་རྟེན་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་དམིགས་ཀྱིས་གཟས་ཏེ་འཁྱེར་ནས་ཡོང་དོན་ཅི་ཡིན། རྡོ་རྗེ་ལྟ་བུའི་བརྩེ་དུང་གི་རྣམ་ཤེས་གཅིག་ཏུ་འདྲེས་པའི་མི་ཡུལ་གྱི་སྙིང་ཉེ་བའི་ཕོ་མོ་འདི་ཟུང་གི་བར་ལ་ཅིའི་ཕྱིར་འདི་ལྟ་བུའི་ཁྱད་མཚར་གྱི་ཀེག་རྡོ་ཞིག་འཕེན་དགོས་པ་རེད་དམ། ཞེས་ཁོས་དེ་ལྟར་ཉིན་གང་བོར་གནམ་རྒན་མ་ལ་དམོད་བྱས། སྤྱི་ཚོགས་དེ་ལ་ཞེ་ལོག ཁོར་ཡུག་དེ་ལ་སྙིང་ལངས། མཐར་རང་གི་ཚེ་གཅིག་ལུས་ཀྱི་སེམས་མཐུན་སྙིང་གི་དགའ་མ་ལ་འཁྱུད་དེ་བོད་མི་ས་ཡ་དྲུག་གི་མི་ཚང་མའི་ཁ་གདང་ནས་ངེད་གཉིས་ལ་དམོད་པ་བྱས་རུང་ངས་ནམ་ཡང་ལྷད་མེད་རྣམ་དག་གི་བརྩེ་དུངས་འདི་བསམ་མེད་ཀྱི་བྱིས་པ་ཞིག་གི་བྱེད་སྟངས་བཞིན་ས་ལ་གཏན་ནས་མི་གཡུགས་ཞེས་བཤད་རྒྱུའི་སེམས་ཐག་རྦད་ཀྱིས་བཅད།
མནའ་སྐྱེལ་དམ་འབུམ་གྱི་ཉི་མ་རྫོགས་རྗེས་ཀྱི་ཕྱི་ཉིན་ནས་བཟུང་མཚོ་སྐྱིད་དང་ཚེ་རིང་གཉིས་ཀྱི་འཇིག་རྟེན་གྱི་ཁོར་ཡུག་ལ་གནམ་ས་གཉིས་ཀ་གོ་ལྡོག་པ་ལྟ་བུའི་འགྱུར་བ་ཞིག་བྱུང་། མི་མང་གི་ཁ་དུག་ལ་གདོང་གཏོད་རྒྱུ་དང་སྤྱི་ཚོགས་ཀྱི་ཁ་གཏད་ལ་རྐང་པ་འཇོག་རྒྱུའི་ལས་ཀ་ནི་དེ་འདྲའི་ཁག་ཅིང་དེ་འདྲའི་དཀའ་བ་ཞིག་ཡིན་པར་ཁོང་གཉིས་ཀྱི་སུ་ཞིག་གི་བློ་ཡུལ་ལའང་འཁོར་མ་མྱོང་། དེ་བས་ཚེ་རིང་གིས་འདི་ལྟར་འཚོ་བ་ལས་ཤི་སོང་ན་འདོད་ཀྱི་ཡོད་ལ་མཚོ་སྐྱིད་ཀྱིས་ཀྱང་འདི་ལྟར་གནས་པ་ལས་ལྕེབས་དང་ན་འདོད་ཀྱི་ཡོད། མཛའ་གཅུགས་ཀྱི་བརྩེ་བ་རབ་ཏུ་ཕྱུག་པའི་སྔོན་ཆད་ཀྱི་གྲོགས་པོ་དང་གྲོགས་མོ་སོགས་སུས་ཀྱང་ཁོང་གཉིས་ལ་ཁ་ཡ་བྱེད་ཀྱི་མི་འདུག་ལ་དགེ་རྒན་གྱིས་ཀྱང་ཁོང་གཉིས་ལ་རྣམ་འགྱུར་ཡག་པོ་སྟོན་གྱི་མི་འདུག ཁོར་ཡུག་འདི་དང་སྤྱི་ཚོགས་འདིའི་ནང་གི་བོད་མི་ཚང་མས་ཁོང་གཉིས་ནི་གདོན་འདྲེ་བཞིན་དང་མཛེ་ནད་ཕོག་པའི་མི་བཞིན་བརྩི་བས་ཤིན་ཏུ་འ་ཆད་འུ་ཐུག་གི་སྐྱོ་བའི་གནས་སུ་ཐོལ་གྱིས་ལྷུང་།
མཚོ་སྐྱིད་ཧ་ཅང་ཞེ་སྡུག་ཅིང་ཡིད་ཕམ་ནས་ཚེ་རིང་ལ་འདི་ལྟར་བཤད། གང་ལ་འགྲོ་དགོས་པ་རེད། ཅི་ཞིག་བྱེད་དགོས་པ་རེད། ང་ཡང་བོད་པ་ཞིག་ཡིན། ང་ལ་ཡང་བོད་ཀྱི་རུས་པ་ཡོད། ང་ཡང་ཁྱེད་ཚོ་དང་གཅིག་མཚུངས་ཀྱིས་རྒྱ་ནག་གི་མནར་སྤྱོད་འོག་ནས་མྱངས་མྱོང་བའི་ཕ་རྒན་ཞིག་གི་བུ་མོ་ཡིན། ངའི་ཕ་རྒན་གྱིས་དོལ་རྒྱལ་ལ་བསྟེན་གྱི་ཡོད་པའི་བྱ་བ་དེ་ནི་ཅི་ཞིག་གི་ཆེད་དུ་ཡིན་མིན་ངས་ཀྱང་མི་ཤེས། ང་རང་གི་ངོས་ནས་དོལ་རྒྱལ་ལ་མི་བསྟེན་པའི་ཁས་ལེན་བྱས་ན་ཆོག་གི་མོད། འོན་ཀྱང་དོལ་ཚོགས་ཀྱི་རིགས་སུ་གྱུར་བའི་ངའི་ཕ་རྒན་ལའང་འབྲེལ་ཐག་གཙང་གཅོད་བྱེད་དགོས་ཀྱི་ཡོད་ཟེར་ན་ཐལ་དྲགས་པའི་སྐད་ཆ་ཞིག་མ་ཡིན་ནམ། སྙིང་ཉེ་ལགས། ཡིན་ནའང་ཁྱེད་ཀྱིས་ངའི་ཆེད་དུ་མྱི་ཁ་འདི་མྱོང་དགོས་དོན་རྩ་བ་ནས་ཡོད་ནི་མ་རེད། ཅེས་མགོ་བོ་སྨད་ནས་མིག་ཆུ་འདོན་བཞིན་དུ་བཤད། ཚེ་རིང་གིས། ཀྱེ་མ། རིགས་རུས་གཅིག་གི་བོད་མི་རིགས་ཀྱི་སྤུན་གྲོགས་འདི་དག་ནི་ཅིའི་ཕྱིར་མི་མ་ཡིན་པའི་ལྷའམ་གདོན་འདྲེ་ཞིག་གི་དབང་འོག་ཏུ་ཚུད་དེ་བྲན་གཡོག་ཏུ་གྱུར་ནས་ཁ་མཆུ་ནང་གཏད་དང་མདུང་རྩེ་ནང་བསྐོར་གྱིས་ཁ་འཐོར་དགུ་འཐོར་དུ་འགྲོ་དགོས་པ་རེད་དམ། གནའ་ནས་ད་བར་དུ། ད་ལྟ་ད་དུང་ཡང་འདི་ལྟར་ལྷ་འདྲེ་གདོན་འགག་གི་བྲན་དུ་རྒྱུགས་ནས་མ་བསྡད་ན་ཁ་མི་སོས་པ་རེད་དམ། ནམ་མི་ལངས་པ་རེད་དམ། དོན་མི་འགྲུབ་པ་རེད་དམ། ལྷ་འདྲེ་གདོན་གསུམ་གྱི་གཏོར་བཅོམ་གྱི་ཁྲོད་ན་མྱོང་བཞིན་པའི་བདག་གི་བོད་ཡཱ་བོད། ཁྱེད་ནི་གནའ་ནས་ད་བར་དུ་འདི་འདྲའི་མགོ་བསྐོར་རྐྱང་རྐྱང་གི་འོག་ལ་ཐེབས་སླ་བ་ཞིག་ཡིན་དོན་ཅི། ཁོས་དེ་ལྟར་ངུ་ངག་གི་དབྱངས་རྟ་འདི་གདངས་ལ་གྱེར་ནས་བུད་ཐལ། ཁོས་རང་གི་སྙིང་དང་འདྲ་བའི་དགའ་མ་དེའི་ལག་པ་ལ་འཇུས་ནས་བུད་ཐལ། མནའ་སྐྱེལ་ཏེ་ལྷད་མེད་ཀྱི་བརྩེ་དུངས་དོར་བ་ནི་མི་འདོད་པའི་སྡུག་བསྔལ་དུ་འདོད་བཞིན། བརྩེ་དུངས་ཀྱི་ཆེད་དུ་ཁོས་སུ་དང་གང་ལའང་རྒྱབ་གཏོད་ཕོད་པའི་སྙིང་སྟོབས་ཏེ་འཁྱེར་ནས་བུད་སོང་།
