ལྷ་རམས་པ་བརྒྱ་ལས་ལྷམ་བཟོ་བ་གཅིག་མཁོ།
(བོད་ཀྱི་སྐད་ཡིག་དྲ་རྒྱ་ནས་བླངས།)
ང་ཚོའི་སྲིད་གཞུང་དགའ་ལྡན་ཕོ་བྲང་ཆགས་ཏེ་ལོ་འཁོར་སུམ་བརྒྱ་བདུན་ཅུར་ཉེ་བའི་ དེ་རིང་གི་ཉིན་མོར་ཕྱིར་དྲན་ཞིག་བགྱིས་ན། ང་ཚོའི་སྲིད་གཞུང་དེ་གཙོ་བོ་ཆོས་ཕྱོགས་ནས་ཡར་རྒྱས་སོང་བ་ལས་སྲིད་ཕྱོགས་ནས་ མངའ་རིས་ས་ཞིང་དང་གྲུབ་མཐའི་དབང་རྩོད་ཀྱིས་མགོ་འཁོར་ཏེ་གར་འགྲོ་འདིར་འདུག་ མེད་པའི་གནས་སུ་གྱར་བ་ལས་ཅི་ཡང་འཇོན་མི་འདུག་ལ་ཁག་ཀྱང་མེད་དེ། སྲིད་གཞུང་གི་མིང་སྟེང་ནས་བསམ་བློ་ཞིག་བཏང་ན་ཡང་ཤེས་ཐུབ། ང་ཚོའི་བཙན་པོའི་རྒྱལ་རབས་མཇུག་བསྒྲིལ་རྗེས་ཀྱི་འཇིག་ལ་ཉེ་བའི་སྲིད་ཁྲི་དེ་ དག་རེ་རེ་གཉིས་གཉིས་ཤིག་མ་གཏོགས་ཆོས་རྫུ་ཟོག་པོ་དག་གི་བྱམས་བརྩེ་ཕུགས་རུལ་ གྱིས་ཉོས་ཤིང་འཕྲོག་ནས་འོང་བ་རྐྱང་རེད་འདུག ཁྱད་པར་དུ་དགའ་ལྡན་ཕོ་བྲང་བའི་སྲིད་དབང་གིས་ད་བར་དུ་བྱབས་ཤིང་བཅུམ་སྟེ་འོང་ བ་ཡིན་ལ། དེང་སྐབས་ཚད་ལྡན་མང་གཙོའི་གཞུང་ཞིག་ཡིན་པའི་ངོས་ནས་བསམ་བློ་ཞིག་བཏང་བ་ཡིན་ ནའང་དགའ་ལྡན་ཕོ་བྲང་ཞེས་བོས་ཡོང་དུས་མིང་ཟུར་གྱི་དགའ་ལྡན་ཞེས་པ་འདིས་ཅི་ ཞིག་སྟོན་གྱིན་ཡོད་པ་གསལ་བོར་མཐོང་ཐུབ་པའི་ཚོར་སྣང་ཞིག་ལྡོག་ཕྱོགས་ནས་མི་ སྐྱེས་པའི་ངེས་པ་མེད(གནོན་ཤུགས་ཆེ་སྟབས་གྲུབ་མཐའ་དགེ་ལུགས་པ་མིན་པ་གང་ཡིན་གྱིས་འདིའི་ཐད་ནས་གླེང་ཕྱོགས་བཟོ་དཀའ། )
རྒྱལ་དབང་ལྔ་བ་ཆེན་མོས་དེང་ཐོག་མིང་དེ་འདོགས་སྐབས་ཀྱང་བསམ་གཞིགས་གང་མང་ཞིག་ བཏང་ཡོད་ངེས་མོད། འོན་ཀྱང་ཉེ་བའི་ཆར་བླ་མ་རིན་པོ་ཆེས་འདིའི་ཐད་ལ་ཐུགས་བསམ་དགོངས་བཞེས་རླབས་ ཆེན་པོ་གནང་གིན་ཡོད་པའི་གསར་འགྱུར་ཐན་ཐུན་ཀྱང་རྣ་ལམ་དུ་འཁོར་ཡོང་གི་འདུག་ པས་ན། དགའ་ལྡན་ཕོ་བྲང་བའི་མིང་དང་ལམ་ལུགས་རྙིང་གོག་དེ་གསར་བའི་ལམ་དུ་སྐྱོད་ཀྱིན་ ཡོད་པས་མང་གཙོ་དོན་ལྡན་གྱི་མཚན་གནས་དང་ལམ་སྲོལ་གང་ཐད་ནས་གྲུབ་མཐས་མ་བསླད་ པའི་སྤྱི་མཐུན་ཞིག་བཏགས་བཞག་ན་འོས་སུ་ཆེ་འོ། །
ལྷག་དོན་ང་ཚོའི་ཆབ་དཔལ་རིག་གསུམ་གྱི་གཞུང་སྲོལ་འདི་ནི་དགོན་པའི་སྒྲིག་སྲོལ་ ལྟ་བུ་ཞིག་ཏུ་མི་བསྒྱུར་བར་འཛམ་གླིང་སྤྱིའི་སྲིད་ཀྱི་འགྲོ་སྟངས་ཤིག་ལ་མིག་ ལྟོས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་ལ། སྲིད་དོན་རིག་པའི་ལངས་ཕྱོགས་སྔར་ལས་འཐུས་སྒོ་ཇེ་ཚང་ནས་ཇེ་རྒྱས་སུ་གཏོང་ རྒྱུ་གལ་ཆེར་མཐོང་།
ང་ཚོས་གལ་སྲིད་མྱི་དང་རིག་གནས་གཉིས་ལས་གཅིག་འདེམ་དགོས་པའི་དབང་དུ་བཏང་ཚེ་མི་འདེམ་དགོས་པ་ལས་རིག་གནས་འདེམ་མི་རུང་།(རིག་གནས་མེད་པར་མྱི་སྐྱོང་ཐུབ་མེད་པ་སོགས་ཀྱི་རིགས་ལམ་ཞིབ་འདེད་ཀྱི་རྡབ་རྡིབ་སྨྲ་མཁན་ཚོར་ལན་སྤྲོ་འདུན་མི་སྐྱེས།)རྒྱུ་མཚན་དེའི་དབང་གིས་ང་ཚོས་མི་དོན་རིག་གནས་ཏེ་མྱི་སྐྱོང་སྲིད་དོན་རིག་གནས་གལ་ཆེར་འཛིན་དགོས།
དམ་པ་ལྷ་ཆོས་རིག་གནས་ཀྱང་ང་ཚོའི་བོད་པ་ཚོའི་མི་ཚེའི་ནང་མེད་དུ་མི་རུང་བའི་ རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་དུ་ཆུག་ཀྱང་། དེ་ནི་མི་སྒེར་རང་རང་སོ་སོས་བེད་སྤྱོད་དང་མཉམ་ལེན་བྱ་རྒྱུ་ཞིག་ཡིན་པ་ལས་ བོད་སྤྱི་བའི་དོན་དག་གང་ཡོད་ཀྱི་ནང་དུ་རང་སྣང་གང་དྲན་གྱིས་དྲུད་ཡོང་ཚེ་དགེ་ མཚན་ལས་གྱོང་ཆེ་བར་སྙམ།
གསལ་བཤད། ཁ་ བྱང་འདི་ནི་ཕྲན་གྱིས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་ནང་ལ་ཕྱི་སྡོད་ བོད་མིའི་འཚོ་བ་རོལ་སྐབས་ཤིག་ལ་ཐོས་པ་ཡིན་མོད། ཁོ་བོས་འབོལ་རྩོམ་འདི་འབྲི་སྐབས་གློ་བུར་དུ་དྲན་སོས་པས་བཏགས་པ་ཡིན།
