སྙན་བཟང་གཡུང་དྲུང་ཚེ་རིང་།
ཕྲན་གྱིས“ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ་”ཅེས་པའི་རྩོམ་ཡིག་འདི་ནི་ཕྱི་ལོ་༢༠༠༠ལོའི་ལོ་མཇུག་ཏུ་བྲིས་པ་རེད་ལ། སྐབས་དེར་བྲིས་པའི་རྩོམ་ཡིག་འདིར་དཔྱད་གཞི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་མ་འཛོམས་སྟབས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་རི་མོ་གསལ་ལ་མ་གསལ་ཞིག་ཀྱང་འབྲི་ཐུབ་བྱུང་མི་འདུག ཕྱིས་སུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱིས་མཚོན་པའི་བསྟན་བཅོས་ཁག་ལ་མཇལ་ཐེངས་རེར་བརྗོད་གཞི་འདིའི་སྐོར་ལ་དོ་སྣང་བྱས་ཤིང་། ཉེ་ཆར་བརྗོད་གཞི་གཞན་ཞིག་གི་སྐོར་ལ་ཉར་ཚགས་བྱས་པའི་ཡིག་ཆ་ཞིག་བསྔོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ལ་བསྡུ་རུབ་བྱས་པའི་ཟིན་ཐོའི་ཤོག་ལེབ་འགའ་མཐོང་བྱུང་བར་བརྟེན། སྔར་བྲིས་ཟིན་པའི་རྩོམ་ཡིག་ལ་སྣོན་འཕྲི་དང་ཁ་གསབ་བྱེད་པར་འདུན་པ་ཞིག་སྐྱེས་བྱུང་། སྤྱིར་བོད་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་(803-842)ཞེས་གྲགས་པ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའམ་ལྷ་ལུང་དཔལ་རྡོར་ཞུ་བ་ཁོང་གི་སྐུ་ཚེའི་ལོ་རྒྱུས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་ངེས་པར་དུ་འཁོད་དགོས་པ་ཞིག་ཡིན་མོད། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་པ་ཁག་འཚོལ་ཞིབ་བྱེད་སྐབས་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་ནའང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཧ་ཅང་ཉུང་བ་དང་ཟུར་ཙམ་ཡོད་པ་དེ་དག་ཀྱང་ངག་རྒྱུན་ལྟ་བུའི་ངོ་བོར་འཕོས་ཟིན་འདུག དེས་ན་ཕྲན་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་གྱི་ལོ་རྒྱུས་གང་རྙེད་པ་ཁག་ངོ་སྤྲོད་དང་བཅས་ཞིབ་བསྡུར་བྱ་རྒྱུའི་ཁུལ་ཡིན་ལ། མ་རྙེད་པ་ཁག་ཕྱིས་སུ་རིམ་གྱིས་ཁ་སྐོང་ཞུ་འཆར་ཡོད་ལགས་ཞེས་དེ་ལྟར་སྔོན་དུ་འགྲོ་བའི་ཚིག་འདི་ཙམ་ཞུ་བ་ཡིན།
ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་དང་། འཁྲུངས་ལོ། སྟག་ཉ་བཟང་གི་སྐོར།
ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་སྐོར་གྱི་ཡིག་ཆ་འཁོད་སྔ་ཤོས་ནི་<< ཡེར་པའི་དཀར་ཆག་>>ཞེས་པ་འདི་ཡིན། <<ཡེར་པའི་དཀར་ཆག་>>ལ་<<ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་>>དང་<<ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་>>ཞེས་དཀར་ཆག་གཉིས་ཡོད་1ལ། དཀར་ཆག་འདི་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བླ་མ་ཟངས་རི་བ་ཞུ་བ་ཞིག་གིས་འབྲི་རྩོམ་གནང་བའམ་ཡང་ན་གཏེར་ལས་བཏོན་པ་ཞིག་ཡིན་པ་དང་། བླ་མ་ཟངས་རི་བ་ནི་རྗེ་རས་ཆུང་བའི་ཐུགས་སྲས་ཁྲོད་ཀྱི་གཅིག་ཡིན། <<དེབ་ཐེར་སྔོན་པོའི་>>ནང་དུ་“དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་ཀྱི་སྲས་བཅུ་གསུམ་བྱོན་ནས། ་་་ བུར་སྒོམ་ནག་པོ། ལ་སྟོད་པ་ཟངས་རི་རས་པ། ་་་” 2ཞེས་གསལ་བའི་ལ་སྟོད་པ་ཟངས་རི་རས་པ་ནི་བླ་མ་ཟངས་རི་བ་ཡིན་པར་གྲགས། དེས་ན་གོང་གི་<<ཡེར་པའི་དཀར་ཆག་>>གི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས།”3ཞེས་འཁོད་ཡོད་ལ། ཕྱིས་སུ་དཔའ་བོ་གཙུག་ལག་ཕྲེང་བས་(1504-1566)དཀར་ཆག་དེ་ལ་གཟིགས་ནས་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>གྱི་ནང་དུ་“གཞན་ཡང་ཡེར་པ་དང་ཆུ་བོ་རི་ལ་སོགས་ལ་སྒོམ་གྲྭ་ཆེན་པོ་བཙུགས་པ་ལས་གྲུབ་ཐོབ་མང་དུ་བྱུང་སྟེ་ཡེར་པའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པའི་བསོས་པའི་སྤེའུ་སེར་པོ་ཐོན་པ་ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་དགུང་མོ་ཆེར་སྐུ་འཁྲུངས། ་་་”4ཞེས་ལོ་རྒྱུས་དུམ་བུ་ཞིག་དྲངས་འདུག བློ་གྲོས་མཐའ་ཡས་ཀྱིས་(1813-1894)བརྩམས་པའི་<<རིན་ཆེན་གཏེར་མཛོད་ཆེན་མོའི་>>ནང་དུ་“དབུ་རུ་འགྲམ་སྟོད་གུད་མོ་ཆེར་འཁྲུངས།”5ཞེས་དང་། རྡོ་སྦིས་ཤེས་རབ་རྒྱ་མཚོས་(1884-1968)བརྩམས་པའི་<<ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་>>ཀྱི་ནང་དུ་“ཁོང་ནི་དབུ་རུ་གུང་པོ་ཆེར་འཁྲུངས།”6ཞེས་གསལ་བ་དང་། ནོར་བྲང་ཨོ་རྒྱན་གྱིས་ཀྱང་“འབྲོམ་སྟོད་གུང་མོ་ཆེར་སྐུ་འཁྲུངས།”7ཞེས་གསུངས་པ་སོགས་མང་དུ་མཆིས་ཀྱང་མཁས་པ་ཕལ་མོ་ཆེ་གོང་གི་དཀར་ཆག་དེའི་རྗེས་སུ་འབྲངས་ནས་བསྐྱར་ཟློས་གནང་རྐྱང་བྱས་ཡོད་པ་མ་གཏོགས་ས་ཆ་འདི་རེད་ཅེས་གསལ་ཁ་མཛད་མེད། དུང་དཀར་བློ་བཟང་འཕྲིན་ལས་(1927-1997)ཀྱིས་“འབྲོམ་སྟོད་དགུང་མོ་ཆེ་ནི་འབྲོམ་ཐོད་ཤང་སྙན་རོང་ཞེས་པའི་ཉེ་འདབས་སུ་གུར་པ་ཞེས་པའི་ས་ཆ་ཞིག་ཡོད་པ་དེ་མིན་ནམ་སྙམ།”8ཞེས་གསུངས་ཡོད་ལ། ས་ཆ་དེ་ནི་དེང་སང་བོད་རང་སྐྱོང་ལྗོངས་ཟེར་བའི་སྟག་རྩེ་རྗོང་འབྲོམ་ཤང་ངམ་ཡང་ན་ཆུ་ཤུར་རྫོང་གི་ཉེ་འཁོར་དུ་ཡོད།
དེ་མིན་གཞན་ཁོང་གི་འཁྲུངས་ཡུལ་གྱི་སྐོར་ལ་ངག་རྒྱུན་གཉིས་ཡོད་པའི་གཅིག་ནི་ལྷོ་ཁ་བ་ཚོས་ལྷོ་བྲག་ཏུ་ལྷ་ལུང་དགོན་པ་ཟེར་བ་ཞིག་ཡོད་པ་དེ་ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་དུ་ངོས་འཛིན་བྱེད་པ་དང་། ཅིག་ཤོས་ནི་གཉིས་རྩེ་རྣམ་རྫོང་གླིང་དུ་ལྷ་ལུང་བླ་མ་ཚང་ཟེར་བའི་མི་ཚང་ཡོད་པ་དེ་ནི་ཁོང་གི་འཁྲུངས་ཡུལ་འཁྲུལ་མེད་དུ་འདོད་ཀྱིན་ཡོད། ངག་རྒྱུན་འདི་གཉིས་བོད་ཀྱི་བསྟན་བཅོས་ཁག་ཏུ་བཀོད་པ་མ་མཐོང་མོད། ངག་རྒྱུན་ཐམས་ཅད་རྫུན་མ་མིན་པའི་སྐབས་ཀྱང་ཡོད་སྟབས་འདིར་ཆེད་དུ་བྲིས་པ་ཡིན། འོན་ཀྱང་བོད་བཙན་པོའི་སྐབས་སུ་མིང་ལ་ལྷ་ལུང་ཟེར་བའི་མི་ཡོད་པ་དཔེར་ན་ལྷ་ལུང་རྡོ་རྗེ་དཔལ་དང་། ལྷ་ལུང་བློན་པོ་རྗེ་སྐར་གོང་། ལྷ་ལུང་བཟའ་མེ་ཏོག་མ་ལྟ་བུའང་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་མང་པོ་འབྱུང་ལ། ལྷ་ལུང་ཞེས་པ་ནི་རུས་རྒྱུད་ཅིག་གམ་ཡང་ན་ཡུལ་མིང་གང་ཡིན་ད་དུང་བཤད་དཀའ་མོད། འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་སྒྲགས་ཀྱི་ལྷ་ལུང་ཞེས་པའི་ཡུལ་དུ་འཁྲུངས་པའི་ལོ་རྒྱུས་ཡོད། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་(1698-1755)ལྟར་ན་ལྷ་ལུང་དཔལ་གྱི་རྡོ་རྗེའི་“ལྷ་ལུང་”ཞེས་པ་ནི་“ལྷས་ལུང་”ཡིན་པ་འདི་ལྟར་ “ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པར་ལྷས་ལུང་དུ་གྲགས།”9ཞེས་གསུངས་ལ། <<བདུད་འཇོམས་ཆོས་འབྱུང་>>གི་ནང་དུའང་གོང་གི་ཚིག་ཇི་མ་ཇི་བཞིན་དུ་བཤུས་འདུག སྤྱིར་<<ཡེར་བའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་>>ཞེས་པའི་“ལྷ་ལུང་”མིང་ཅན་འདི་དུས་རབས་བཅུ་གཉིས་པའམ་ཡང་ན་དེའི་གོང་རོལ་ནས་བཏགས་པ་ཞིག་ཡིན་སྟབས། “ལྷས་ལུང་”ཞེས་པ་ནི་ཕྱིས་སུ་མཛེས་རྒྱན་སྤྲས་པས་སླད་ཅན་དུ་གྱུར་པ་རེད་སྙམ།
ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་ཐོར་རེ་བ་ཞིག་<<ཡེར་པའི་དཀར་ཆག་>>ཏུ་གསལ་བ་དང་། <<སྦ་བཞེད་>>སླད་ཅན་དུ་གྲགས་པའི་<<ཆོས་འབྱུང་གི་ཡི་གེ་ཞིབ་མོ།>> <<སྦ་བཞེད་ཞབས་བཏགས་མའི་>>ནང་དུའང་ཟུར་ཙམ་འབྱུང་མོད། ཁོང་གི་འཁྲུངས་ལོའི་སྐོར་མི་གསལ། ད་ནི་ཕྱིས་བྱུང་གི་ཡིག་ཆ་བེད་སྤྱད་ན་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“ལྷ་སྲས་མུ་རུབ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིང་མཚམས་སྦྱར་བ་ཡིན།”10ཞེས་གསུངས་འདུག་ལ། ཚིག་དུམ་འདི་ནི་<<བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་>>ལས་དྲངས་པ་གསལ་བཤད་གནང་ཡོད། དེ་བཞིན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“མེ་སྟག་གམ་མེ་ཡོས་གང་རིག་ཏུ་འཁྲུངས་དགོས་ལ། རྒྱལ་པོ་སྡིག་ཅན་སྒྲོལ་དུས་དགུང་ལོ་ང་བརྒྱད་དུ་ཕེབས་ཡོད།”11ཅེས་གསུངས་ཡོད། ཕྲན་གྱིས་གོང་གི་བཀའ་རྒྱ་མ་དེ་བཙལ་འཚོལ་བྱས་ནའང་མ་ཐོབ། དེ་ལྟར་ན་རྒྱལ་སྲས་མུ་རུབ་བཙན་པོ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(742-797)གྱི་སྲས་འབྲིང་བ་ཡིན་ལ། ཁོང་གིས་བློན་པོ་ཞང་གི་བུ་དབུ་རིང་བྱ་བ་བསད་པས། བློན་ཆེན་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་འདར་གསུམ་བྱ་བ་བཅད་དེ་ཁོང་ས་མཐར་སྤྱུགས་པ་དང་། གཅེན་པོ་མུ་ནེ་བཙན་པོ་(774-797)སྐུ་གཤེགས་རྗེས་རྒྱལ་སྲིད་ཀྱི་བྱ་བཞག་ཐམས་ཅད་གཅུང་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐྱངས་དགོས་བྱུང་ཡོད། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མེད་ནའང་། གཅུང་པོ་ཁྲི་ལྡེ་སྲོང་བཙན་ནི་སྤྱི་ལོ་༧༧༦ལོར་འཁྲུངས་པ་དང་། སྤྱི་ལོ་༨༡༥ལོར་སྐུ་གཤེགས་པ་རེད། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་མུ་རུབ་བཙན་པོ་ནི་ཁོང་གི་གཅུང་པོའི་སྔོན་དུ་འདས་ཡོད་ཚུལ་བརྗོད་ཀྱིན་ཡོད།
ནོར་བྲང་ཨོ་རྒྱན་གྱིས་“མེ་སྟག་སྤྱི་ལོ་༧༨༦ལོའམ་ཡང་ན་མེ་ཡོས་སྤྱི་ལོ་༧༨༧ཙམ་ལ་སྐུ་འཁྲུངས་པ་རེད་”12གསུངས་འདུག ཁོང་གི་ལོ་ཚིགས་ཀྱི་ཁུངས་གཏུགས་སའི་བསྟན་བཅོས་ནི་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་<<བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་>>ཞེས་པ་འདི་མིན་ནམ་སྙམ། གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ཀྱང་“མེ་སྟག་༨༤༦འཁྲུངས་པ་དང་། རྒྱལ་པོ་གླང་དར་མ་བཀྲོངས་དུས་དགུང་ལོ་དྲུག་ཅུ་རེ་གཅིག་ཡིན།”13ཞེས་གསལ་པོར་གསུངས་ཡོད། གདོང་ཐོག་ཚང་གི་ལོ་ཚིགས་འདི་ནི་སྲོང་བཙན་སྒམ་པོའི་འདས་ལོའི་ལོ་ཚིགས་ཀྱི་དབང་གིས་དྲུག་ཅུ་སྐོར་གཅིག་གི་ཁྱད་པར་བྱུང་བ་དང་། ཁོང་གིས་གསུངས་པའི་ལོ་ཚིགས་དེའི་ནང་གི་དྲུག་ཅུ་སྐོར་གཅིག་འཕྲི་ན་ཀ་ཐོག་ཚང་དང་ནོར་བྲང་ཨོ་རྒྱན་གྱིས་གསུངས་པའི་ལོ་ཚིགས་དང་མཐུན་པར་སྣང་། དེས་ན་ལོ་ཚིགས་འདིའི་དབང་དུ་བྱས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་འདྲ་ནའང་ད་དུང་བརྟག་པར་འཚལ། ཁོང་གི་སྐུ་མཆེད་དུ་གྲགས་པའི་སྦ་དཔལ་དབྱངས་ཀྱི་ལོ་རྒྱུས་དང་བསྡུར་ནས་བཤད་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་དུས་རབས་བརྒྱད་པ་དང་དགུ་པ་ཡས་མས་སུ་འཁྲུངས་ཡོད་པ་གསལ་པོ་རེད།
ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐྱ་མིང་ལ་སྟག་ཉ་བཟང་དང་། སྐུ་ན་གཞོན་དུས་དམག་མི་ཞིག་ཡིན་པའི་སྐོར་<<ཡེར་བའི་དཀར་ཆག་>>གི་ནང་དུ་ཅུང་ཟད་གསལ་བ་ལུང་དྲངས་ན་འདི་ལྟར། “ལྷ་ལུང་དཔལ་གྱི་རྡོ་རྗེའི་མིང་སྐྱའི་མིང་སྟག་ཉ་བཟང་ཞུ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས། རྒྱ་བོད་ཀྱི་ས་མཚམས་བསྲུངས་ཏེ་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་ལོ། རིན་པོ་ཆེའི་གཡུང་དྲུང་ལ་བོར་ཏེ་སྟོང་བདེ་ན་མི་བསྐྱོད་པ་ཡོད། ལྷས་ཀྱི་ལྗང་ར་ན་སྤྱན་རས་གཟིགས་ཡོད། དེ་ཡན་ཆད་ན་རྒྱ་ནག་པོ་ཡོད། དེ་མན་ཆད་ན་བོད་ཀྱི་གུང་མོ་ཆེའི་དཔོན་སྟག་ཉ་བཟང་བྱ་བ་ལགས། མདུང་ཕྲག་པ་གཡས་པ་བཀལ་ནས་རྨོག་ཕྲག་པ་གཡོན་པ་ལ་བཀལ་ནས་ཡོང་ཙ་ན་”14ཞེས་འཁོད་འདུག་ལ། ལོ་རྒྱུས་དེབ་ཐེར་གཞན་དུའང་དཀར་ཆག་འདི་ལས་འཕྲོས་ཏེ་ཁོང་དམག་ལ་ཞུགས་ཏེ་དཔའ་རྟགས་བཞག་ཚུལ་དང་། སོ་བློན་གྱི་གོ་བབ་ཡོད་ཚུལ་སོགས་བརྗོད་འདུག
དེང་སང་བོད་བཙན་པོའི་དུས་སྐབས་ཀྱི་རྒྱ་བོད་ས་མཚམས་ཀྱི་དམག་དཔོན་དག་གི་མིང་འཚོལ་བར་དཀའ་ངལ་དེ་ཙམ་མེད་ཀྱང་། ཕྲན་གྱིས་ཏུན་ཧོང་ཡིག་རྙིང་གིས་གཙོས་པའི་རྒྱའི་ཡིག་ཚང་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་སོགས་ལ་ཞིབ་མོར་མཇལ་ནའང་སྟག་ཉ་བཟང་གིས་རྒྱ་བོད་ས་མཚམས་ཀྱི་དམག་དཔུང་མཛད་པའི་སྐོར་མ་མཐོང་ལ། <<སྒྲ་སྦྱོར་བམ་གཉིས་>>དང་<<རྦ་བཞེད་>>དུ་འབྱུང་བའི་“ཞང་རྒྱ་ཉེ་ཉ་བཟང་”ཟེར་བ་ཞིག་ཡོད་པ་དེ་ཡང་“སྟག་ཉ་བཟང་”མིན། སྤྱིར་སྟག་ཉ་བཟང་ཞེས་པའི་“སྟག་”འདི་མཐོང་སྐབས་བོད་བཙན་པོའི་དུས་སྐབས་སུ་དཔའ་བོ་ལ་སྟག་གིས་བསྟོད་པ་དང་། སྡར་མ་ལ་ཝ་ཡིས་སྨད་པ་སོགས་ཐོབ་དང་གོ་ས་སྟེར་བའི་ལམ་སྲོལ་ཡོད་སྟབས། ཁོང་གི་མཚན་གྱི་དབུ་ལ་སྦྱར་བའི་སྟག་འདི་ཡང་དེ་ལྟར་གསོལ་བ་མིན་ནམ་དྲན་ནའང་། ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གི་འཁྲུངས་ཡུལ་སྟག་རྩེ་རྗོང་ནི་གནའ་རབས་ཀྱི་ཡུལ་མིང་ཞིག་ཡིན་པ་དང་། དེ་ཐོགས་དོན་ཀྱང་རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པས་རྫོང་ངམ་རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་ལའང་འཇུག་པས། ཡུལ་མིང་རུས་མིང་དུ་ཐོགས་ཡོད་ཀྱང་སྲིད།
ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བ་དང་། སྐུ་མཆེད། མཁན་པོར་བཞུགས་པའི་སྐོར།
ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་སྐོར་<<ཡེར་པའི་དཀར་ཆག་>>གི་ནང་ དུ་གཏམ་རྒྱུད་ཀྱི་རྣམ་པ་ཅན་ཞིག་ཡོད་པ་འདི་ལྟར། སྟག་ཉ་བཟང་གིས་“གོ་ཆ་རྣམས་ཕུད་དུས་སུ། རིན་པོ་ཆེ་རྟོགས་བཟུངས་ཀྱི་ནང་ན། བྲ་ཉེ་ལ་ནི་གང་སྐྱེས་པ། རྐང་མཐིལ་ལ་ནི་དམར་པོ་ཅན། ཤི་ནས་དམྱལ་བ་སྐྱེ་བར་འགྱུར། ཟེར་བ་ཐོས་པས། རྐང་མཐིལ་གྱི་སུལ་ལ་བལྟས་པས་རྨེ་བ་དམར་པོ་འདུག་པས། ཀློག་མཁན་ལ་སྐྱ་ལས་ཀློག་དང་བྱས་པས། དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས། ཁོ་རང་སྤུན་གསུམ་བསམ་ཡས་ན་པཎྜི་ཏ་བཞུགས་པའི་སར་ཕྱིན། རབ་ཏུ་བྱུང་པའི་མཁན་པོ་སློབ་དཔོན་བྷི་མ་ལ་མི་ཏྲ་དང་། སློབ་དཔོན་པདྨ་སམ་བྷ་བ་བྱ་བ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་བླངས།”15ཞེས་གསལ་བ་འདིའི་ཐོག་ནས་བལྟས་ན་ཁོང་དམག་མི་ཡིན་སྐབས་སུ་ཞིག་གི་ལུང་བསྟན་ལྟ་བུའི་དབང་གིས་གློ་བུར་ཏུ་ངེས་འབྱུང་སྐྱེས་པ་དང་། དེ་ནས་བསམ་ཡས་སུ་ཕེབས་ཏེ་རབ་ཏུ་བྱུང་བ་ཤེས་ཐུབ་ནའང་། སློབ་དཔོན་བྷི་མ་ལ་མི་ཏྲ་ཞུ་བ་ཁོང་བོད་དུ་དངོས་སུ་ཕེབས་ཡོད་མེད་སྐོར་ལ་རྩོད་པ་ཡོད་ནའང་། ཕྲན་གྱིས་<<སྦ་བཞེད་ཞབས་བཏགས་མ་>>དང་། <<མཁའ་འགྲོ་སྙིང་ཐིག་>>གི་ནང་དུ་སློབ་དཔོན་རིན་པོ་ཆེས་བྷི་མ་ལ་མི་ཏྲ་སྤྱན་དྲངས་ཚུལ་ཟུར་ཙམ་གསལ་བ་དང་། <<རྙིང་མའི་རྒྱུད་འབུམ་>>གྱི་ནང་དུའང་མཁན་པོ་བྷི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གཡུ་སྒྲ་སྙིང་པོ་རྣམ་གཉིས་ཀྱིས་རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་སོགས་བསྒྱུར་བ་མཐོང་བྱུང་བ་གང་ལྟར་ཡང་། ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་མཆེད་གསུམ་དུས་མཉམ་དུ་བསམ་ཡས་སུ་ཕེབས་ནས་རབ་བྱུང་བསྒྲུབས་ཡོད་ཚེ། ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་ཀྱང་སད་མི་བདུན་གྱི་གྲས་སུ་ཡོད་དགོས་ནའང་དེ་ལྟར་མི་གསལ་བས་ཁོང་ཕྱིས་སུ་རབ་ཏུ་བྱུང་བ་དང་དེའི་སྐོར་གྱི་ལོ་རྒྱུས་འོག་ཏུ་འཆད་རྩིས་ཡོད།
ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་“ལྷས་ལུང་དཔལ་གྱི་རྡོ་རྗེ་འདི་ནི་གཉགས་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པ་ཡོངས་གྲགས་དང་། ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས་སུ་གུ་རུ་པདྨའི་ཞལ་མཇལ་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་།”16ཞེས་གསུངས་ཡོད། བོད་ཀྱི་ཆོས་འབྱུང་རྙིང་གྲས་ཅན་<<ཉང་རལ་ཆོས་འབྱུང་>>དང་། <<ལྡེའུ་ཆོས་འབྱུང་>>ལྟ་བུའི་ནང་དུ་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་གྲས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་མེད་ལ། ཕྱིས་སུ་སྔ་འགྱུར་རྙིང་མའི་ཆོས་འབྱུང་གྲགས་ཅན་<<གུ་བཀྲ་ཆོས་འབྱུང་>>དང་། <<དཔལ་རྡོ་རྗེ་ཕུར་པའི་ཆོས་འབྱུང་>>སོགས་ཀྱི་ནང་དུ“ཐང་བཟང་དཔལ་གྱི་རྡོ་རྗེ་”ཞེས་པ་“ལྷ་ལུང་དཔལ་གྱི་རྡོ་རྗེར་”བསྒྱུར་འདུག་པ་གང་ཡིན་ཆ་མ་འཚལ། ད་དུང་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཞལ་མཇལ་བ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་སུ་བཟུང་ཡོད་ཚེ། སྐབས་དེར་བསམ་ཡས་གཙུག་ལག་ཁང་བཞེངས་མེད་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་བསམ་ཡས་དགོན་པ་བཞེངས་གྲུབ་རྗེས་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བ་ཡོངས་གྲགས་ལྟ་བུ་ཡིན། སྤ་གྲོ་སྟག་ཚང་གི་ཡུལ་དེ་ཡང་འབྲུག་ཡུལ་དུ་ཡོད་པ་དང་། སློབ་དཔོན་པདྨ་འབྱུང་གནས་བཞུགས་ཡུལ་གྱི་གནས་ཆེན་བརྒྱད་ཡོད་པའི་གྲས་ཀྱི་གཅིག་ཡིན་སྟབས། མཁས་པ་ཆེན་པོ་ཀ་ཐོག་ཚང་གི་གསུང་འདི་དག་གཡོ་བ་མེད་པར་སེམས་ལ་ཟུག་འགྲོ་བ་ཞིག་མ་རེད།
དེ་ནས་<<ཡེར་པའི་དཀར་ཆག་དད་པའི་ས་བོན་>>དུ་“བཙུན་པ་དཔལ་གྱི་དབྱངས་དང་། དཔལ་གྱི་རྡོ་རྗེ། རབ་འབྱོར་དབང་པོ་དང་གསུམ་སྐུ་མཆེད་ཡིན།”17ཞེས་འབྱུང་ལ། བཙུན་པ་དཔལ་དབྱངས་ཟེར་བ་ཁོང་རབ་ཏུ་བྱུང་བའི་སྐོར་<<སྦ་བཞེད་ཞབས་བཏགས་མ་>>བྱ་བ་ལས་“བཙན་པོའི་ཞལ་ནས་ངའི་བློན་པོ་དགེ་སློང་མེད་པས། ངའི་ཞང་བློན་རྣམས་ལ་དེ་བཏུབ་བམ་མི་བཏུབ་ཅེས་བཀའ་སྩལ་བའི་ལན་དུ། བཏུབ་བམ་སད་པར་བྱ་གསུངས་ནས། བོད་ལ་དད་པ་ཆེ་བར་འབའ་ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ཞེས་བཀའ་བསྩལ་བས་མིང་ཀྱང་སྦ་རཏྣ་ཞེས་བཏགས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་སྔ་བ་དེ་ཡིན་ནོ།”18ཞེས་འབྱུང་། ཡང་། “ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མཚན་སྦ་དཔལ་དབྱངས་སུ་བཏགས་”19ཞེས་ཀྱང་འབྱུང་ངོ་། སྦ་དཔལ་དབྱངས་ནི་བོད་ཀྱི་རབ་བྱུང་བའི་ཐོག་མ་ཡིན་ལ། ཁོང་བསམ་ཡས་ཀྱི་མཁན་རབས་གཉིས་པར་བཞུགས་མྱོང་། སྟོན་རྩེན་སྟོན་མིན་གྱི་རྩོད་པ་བྱེད་སྐབས་ཀྱི་སློབ་དཔོན་དང་། སྒྲ་སྦྱོར་བམ་གཉིས་གཏན་འབེབས་མཛད་སྐབས་ཀྱང་བོད་ཀྱི་ལོ་ཙཱ་བའི་གྲས་སུ་ཡོད། འདིར་གསལ་པོར་ཞུ་འདོད་པ་ནི། སྦ་དཔལ་དབྱངས་སྐུ་མཆེད་གསུམ་ནི་རྒྱལ་པོའི་ཞང་བློན་ཡིན་པ་དང་། བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་མཁན་ནི་ཁོང་གི་ཉེ་འབྲེལ་ཞིག་ཡིན་པ་དེ་རེད། སྐབས་རེར་<<སྦ་བཞེད་ཞབས་བཏགས་མའི་>>ནང་དུ་“སྦ་རྨ་གཟིགས་(ཁྲི་བཞེར)གྱི་བུ་རཏྣར།”20ཞེས་འབྱུང་བ་དང་དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་མཆེད་གསུམ་གྱི་ཡབ་ཀྱི་མཚན་མིན་ནམ་སྙམ་ལ། སྐབས་འདིར་འབྱུང་བའི་“སྦ་”འདི་ལའང་འབྲི་ཚུལ་མི་འདྲ་བ་འགའ་རེ་ཡོད་ནའང་། རྦ་དང་དབའ། དབས། ཡང་ན་འབའ་སོགས་གཅིག་ཡིན་ལ་དེ་ལས་མཆེད་པའི་རུས་རྒྱུད་འདིས་བཙན་པོ་གནམ་རི་སྲོང་བཙན་གྱི་དུས་ནས་བོད་ཀྱི་རྒྱལ་ཕྲན་དུ་མ་གཅིག་གྱུར་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་ལ། བོད་སིལ་བུར་འཐོར་རྗེས་རྒྱ་དང་ཡུ་གུར་གཉིས་བསྡོངས་ནས་དབའ་ཁྲོམ་བཞེར་བཀྲོངས་ནས་བཟུང་རུས་རྒྱུད་ཆེན་པོ་འདིས་བོད་ལ་གནང་བའི་མཛད་རྗེས་ཀྱི་ལེའུ་དེ་མཇུག་བསྒྲིལ་ཡོད།
མཁན་ཆེན་ཞི་བ་འཚོ་ལས་སྦ་དཔལ་དབྱངས་ཀྱིས་གཙོས་པའི་སད་མི་བདུན་སོགས་རབ་ཏུ་བྱུང་བ་དེ་ལྟར་ལགས་ཀྱང་། ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་ཀྱི་ནང་དུ་སད་མི་བདུན་གྱི་མཚན་མཐུན་མིན་སྣ་ཚོགས་མཆིས་པ་དཔེར་ན། <<སྦ་བཞེད་>>དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་མཆེད་ལྷ་ལུང་རབ་འབྱོར་དབྱངས་སད་མི་བདུན་གྱི་གྲས་སུ་བཅུག་པ་ལྟ་བུའང་ཡོད། འོན་ཀྱང་ཕྲན་ནི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས་ཡིག་རིགས་སྣ་ཚོགས་ལ་ཞིབ་བསྡུར་མཛད་ཡོད་པ་དེའི་རྗེས་སུ་འབྲངས་ཡོད་དོ། གང་ལྟར་འདི་དག་གིས་མཚོན་པའི་ལོ་རྒྱུས་ལ་བསམ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཕྱིས་སུ་རབ་ཏུ་བྱུང་ནའང་མཁན་པོ་སུ་ཞིག་གི་མདུན་ནས་རབ་བྱུང་བསྒྲུབས་ཡོད་མེད་འཁྲུན་ཐག་གཅོད་ནུས་བྲལ། མཁན་ཆེན་ཞི་བ་འཚོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་ཁོང་གི་སྐུ་ཚེའི་སྨད་དུ་བོད་ཀྱི་ཁྱིམ་པ་བ་ཚོར་རབ་བྱུང་གི་སྡོམ་པ་མནོས་པའི་ལོ་རྒྱུས་མཇལ་རྒྱུ་མེད་ལ། ཇོ་མོ་གཅེན་ཁྲི་རྒྱལ་མོ་བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པའི་མི་བརྒྱ་ལྷག་(སྐབས་དེར་མི་སུམ་བརྒྱ་རབ་ཏུ་བྱུང་བར་གྲགས)མཁན་པོ་སྦ་རཏྣ་(སྐབས་འདིར་སྦ་ཡེ་ཤེས་དབང་པོར་གོ་དགོས་པ་འདྲ)ལས་རབ་ཏུ་བྱུང་ཡོད་པ་དང་། དུས་ཚོད་ཀྱི་ཆ་ནས་བཤད་ན་ལྷ་ལུང་དཔལ་གྱི་རྡོ་རྗེའང་སྐབས་དེ་འདྲ་ཞིག་ལ་རབ་ཏུ་བྱུང་བ་མིན་ནམ་དྲན། གོང་དུ་ཞུས་ཟིན་པ་ལྟར་<<ཡེར་པའི་དཀར་ཆག་>>ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་མཆེད་གསུམ་སློབ་དཔོན་བྷི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་བ་གསལ་མོད། ཕྲན་གྱིས་ད་ཕན་མཐོང་བའི་ལོ་རྒྱུས་<<ཡེར་པའི་དཀར་ཆག་>>ལས་གཞན་གྱི་ལོ་རྒྱུས་སོགས་ན་བྷི་མ་ལ་མི་ཏྲ་ཞུ་བ་བོད་ཀྱི་རབ་བྱུང་གི་མཁན་པོར་བཞུགས་པའི་ལོ་རྒྱུས་མེད་པས་ཞལ་ལུང་འདི་དངོས་ཡོད་ཀྱི་ལོ་རྒྱུས་དང་མཐུན་དཀའ་བས་ཡིད་ཆེས་བྱ་ཐབས་བྲལ། གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱང་དོན་དངོས་སུ་བོད་དུ་དུས་ཡུན་ཇི་ཙམ་བཞུགས་པའི་ལོ་དུས་ངེས་གཏན་ཁ་ཚོན་ཆོད་པ་ཞིག་མེད་ནའང་། ལྷ་ལུང་དཔལ་གྱི་རྡོ་རྗེས་སློབ་དཔོན་པད་མ་འབྱུང་གནས་ལས་བྱང་སེམས་ཀྱི་སྡོམ་པ་ཞུས་ཡོད་ཚེ་ཞུ་ཡུལ་ནི་བསམ་ཡས་སམ་ཡང་ན་བྲག་ཡེར་པ་གང་རུང་ཞིག་ཡིན་དགོས་པ་ཆགས་མོད། དུས་ཚོད་ནམ་ཞིག་ལ་སྡོམ་པ་བླངས་པའི་ལོ་རྒྱུས་བརྗོད་དཀའ་སེ་ཞིག་འདུག