ངས་རྩོམ་ཡིག་འདི་འགོ་ནས་ཐིག་འཕྲེང་གཅིག་ཙམ་ཀློག་ནས། ལན་འདི་ལྟར་འབྲི་ངེས་ཡིན། རྒྱལ་པ་རིན་པོ་ངའི་བརྩེ་བ་ངོ་མ་དེ་ཡིན་པའི། དེ་ལ་གནོད་བསྐྱལ་མཁན་བྱུང་ན་དྲིན་ཆེན་གྱི་ཕ་མ་ཡིན་རུང་ངའི་སྥངས་ཐུབ། ངའི་ཁྱེད་ཀྱི་ཡི་གེ་ཆ་ཚང་གློག་འདོད་མ་བྱུང་། ང་ཁྱོད་ལ་དོག་པ་ཡོད་། དོལ་རྒྱལ
འབའ་ལུ་གུ་ངོ་མ་ལུ་གུ་བཞིན་དུ་འབའ་བཞིན་འུར་སྐད་རྒྱག་བྱུང་། རང་ཉིད་སྒེར་གྱིས་གནད་དོན་ངོ་མ་ཞིག་ལ་ཐུག་ན་ཁྱེད་ཀྱང་༧གོང་ས་མཆོག་ལ་རྒོལ་མི་སྲིད་པ་ཞིག་མ་རེད་སྙམ། སྤྱིར་དོལ་ཚོགས་ཡིན་པ་ཙམ་གྱིས་༧གོང་ས་མཆོག་ལ་གནོད་པ་བྱེད་མཁན་རེད་ཅེས་ཁ་ཚོན་གཅོད་མི་ཐུབ་ཁོང་ཚོའི་གྲལ་དུ་གཉིས་ཀ་བློས་གཏོང་མི་ཐུབ་མཁན་ཡང་མང་པོ་ཡོད་རྒྱུ་རེད།
ཨ་རོ མེའུ་ཕྲུག ཁྱོས་གཉིས་ཀ་བློས་གཏོང་མི་ཐུབ་མཁན་ཡང་མང་པོ་ཡོད་རྒྱུ་རེད་ཟེར་པ་འདི་ཆི་རེད་། རྒྱལ་པ་རིན་པོ་ཆེས་རང་ནས་དོལ་རྒྱལ་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ན ། ང་ཚོ་བླ་སློབ་ཀྱི་དམ་ཚིག་ལ་ཡང་གནོད་སྲིད་ལ ། ལྷག་པར་བླ་མའི་སྐུ་ཚེ་ལ་ཡང་གནོད་་པའི་ང་ལ་འབྲེལ་པ་མ་བྱེད་གསུང་པ་འདིས། ད་རུང་ཁ་ཁུག་ཅིག་བཙལ་ས་ལྷག་ཡོད་དམ ?
¤Û-ŸÝm-¾GÅ-ˆÛÅ-zŤ-GŸÛG-n¾-hÝ-wz-mÅ-GbP-Mã-G¾-Vïü
Eôh-ˆÛÅ-hô¾-M¾-¾-MãÅ-¾ôm-»G-qô-ŸÛG-‚ïh-hGôÅü hï-mÛ-VôÅ-¾ÞGÅ-hh-¤ôÅ-hP-¤Û-ÇKï¼-HÛ-fôz-fP-GTÛG-zÞ-®¤-¾-zdïm-mÅ-zÁh-ˆÛm-¤ïhü zôh-uÛºÛ-zÇem-q-Vz-ÆÛh-ˆÛ-hôm-hÝ-»Ûm-q-ÁïÅ-hGôÅü
མི་ཞུན་ལགས་ཀྱིས་བསམ་གཞིག་རྣལ་དུ་ཕབ་ནས་གཏང་རྒྱུ་གལ་ཆེ།
ཁྱོད་ཀྱིས་དོལ་རྒྱལ་ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་དགོས། དེ་ནི་ཆོས་ལུགས་དད་མོས་དང་མི་སྒེར་གྱི་ཐོབ་ཐང་གཅིག་བུ་ཙམ་ལ་བརྟེན་ནས་བཤད་ཀྱིན་མེད། བོད་སྤྱིའི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན་པ་ཤེས་དགོས།
དོལ་རྒྱལ་དོལ་རྒྱལ་དོལ་རྒྱལ་ཟེར་ནས་མི་ལོ་བཅུ་ཕྲག་ཁ་ཤས་ཤིག་ཐལ་སོང་་་་་་་་་་་་་་་ ད་དྲྭ་བའི་ནང་དུའང་དོལ་རྒྱལ་དོལ་རྒྱལ་རེད་བཞག་་་་་་་་་ ང་རང་ལ་ཆ་མཚོན་ན་ཚིག་འདི་གོ་བ་ཙམ་ཆགས་སྡང་ཕར་ཟད་ཉོབ་ཡོང་གི་འདུག་་་་་་་་་ ང་ཚོ་ལ་བྱེད་རྒྱུ་དང་བསམ་རྒྱུ་རྗོགས་ནས་ཡང་ན་དོལ་རྒྱལ་ལ་དགའ་དྲག་ནས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཡག་དང་ཡང་ན་ཁོ་ལ་ཁྲོ་དྲག་ནས་རྒྱལ་བ་རིན་པོ་ཆེ་ལ་སྤྲེལ་ལད་བཤད་པ་ཡིན་ཁུལ་གྱི་ནང་ལོག་ལ་ཤོ་ཁག་ཕྱེ་ཡག་མ་གཏོགས་ཡོག་མ་རེད་པས་? དོལ་རྒྱལ་བསྟེན་མ་བསྟེན་ཚང་མས་ལན་གཅིག་རྒྱབ་རོགས་་་་་་་་་་་་་་་ བོད་བྱ་བ་ཤི་རྨས་རོ་རྨས་ཆགས་ཟིན་ཅིང་ཉི་མ་རེ་རེར་ཡང་འཆི་བ་ལ་ཉེ་རུ་འགྲོ་བ་འདིས་འགྲིག་གི་མི་འདུག་གས་་་? མི་འདུག་ན་ནང་འཁྲུག་རྒྱོབ་གསོད་རས་གཏོང་་་་་་་་་་་་་་ དོལ་རྒྱལ་དོལ་རྒྱལ་དོལ་རྒྱལ་ཨ་ཙི་དེ་འདྲའི་བསུན་པ་ལ་