གོང་གི་རྩོམ་དེ་འགོ་ཞིག་བཙུགས། གཞི་རྒྱ་མ་བསྐྱེད། མཇུག་མ་བསྡུས་བར་རྫོགས་བཏང་འདུག
འོན་ཀྱང༌། ཁ་བྱང་དེ་སྙིང་རྗེ་བོ་ཞིག་འདུག ཁ་བྱང་དེའི་སྒང་ལ་བསམ་བློ་ཞིབ་ཚགས་ཤིག་བཏང་ནས་བགྲོ་གླེང་བྱེད་ཀྱི་ཡིན།
མཁོ་མི་མཁོ་དང་ཕན་ཐོགས་མི་ཐོགས། གལ་ཆེ་མི་ཆེ་སོགས་ཀྱི་སྐོར་ནས་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་ཀྱི་རེད་བསམ་གི
དེ་ནས། ལྷ་རམས་པ་བརྒྱ་དང་ལྷམ་བཟོ་བ་གཅིག་མ་བསྡུར་བར། ལྷ་རམས་པ་གཅིག་དང་ལྷམ་བཟོ་བ་གཅིག་ཕན་ཚུན་བསྡུར་ན་ཡག་གི
མི་སྒེར་བ་ཞིག་གི་མི་ཚེའི་དགོས་མཁོ་སྒྲུབ་སྟངས་ཀྱི་ཐད་ནས། ལྷ་རམས་པ་གཅིག་དང་ལྷམ་བཟོ་བ་གཅིག་བསྡུར།
མི་སྒེར་བ་ཞིག་གིས་རང་གི་རིག་གཞུང་དང་སློབ་གསོ་ལ་ལག་རྗེས་འཇོག་སྟངས་ཀྱི་ཐད་ནས༌། ལྷ་རམས་པ་གཅིག་དང་ལྷམ་བཟོ་གཅིག་བསྡུར།
མི་སྒེར་བ་ཞིག་གི་མི་རབས་ཚ་རྒྱུད་ལ་བསམ་ནས། ལྷ་རམས་པ་གཅིག་དང་ལྷམ་བཟོ་བ་གཅིག་བསྡུར།
མི་སྒེར་བ་ཞིག་གི་མི་གཞི་དང་ནང་བསམ་བློའི་གནས་ཚད། ཕྱིའི་འཇོན་ཐང་སོགས་ཀྱི་ཕྱོགས་ནས། ལྷ་རམས་པ་གཅིག་དང་ལྷམ་བཟོ་བ་གཅིག་བསྡུར།
དེ་ནས། སྲིད་སྐྱོང་སྟངས་དང་དཔལ་འབྱོར་མཁོ་སྒྲུབ་བྱེད་སྟངས། ལག་རྩལ་ཡར་རྒྱས་ཀྱི་ཕྱོགས་བསམ་ནས༌། ལྷ་རམས་པ་གཅིག་དང་ལྷམ་བཟོ་བ་གཅིག་བསྡུར་བ་ཡིན་ན།
ཕྱོགས་མང་པོ་ནས་ཁ་གསལ་བོ་ཆགས་ཀྱི་རེད་བསམ་གི།
ཚ་བོ་བུ་རབས་ཤིག་ཡིན་ན་
ཕ་མེས་ལ་ཁ་རྡུང་དེ་མི་གཏོང་།
མི་རིགས་རྣལ་མ་ཞིག་ཡིན་ན་
རིག་གཞུང་མཐོང་ཆུང་དེ་མི་བྱེད།
བློ་ཁོག་ཡོད་པ་ཞིག་ཡིན་ན་