སྤྱི་ལོ་༡༩༨༢ལོར་མཁའ་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས་པའི་དཔྱད་རྩོམ་ཞིག་ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་“ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས་རྙེད་བྱུང་།”21ཞེས་དང་། ཉེ་ཆར་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་གནང་མཁན་སམ་བན་(Sam Van Schaik)གྱིས་བརྩམས་པའི་<<བོད། ལོ་རྒྱུས་ཤིག་>>ཅེས་པའི་ནང་དུའང་ཁོང་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་22པའི་སྐོར་འབྲི་རྩོམ་གནང་ཡོད། སྐབས་དེའི་བསམ་ཡས་ཀྱི་མཁན་པོ་རྣམས་མཁན་པོར་བཞུགས་ཡུན་གྱི་ལོ་དུས་དང་། མཁན་རབས་རེ་རེའི་ལོ་རྒྱུས་འཚོལ་བར་དཔྱད་གཞིའི་ཡིག་ཆ་མ་འཛོམས་པར་བརྟེན་ཞིབ་འཇུག་བྱ་ཐབས་བྲལ་མོད། ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་མཁན་པོ་ནི་ཕལ་ཆེར་ཤཱནྟི་ཞུ་བ་ཡིན་ལ། ཁོང་ནི་བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་པ་འདྲ། དེར་བརྟེན་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་རབས་དགུ་པར་ཕེབས་སྐབས་ཁོང་དགུང་ལོ་མཐོ་པོར་སླེབས་ཡོད་པ་ནི་སྨོས་མ་དགོས། ཡིན་ནའང་། ཁོང་བྲག་ཡེར་པར་ཕེབས་པའི་ལོ་རྒྱུས་ལ་དཔྱད་ན་དེ་ལའང་འགལ་འཛོལ་ཞིག་ཡོད་པ་འོག་ཏུ་འཆད་པར་འགྱུར་ལ། སྤྱིར་བོད་ཀྱི་རྡོ་རིང་གི་ཡི་གེ་དང་བསྟན་བཅོས་རྙིང་པ་དག་གི་ཤུགས་བསྟན་ལ་བསམ་བློ་གཏོང་སྐབས། བར་སྐབས་དེར་“ཆོས་ཀྱི་བློན་པོ་”ཞེས་པ་ཞིག་བྱུང་སྟབས། རིམ་བཞིན་བསམ་ཡས་ཀྱི་མཁན་པོ་ཚོས་རྒྱལ་པོའི་ཕོ་བྲང་དང་དེའི་ཕྱི་ནང་གི་ཆོས་ཀྱི་བྱ་བ་ལ་ཐེ་གཏོགས་བྱེད་པའི་དབང་ཆ་དེ་ཡང་མེད་པར་གྱུར་པ་ལྟ་བུར་མངོན།
ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པར་ཕེབས་པ་དང་། ལྷ་སྲས་དར་མ་བཀྲོངས་པ། མདོ་སྨད་དུ་བྲོས་བཤོལ་གནང་བའི་སྐོར།
ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པ་ཞེས་པའི་སྒྲུབ་གནས་དེར་དུས་ནམ་ཞིག་ལ་ཕེབས་པའི་ལོ་རྒྱུས་མེད་ནའང་། <<ཡེར་པའི་དཀར་ཆག་>>ཏུ་“སྐུ་མཆེད་གསུམ་པོ་གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་དཔལ་གྱི་རྡོ་རྗེའི་ཆས་གོས་ལྷགས་པས་ཁྱེར་བ་བསྙེགས་པས་ཡེར་པ་ལྷ་རི་སྙིང་པོར་ཤུག་པ་བྱ་ཕོང་ཙམ་ཞིག་ལ་དཀྲིས་ནས་འདུག ཁོང་ས་དཔྱད་ལ་མཁས་པས་རི་དེ་གནས་ཁྱད་དུ་འཕགས་པ་ཞིག་ལ་གཟིགས་ནས་ཡབ་མཆེད་སྤྱན་དྲངས་ནས་མཆོད་པའི་རྟེན་བཙུགས་ཤིང་སྦལ་སྙོས་གཉིས་བྱང་ཚྭ་ཁུར་བཏང་ནས་བྲག་ཕུག་བྲུས།”23ཞེས་སོགས་འཁོད་འདུག ཁོང་གི་སྒྲུབ་ཕུག་ནི་སྲོང་བཙན་ཕུག་གི་འོག་ཏུ་ཡོད་པའི་གཟིམ་ཕུག་དེ་ཡིན་པར་བཤད་ཅིང་། ཁོང་གིས་སྒྲུབ་ཕུག་དེ་ནས་གྲུབ་ཐོབ་བརྒྱ་རྩ་བརྒྱད་ཀྱི་ཞབས་ཏོག་བསྒྲུབས་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་རབ་གནས་ལེགས་པར་སྒྲུབ་ཚུལ་སོགས་<<ཡེར་པའི་དཀར་ཆག་>>ཏུ་གསལ་བས་འདིར་རྒྱས་སྤྲོས་མ་བྱས་ལ། ཁོང་གིས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་པས་གྲུབ་པ་ཐོབ་ཅིང་རྗུ་འཕྲུལ་ཅན་ཞིག་ཏུ་གྱུར་པར་གྲགས་ཤིང་། དེའི་ལེགས་ཚོགས་ལ་བརྟེན་ནས་ཁོང་གི་མཚན་རྗེ་འབངས་ཉེར་ལྔའི་གྲས་སུ་མཇལ་རྒྱུ་བྱུང་བ་རེད།
འོན་ཀྱང་། <<ཡེར་པའི་དཀར་ཆག་>>གི་ནང་དུ་ཁོང་དང་ལྷན་དུ་སྐུ་མཆེད་གཉིས་ཡོད་པ་གསལ་བ་དང་། ཁོང་གི་སྐུ་མཆེད་སྦ་དཔལ་དབྱངས་ནི་རྒྱལ་པོ་མུ་ནེ་བཙན་པོའི་རིང་དུ་སྐུ་གཤེགས་ཡོད་པ་འདྲ། ཁོང་སྐུ་གཤེགས་ཁར་“ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་ཕྱུང་།”24ལྟ་བུའི་ལོ་རྒྱུས་ཡོད། འདི་ལ་དཔྱད་ན་དུས་སྐབས་དེ་ནི་ཕལ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་མཇུག་གམ་ཡང་ན་མུ་ནེ་བཙན་པོའི་སྐབས་སུ་འཁེལ་བ་ལྟ་བུ་སྣང་ནའང་། སྐབས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོར་ངེས་པར་དུ་བཞུགས་དགོས་པ་ཆགས་ཡོད། དེའི་རྒྱུ་མཚན་ནི་ཁོང་གིས་རྒྱལ་པོ་ལྷ་སྲས་དར་མ་མ་བཀྲོངས་བར་དུ་བྲག་ཡེར་པ་ནས་བསམ་ཡས་སུ་གཤེགས་པའི་ལོ་རྒྱུས་མེད་པ་དང་། ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོའི་སྐབས་ཀྱི་མཁན་པོ་ནི་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་རྣམ་གཉིས་ཡིན་ལ། ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་མཁན་པོ་ནི་ཕལ་ཆེར་ཤཱནྟི་ཞུ་བ་ཡིན་སྟབས། བསམ་ཡས་ཀྱི་མཁན་པོ་རྣམས་ཀྱི་མཚན་ཐོ་གུང་བསྒྲིགས་ན་དོན་དངོས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོར་ག་དུས་ཤིག་ལ་ཕེབས་པ་མི་ཤེས་པས་དཔྱད་པར་འཚལ།
ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པར་བཞུགས་སྐབས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མི་གཞོན་མང་པོ་རབ་ཏུ་བྱུང་བར་བརྟེན་བོད་རྒྱལ་ཁབ་ལ་གྱོང་གུད་ཕོག་པས། རྒྱལ་པོ་ལྷ་སྲས་དར་མ་གཙོས་པའི་བློན་ཆེན་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་ཀྱིས་མི་གཞོན་རབ་ཏུ་བྱུང་བ་རྣམས་བཀག་པ་དང་། གྲྭ་པ་འགའ་ཤས་ཁྱིམ་དུ་ཕབ་པ་སོགས་ཀྱི་གནས་སྟངས་སྡུག་པོ་བྱུང་ཡོད། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་རྙིང་པ་དཔེར་ན་<<སྦ་བཞེད་>>དང་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>སོགས་ཀྱི་ནང་དུ་རྒྱལ་པོ་ལྷ་སྲས་དར་མས་ཆོས་བསྣུབས་པའི་སྐོར་ཅུང་ཟད་གསལ་བ་དང་། ཉེ་རབས་བརྗོད་གཞི་འདིའི་སྐོར་ལ་རྩོམ་ཡིག་འབྲི་མཁན་མང་པོ་བྱུང་ཡོད་སྟབས་ཕྲན་གྱིས་ཡིག་ཚོགས་བསྐྱུངས་པ་ཡིན། མཁར་རྨེའུ་བསམ་གཏན་གྱིས་བརྩམས་པའི་“བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་ལོ་རྒྱུས་མདོར་བསྡུས་ཞེས་པ་ནི་ཚན་རིག་དང་མཐུན་པའི་དཔྱད་རྩོམ་ལེགས་པོ་ཞིག་རེད་སྙམ།
གང་ལྟར་བོད་ཀྱི་དགོན་པ་ཁག་དང་བསམ་ཡས་ཀྱི་གྲྭ་པ་ཚོའི་གནས་སྟངས་གནམ་ས་བླ་འོག་ཏུ་སྒྱུར་བཞིན་པའི་དུས་དེར། དཔལ་གྱི་མགོན་པོ་དང་དཔལ་གྱི་ལྷ་མོས་གཙོས་པའི་གྲིབ་ཀྱི་བཙན་རྫོང་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་རྒྱལ་པོ་ལྷ་སྲས་དར་མ་གསོད་དགོས་པའི་སྐུལ་སློང་དང་། གསོད་པའི་དུས་སུ་གྲོགས་དན་མཛད་པར་ཁས་ལེན་མཛད་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་ཀྱང་རྒྱལ་པོས་བསྟན་པ་བསྣུབས་པར་མཁྱེན་ཏེ་སྙིང་རྗེ་ཁྱད་པར་ཅན་འཁྲུངས་པ་སོགས་བོད་ཀྱི་ལོ་རྒྱུས་<<སྦ་བཞེད་ཞབས་བཏགས་མའི་>>ནང་དུ་གསལ་བ་དང་། ཕྱིས་བྱུང་ལོ་རྒྱུས་སྨྲ་པ་ཚོས་ཀྱང་འདི་ལ་གཙིགས་ཆེན་གནང་ཡོད། འོན་ཀྱང་<<ཉང་རལ་ཆོས་འབྱུང་>>གི་ནང་དུ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་བའི་ལོ་རྒྱུས་བཀོད་འདུག་ལ། གཞན་<<ཆོས་འབྱུང་གི་ཡི་གེ་ཞིབ་མོ་>>དང་། <<ཆོས་འབྱུང་མཁས་པའི་དགའ་སྟོན་>>སོགས་ཀྱི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཕོད་ཀ་དང་ཞྭ་དཀར་ཕྱི་ནག་པོ་གྱོན་ཞིང་། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག དེ་ནས་རྟ་དཀར་སོལ་བ་ཞུགས་པ་ལ་བྱོན་ནས་ལྷ་སར་ཕེབས་ཏེ། རྒྱལ་པོས་རྡོ་རིང་གི་ཡི་གེ་གཟིགས་བཞིན་ཡོད་པའི་གླགས་དང་བསྟུན་ནས་མདའ་འཕངས་ཏེ་བཀྲོངས་པའི་ལོ་རྒྱུས་གསལ་མོད། <<ལྡེའུ་ཆོས་འབྱུང་>>གི་ནང་དུ་རྒྱལ་པོ་མདའ་ཡིས་བཀྲོངས་པར་མིན་པར་“རྒྱལ་པོའི་སྐེ་རལ་གྲིས་བཅད་དོ།”25ཞེས་དང་། <<སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་>>ལས་“སྙིང་གར་མདུང་བརྒྱབ་ནས་བཀྲོངས་སོ།”26ཞེས་འབྱུང་བ་སོགས་མདོར་ན་སྤྱི་ལོ་༨༤༢ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་པར་དོགས་པ་རྣམ་རྟོག་མེད་ལ། རྒྱའི་ཡིག་ཚང་དུའང་རྒྱལ་པོ་“བཀྲོངས་” ཞེས་པའི་ཐ་སྙད་འབྱུང་ངོ་།
དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་མི་གཞན་དང་ལྷན་དུ་གྲོས་བཏབ་ནས་རྒྱལ་པོ་བཀྲོངས་ཡོད་པ་དཔེར་ན་<<ཡེར་པའི་དཀར་ཆག་>>ཏུ་“འབངས་ལྔ་ཡོད་པ་རྒོད་མ་དཀར་པོ་ཡོད་པ་གཡར། རྒྱལ་བོ་གསོད་པའི་དུས་བྱས།”27ཞེས་དང་། ཡང་། “དར་མ་དཔོན་གཡོག་གཉིས་དང་འཛོམས་པའི་དུས་བཏབ།”28ཞེས་འབྱུང་བ་ལྟ་བུ། <<ལྡེའུ་ཆོས་འབྱུང་>>དུའང་“ཡེར་པ་ལྷ་རི་སྙིང་པོ་ན་བཞུགས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་གསོད་པའི་གྲོས་ བྱས།”29ཞེས་གསལ་བ་སོགས་ཀྱི་ཚིག་ཟུར་ལ་བརྟག་ན་ཤེས་ནུས་པ་ཞིག་རེད་ལ། སྐབས་དེར་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་དུ་སྣུབས་སངས་རྒྱས་ཡེ་ཤེས་ལྟ་བུ་རྒྱལ་པོ་དཀྲོང་འདོད་པའི་ སྔགས་པ་ཡོད་པ་དང་། ཕོ་བྲང་གི་ནང་དུའང་སངས་རྒྱས་ཆོས་ལ་དགའ་བའི་བློན་པོ་ཡོད་སྟབས། ལྷ་ལུང་དཔལ་གྱི་རྡོ་རྗེས་མི་དེ་དག་གི་གཞོགས་འདེགས་ཀྱི་འོག་ཏུ་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་པ་གསལ་པོ་རེད། ཡིན་ནའང་ཁོང་གིས་རྒྱལ་པོ་བཀྲོངས་རྗེས་ཕྱིར་བྲག་ཡེར་པར་ཕེབས་ཚུལ་གྱི་འཆར་ཡན་རིང་ལུགས་ཀྱི་རྣམ་པར་འདྲེས་པའི་ལོ་རྒྱུས་ཤིག་ཡོད་པ་དེ་བདེན་པ་འདྲ་ནའང་བདེན་སྟོབས་མི་ཆེ། རྒྱུ་མཚན་ནི་གོང་དུ་ཟུར་ཙམ་གླེང་ཟིན་པ་ལྟར། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་དཀྲོང་པར་ཐབས་ཇུས་བཏིངས་ཡོད་སྟབས། ཁོང་ཕྱིར་སྒྲུབ་གནས་སུ་ཕེབས་ན་ཐབས་ཇུས་གནང་མེད་པ་སྟོན་གྱི་ཡོད་ལ། ཁོང་ལ་རྗེས་འདེད་གཏོང་མཁན་དེས་ཀྱང་ཁོང་ནི་རྒྱལ་པོ་བཀྲོངས་མཁན་ཡིན་པ་ཤེས་བཞིན་དུ་སྣང་མེད་དུ་བསྐྱུར་ཡོད་པ་ལྟ་བུ་རེད།
ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་རྗེས། ཁོང་གི་སྐུ་མཆེད་རྡོ་རྗེ་སྤུན་དྲུག་སོགས་ཀྱང་འབྲུག་ཡུལ་དུ་བྱོན་ནས་གདུང་རྒྱུད་འཕེལ་ཚུལ་སོགས་<<འབྲུག་གི་ལོ་རྒྱུས། འབྲུག་གསལ་བའི་སྒྲོན་མེ་>>རུ་གསལ་བས་འདིར་མ་བྲིས། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་ཁོང་“ཁམས་སུ་བྲོས་”ཞེས་འབྱུང་ནའང་། ཁོང་ཇི་ལྟར་བྲོས་ཚུལ་དང་། ས་ཆ་གང་དང་གང་བརྒྱུད་ནས་བྲོས་པ་སོགས་མི་གསལ་བས། ཕྲན་གྱིས་ཞིབ་ཏུ་བཙལ་སྐབས་<<ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་>>ལས་“དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལྷོ་ཁམས་བརྒྱུད་ནས་རིམ་གྱིས་མདོ་སྨད་ཕྱོགས་སུ་བྱོན་ནོ།”30ཞེས་དང་། <<ཀུན་མཁྱེན་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་བཀའ་འབུམ་>>དུ་“དེ་ནས་ཁོང་རྒྱ་ནག་ཏུ་བྲོས་པས་ཐར།”31ཞེས་གསལ་བ་གཉིས་རྙེད་བྱུང་། སྐབས་འདིའི་ལྷོ་ཁམས་ཞེས་པ་ནི་ཁམས་མི་ཉག་དར་རྩེ་མདོའི་ཕྱོགས་ལ་གོ་དགོས་པས། ཕལ་ཆེར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་རྗེས་ཁོང་ཡུ་གུར་ཕྱོགས་སུ་བྲོས་ཏེ་དར་སི་ཚོང་ལམ་བརྒྱུད་ཡོད་པ་དང་། དེ་ནས་ཇ་རྟའི་ཚོང་ལམ་དུ་ཞུགས་ནས་ཁམས་དར་རྩེ་མདོར་སླེབས་པ་མིན་ནམ་སྙམ། ཕྱིས་སུ་ཁོང་དགེ་སློང་གི་སྡོམ་པ་ཞུས་པའི་ཁ་སྐོང་དུ་བཞུགས་མ་ཐུབ་པའི་སྐབས་དེར། ལྷ་ལུང་དཔལ་གྱི་རྡོ་རྗེ་རྒྱའི་ཧྭ་ཤང་གཉིས་ལ་འབྲེལ་བ་ཡོད་པ་དང་། ཁོང་རྒྱའི་ཧྭ་ཤང་གཉིས་ལ་དར་སི་ཚོང་ལམ་དང་འཁེལ་བའི་ཏུན་ཧོང་བྲག་ཕུག་ནས་ཐུག་འཕྲད་བྱུང་ཡོད་པ་ལྟ་བུའི་ཚོད་དཔག་ཀྱང་བྱེད་ཆོག་པ་རེད། དེ་བཞིན་དུ་མི་ཉག་ཕྱོགས་སུའང་བླ་མ་སངས་རྒྱས་རིན་ཆེན་ཞུ་བ་ཞིག་ཡོད་པ་དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་པའི་གྲགས་སྐད་ཆེ་ཞིང་། ཁོང་གིས་གནས་ཆེན་རི་བོ་གངས་དཀར་དང་། མི་ཉག་ལྔ་བརྩེགས་ཕོ་བྲང་སོགས་སུ་གྲུབ་རྟགས་སྣ་ཚོགས་བསྟན་པའི་ངག་རྒྱུན་ད་དུང་ཡང་མ་ཉམས་པར་ཡོད་པར་བརྟག་ན་ཁོང་དར་རྩེ་མདོར་སླེབས་ཡོད་ཚོད་འདུག
འོན་ཀྱང་། <<དན་ཏིག་དཀར་ཆག་>>ཏུ་དན་ཏིག་ཕྱོགས་ཀྱི་ཨ་མ་ཅར་ཞེས་པའི་ཡུལ་དེ་ནས་བོད་དམག་གིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཟིན་ལ་ཁད་བྱེད་སྐབས། ཁོང་ཐུགས་འཇིགས་ཏེ་གསུང་སྐད་ཤོར་བ་དང་། དེ་ནས་བྲོས་ཏེ་རྨ་ཆུའི་ཕར་འགྲམ་དུ་ཕེབས་པའི་ཚེ་ཁོང་འཇིགས་པ་ལས་ཐར་པའི་ངག་རྒྱུན་ཞིག་དྲངས་ཡོད་32པ་དེ་དང་། <<རྨ་འགྲམ་བྲག་གི་ལོ་རྒྱུས་>>ལས་“མཁས་པ་མི་གསུམ་ལ་དམེ་གྲིབ་ཕོག་པར་དོགས་ནས་ཁོང་རྣམ་པ་གསུམ་གནས་འདི་དང་ཐག་ཉེ་བའི་སྒོམ་གཞི་ཟེར་བར་ཕེབས་པར་བཅུག་ཅིང་ལྕགས་ཀྱི་མདའ་གཞུ་སྒྲུབ་ཁང་མདུན་གྱི་འབུམ་ཁང་གླས་ཞེས་པར་གཏེར་དུ་བཅུག་ཀྱང་རྡོ་སྤུངས་མཛད།”33ཞེས་འབྱུང་བ་ལས་མདའ་གཞུ་སྦས་ཚུལ་སོགས་ལ་བསམ་བློ་བཏང་ན། ཁོང་དར་རྩེ་མདོ་ནས་མ་བཞུགས་པར་ཐད་ཀར་མདོ་སྨད་དུ་ཕེབས་པར་མངོན།
ལྷ་ལུང་དཔལ་གྱི་རྡོ་རྗེ་མཁས་པ་མི་གསུམ་དང་མཇལ་བའི་སྔ་རྗེས་དང་། སྒོམ་སྒྲུབ་མཛད་པ། མཐར་སྐུ་གཤེགས་པའི་སྐོར།