ཁ་བརྡ་རྩོམ་སྒྲིག་པ་ལགས། ངས་ཚུལ་ཁྲིམས་མཐར་ཕྱིན་ཟེར་བས་སྐུ་སྒེར་དང་བོད་གཞུང་གིས་དགེ་ལྡན་པར་ཕྱོགས་ ཞེན་རྐྱང་རྐྱང་བྱེད་ཀྱིན་འདུག་ཟེར་བ་དེར་ལན་ཞིག་ཕུལ་འདོད་བྱུང༌།་ སྐུ་སྒེར་ནས་སྒང་ཐོག་ཕྱོགས་ལ་དགེ་ལྡན་པའི་དགོན་པ་རྒྱག་པར་སྒོར་འབུམ་གཉིས་ བརྒྱ་གནང་བ་རེད་ཟེར་བ་དེ་མ་ཤེས་པའམ་འཆལ་གཏམ་རང་རེད། དགོན་པ་དེ་སེར་བྱེས་གྲྭ་ཚང་ནས་རྒྱག་པ་ཡིན་ཞིང་། རྒྱག་པའི་སྐབས་ཆོས་ལུགས་ཕྱོགས་ཞེན་པ་ཚོས་འགལ་རྐྱེན་དུ་མས་བཀག་འགོག་བྱེད་ རུང་མཐའ་མ་བདེ་བླག་་ངང་གྲུབ་པ་རེད། སྐུ་སྒེར་ནས་དགོན་པ་དེར་སྒོར་རྡོག་གཅིག་རྐྱང་བཏང་མེད་པ་སེར་བྱེས་གྲྭ་ཚང་ལ་ བྲིས་དང་ལམ་སང་ཤེས་ཐུབ། ཡང་ཚུལ་མཐར་ནས་ཅན་གདན་ས་ཁག་ཏུ་དོལ་རྒྱལ་བ་རྣམས་ས་གནས་གཞན་དུ་སྤོ་ན་འགྲོ་ སོང་ཚང་མ་གཏོང་གི་ཡིན་གསུངས་པ་རེད་ཟེར་བ་དེ་ཡང་ཁུངས་མེད་ཀྱི་སྐད་ཆ་རང་རེད། ་ ང་རང་སེ་ར་སྨད་སྤོམ་ར་ཁམས་ཚན་གྱི་ཁང་ལེན་79་ནང་བསྡད་མཁན་གྱི་དགེ་བཤེས་ཤིག་ ཡིན།
བོད་གཞུང་དང་སྐུ་སྒེར་སུ་ཞིག་ནས་འགྲོ་སོང་གཏོང་གི་ཡིན་གསུངས་མཁན་བྱུང་མེད་ པར་མ་ཟད་སེར་སྨད་གྲྭ་ཚང་ནང་བྱུང་བའི་རྙོག་གླེང་དེ་སེར་སྨད་གྲྭ་ཚང་རང་གི་ མཁན་བླ་གྲྭ་མང་གིས་མཐར་འཁྱོལ་བྱས་པ་རེད། གྲྭ་ཚང་ནས་དོལ་ཚོགས་པ་རྣམས་ལ་ཁྱེད་རྣམསལ་་ཐོབ་ཐང་ཡོད་པའི་བགོ་སྐལ་ཆ་ཚང་ སྤྲད་གྱི་ཡིན་ཡིན། ཁྱེད་རང་ཚོ་ཁ་ཁག་སོ་སོར་བྱས་ནས་བསྡད་རོགས། དགེ་འདུན་མང་ལ་དཀའ་ངལ་མ་སྤྲད་རོགས་གསུངས་པ་རེད། དོལ་ཚོགས་དག་ནས་ངོས་ལེན་མ་བྱེད་པར་གྲྭ་ཚང་ནང་མུ་མཐུད་ནས་བསྡད་ཀྱི་ཡིན་ཟེར་ ནས་ཨུ་ཚུགས་རྒྱག་ཀྱང་མཐར་གྲྭམང་ནས་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་ལ་མི་བརྩི་ མཁན་སུ་འདྲ་ཞིག་ཡིན་ཀྱང་ང་ཚོ་མཉམ་དུ་བསྡད་ཐབས་མེད་པའི་མནའ་ཚིག་དྲག་པོ་ བསྒྲགས་ནས་དོལ་ཚོགས་བ་རྣམས་བྱེད་ཐབས་གང་ཡང་མ་བྱུང་རེད། དོལ་ཚོགས་གཞན་དུ་སྤོ་རྒྱུར་སྐུ་སྒེར་དང་བོད་གཞུང་སུ་ཞིག་དངུལ་སྐར་མ་གཅིག་ ཀྱང་བཏང་མེད་པ་སེར་སྨད་གྲྭ་ཚང་རང་གི་གྲྭ་མང་ཡོངས་རྫོགས་ན་སཤེས་རེད། ཡང་ཚུལ་མཐར་ཅན་ནས་སྐུ་སྒེར་དང་བོད་གཞུང་ནས་དགེ་ལྡན་པར་ཕྱོགས་ཞེན་རྐྱང་རྐྱང་ བྱེད་ཀྱིན་འདུག་ཟེར་བ་དེ་ཚུལ་མཐར་རང་ཉིད་ཕྱོགས་ལྷུང་གདོན་གྱིས་མྱོས་པའི་མི་ ཞིག་ཡིན་པར་ཐེ་ཚོམ་གང་ཡང་མི་འདུག ངས་དངོས་ཡོད་གནས་ཚུལ་ཞུ་རྒྱུ་ལ་སེ་རྭ་ཐེག་པ་ཆེན་པོའི་གླིང་གི་ད་ལྟའི་འདུ་ ཁང་གསར་པ་འདི་92་ལོ་ནས་བཞེངས་སྐབས་སྒོར་འབུམ་བཞི་གནང་བ་རེད། སེར་སྨད་གྲྭ་ཚང་གི་འདུ་ཁང་གསར་པ་འདི་99ལོ་ནས་བཞེངས་སྐབས་སྒོར་ཅིག་རྐྱང་གནང་ ཡོད་མ་རེད། འོན་ཀྱང་འབུམ་བཅུ་གཡར་གནང་བ་རེད། ཕྱིས་སུ་རྒྱལ་རོང་མཁན་ཟུར་ཐའི་ཝོན་ནས་ཕྱིར་ཕེབས་སྐབས་ཡར་ཕུལ་བ་རེད།
མ་ཟད་ང་རང་2001ལོར་སེར་སྨད་གྲྭ་ཚང་གི་ལས་སྣེ་ཚོའི་མཉམ་དུ་ཡིད་བཞིན་ནོར་ བུའིམཇལ་ཁ་རག་སྐབས་ཡིད་བཞིན་ནོར་བུས་བཀའ་གནང་དོན་བྷེ་ཀོབ་ཏུ་ཡོད་པའི་སེར་ སྐྱ་དགོན་པའི་འདུ་ཁང་རྒྱག་པར་བུ་ལོན་མངཔོ་ཆགས་འདུག ཏྲེ་ཧོར་ཁམས་ཚན་ཡང་འདུ་ཁང་རྒྱག་ནས་བུ་ལོན་ཆགས་འདུག ཁྱེད་རང་ཚོ་འདུ་ཁང་རྒྒ་བཞིན་པར་སོང་བུ་ལོན་ཆགས་སོང་ངམ་ཞེས་བཀའ་འདྲི་གནང་ དུས་མཁན་ཚབ་ནས་བུ་ལོན་གང་ཡང་ཆགས་མ་སོང་ཞེས་ཞུས་སོང༌། ངས་ཚུལ་མཐར་ཅན་ལ་འདྲི་རྒྱུར་ང་རང་མིང་ལ་ཚེ་རིང་དོན་འགྲུབ་དང་སེ་རྭ་སྨད་པའི་ དགེ་བཤེས་ཡིན། སྡོད་གནས་སེར་སྨད་སྤོམ་རྭ་ཁམས་ཚན་ཁང་ལེན་79ཡིན། ཚུལ་མཐར་ཁྱེད་ཀྱི་སྡོད་གནས་སོགས་་གང་ཡི་ནམ། དངོས་གནས་བོད་གཞུ་དང་སྐུ་སྒེར་ནས་ཕྱོགས་ཞེན་རྐྱང་རྐྱང་བྱེད་ཡོད་ན་གསལ་པོར་ བྱས་ནས་ལབ་དང་། ངས་ཁྱེད་ལ་རྒྱབ་སྐྱོར་བྱ་ཆོག འཛམ་གླིང་གང་སར་བོད་དོན་རྒྱབ་་སྐ྄ོར་ཚོགས་པ་སྟོང་ལ་ཉེ་བ་དང་སྟོབས་ཆེ་བའི་ རྒྱལ་ཁབ་མང་པོས་རྒྱབ་སྐྱོར། བཙན་བྱོལ་ནང་དུའང་སློབ་གྲྭ་བ་ཁྲི་ཚོ་གསུམ་བཞི་ཙམ་དང་། གཞིས་ཆགས་ཁག་ཉི་ཤུ་ལྷག། ཚོགས་པ་སྡེ་ཚན་བརྒྱ་ཕྲག་མང་པོ། ལས་བྱེད་མི་སྣ་སྟོང་ཕྲག་བརྒལ་བ་འདི་དག་ཇི་ལྟར་བྱས་ནས་ད་ལྟའི་བར་མེད་པ་ནས་ ཡོད་པ། ཡོད་པ་ནས་གོང་འཕེལ་འདི་ལྟ་བུ་བྱུང་བ་རེད། བོད་གཞུང་དང་སྐུ་སྒེར་ནང་ལས་བྱེད་བྱེ་དྲག་པ་མ་འགྲིག་པ་ལོས་ཡོང་། དེ་ནི་མི་སྒེར་སོ་སོ་ལ་སྐྱོན་བརྗོད་བྱེད་དགོས་པ་ལས་བོད་གཞུང་སྐ྄ོན་བྱེད་ག་ རིགས། བོད་གཞུང་ནི་མང་གཙོ་གཞུང་དུ་བསྐྱོད་ཟིན་པས་ལོ་ལྔ་རེ་ནས་མགོ་བཀའ་བློན་ཁྲི་པ་ ཚུན་ཆད་ནས་སྤྱི་འཐུས་ཡོངས་བརྗེ་པོ་རྒྱག་བཞིན་ཡོད་པས་ཚུལ་མཐར་ཅན་ཁྱོད་བོད་ སེམས་ཤུགས་ཡོད་ན་སོ་སོས་འདོད་པའི་མི་ལ་འོས་ཤོག་དང་དགོས་པའི་མི་དེ་ཁྱབ་ བསྒྲགས་མི་བྱེད་པ་གང་རེད། ་ རྒྱ་ནག་གིས་གཞུང་གིས་རྩ་་མེད་གཏོང་འདོད་པའི་བོད་གཞུང་དེས་རྒྱ་ནག་ཇི་ཙམ་ གནོད་ཀྱིན་ཡོད་མེད་ལྐུགས་པས་ཀྱང་ཤེས་ཐུབ་པ་རེད། ཁྱེད་ཀྱིས་བོད་གཞུང་ལ་སྐ྄ོན་བརྗོད་བྱེད་པ་དེས་ཁྱེད་ལ་བོད་གཞུང་དང་བོད་གཞང་ གི་ལས་བྱེད་བྱེ་དྲག་པ་སོ་སོར་འབྱེད་པའི་རྣམ་དཔྱོད་མེད་པ་དང་རྒྱ་གཞུང་ལ་ དགོས་པའི་ལས་ཀ་བྱེད་མཁན་དེ་ཁྱོད་ཆགས་པ་རེད། ཧི་མ་ལའི་རི་རྒྱུད་དུ་དགེ་ལྡན་པའི་ཤུགས་རྐྱེན་ཆུང་ཆུང་རེད་ཟེར་བའི་གཏམ་འདི་ ལ་ལྟ་ཚེ་མི་འདི་དགེ་ལྡན་པ་ཤུགས་རྐྱེན་ཆུང་ཆུང་ཆགས་ན་དགའ་པོ་བྱེད་མཁན་ཞིག་ ཡིན་པ་འདྲ། ཧི་མ་ལའི་རི་རྒྱུད་ཀྱི་མི་ལོ་རེ་བཞིན་གདན་ས་ནང་སློབ་སྦྱོང་ཕེབས་མཁན་ཇི་ཙམ་ འདུག་དགེ་ལྡན་པའི་ཤུགས་རྐྱེན་ཧི་མ་ལའི་རི་རྒྱུད་དུ་ཇི་ཙམ་ཡོད་མེད་དེ་མ་ཐག་ ཤེས་ནུས་པ་ཡིན།
འཕགས་པའི་ཡུལ་དུ་རྒྱལ་བའི་དབང་པོ་དང༌༎
གངས་ཅན་ཡུལ་དུ་པཎ་ཆེན་ཐམས་ཅད་མཁྱེན༎
གཉིས་ལས་ལྷག་པའི་ཆོས་བརྒྱུད་བཞི་ཆར་ལ།།
བཀའ་དྲིན་ཆེ་བའི་བླ་མ་ངས་མ་མཐོང༌༎
ངས་དོལ་རྒྱལ་སྐོར་གསལ་བཤད་ཐུང་ཐུ་ཤིག་བྱེད་པར་འདོད། གོང་གི་རིན་ཆེན་ནས་དོལ་རྒྱལ་གྱི་རྙོག་དྲ་འདིས་བོད་ནང་ཁུལ་དུམ་བུར་གཏོང་ཡས་ཡིན་པར་བཤད་པ་དེ། དངོས་གནས་སྵིང་དང་གློ་བ་མེད་པ་ཞིག་མ་ཡིན་ནམ། གོང་ས་རྒྱལ་བའི་དབང་པོ་ནས་དོལ་རྒྱལ་ནི་སྒྲུབ་བྱེད་ཀྱི་རིགས་པ་རྒྱབ་བརྟེན་གྱི་ཁུངས་ཉམས་མྱོང་གི་དག་སྣང་བཅས་ལས་བསྟན་སྲིད་ལ་ལོག་པར་འཁུ་བའི་མི་མིན་ཞིག་ཡིན་པར་ཐུགས་ཐག་བཅད་རེད། ང་ཚོ་བོད་སྤྱི་པའི་རྩ་དོན་འགན་ཁུར་གྱི་བསམ་བློ་ཞིག་ཡོད་ན་དོལ་ཚོགས་པ་སུ་འདྲ་ཞིག་དང་ཡང་འབྲེལ་ཐག་གཅོད་རྒྱུར་ཡིད་གཉིས་ག་ལ་ཡོད། གོང་དུ་ཆེ་གེ་མོ་ཞིག་ནས་དོལ་ཚོགས་ཀྱི་རྙོག་དྲ་རྐྱེན་པས་ན་ཆུང་གཞོན་ནུ་གཉིས་ཀྱི་བརྩེ་དུང་བར་ཆད་བྱས་ཚུལ་བཤད་པར་ད་དུང་འདྲི་རྒྱུ་ཡོད་དེ། གནས་ཚུལ་དེ་སློབ་གྲྭ་གང་དུ་བྱུང་། ས་གནས་གང་དུ་བྱུང་གསལ་པོར་བཤད་དགོས། ང་ཚོས་དེ་འདྲ་གོ་ཐོས་རྩ་བ་ནས་མེད་པས་དཀྲོགས་གཏམ་མི་སྤེལ་བའི་རེ་བ་ཡོད། མ་གཞི་མི་འདི་ལ་དོལ་ཚོགས་པའི་དྲི་མ་ཞིག་འཐོལ་གྱི་འདུག་པས་ང་ཚོས་སྐབས་འཚོལ་ནས་བོད་མི་ནང་ཁུལ་དཀྲུགས་མཁན་དང་བོད་གཞུང་སྐུ་སྒེར་ཡིག་ཚང་བཅས་པར་གཞི་མེད་མེད་ཀྱི་གཏམ་རྫུན་བཟོ་མཁན་དག་ལ་རྣག་ཐོག་བཙག་འཁེལ་གྱི་ལན་དང་གོ་སྐབས་ནམ་ཡང་སྤྲད་མི་རུང༌། གདན་ས་ཆེན་པོ་རྣམ་གསུམ་ནས་དོལ་ཚོགས་པ་ལྟག་ཆུ་ཆད་པའི་རྫིང་ལྟར་བཟོ་ཟིན་པས་ཁོ་ཚོར་རེ་ལྟོས་འཆའ་ཡུལ་བསྟན་དགྲ་རྒྱ་དམར་ལྷག་མེད།
ངས་དོལ་རྒྱལ་སྐོར་གསལ་བཤད་ཐུང་ཐུ་ཤིག་བྱེད་པར་འདོད། གོང་གི་རིན་ཆེན་ཅན་ནས་དོལ་རྒྱལ་གྱི་རྙོག་དྲ་འདིས་བོད་ནང་ཁུལ་དུམ་བུར་གཏོང་ཡས་ཡིན་པར་བཤད་པ་དེ། དངོས་གནས་སྙིང་དང་གློ་བ་མེད་པ་ཞིག་མ་ཡིན་ནམ། གོང་ས་རྒྱལ་བའི་དབང་པོ་ནས་དོལ་རྒྱལ་ནི་སྒྲུབ་བྱེད་ཀྱི་རིགས་པ་རྒྱབ་བརྟེན་གྱི་ཁུངས་ཉམས་མྱོང་གི་དག་སྣང་བཅས་ལས་བསྟན་སྲིད་ལ་ལོག་པར་འཁུ་བའི་མི་མིན་ཞིག་ཡིན་པར་ཐུགས་ཐག་བཅད་པ་རེད། ང་ཚོ་བོད་སྤྱི་པའི་རྩ་དོན་འགན་ཁུར་གྱི་བསམ་བློ་ཞིག་ཡོད་ན་དོལ་ཚོགས་པ་སུ་འདྲ་ཞིག་དང་ཡང་འབྲེལ་ཐག་གཅོད་རྒྱུར་ཡིད་གཉིས་ག་ལ་ཡོད། གོང་དུ་ཆེ་གེ་མོ་ཞིག་ནས་དོལ་ཚོགས་ཀྱི་རྙོག་དྲ་རྐྱེན་པས་ན་ཆུང་གཞོན་ནུ་གཉིས་ཀྱི་བརྩེ་དུང་བར་ཆད་བྱས་ཚུལ་བཤད་པར་ད་དུང་འདྲི་རྒྱུ་ཡོད་དེ། གནས་ཚུལ་དེ་སློབ་གྲྭ་གང་དུ་བྱུང་། ས་གནས་གང་དུ་བྱུང་གསལ་པོར་བཤད་དགོས། ང་ཚོས་དེ་འདྲ་གོ་ཐོས་རྩ་བ་ནས་མེད་པས་དཀྲོགས་གཏམ་མི་སྤེལ་བའི་རེ་བ་ཡོད། མ་གཞི་མི་འདི་ལ་དོལ་ཚོགས་པའི་དྲི་མ་ཞིག་འཐོལ་གྱི་འདུག་པས་ང་ཚོས་སྐབས་འཚོལ་ནས་བོད་མི་ནང་ཁུལ་དཀྲུགས་མཁན་དང་བོད་གཞུང་སྐུ་སྒེར་ཡིག་ཚང་བཅས་པར་གཞི་མེད་མེད་ཀྱི་གཏམ་རྫུན་བཟོ་མཁན་དག་ལ་རྣག་ཐོག་བཙག་འཁེལ་གྱི་ལན་དང་གོ་སྐབས་ནམ་ཡང་སྤྲད་མི་རུང༌། གདན་ས་ཆེན་པོ་རྣམ་གསུམ་ནས་དོལ་ཚོགས་པ་ལྟག་ཆུ་ཆད་པའི་རྫིང་ལྟར་བཟོ་ཟིན་པས་ཁོ་ཚོར་རེ་ལྟོས་འཆའ་ཡུལ་བསྟན་དགྲ་རྒྱ་དམར་ལས་ལྷག་མེད།
ཨ་རོགས། བཀྲ་ཤིས་ཚེ་རིང་ངམ་ཚེ་རིང་དོན་འགྲུབ་མིང་ཅན་གྱི་དགེ་བཤེས་ཞེ་སྡང་ཅན་ཁྱོད་ཉོན་ཅིག སྐུ་སྒེར་ནས་སྒང་ཐོག་ཕྱོགས་ལ་དགེ་ལུགས་པའི་དགོན་པ་རྒྱག་རྒྱུར་སྒོར་འབུམ་གཉིས་བརྒྱ་གནང་བ་རེད་ཟེར་བ་དེ་ང་ལ་བོད་ཀྱི་ཆོས་སྲིད་ཀྱི་སྣེ་མོ་ལ་གཏོགས་པའི་མི་ཆེན་ཞིག་གིས་བཤད་པ་ཡིན། ངས་འདི་ནས་མིང་དངོས་སུ་སྨྲོས་འདོད་མེད། གལ་ཏེ་ཁྱོད་ཀྱིས་ངའི་འཆལ་གཏམ་ལ་བརྩི་ན་ཡང་རྩིས་ཤོག ང་ལ་དེའི་ཐོག་ནས་རྒྱལ་ཁ་ལོན་མ་ལོན་གྱི་ཁྱད་པར་མེད། དོལ་ཚོགས་གདན་ས་ནས་ཟུར་དུ་སྤོར་དང་འགྲོ་སོང་གི་ཐོག་ལ་བོད་གཞུང་གིས་བསམ་བློ་གཏོང་གི་ཡིན་ཟེར་བ་དེ་དུས་བབ་ཀྱི་ཚགས་ཤོག་ཐོག་ཏུ་དངོས་སུ་བཀོད་ཡོད་པ་ད་དུང་ཁྱོད་ཀྱིས་མ་མཐོང་བ་ཡ་མཚན། ང་ལ་དེ་རིང་དུས་བབ་ཡོངས་རྫོགས་མེད་ཀྱང་༢༠༠༧ལོའམ་ཡང་ན་༢༠༠༨ལོའི་ནང་གི་དུས་བབ་ཅིག་གི་ཐོག་ཏུ་ཡོད། དེ་དཀྲོགས་གཏམ་ཡིན་ན་ཁྱོད་བཀའ་ཤག་ལ་སྐད་ཆ་འདྲི་རུ་འགྲོ་རོགས་ཀྱིས། ཁ་རོ་ལ་འཁོར་ནས་འོ་དོད་མི་འབོད་པར། ཁ་གྱང་ལ་འཁོར་ནས་འོ་དོད་འབོད་དོན་མེད། ཡ་མཚན་པ་ཞིག་ལ་རྒྱ་ནག་གཞུང་དང་དོལ་ཚོགས་ཀྱིས་སྒྲིགས་འཛུགས་དང་འཆར་གཞི་ཡོད་པའི་ཐོག་ནས་ད་བར་བོད་ལ་འདི་མ་བྱས་ཟེར་བ་གཅིག་ཀྱང་མེད་རུང་། བཀྲ་ཤིེས་ཚེ་རིང་ངམ་ཚེ་རིང་དོན་འགྲུབ་ཟེར་བའི་ཁ་དགུ་ལྕེ་བཅུ་མ་ཞིག་ཐོན་རྒྱུ་མེད་པར། སྤྱི་ཚོགས་ཐོག་གི་འཁྱམས་པོ་སྡོམ་པོ་ངས་དྲ་ཐོག་ཏུ་དགེ་ཕྱོགས་དང་འབྲེལ་བའི་མཆན་ཆུང་ཞིག་བཏབས་པར་ཁྱོད་དེ་མ་ཐག་ཏུ་འཁྲིག་པ་སྤྱོད་ལ་ཉེ་བའི་ཁྱི་མཇེ་ལྟར་དམར་ནར་རེ་འབུར་དུ་ཐོན་ལུགས་ལ་བལྟས་ན། ཁྱོད་ཀྱི་ཁ་ལ་བོད་གཞུང་དང་༧གོང་ས་མཆོག་སོགས་ཅི་ཞིག་འཁྱེར་རུང་དོན་ལ་ཁྱོད་ཀྱི་ཀུན་སློང་ཕྱི་གསལ་ནང་གསལ་དུ་གྱུར་འདུག ད་དུང་སྐད་ཆ་འཇམ་པོ་དང་ཡིན་ལུགས་ཚུལ་ལྡན་ཞིག་བཤད་ན་མི་ཆོག་པར་ཚིག་གི་མགོ་གླེང་དུས་ནས་ཁྱོད་རྒྱ་གཞུང་ལ་ལས་ཀ་བྱེད་མཁན་ཡིན་རབས་ཟེར་གྱི་འདུག་པ་ཆེས་མ་རབ་དང་། ཆེས་སྐྱག་དྲི་བྲོ་བའི་ཀྱི་སྐད་ཆ་ཞིག་རེད། ངོ་མ་བཤད་ན་ང་ཁྱོད་ལས་བོད་ཞེན་ཆེ་བ་མིན་ན་ཁྱོད་ལས་ཞན་པ་ཅིག་མིན གཅིག་བྱས་ན་ཁྱོད་ཚོ་མི་ཚེ་གང་པོར་རྟ་དཀར་པོ་ཡིན་མིན་དང་། ཤ་དམར་པོ་ཡིན་མིན་ཀྱི་རྩོད་པ་ལ་མགོ་འཁོར་ནས་མི་ཚེ་རྫོགས་མཁན་ཚོའི་གཤིས་ཀ་ཞིག་ཡིན་སྲིད། དོལ་ཚོགས་དོལ་ཚོགས་དོལ་ཚོགས་ཟེར་བསྡད་པ་དེ་ངས་མི་ཤེས། མགོ་ཡང་ཚོས་ཀྱི་མི་འདུག ཁྱོད་ཚོ་མི་རབས་མི་རྒྱུད་ལ་དོལ་ཚོགས་དང་འབྲེལ་འདྲིས་ཟབ་པའི་བག་ཆགས་ཤིག་ཡིན་རྒྱུ་རེད། ད་དུང་ཡང་དོལ་ཚོགས་དགོས་པ་ཡིན་ན་ཁྱོད་དགའ་ལྡན་ལ་རྒྱུགས་དང་། ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བའི་དགོན་ཆེན་ཞིག་འདུག་ག སྔོན་མ་ཡིན་ན་བོད་ནས་གསར་འབྱོར་དོལ་རྒྱལ་བ་ལ་ཚོ་རྒྱ་གར་དུ་ཐོན་དུས་དམ་འབུལ་མ་བྱས་ན་འགྲོ་ས་མེད་པས་སྣེ་ལེན་ཁང་ནས་དམ་འབུལ་བྱེད་དགོས་པ་ཡིན་མོད། ད་ཆ་འགྲོ་ས་ཡོད་པས་སྔོན་མ་ལས་གོ་སྐབས་ཡག་རུ་ཕྱིན་པ་རེད། མ་འོངས་པར་དེ་ཀ་རང་ནས་ཤར་བྱང་ཆོས་རྗེ་དང་དགའ་ལྡན་ཁྲི་པ་ཡང་ཐོན་མི་སྲིད་པ་མིན་པས་ཞེ་སྡང་ཅན་ཁྱོད་ལ་དམིགས་བསལ་གྱི་བཀྲ་ཤིས་བདེ་ལེགས་ཞུ་ཆོག