ལྐོག་ནས་སྡུག་སྐད་དེ་མི་འདོན།
སྙིང་སྟོབས་ཡོད་པ་ཞིག་ཡིན་ན་
མདུན་དུ་ཐོན་པ་ལ་མི་སྐྲག
བོད་པ་བཙན་བྱོལ་ཞིག་ཡིན་ན་
གཞུང་ལ་ཞེན་འཁོན་དེ་མི་འཛིན།
སེམས་ཤུགས་ཡོད་པ་ཅིག་ཡིན་ན་
བསམ་བཞིན་ངན་ཚང་ནས་མི་འབོད།
ཤིནད་དུ་བདེན་པ་རེད། དང་པོ་འཚོ་དགོས་ནི་རེད། དེ་ནས་ཆོས་དང་དཔེ་ཆ་སོགས་དགོས་རེད། བོད་འདི་ཤི་འགྲོ་གིན་ཡོད། སྟོང་འགྲོ་གིན་ཡོད། འཇིགས་འགྲོ་གིན་ཡོད། ཉམས་འགྲོ་གིན་ཡོད། རུལ་འགྲོ་གིན་ཡོད། ཤི་འགྲོ་གིན་ཡོད། ད་ལྷ་རམས་པ་འདི་ཚོས་ཅི་ཕན།
amaho༄༅། །སྤྲུལ་རྫུན་སྐོར་གྱི་བརྡ་དང་ཐལ་ངག །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ལྷོ་གཡུ་འབྲུག་སྔོན་མོ་གྲགས་ལ་ལྟོས། །
ཤར་འབྲས་དཀར་སྨྱུ་གུ་སྨིན་ལ་ཉེ། །
བྱང་རུས་སྦལ་རྒྱ་བོས་རྟེན་འབྲེལ་མཐུས། །
ནུབ་སྒྱུ་རྩལ་གངས་རིའི་རྩེ་ནས་བཞད། །
ཕ་གཤིས་བོན་གཡུང་དྲུང་སྟོན་པ་ཡིས། །
ལམ་རྫོགས་ཆེན་བསྟན་པ་སྤེལ་བ་དང་། །
བོན་འཁོར་འདས་རུ་ཤན་འབྱེད་པ་ལས། །
ལས་ཉོན་མོངས་སྤྲུལ་བ་མ་སྤེལ་ཐལ། །
ཕ་ཀུན་བཟང་གུ་རུ་རཏྣ་ཡི། །
བུ་བརྒྱུད་འཛིན་གཏེར་ཆེན་བརྒྱ་རྩ་ཀུན། །
ལམ་བཀའ་གཏེར་བསྟན་པའི་སྨིན་གྲོལ་ལས། །
སྐུ་རྣམ་གསུམ་གོ་ལོག་མ་སྤེལ་ཐལ། །
ཕ་མར་པའི་བསྟན་པ་རིན་པོ་ཆེ། །
ཆོས་ཕྱག་ཆེན་ཆོས་དྲུག་ཉམས་བཞེས་ནས། །
མ་མཁར་མཉམ་སེམས་ཅན་དོན་སྒྲུབ་ལས། །
བུ་སྤྲུལ་བཟོས་ལོག་ཆོས་མ་སྤེལ་ཐལ། །
ཕ་གོང་མ་རྣམ་ལྔ་རིན་པོ་ཆེས། །
ཆོས་ལམ་འབྲས་འཛིན་སྐྱོང་སྤེལ་གསུམ་དང་། །
བསྟན་འགྲོ་བའི་དོན་ཆེན་སྒྲུབ་པ་ལས། །
གཞི་འཁོར་འཛིན་སྤྲུལ་རྟགས་མ་བཀོད་ཐལ། །
ཕ་མཁས་གྲུབ་ཁྱུང་པོ་རིན་ཆེན་གྱིས། །
