སྐྱོ་བྲག་དགའ་དབང་།
ཕོ་བརྒྱའི་དྭངས་རྩེ། མོ་བརྒྱའི་སྙིང་བཅུད། བཙུན་པའི་ཡང་རབ། མཁས་པའི་དབང་པོ། བཟང་པོའི་མིག་དཔེ། སྒྲུབ་པའི་རྐང་ཚུགས་པ། རྟོགས་པའི་ན་འཕར་བ། བརྒྱུད་པའི་སྣེ་ཟིན་པ། ཆེན་པོའི་གོ་ས་ལ་ཞེ་ལོག་པ། གུ་ཡངས་སྟབས་བདེ་ལ་རྒྱུད་གོམས་པ། ཆུང་བྱིས་པའི་དུས་ནས་ཆེན་པོའི་གཤིས་སྤྱོད་རྫོགས་པ། ཆེ་ན་ཚོད་སྨིན་པར་གཞོན་པོའི་ཟོ་མདོག་དོད་པ། ལངས་ན་གནམ་འདེགས་ཀྱི་ཀ་བ་འདྲ་བའི་བོངས་ཚད། བསྡད་ན་ས་ཆེན་ཡོམ་ཡོམ་དུ་སྐྱོམ་པའི་ཆེ་བརྗིད། བལྟས་ན་ཕོ་ཉམས་དོད་པ་ལ་མིག་གི་བདུད་རྩི། ཉན་ན་སྐད་ངག་སྙན་པ་ལ་རྣ་བའི་བཅུད་ལེན། འཁྲུག་ན་དཔའ་རྩལ་རྒོད་པ་ལ་སྲོག་བདག་ཡ་མེད། གཤིབ་ན་ངང་རྒྱུན་རིང་བ་ལ་དལ་འབབ་ཆུ་བོ། འགྲོག་ན་མི་གཤིས་བཟང་བ་ལ་བྱང་སེམས་རློན་པ། འཆད་ན་ཁ་ལྕེ་བདེ་བ་ལ་ངག་གི་དབང་ཕྱུག་ཏུ་གྱུར་པ། རྩོད་ན་ལུང་རིགས་རྣོ་བ་ལ་ཆོས་གྲགས་ཀྱི་ཡང་སྲིད་ཆོག་པ། བརྩམས་ན་སྙན་ཚིག་བརྡོལ་བ་ལ་དབྱངས་ཅན་མའི་ཟླ་བོ་ཕེར་བ། བོད་ཡུལ་སྟོད་སྨད་ཀུན་ན་སྙན་པའི་གྲགས་པ་གཡུ་འབྲུག་བཞིན་ལྡིར་བ། སྐྱེས་ཕོ་ཡིས་རིག་ན་ང་ཡིན་ན་སྙམ་ནས་རྔམ་སེམས་སྐྱེ་དགོས་པ། སྨན་མོ་ཡིས་རིག་ན་ངའི་ཡིན་ན་སྙམ་ནས་སེམས་པ་ཤོར་དགོས་པ། ཁོ་བོའི་ཚེ་རབས་གཏན་གྱི་གྲོགས་མཆོག །མིང་ལ་ལྷ་རྩེའི་ཁུ་བྱུག་ཅེས་པའི་ཚིག་རྒྱན་གྱིས་སྤུད་པ། ཁོང་འདྲ་བ་ནི་ས་ཆེན་འདིའི་དགའ་བའི་གྲོགས་དང་། མཛེས་པའི་རྒྱན་རེད། ཅེས་བཤད་ནའང་མ་ཆོག་པ་ཅི་ཡོད་སྙམ་མོ། །
ཡ། དགའ་དབང་ཁྱོ་སྨྱོ་ནི་མ་རེད་ཨ། འདི་སུ་ཟིག་རེད། ལག་རྗེས་ཆི་ཡོད་ཀི རྩོམ་ཡིག་གང་ཡིན་ནི། རིག་གནས་ནང་བྱན་ཚུད་ཚུལ་་་་་
བརྒྱ་བཤད་ཚིག་གི་རྩ་བ་དེ་་ཁྱོད་རང་གི་གྲོགས་པོ་ཡིན་པས་རེད་འདུག་ག
མཁན་པོ་ཚང་ལ་དགེ་ལུགས་པའི་ཕོ་རྒྱོ་ཡི་ཤན་མི་འདུག་གམ། ། ཧ ཧ ཀུ་རེ་ཡིན་གདའ། ཁྱེད་དང་ཀ་ལི་གཏན་ནས་མི་འདྲ། སྤྱན་མྱིག་བདེ་མོ་ཡིན་ནམ།