ཁྱོད་ཁོང་ཁྲོ་ལངས་ཀྱི་འདུག་གམ། སྙིང་ན་གི་འདུག་གམ། དབུགས་བརྩེགས་ཀྱི་འདུག་གམ། ཁྱོད་དགེ་ཞེན་གྱིས་ཤི་གི་ཡོད་ན་དགེ་ལུགས་པའི་དམ་སྲི་མེད་པ་བཟོ་བར་རྒྱུགས་དང་། འཁྱམས་པོ་ང་ཚོའི་གྲས་ལ་རྫིག་རྫིག་བཅོ་བརྒྱད་བྱས་ནས་ཁ་རྡུང་གཏོང་བ་ལས་དེ་ཡག་གི་རེད། ཚིག་རྩུབ་ཀྱི་ལན་ལ་ཚིག་རྩུབ་འཁོ་བས་ཚིག་རྩུབ་ཀྱི་ཨ་ལོང་འདི་སྐེ་ལ་གོན་ནས་གཟེ་རེ་དང་བཅས་ཏེ་ཚོགས་ཐུག་འཐུང་བར་རྒྱུགས་ཤིག
དྲ་གྲོགས་རྣམ་པ། དེང་སང་རྒྱ་ནག་ཕུད་པའི་རྒྱལ་སྤྱིའི་ཐོག་ཏུ་རང་གི་སྲིད་འཛིན་དང་རང་གི་སྲིད་གཞུང་ལ་བསམ་ཚུལ་དང་། ལས་ཀ་གང་ཞིག་ལ་ངོ་རྒོལ་བྱས་རུང་རང་དབང་ཡིན་ཞིང་། ད་དུང་རྒྱལ་དོན་ལ་སེམས་ཁུར་བྱས་པར་བརྩི་བ་ཡིན་མོད། ཁ་རྐུབ་ཐོ་ཐུག་པའི་བོད་མི་གུ་དོགས་ཁ་ཤས་ཀྱིས་ནམ་ཡིན་རུང་རང་གི་སེམས་ལ་ཅུང་མི་འཕྲོད་པ་ཞིག་འབྲི་མཁན་བྱུང་ན། ལམ་སེང་མི་དེ་དོལ་ཚོགས་དང་གསང་ཉུལ་གྱི་གྲལ་དུ་གཡུག་རྐྱང་བྱེད་པ་ནི་ཆེས་མ་རབ་དང་ཆེས་ཐབས་རྡུག་འཇིགས་སྐུལ་གྱི་སྐད་ཆ་བླ་ན་མེད་པ་ཞིག་ཡིན། གོང་དུ་ངས་རང་གི་གོ་ཚོད་དང་བསམ་ཚོད་ཀྱི་མཆན་བུ་སྤྱིར་བཏང་ཞིག་བཏབས་པར། ཡང་བཀྲ་ཤིས་ཚེ་རིང་ངམ་ཚེ་རིང་དོན་གྲུབ་ཟེར་བའི་དགེ་བཤེས་ཞེ་སྡང་ཅན་འདིས་ཁོ་བོ་འབུར་འཇོམས་བྱས་ཏེ། རྒྱ་ནག་གི་གསང་ཉུལ་ནང་དུ་འདྲུད་རྐྱང་བྱས་འདུག་པས་ངས་ཁོ་ལ་དཔག་པའི་ལན་ཞིག་བཏབས་པ་ཡིན། དྲ་གྲོགས་གཞན་ཚོར་འབྲེལ་བ་མེད་པས་དགོངས་དག
ཧི་ཧི། ཡང་གཅིག་བལྟས་དུས། དགེ་བཤེས་ཞེ་སྡང་ཅན་འདིས་གོང་གི་རྩོམ་འབྲི་མཁན་དེ་ཡང་དོལ་ཚོགས་ཀྱི་ནང་དུ་དྲུད་འདུག་པ་དང་། མཆན་འབྲི་མཁན་རིན་ཆེན་ཟེར་བ་དེ་ལ་ཡང་སྙིང་དང་གློ་བ་མེད་རབ་བཤད་འདུག དེ་རིང་ངོ་མས་དོལ་རྒྱལ་གྱིས་དགེ་བཤེས་འདི་པ་བློས་མ་ཐོངས་པར་ཕྱིར་ཡང་བསྐྱར་བསྐོར་བ་ཐེངས་གཅིག་བརྒྱབ་ཡོད་ས་རེད་ཀོ
བཀྲ་ཚེ་ཁྱོད་ལ་ཚུལ་མཐར་གྱི་ལན་ཚ་ཐག་ཆོད་གཅིག་རྒྱབ་འདུག་་་་་་་་་་་་་་་་་་་་་ བྱས་ཙང་མང་པོ་ཤོད་ཡག་མེད་་་་་་་་་་ ང་ད་ཁྱོད་ཀྱིས་སྙིང་དང་གློ་བ་མེད་པའི་གྲལ་དུ་རྩིས་ཟིན་་་་་་་་་་་ འོན་ཀྱང་ཁྱོད་སྙིང་དང་གློ་བ་འཐོལ་བ་ཡོད་མཁན་གྱི་གྲལ་དེ་ཡིན་ས་རེད་་་་་་་་་ དོལ་འདྲེ་ལའང་འཐོལ་བ་ཡོད་ལ་དོལ་ཚོགས་ལའང་འཐོལ་བ་ཡོད་རེད་ཟེར་བ་གོ་སོང་་་་་་་ གཟབ་གཟབ་བྱོས་་་་་་ དེ་ག་ཡིན་་་་་་་
འཇིག་རྟེན་ཁམས་ལ་ལྷ་འདྲེ་མེད།།
རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར།།
འཇིག་རྟེན་ཁམས་ན་ལྷ་འདྲེ་མེད།།
རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར།།
བོད་ཡུལ་ལས་ལྷ་འདྲེ་མང་པའི་ས་ཆ་ཞིག་བཙལ་ནས་རྙེད་རྒྱུ་མེད་པས་དེ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ།
བཀྲ་ཤིས་མིང་ཅན་སྡུག་བཤེས་ཁྱོད་ཉོན་ཨང་། ངས་ཁྱོད་ལ་ཚིག་ཉུང་དོན་འདུས་ཀྱི་གདམས་ངག་ཅིག་ངོ་སྤྲོད་བྱེད། སྔོན་ནས་ད་བར་བོད་མིའི་སྤྱི་ཚོགས་ནང་དང་། གྲུབ་མཐའི་བར་ལ་དཀྲུགས་ཤིང་དང་དམར་གསོད་ཁྲག་གི་འཁོར་ལོ་སྐོར་མཁན་ཁྱོད་ལྟ་བུའི་སྡུག་བཤེས་ཁག་ཅིག་ཡིན་པ་མ་ཤེས་སམ། དང་པོ་ཁྱོད་ཚོས་སོག་པོ་དང་ངན་འབྲེལ་བྱས་ཏེ། གདན་ས་གསུམ་གྱི་གྲྭ་དམག་གིས། བོད་རང་གི་རྒྱལ་པོ་གཙང་སྡེ་སྲིད་ཡབ་སྲས་དང་། རྙིང་མའི་རྡོ་རྗེ་འཛིན་པ་བཅུ་གསུམ་སོགས་གྲུབ་མཐའ་གཞན་པའི་བླ་ཆེན་མང་པོ་དམར་གསོད་བཏང་ཤིང་། དགོན་སྡེ་དུ་མའི་གྲུབ་མཐའ་བཙན་གྱིས་བསྒྱུར། བར་དུ་ཡང་སོག་རྒྱལ་ལྷ་བཟང་ཧན་དང་ངན་འབྲེལ་བྱས་ཏེ། ༧གོང་ས་སྐུ་ཕྲེང་དྲུག་པ་ཁྲི་ལས་ཕབས་ཅིང་། བོད་རིག་པའི་དཔའ་བོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ངན་གསོད་བྱས་པ་སོགས་རྒྱས་པར་ཤེས་འདོད་ན། མུ་ལི་ཆོས་འབྱུང་དང་། འཇམ་བཞད་ལོ་རྒྱུས་བཙན་པོ་མ་སོགས་ལ་ལྟོས་དང་གསལ་བོར་ཤེས་ཐུབ། ད་དུང་ར་སྟག་བར་གྱི་དོན་རྐྱེན་གྱིས་བོད་ཀྱི་མཐའ་དབུས་ཡོངས་རྫོགས་ཟེངས་སེ་བཏང་ཡོད་པ་འདི་ཡང་ཞོར་ལ་ཤེས་དགོས།