ལམ་གསེར་ཆོས་རྡོ་རྗེ་མཁའ་འགྲོའི་བརྡ། །
དཔལ་ཤངས་པའི་བསྟན་པ་འཛིན་སྐྱོང་ལས། །
གཉེན་ཉེ་བ་སྤྲུལ་བརྒྱུད་མ་སྤེལ་ཐལ། །
ཕ་དམ་པ་སངས་རྒྱས་རིན་ཆེན་གྱིས། །
ལམ་དངུལ་སྒོང་བཤད་སྒྲུབ་སྤེལ་བ་དང་། །
དོན་ཉག་གཅིག་རྩད་ནས་གཅོད་པ་ལས། །
བུ་སྤྲུལ་མིང་རྩ་ཆེན་མ་གནང་ཐལ། །
ཕ་ཀུན་མཁྱེན་བརྒྱུད་པའི་དུས་འཁོར་ལོར། །
ལམ་སྦྱོར་དྲུག་རྡོ་རྗེའི་རྣམ་འབྱོར་གྱི། །
ཆོས་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལས། །
སྐྱེ་སྤྲུལ་མིང་རྟགས་ཡིག་མ་བཀོད་ཐལ། །
ཕ་གྲུབ་ཆེན་ཨོ་རྒྱན་རིན་པོ་ཆེས། །
བཀའ་གདམས་ངག་རྡོ་རྗེ་གསུམ་འདུས་དང་། །
ལམ་བསྙེན་སྒྲུབ་སྤེལ་བའི་དེད་དཔོན་ལས། །
བུ་བུ་མོ་སྤྲུལ་བཏགས་མ་བཟོས་ཐལ། །
ཕ་ཡབ་ཆེན་འཕགས་མཆོག་ཨ་ཏི་ཤས། །
ལམ་རིམ་པ་ཀུན་ཚང་དྲི་མེད་གནང་། །
ལས་རྒྱུ་འབྲས་བག་ཡོད་མཛད་པ་ལས། །
གཉེན་བུ་ཚར་སྤྲུལ་བཟོ་མ་གནང་ཐལ། །
ཕ་ཡབ་སྲས་རྗེ་བཙུན་རིན་པོ་ཆེས། །
འབྲོག་དགེ་ལྡན་ཐོས་བསམ་སྒོམ་པ་དང་། །
ལམ་མདོ་སྔགས་ལུང་རྟོགས་སྤེལ་བ་ལས། །
གྲོགས་རྒྱུ་ཆེན་སྒྲོ་བརྟགས་མ་མཛད་ཐལ། །
མཆོག་སྤྲུལ་སྐུ་ཤྰཀྱ་ཐུབ་པ་གཅིག །
སྐྱེ་སྤྲུལ་སྐུ་་རྒྱ་བོད་མཁས་གྲུབ་གཉིས། །
བཟོ་སྤྲུལ་སྐུ་ཇོ་ཤཀ་རྣམ་པ་གསུམ།
ལས་ཉོན་མོངས་སྐྱེ་སྤྲུལ་མ་ཡིན་ཐལ། །
སྐུ་སྐྱེ་སྤྲུལ་བཤད་སྒྲུབ་བསྟན་པ་འཛིན། །
གསུང་བཟོ་སྤྲུལ་བོད་ཡིག་བསྟན་པ་སྐྱོང་། །
ཐུགས་དོན་སྤྲུལ་བསླབ་གསུམ་བསྟན་པ་སྤེལ། །
སྤྲུལ་དམ་པ་འདི་ཚོར་ཡང་དག་ཐལ། །
ཕ་འཁོར་འདས་ས་མཚམས་ལེགས་པོར་ངེས། །
བུ་དམ་ཚིག་སྡོམ་པ་ལེགས་པར་གནས། །
མ་འགྲོ་བའི་དོན་ཆེན་སྒྲུབ་པ་ན། །