བོད་ཀྱི་མཁས་པ་མི་གསུམ་མངའ་རིས་ཕྱོགས་སུ་བྲོས་ཏེ། གར་ལོག་དང་། དེ་ནས་ཧོར་ཡུལ་བརྒྱུད་དེ་རིམ་གྱིས་མདོ་སྨད་ཕྱོགས་སུ་ཕེབས་ཏེ་ཐོག་མར་རྨ་འགྲམ་རྡོ་རྗེ་བྲག་ར་ཞེས་པའི་སར་སྒོམ་སྒྲུབ་བྱེད་ཅིང་བཞུགས་པའི་སྐབས་སུ། ལྷ་ལུང་དཔལ་གྱི་རྡོ་རྗེའང་གནས་དེར་ཕེབས་ཏེ་མཁས་པ་མི་གསུམ་དང་ཐོག་མར་མཇལ་བར་གྲགས་ཤིང་། ལོ་རྡོ་རྗེ་བྲག་ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་མཁས་པ་མི་གསུམ་དང་ཞལ་མཇལ་བྱུང་སྐབས། གོང་དུ་གླེང་བ་ལྟར། ལྷ་ལུང་དཔལ་གྱི་རྡོ་རྗེར་རང་ཉིད་རྒྱལ་པོ་བཀྲོངས་པའི་སྡིག་ཅན་དང་དམེ་ཅན་དུ་བལྟས་ནས་ཅུང་རྒྱང་རིང་དུ་བསྡད་ཅིང་། རྒྱལ་པོ་དགྲོང་བྱེད་ཀྱི་མདའ་གཞུ་སྒྲུབ་ཕུག་གི་འདབས་སུ་སྦས་པ་དང་། དེང་སང་དེར་“འབུམ་ཁང་འཇའ་འོད་མ་”ཞེས་འབོད་ཟེར། གང་ལྟར་དེ་ནས་བཟུང་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁས་པ་མི་གསུམ་གྱི་སྐུ་སྲུང་མཛད་ཕྱིར་མར་གཡོ་གཙང་གསུམ་གྱི་སྒྲུབ་ཕུག་མཐོང་བའི་ཤ་མ་ལུང་པའི་བྲག་ཕུག་ཏུ་རྒྱུན་བཞུགས་གནང་བ་དང་། ཕྱིས་སུ་མདོ་སྨད་རྫོང་གསུམ་མམ་རྫོང་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་ལོ་ངོ་ཉི་ཤུ་རྩ་སྟོད་ཅིག་ལ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་། དེང་སང་ཡང་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད་ལ། <<ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་>>སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་ནི་“དེ་ནས་གསང་བའི་རིམ་པ་ཤར་གྱི་ཕྱོགས་ན་འུག་རྫོང་སྟེ། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་དང་དེའི་ཀླད་ཀྱི་བྲག་ལྡེབས་སུ་མཆོད་རྟེན་ཆ་བརྒྱད་རང་བྱོན་ཀུན་གྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་སོན་ཐུབ།” 34ཞེས་གསལ་བ་ལྟར་རོ།
ཕྱིས་སུ་བོད་ཀྱི་མཁས་པ་མི་གསུམ་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས་པ་དང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་མ་རྫོགས་པའི་སྔོན་དེར། མཁས་པ་མི་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་དགེ་སློང་གི་སྡོམ་པ་ཞུ་བའི་ཁ་སྐོང་དུ་བཞུགས་པར་ཞུས་སྐབས། ཁོང་ཁམས་ཀློང་ཐང་ན་བཞུགས་པ་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>དུ་“སྔར་ལྷ་ལུང་དཔལ་རྡོར་བ་གསུམ་ཀློང་ཐང་ན་འདུག་པར་ཐོས་ནས་བཙལ་བས་ཁོང་ན་རེ་ངས་རྒྱལ་པོ་བསད་པས་ཁ་སྐོང་འོང་གཞན་བཙལ་གྱི་གསུངས་་་།”35ཞེས་འབྱུང་ལ། <<བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་>>དུ་“སྐབས་དེར་ཤར་སྟོང་རིའི་ལྷ་ལུང་སྒྲུབ་ཕུག་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་པ་ལ་ཞུས་པས། ངས་སྡིག་རྒྱལ་གླང་དར་མ་བསད་པས་ཁ་སྐོང་དུ་མི་འོས་”36ཞེས་གསལ་བ་ལ་བལྟས་ན་ཁོང་མདོ་སྨད་དུ་བཞུགས་ཚུལ་བསྟན་ཡོད། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་(1910-1985)གིས་དཔལ་བོ་གཙུག་ལག་ཕྲེང་བར་བླ་ཆེན་པོ་མདོ་སྨད་དུ་འཁྲུངས་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡང་ལྷ་ལུང་སྒྲུབ་ཕུག་ན་སྒོམ་སྒྲུབ་མཛད་བཞིན་ཡོད་སྟབས། དགེ་སློང་གིས་ཁ་སྐོང་འཚོལ་བའི་དོན་དུ་དན་ཏིག་ནས་ཁམས་ཀློང་ཐང་འདྲ་ལ་འགྲོ་བ་ནི་ཚེགས་ཆེན་པོ་རེད་ཅེས་དགག་པ་མཛད་འདུག ཡང་། ཉང་ཉི་མ་འོད་ཟེར་(1136-1204)གྱིས་“རྒྱ་དར་རྩེའི་ཚོང་འདུས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ལས་ཀྱི་ཁ་སྐོང་ཞུས། ་་་”37ཞེས་ཁམས་དར་རྩེ་མདོ་ན་བཞུགས་ཡོད་ཚུལ་གསུངས་ཡོད་ལ། སྤྱིར་<<ཉལ་རལ་ཆོས་འབྱུང་>>ནི་ཆོས་འབྱུང་རྙིང་པའི་གྲལ་ནས་གདེང་ཚོད་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་ནའང་། སྐབས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་དར་རྩེ་མདོར་ཕེབས་པའི་ལོ་རྒྱུས་མ་མཐོང་བས། རེ་ཞིག་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གསུང་དེ་གཞི་ལ་འཇོག་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། <<སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་>>ནང་དུ་ཨ་ཆུང་གནམ་རྫོང་དུ་དབུས་པ་མི་དྲུག་དང་རྒྱའི་ཧྭ་ཤང་གཉིས་འཛོམས་ཏེ་བརྒྱད་པོ་འཚོགས་ནས། ལྷ་ལུང་དཔལ་དབྱངས་རབ་འབྱོར་གྱིས་མཁན་པོ་བགྱིས་པའི་ལོ་རྒྱུས་དེ་ལའང་དཔྱད་དགོས་པར་སྣང་ལ། ལྷག་པར་དུ་ཆོས་འདུལ་བའི་གཞུང་ན་མི་གཅིག་བསད་པའི་གང་ཟག་ཅིག་གིས་དགེ་སློང་གི་ཁ་བསྐོང་མི་རུང་བ་གསུངས་ཡོད་བཞིན་དུ། མཁས་པ་མི་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་དགེ་སློང་གི་ཁ་སྐོང་ཞུས་པ་དེ་ལའང་དོགས་པ་ཞིག་མི་སྐྱེས་ཀ་མེད་རེད།
གང་ལྟར་ཡང་། ལྷ་ལུང་དཔལ་གྱི་རྡོ་རྗེ་དན་ཏིག་དང་། སྟོང་རི་གཡུ་མཚོའི་འགྲམ་དང་ཉེ་བའི་ལྷ་ལུང་སྒྲུབ་ཕུག་སོགས་སུ་སྒོམ་སྒྲུབ་མཛད་ཡོད་པ་གསལ་པོ་རེད་ལ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་(1801-1866)ཀྱིས་“གང་ལྟར་མཁས་པ་མི་གསུམ་དང་བླ་ཆེན་པོའི་བཀའ་དྲིན་ལས་བསྟན་པའི་མེ་རོ་གང་ནས་བསླང་བའི་གཞིར་གྱུར་པས་འཕགས་ཡུལ་དབུས་འགྱུར་འཆང་གཉིས་པར་བསྔགས་འོས་པ་འདི་བྱུང་། དན་ཏིག་རྒྱལ་བུ་དོན་གྲུབ་ཕེབས་པའི་གནས་སུ་བཤད་ཅིང་ལྷ་ལུང་དཔལ་རྡོར་གྱིས་ཡུན་རིང་སྒྲུབ་པ་མཛད་”38ཅེས་གསུངས་འདུག་ལ། དེ་བཞིན་དུ་དན་ཏིག་ཕྱོགས་སུ་ལྷ་ལུང་དཔལ་གྱི་རྡོ་ རྗེ་བཞུགས་སའི་བྲག་གི་ཕུག་པ་སོགས་མཇལ་རྒྱུ་ཡོད་པ་མ་ཟད། ཁོང་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་ཀྱང་ད་དུང་ཡུལ་མིའི་ངག་ལ་འཇགས་བསྡད་ཡོད།
ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་ལྷ་ལུང་དཔལ་གྱི་རྡོ་རྗེས་གནམ་ལྡེ་འོད་སྲུང་ལ་ཚེ་དབང་གནང་བ་ཞེས་ཁོང་གི་སྐུ་ཚེའི་སྨད་དུ་དབུས་སུ་ཕེབས་པ་ལྟ་བུ་བསྟན་ཡོད་ནའང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་སུ་བྲོས་ཏེ་མདོ་སྨད་དུ་ཕེབས་པས་འོད་སྲུངས་སྐུ་ནར་སོན་རྗེས་ཆོས་འབུལ་བའི་གོ་སྐབས་མེད་ལ། འོད་སྲུང་ལ་མཚོན་ན་ཁོང་ནི་རང་ཉིད་ཀྱི་ཕ་གསོད་མཁན་ཡིན་སྟབས་དེ་ལྟར་གནང་མི་སྲིད་པས་གསུང་རྒྱུན་འདི་མ་དག་པ་རེད་སྙམ། དེས་ན་ཁོང་དན་ཏིག་ཕྱོགས་ནས་ཁམས་ཀློང་ཐང་དུ་ཕེབས་པ་<<ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་>>སུ་“སྐུ་ཚེའི་སྨད་དུ་རི་བོ་དན་ཏིག་དང་ཁམས་ལྡན་ཐང་དུ་བྱོན་ནས་བསྟན་པ་ལ་བྱ་བ་མང་པོ་བྱས།”39ཞེས་འབྱུང་ལ། ད་དུང་ཁམས་འདན་བཀྲ་ཤིས་རྣམ་རྒྱལ་གླིང་དུ་ཕེབས་ཚུལ་“ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་རྒྱལ་དབང་པདྨ་ཀཱ་ར་རྗེ་འབངས་དང་བཅས་པ། ལྷ་ལུང་དཔལ་རྡོར། ་་་ རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས།”40ཞེས་གསལ་བ་འདི་རེད། ལྷག་པར་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་ཕེབས་ཚུལ་ཞིག་<<འདན་མའི་ལོ་རྒྱུས་གསེར་གྱི་འོད་ཐིག་>>ཏུ་གསལ་བ་དྲངས་ན་“བོད་ཀྱི་ནང་ཆོས་ལ་མཛད་རྗེས་རླབས་པོ་ཆེ་ལྡན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེ། རིག་པའི་དཔའ་བོ་འཇུ་མི་ཕམ་བཅས་སྐྱེས་མཆོག་རྣམས་ཆོས་དབྱིངས་སུ་ཐིམ་པའི་གནས།”41ཞེས་འབྱུང་བ་ཙམ་དུ་མ་ཟད། དུས་ད་ལྟའང་ཡུལ་དེར་ལྷ་ལུང་དཔལ་གྱི་རྡོ་རྗེས་སྒྲུབ་པ་ཉམས་ལེན་གནང་སའི་ཕུག་པ་ཡོད་ཅིང་། ཁོང་གི་གདུང་རྟེན་ལས་བཞེངས་པའི་བྱང་ཆུབ་མཆོད་རྟེན་དང་བཅས་པ་ཡོད་པ་སོགས་ལ་བལྟས་ན། ཕལ་ཆེར་བོད་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ཞེས་གྲགས་པ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའམ་ལྷ་ལུང་དཔལ་རྡོར་ཞུ་བ་ཁོང་ཁམས་ཀྱི་ས་ཆ་ཀློང་ཐང་ནས་སྐུ་གཤེགས་པ་མིན་ནམ་སྙམ། སྐུ་གཤེགས་ཡུལ་ནི་ཀློང་ཐང་སྒྲོལ་མ་ལྷ་ཁང་ངམ་ཡང་ན་ཁོང་གི་སྒྲུབ་ཕུག་གང་ཡིན་མ་ཤེས་མོད། ངག་རྒྱུན་དུ་སྐུ་འོད་ཀྱི་ཕུང་པོ་ཡལ་བར་གྲགས་པའམ་ཡང་ན་འཇའ་ལུས་སུ་འཐིམ་ཚུལ་གྱི་རྗོད་སྲོལ་ཞིག་ཀྱང་འདུག
ད་ནི་མཐའ་བསྡོམས་ཀྱི་ཚུལ་དུ་འདི་འདྲ་ཞིག་བརྗོད་འདོད་བྱུང་། ཀ་ཐོག་ཚང་གིས གསུངས་པའི་ལོ་ཚིགས་དེའི་དབང་དུ་བྱས་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་རེད། ང་ཚོས་ཁོང་གི་གཤེགས་ལོ་མི་ཤེས་ཀྱང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་སྐབས་ཁོང་མདོ་སྨད་དུ་བཞུགས་ཡོད་པ་ལ་དོགས་པ་རྣམ་རྟོག་མེད། སྤྱིར་བླ་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་བཞེད་པ་མང་ནའང་། སྐབས་འདིར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཅེས་པར་བསྟུན་ནས་བཤད་པའི་བླ་ཆེན་པོའི་འཁྲུངས་ལོ་དེ་སྤྱི་ལོ་༨༩༢ དང་འདས་ལོ་སྤྱི་ལོ་༩༧༥ལ་ངོས་འཛིན་བྱ་རྒྱུ་ཡིན། དེར་བརྟེན་བླ་ཆེན་པོ་བསྙེན་པར་རྫོགས་དུས་ནི་སྤྱི་ལོ་༩༤༡རེད། དེས་ན་བླ་ཆེན་པོ་བསྙེན་པར་རྫོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་༡༥༧ཡས་མས་ལ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་དན་ཏིན་ཕྱོགས་ན་བཞུགས་ཤིང་། དེ་ནས་ཁམས་ཀློང་ཐང་ཕྱོགས་སུ་ཕེབས་པ་སོགས་ལ་རོབ་རྩིས་ཤིག་བརྒྱབ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བརྒྱ་དང་དྲུག་ཅུའམ་ཡང་ན་བརྒྱ་དང་བདུན་ཅུ་ལྷག་ལ་བཞུགས་པ་འདྲ་བས། འདི་ན་གསང་བ་ཆེན་པོ་ཞིག་འདུག་ལ། ཕྲན་གྱིས་གོང་དུ་གླེང་ཟིན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འདི་ནི་གང་ཟག་གཅིག་གི་ལོ་རྒྱུས་སམ། ཡང་ན་གང་ཟག་གཉིས་ཀྱི་ལོ་རྒྱུས་ཡིན་མིན་གསལ་པོ་མི་ཤེས་པས་དོགས་པ་ཞིག་རང་ཤུགས་སུ་སྐྱེས་བྱུང་། དོགས་པ་ནི་དོགས་པ་རང་ཡིན་ལ། དོགས་པ་དེ་སེལ་བར་ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མ་རྙེད་པར་བརྟེན་རེ་ཞིག་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ།
_________________________________________
* བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་འབྲེལ་ཡོད་ཀྱི་ཡིག་ཆ་སོགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
1 དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས ༡༨༦༨ “ཡེར་པའི་དཀར་ཆག་འདི་ལ་མི་འདྲ་བ་ཁ་ཤས་ཡོད་པ་སྟེ། ལ་སྟོད་དམ་པ་དམར་པོས་གཏེར་ནས་བཏོན་པའི་ཡེར་པའི་དཀར་ཆག་དང་། བླ་མ་ཟངས་རི་བས་བྲག་ཡེར་པ་ཉམས་གསོ་གནང་སྐབས་སྤེའུ་སེར་པོ་ནས་ཐོན་པའི་ཡེར་པའི་དཀར་ཆག ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་བཅས་ཡོད་”ཅེས་བཞི་རུ་ཕྱེ་གནང་མཛད་ཡོད། ཕྲག་གྱིས་འདྲི་རྩད་བྱས་པ་ལྟར་ན་དཀར་ཆག་འདི་ལ་ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་དང་། ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་གཉིས་ལས་མེད་པར་གྲགས།
2 དེབ་ཐེར་སྔོན་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ལྦཱ་ཎ་བཛྲ་བིདྱྰ་དཔེ་མཛོད་ཁང་། ༢༠༠༢ ལོ། ཤོག་གྲངས ༥༢༥
3 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
4 ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༡༩༢
5 རིན་ཆེན་གཏེར་མཛོད་ཆེན་མོ། བློ་གྲོས་མཐའ་ཡས། ཞེ་ཆེན་དཔེ་མཛོད་ཁང་། པོད་དང་པོ། ༢༠༠༧-༢༠༠༨ ལོ། ཤོག་གྲངས ༤༢༠
6 ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༢༩
7 བོད་སིལ་བུའི་དུས་ཀྱི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ནོར་བྲང་ཨོ་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས ༦༩
8 དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་གྲངས ༢༡༦༧
9 ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
10 ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
11 ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
12 བོད་སིལ་བུའི་དུས་ཀྱི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ནོར་བྲང་ཨོ་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས ༦༩
13 བོད་ཀྱི་ལོ་རྒྱུས་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན། གདོང་ཐོག་བསྟན་པའི་རྒྱལ་མཚན། ས་པན་བཤད་སྒྲུབ་གླིང་། ༢༠༠༤ ལོ། ཤོག་གྲངས ༡༤༦
14 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
15 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
16 ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
17 སྒྲུབ་པའི་གནས་མཆོག་ཡེར་པའི་དཀར་ཆག་དད་པའི་ས་བོན། སྣུམ་པར། ལྷ་ས་ཆབ་གྲོས་ནས་པར་བཏབ། ཤོག་གྲངས ༢༤
18 སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༨
19 སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༨
20 སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༩ ལུང་འདི་ནི་སྒྲིག་མཁན་གྱི་མཆན་ཞིག་ཡིན་པ་འདྲ། ད་དུང་“སྦ་ཁྲི་བཞེར་གྱི་བུ་སང་ཤི་ཏ་ཡང་ཟེར་”བ་ལྟ་བུ་འབྱུང་བར་བརྟེན། ཕྲན་གྱིས་སྦ་བཞེད་ཁག་མ་འདྲ་བ་བཞི་བཀླགས་ནས་བསྡུར་ནའང་། སྐབས་རེར་སྦ་གསལ་སྣང་དང་། སྦ་དཔལ་དབྱངས། རྒྱའི་བཙུན་པ་སངས་ཤི་གསུམ་གང་ཟག་སུ་ཡིན་གསལ་པོ་མི་ཤེས་པ་དང་། དེ་དག་གང་ཟག་གཅིག་ལ་འཁྲུལ་ཉེན་ཆེ་བས་ཞིབ་འཇུག་ངྱེད་དགོས་པར་སྣང་།
21 མདའ་དང་འཕང་། མཁར་རྨེའུ་བསམ་གཏན་རྒྱལ་མཚན། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས ༡༤
22 Tibet: A History. Sam Van Schaik. Yale University Press. Publication 2011. P 46 “ Lhalung Palgyi Dorjee was the ninth abbot of Samye, the great temple built in the reign of Trisong Detsen.”