ཐ་མར་ཁྱོད་ལྟ་བུའི་བླ་རྒན་ཧེབ་རྒན་རྣམས་རྒྱ་ནག་གོང་མའི་ཕོ་བྲང་དུ་ཁྱི་སྡོམ་བཞིན་རྒྱུགས་ཏེ། རྒྱ་དམག་བོད་དུ་དྲངས་བའི་འབྲས་བུར་ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་བོ་འདི་བྱུང་བ་ཡིན་པ། སྡུག་བཤེས་ཁྱོད་ཀྱིས་ལོས་ཤེས། ད་དུང་ཁྱོད་ཀྱི་ཚེ་རབས་ལས་ཀྱི་སྲུང་མ་དོལ་རྒྱལ་གྱིས་རྒྱ་ནག་གཞུང་དང་ངན་འབྲེལ་བྱས་ཏེ། སྐུའི་བཞུགས་སྒར་དུ་དམར་གསོད་ཁྲག་གི་འཁོར་ལོ་སྐོར་མཁན་ཡང་ཁྱོད་ཀྱི་ཆོས་སྐྱོང་གི་ཆོ་འཕྲུལ་ཡིན་པ་ཤེས་པར་གྱིས་ཤིག
ཡིན་ན་ཡང་བོད་ཀྱི་གཏམ་དཔེར། རྩམ་པ་རང་གིས་ཟོས་ནས། རྩམ་ཁུག་གཞན་མགོར་གཡོགས། ཟེར་བ་ལྟར། དོལ་རྒྱལ་ཁྱོད་རང་གི་སྲུང་མ་ཡིན་བཞིན་དུ་གཞན་ལ་དོལ་ཚོགས་ཞེས་སྨོད་པ་ངོ་མི་ཚའམ། དོལ་རྒྱལ་ཁྱོད་ཀྱི་སྲུང་མའི་གཙོ་བོ་བླ་མའི་ངོ་བོ། ཡི་དམ་གྱི་བདག་ཉིད། ཆོས་སྐྱོང་གི་བྱེད་པོ་ཡིན་པ་ཁྱོད་ཚོས་བྲིས་པའི་དོལ་རྒྱལ་གྱི་སྒྲུབ་ཐབས་དང་བསྐང་གསོལ་རྣམས་སུ་ལྟོས་དང་ཤེས་ཐུབ། མདོར་ན་དོལ་རྒྱལ་དང་དེ་དང་འབྲེལ་བའི་སྡིག་བཤེས་རྣམས་འཇིག་རྟེན་དུ་བྱུང་བ་ནས་བོད་ནང་ཁུལ་དུ་མ་བདེ་བ་དང་མ་སྐྱིད་པ་རྐྱང་རྐྱང་སྟུད་མར་བྱུང་དང་འབྱུང་བཞིན་ཡོད་པ་འདི་ཤེས་དགོས།
ད་དུང་རི་བོ་དགེ་ལུགས་པའི་གདན་ས་དགའ་ལྡན་དུ་དོལ་རྒྱལ་བསྟེན་གསོལ་བྱེད་སའི་གཙོ་བོ་དགའ་ལྡན་དགོན་པ་གཉིས་པ་ཞིག་ཆེད་དུ་བཙུགས་ཏེ། དོལ་རྒྱལ་སྔར་ལས་ལྷག་པའི་བསྟེན་གསོལ་བྱེད་བཞིན་ཡོད་པ་མིག་གི་ལྟ་ས་ན་ཡོད་པ་མ་ཤེས་སམ། འདིའི་དམིགས་ཡུལ་གཙོ་བོ་མ་འོངས་པར་དགའ་ལྡན་དགོན་པ་གཉིས་པ་དེ་ནས་དགའ་ཁྲི་དང་ཆོས་རྗེ་སོགས་བསྐྱེད་བསྲིང་བྱས་ཏེ། ༧གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་གནང་བར་ཁ་གཏད་དང་། བོད་ཡོངས་དོལ་རྒྱལ་ཚོགས་པས་དབང་བསྒྱུར་བྱེད་འདོད་ཡོད་པ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ནུས།
དོལ་རྒྱལ་དང་ཁྱེད་ཚོའི་བར་གྱི་འབྲེལ་བ་དང་། དོལ་རྒྱལ་ལ་དགའ་བའི་སྡུག་བཤེས་རྣམས་ཀྱིས་བོད་ཕུངས་ལ་སྦྱར་བའི་ལོ་རྒྱུས་རྣམས་གཞན་དུ་འཚོལ་མི་དགོས་པར་ཁྱོད་ཚོས་བྲིས་པའི་ཡིག་ཆ་ཁག་ཏུ་ལྟོས་དང་ཤེས་ནུས། དེ་རིང་དེ་ཙམ་ཡིན། མུ་མཐུད་དུ་འབྲི་ངེས་ཡིན།
ཐེམ་ཆེན་རྒྱལ་པོས་རྣག་ཐོག་གཙག་ཁེལ་གྱི་ལན་ཆུ་ཁོལ་ལས་ཀྱང་ཚ་བ་ཞིག་བརྒྱབ་འདུག་པར་ཐུགས་རྗེ་ཆེ་ཞུ། ད་དུང་དེའི་ག་ལ་ཚད། རྒྱ་ནག་གོང་མའི་དམག་གིས་བོད་ཀྱི་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་། མི་ཉག་བཙལ་ལྷ་རྒྱལ་པོ་གཉིས་ལ་རྒྱག་སྐབས་ལྕང་སྐྱ་རོལ་རྡོར་གྱིས་གོང་མའི་དམག་ལ་གསོལ་ཁ་བྲིས་ཏེ་མི་ཉག་དང་ཆུ་ཆེན་གཉིས་རྩ་མེད་དུ་གཏོང་བའི་འཕྲིན་བཅོལ་བྱས་པ་དང་། ཕ་བོང་ཁ་པས་གོ་མིན་ཏང་གི་བློན་ཆེན་ལ་ཡི་གེ་བཏང་ནས་དམག་དྲངས་ཏེ་ཁམས་ཕྱོགས་ཀྱི་རྙིང་མ་ཡོང་རྫོགས་རྩ་མེད་དུ་གཏོང་དགོས་པའི་རེ་འདུན་ཞུས་ཤིང་། རང་ཉིད་ཆབ་མདོའི་ཤར་རྒྱུད་དུ་རྒྱུག་ནས་རྙིང་དགོན་མང་པོ་གཏོར་ཏེ་གུ་རུའི་སྐུ་བརྙན་གྱི་སྐེ་ལ་ཐག་པ་བཏགས་ནས་མགོ་མཇུག་སློག་པ་དང་། དགེ་ལུགས་ཀྱི་གྲུབ་མཐའ་ཁམས་ཕྱོགས་སུ་སྤེལ་སྐབས་འབུར་བཟུང་ཁྲོ་བོ་སོགས་གནད་ཡོད་ཀྱི་མི་དྲག་མང་པོ་གསོན་པོར་དམར་བསད་བཏང་ནས་སྐེ་བཅད་རྗེས། མགོ་ཁྲག