མཐོ་ལྷ་བཅས་འགྲོ་བའི་མཆོད་སྤྲུལ་ལགས། །
སྔོན་དམ་པས་ལུང་བསྟན་ཚུལ་ལ་གནང་། །
སྐྱེ་སྤྲུལ་སྐུས་བསྟན་འགྲོ་སྤྱི་ལ་ཕན། །
དེང་ཁྱིམ་པས་ངོས་འཛིན་ཕར་ལ་བཤད། །
ལས་ཉོན་སྤྲུལ་སྡིག་བསྡུག་མཚོ་བཞིན་རྡོལ། །
ལྷ་བླ་མས་བཀའ་གསུང་མ་ཐོབ་གོང་། །
རྒྱུ་ནོམ་པས་རྫོང་བ་དཔོན་ལ་བྱས། །
མི་རྒྱུས་མེད་སྔོན་ནས་རྫུན་གཏམ་བཤད། །
ཞིང་མཆོད་འོས་བསླུ་བ་མ་ཡིན་ནམ། །
ཕ་ཆགས་པ་ཆེ་བས་འདོད་པར་སྤྱོད། །
བུ་སྲེད་པ་ཅན་ལ་སྤྲུལ་མིང་བཏགས། །
རྒྱུ་ནོམ་པའི་དཀོར་གཟན་རྣམ་པ་ཡིས། །
ཆོས་བསྟན་པ་མི་འཛིན་ཐག་ཆོད་ཐལ། །
བུ་རང་སྐྱེས་ཐོས་བསམ་བསྒོམ་པ་དང་། །
ཆོས་ལུང་རྟོགས་བསྟན་པའི་དཔལ་ལྡན་ནས། །
ཚེ་འདི་ཕྱིའི་དོན་ཆེན་འགྲུབ་པ་ན། །
མིང་མི་གཙོ་དོན་གྱི་སྤྲུལ་སྐུ་ཐལ། །
གཞི་འཁོར་བའི་ཆོས་བརྒྱད་ཁོ་ན་བསམ། །
ལམ་འཇིག་རྟེན་སྒྲུབ་པའི་ཚོང་དཔོན་རྣམས། །
དོན་རང་དོན་གཉེར་བའི་སྐྱ་སེར་ཀུན། །
ཆོས་ཡང་དག་མིན་པར་ངེས་ཤེས་ཐལ། །
གཏམ་འདི་སྨྲས་དགེ་བས་འགྲོ་བ་ཀུན། །
སྤྲུལ་མ་རྟོག་ལོག་རྟོགས་ཐེ་ཚོམ་བསལ། །
ཆོས་བསྟན་འཛིན་བསྟན་པ་དར་བ་དང་། །
མ་འགྲོ་ཀུན་ཞི་བདེ་ཐོབ་པར་ཤོག །
ཅེས་པའང་གྲོགས་པོ་ཞིག་གིས་བསྐུལ་མ་ལ་བརྟེན་ནས༢༠༠༩ ༩ ༡༩རྒྱ་བལ་གཞི་བྱེས་གཉིས་ཀྱིས་སྤྲུལ་རྫུན་བཟོ་གཏོང་ལ་ཞེན་པ་གཏིང་ནས་ལོག་སྟེ་ཕ་མགོ་བུ་གཡོག་གི་སྲོལ་ངན་འདི་དག་གཞི་ནས་མེད་ན་ཅི་རུང་སྙམ་པས་དང་ཅི་དྲན་དུ་ ཤྲྰི་སྨྱོན་པས་ཐོལ་བྱུང་གླུ་ངག་བཅས་བུདྡྷ་ཛྙྰའི་སྒྲུབ་གནས་སུ་མྱུར་བྲིས་བགྱིས་པ་ཤྲྰི་སརྦ་བི་ཛ་ཡནྟུ། །
ཨ་རོགས་ གནས་ལུགས་ཤིག་ལ་འདང་མ་རྒྱབ་པ་འདྲ་ གྲྭ་སར་ཤོག་དང་ ལྷ་རམས་པ་ཚོའི་སྤུས་ཚད་འཇལ་ཆོག ་་