་དང་བཅས་པ་ཟམ་འོག་ཏུ་བཏགས་སྟེ་ཕྱིན་ཆད་དགེ་ལུགས་པའི་ཆོས་མ་བྱས་ན་འདི་ལས་ཡོང་རྒྱུ་མེད་ལུགས་ཀྱི་འཇིགས་སྐུལ་བྱས་པ་དང་། རྡོ་སྦིས་དགེ་བཤེས་སོགས་ཀྱིས་གུང་ཁྲན་ཏང་ནི་འདི་ཕྱིའི་སྐྱབས་མགོན་ཡིན་པ་དང་། གུང་ཁྲན་ཏང་ལ་གློ་སྙིང་བྲང་གསུམ་མི་གཏོད་མཁན་དེའི་ཁོག་ལ་སྙིང་མེད་པའམ། ཡང་ན་སེམས་གདོན་གྱིས་བསླུས་པ་ཡིན་ལུགས་སོགས་བྲིས་ཚད་འདིར་རེ་རེ་བཞིན་འགོད་དགོས་ན་དེབ་རྒན་ཞིག་ཡོང་བས་འབྲི་ཚོད་ག་ལ་ཡོད། ལོ་སྔ་ཕྱི་འདི་དག་གི་རིང་ལ་ཡང་དོལ་ཚོགས་དང་རྒྱ་མི་མཉམ་འབྲེལ་གྱིས་༧གོང་ས་ཆེན་པོ་གར་ཕེབས་ལ་འོ་དོད་འབོད་པར་རྒྱུགས་བཞིན་པ་སོགས་ཆ་ཚང་དགེ་ལུགས་པ་མིན་ན་སུ་རེད། ད་དུང་མི་རབས་མི་རྒྱུད་ལ་དོལ་འདྲེ་དང་འབྲེལ་བ་སྤུ་ཙམ་མེད་པའི་མི་ཚོར་དོལ་ཚོགས་ཟེར་ཁུལ་བྱེད་པ་ནི་ཅི་འདྲའི་ངོ་ཚ་རྒྱུ་མེད་པའི་བྱ་སྤྱོད་ཅིག་རེད། མ་གཞི་འདི་འདྲ་བཤད་རྒྱུ་དེ་ཆགས་སྡང་གི་རྒྱུ་ལས་མེད་ཅིང་། ཁ་ཐོར་དུ་ཡོད་པའི་རང་རིགས་སྤུན་ཟླ་མང་པོ་ཞིག་གི་སེམས་ལ་ཕོག་སྲིད་པ་ཡང་མ་ཤེས་པ་མིན་མོད། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་སྟེང་ལ་འབད་ནས་འབྱིད།། གསུངས་པ་ལྟར་རང་མཚངས་ཡོངས་རྫོགས་མི་གཞན་གྱི་མགོ་ལ་གཡོག་རྒྱུར་གོམས་པའི་སྡིག་བཤེས་ཞེ་སྡང་ཅན་འདི་ཚོ་ལ། རྒྱལ་བའི་བཀའ་ལས་དབྱུག་པས་དགའ་ཟེར་བ་ལྟར་ལན་འདི་འདྲ་རེ་མ་བྲིས་པར་སྡོད་དུ་འཇུག་གི་མི་འདུག་པས་དྲ་གྲོགས་གཞན་རྣམས་ལ་དགོངས་དག་ཞུ། སྡིག་བཤེས་ཁྱོད་ལ་དགོས་ན་ད་དུང་ཁ་ནང་དུ་སྐྱག་པ་ག་ཚོད་བརྫང་དགོས་ན་བརྫང་ཆོག་པས་ཐོན་ཤོག་ཨ།
འོ་ཙི་གྲོགས་པོ་ཚོ། ད་འདི་འདྲ་ངར་དགོས་ནི་མ་རེད་ཡ། དོལ་རྒྱལ་གྱི་མི་ཚེ་མཐའ་མཇུག་ལ་སླེབས་ཟིན་འདུག བསྟེན་མཁན་ཇེ་ཉུང་ཇེ་ཉུང་རེད། རྒྱལ་བ་ཐམས་བཅད་མཁྱེན་པས། ཁ་གསལ་པོས་དོལ་རྒྱལ་དེ་བསྟེན་ན་གནོད་པ་ལས་ཕན་པ་མེད་པ་གསལ་པོར་གསུངས་སོང་། ད་དེ་དབྱུག་ཞོག
དེ་མིན་ཆོས་ལུགས་ཀྱི་དབར་འཁོན་འཛིན་ཉར་དགོས་མིན་འདུག རྒྱ་གུང་ཁྲན་གྱིས་བོད་པ་གཅིག་ཡིན་ན་སྡུག་པོ་གཏོང་རྐྱང་གཏོང་གིས། ཆོས་ལུགས་ཚང་མའི་དགོན་པ་བཅོམས་སོང་། ད་ང་ཚོ་བོད་པ་སྡུག་པོ་མྱོང་མཁན་གཅིག་པ་ཡིན་བསམས་ནས་ངར་ཤ་དེ་རྒྱའི་ཕྱོགས་ལ་རྒྱོབ་རོགས།
སྐུ་མཁྱེན་དོན་མེད། བོད་པའི་ཆིག་སྒྲིལ་འདི་དོལ་རྒྱལ་བསྟེན་མ་བསྟེན་ཐོག་ལ་མི་འཇོག་པ་ཞུ།
བོད་ནང་ནས་དྲ་ཐོག་ལ་གཟིགས་མཁན་བྱུང་ན། སེམས་ཕམ་འགྲོ་ས་རེད།
ཚང་དབྱངས་ཀྱི་སྐད་ཆ་འདི་ངོ་ནས་མི་ཤེས་རྒྱ་ཅན་ཞིག་གི་སྐད་ཆ་རེད་འདུག རྒྱ་གུང་ཁྲན་ཡོང་དུས་ཆོས་རྒྱུད་ཚང་མ་ལ་ཁྱད་མེད་ཤུལ་མེད་བཟོས་སོང་ང་། དེ་དུང་རྒྱ་གུང་ཁྲན་གྱིས་བོད་ནང་དུ་སྲིད་ཇུས་འཛིན་སྐྱོང་སྐོར་ལ་མའོ་ཙེ་ཏུང་ཤི་ཁར་དྲི་བ་བཀོད་ཡོད་ནི་རེད། མའོ་ཙེ་ཏུང་ནས་ཀྱང་ཁ་ཆེམས་གལ་ཆེན་པོ་ཅིག་བཞག་ཡོད་ནི་རེད། དེ་ནི ༡༽ འགལ་བ་བཟོ་དགོས། ༢༽ འགལ་བ་ལ་བེད་སྤྱོད་གཏོང་དགོས། ༣༽ འགལ་བ་ལས་རྣམ་པར་རྒྱལ་དགོས་ཅེས་ཁ་ཆེམས་བཞག་ཡོད་ནི་རེད། དེ་བས་ངས་ཁ་སྔོན་ནས་བོད་ནང་གི་དྲ་རྒྱ་ཅིག་གི་ཐོག་ཏུ་བཀོད་ཟིན། ང་ཚོས་འགལ་འབྲེལ་སྐོར་ལ་སློབ་སྦྱོང་མང་ཙམ་བྱེད་དགོས། ང་ཚོ་ལ་འགལ་འབྲེལ་སྐོར་ལ་སྦྱོང་དེབ་ཡོད་ནི་མ་རེད། ང་ཚོ་ལ་འགལ་འབྲེལ་སྐོར་ལ་སྦྱོང་དེབ་ཅིག་ཡོད་པ་ནི། ཚད་མའི་སྐབས་ཀྱི་འགལ་འབྲེལ་ཆེ་ཆུང་གཉིས་རེད། དེས་ཆབ་སྲིད་འཛིན་སྐྱོང་ལ་ཕན་ཅི་ཙམ་ཐོག་མིན་ཤེས་ནི་རེད།། དེ་ལས་རྒྱ་ཡི་འགལ་འབྲེལ་དེ་མི་ཤེས་ན་ཡང་། ང་ཚོས་རྩོད་བཞིན་པའི་འགལ་བ་འདི་རྒྱ་ཡི་ཆབ་སྲིད་ལ་བེད་སྤྱོད་གཏོང་བའི་ལག་ཆ་ཞིག་ཏུ་འགྱུར་གྱི་མེད་གྲོ་བསམ་པའི་ཐོག་ནས། དམ་ཚིག་འོ་ཆུ་གཅིག་འདྲེས་བྱེད་པའི་རེ་བ་ཡོད།། །།