23 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༣ – ༤ བར།
24 སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས ༡༥༤
25 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས ༣༥༦
26 བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས ༣༡
27 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༤ – ༥ བར།
28 ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༤ – ༥བར།
29 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས ༣༥༦
30 ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས ༢༢༨
31 ཀུན་མཁྱེན་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་བཀའ་འབུམ། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་དང་བཅས་པ་བཞུགས་སོ། ཤིང་པར་དུ་གསལ། ཤོག་གྲངས་མི་གསལ།
32 མདོ་སྨད་གྲུབ་པའི་གནས་ཆེན་དན་ཏིག་ཤེལ་གྱི་རི་བོ་ལེ་ལག་དང་བཅས་པའི་དཀར་ཆག་དོན་ལྡན་ངག་གི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། ཚེ་ཏན་ཞབས་དྲུང་། ཤིང་པར། ཅ། དན་ཏིག ཉེར་གསུམ།
33 མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་བཞུགས་སོ། བློ་བཟང་སྙན་གྲགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས ༢༣
34 ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༢༩
35 ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༢༤༥
36 བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག་ཅེས་བྱ་བ་བཞུགས་སོ། ཚེ་ཏན་ཞབས་དྲུང་། ཤིང་པར། ག བླ་ཆེན དྲུག
37 ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས ༤༣༤
38 མདོ་སྨད་ཆོས་འབྱུང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་། ཤོག་གྲངས ༡༩
39 ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༣༠
40 ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་། འཇིགས་མེད་བསམ་གྲུབ་སོགས་ཀྱིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས ༢༦༦
41 འདན་མའི་ལོ་རྒྱུས་གསེར་གྱི་འོད་ཐིག འདན་ཚེ་རིང་དབང་ཕྱུག སམ་བྷོ་ཊ་པར་སྒྲིག་ལྟེ་གནས། ༢༠༠༢ ལོ། ཤོག་གྲངས ༩༤
སྙན་བཟང་གཡུང་དྲུང་ཚེ་རིང་མཆོག་གིས་རྗོད་བྱེད་ལེགས་པའི་སྒོ་ནས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ལོ་རྒྱུས་ཞིབ་པར་བཀོད་པར་རྗེས་སུ་ཡི་རངས།
བོད་ཀྱི་སྔར་གྱི་མཁས་པས་བྲིས་པའི་མིང་ཚིག་ལ་བལྟོས་མེད་ཀྱིས་ཕལ་སྐད་ཤོར་ཏེ། དིང་སང་འབྲི་བ་པོ་ཚང་མས་ཡོངས་གྲགས་བྱེད་པ་མ་དག་རྒྱུན་འབྱབས་སུ་སོང་བ་མང་། དེ་དག་ལསགཅིག་གཉིས་ཤིག་བརྗོད་པ་ནི།
་
བསྟན་བཅོས་རིག་གཞུང་དག་ན། ལན་ཞེས་པ་ཁོ་ན་ལས། ཐེངས། ཞེས་པ་ཞིག་གཏན་ནས་མེད་པ་ལྟ་བུར་འདུག
མཇལ་རྒྱུ་ཡོད་པ་མ་ཟད། ཅེས་པར་ཞེས་འབྱུང་བ་ཙམ་དུ་མ་ཟད། ཅེས་པ་ལྟར་དཔེ་ཆ་དག་པ་རྣམས་སུ་ཡོད་པ་བཞིན་དུ། མཇལ་རྒྱུ་ཡོད་པར་མ་ཟད། ཅེས་འབྲི་བ་བོད་ཀྱི་མཁས་པའི་ལུགས་ཡིན།
བཀའ་སྩལ་བའི་ལན་དུ། ཞེས་པར་སྩལ་ཞེས་པ་འདས་པ་དང་མ་འོངས་པ་གཉིས་ལས་འདས་པ་ལ་ད་ཡང་འཇུག་མི་མངོན་པའི་ངང་དུ་ཡོད་པས། སྩལ་པ་ཞེས་ཡོངས་གྲགས་ཆེ་ཡང་དིང་སང་ཕལ་སྐད་གཙོ་བོར་བྱེད་པ་བོད་ཀྱི་མཁས་པའི་ལུགས་དང་འགལ། དེར་མ་ཟད་བསྩལ་བ་ཞེས་ཀྱང་འབྲི། བོད་རྒྱ་ཚིག་མཛོད་སོགས་ན་ཡང་སྩོལ་གྱི་འདས་པ་དང་མ་འོངས་པ་ལ་བསྩལ་ཞེས་བྲིས། འདི་སོགས་ནོར་ཡོད་པ་ལ་ཚད་མར་གཟུང་ན། བོད་ཀྱི་མཁས་པས་བྲིས་པའི་དག་ཆ་འཐད་ལྡན་ལ་ཡིད་མ་ཆེས་པ་མཐོང་བཞིན་པ་ཡིན།
་
ཆོ་ག་ལོག་པར་སྒྲུབ་པ་འགས
ཡང་དག་ཆོ་ག་བྱེད་ལ་གཤེ།
སྐྱེས་བུ་ཁྱི་ཡི་མགོ་ཅན་རྣམས།
བཞིན་བཟང་བུད་མེད་ཡིན་ཞེས་བསྙད།། ༢༡ །།
ས་སྐྱ་ལེགས་བཤད། ལེའུ་ ༣པ།
་
ལོ་ཙཱ་བ། ཞེ་པའི་སྒྲ་ལ་དཔྱད་ན། ལོ་ཀ་ཞེ་ས་པ་འཇིག་རྟེན་དང་། ཙ་ཀྵུས་ཞེས་པ་མིག་གི་སྐད་དོད་ཡིན་པ་ལས་མིང་ཡིག་དང་པོ་དག་བླངས་པས། ལོ་ཙ་ཞེས་པར་བོད་ཀྱི་བདག་སྒྲ་བསྣན་པས། ལོ་ཙ་པ་ཞེས་དགོས་པ་བཞིན་དུ། ཨ་མདོའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འདི་ལྟར་བྲིས་ཏེ།
་
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།
མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ།
ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
ད་ལྟ་མ་ག་དྷ་ན་མཆིས་སོ་སྐད།།
་
༡༩༤༦ ལོར་འབྲས་ལྗོངས་སུ་སྤར་པའི་ཆོས་ཀྱི་ཚིགས་སུ་བཅད་པའི་མཇུག་བྱང་ན་ཡོད།
“སློབ་དཔོན་བྷི་མ་ལ་མི་ཏྲ།” ལེགས་སྦྱར་དག་པར་འབྲི་ན། བི་མ་ལ་མི་ཏྲ་སྟེ། དྲི་མེད་བཤེས་གཉེན་ཞེས་སོ།
་
“བོད་ཀྱི་མཁས་པ་མི་གསུམ་མངའ་རིས་ཕྱོགས་སུ་བྲོས་ཏེ། གར་ལོག་དང་། དེ་ནས་ཧོར་ཡུལ་བརྒྱུད་དེ་རིམ་གྱིས་མདོ་སྨད་ཕྱོགས་སུ་ཕེབས།”
མངའ་རིས་སྐོར་གསུམ་ཏེ། ལ་དྭགས་དེ་གསུམ་གྱི་སྐོར་གཅིག་ཡིན་འདུག བོད་རྒྱ་ཚིག་མཛོད་ན། མང་ཡུལ་ཞེས་པ་ཡིག་ནོར་འདུག དག་པར་འབྲི་ན། མར་ཡུལ་ཞེས་དགོས། མང་ཡུལ་དང་མར་ཡུལ་གཉིས་ཀ་བོད་དབུས་གཙང་གི་ནུབ་ཕྱོགས་ན་ཡོད་པས་ནོར་འཁྲུལ་བྱུང་། དེ་ཡང་མང་ཡུལ་ཞེས་པ་སྟོད་གངས་རིན་པོ་ཆེའི་ཤར་ལྷོ་དང་། མར་ཡུལ་དེའི་ནུབ་བྱང་ལྟ་བུར་ཡོད་པར་མངོན། ཐང་ཐོང་རྒྱལ་པོའི་རྣམ་ཐར་ན་མང་ཡུལ་དང་མར་ཡུལ་གཉིས་ཀ་སོ་སོར་གསལ་ཡོད།
འདིར་ངའི་ཤེས་དགོས་པ་གཙོ་ཆེ་བ་ནི། གར་ལོག ཅེས་པ་དེ་ཡིན། དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གིས་བཟུང་སྟེ། སྐུ་ལུས་དང་མཉམ་པའི་གསེར་སྟེར་ན་ལྷོད་ཅེས་པ་ན། ལྷ་བླ་མ་ཡེ་ཡེས་འོད་ཀྱིས་གསེར་དེ་རྒྱ་གར་ལ་ཁྱེར་ཏེ། པཎྜིཏ་གདན་འདྲེན་ཞུས། གར་ལོག་ལ་མ་སྤྲད་གསུངས་པས། ཕལ་ཆེར་གར་ལོག་ཅེས་པ་དེ་དིང་སང་སྦལ་ཏིའི་ཡུལ་དང་ཐག་ཉེ་བ། གིལ་གིཏ་ཞེས་པ་ཞིག་ཡོད་པས་དེ་ཉིད་ཡིན་ནམ་སྙམ་པ་ལགས།
གིལ་གིཏ་ན་མཆོད་རྟེན་འགོག་པོ་ཞིག་ན་ལེགས་སྦྱར་འདུལ་བ་སོགས་བྲིས་མ་མང་པོ་༡༩༣༡་ལ་འཐོན་པ་རྒྱ་གར་གྱི་མཁས་པ་འགས་བརྟག་གཞིགས་བྱས། Gilgit manuscript ཞེས་པ་ན། ཁོ་བའི་བསམ་བློར་བོད་ཡིག་ཀྱང་ཡོད་སྙམ་པའི་སྣང་བ་མཆིས་སོ།
་་་་་་ ཁོང་ཁམས་ཀློང་ཐང་ན་བཞུགས་པ་<>དུ་“སྔར་ལྷ་ལུང་དཔལ་རྡོར་བ་གསུམ་ཀློང་ཐང་ན་འདུག་པར་ཐོས་ནས་བཙལ་བས་ཁོང་ན་རེ་ངས་རྒྱལ་པོ་བསད་པས་ཁ་སྐོང་༼མི་༽འོང་གཞན་བཙལ་གྱི་གསུངས་་་།”35ཞེས་འབྱུང་ལ། ་་་་་་
ཀྱེ་མ། ལྷ་ལུང་དཔལ་རྡོར། གལ་སྲིད་ཁྱོད་ནི་གླེན་པ་ཞིག་མིན་ཚེ། བཙན་པོ་མ་དགྲོངས་སྔོན་ལ་རང་ཉིད་ཀྱིས་རྒྱལ་ས་འཛིན་ནུས་མིན་དང་། ཡང་ན་གཞན་ཞིག་ཁྲིར་འདོན་ནུས་མིན་ལ་བསམ་གཞིགས་ཅིས་ཀྱང་བགྱིས་ངེས། འོན་ཀྱང་གླེན་པ་ཁ་ནག་ཁྱོད་ལ་ནི་བཙན་པོ་རྒྱལ་རབས་སྐྱོབ་པའི་རྣམ་དཔྱོད་ལྟ་ཅི། རྒྱལ་ཁམས་འཇིག་ཅིང་ཡུལ་འབངས་ལ་སྡུག་བསྔལ་གྱི་མུན་པ་འཐིབ་རྒྱུར་སེམས་ཁྲལ་ཙམ་ཡང་མ་ཤེས་པས། ཡབ་རྒྱལ་པོར་ལྐོག་མདའ་འཕངས་ནས་ཝ་ལྟར་བྲོས།
ས་སྟེང་འདི་ན་རྒྱལ་པོ་དགྲོངས་པའི་ལོ་རྒྱུས་མང་ཡང་། ཁྱོད་ཀྱི་བྱེད་སྟངས་དེ་འདྲ་ཉུང་། དེའི་ཚེ་ན། ཨུ་དམ་བཙན་པོ་དགྲོང་ནུས་མི་ནི་ཁྱོད་གཅིག་པུ་ལས་མེད་པ་ག་ལ་ཡིན། རྒྱལ་འབངས་ཀྱི་ཆགས་འཇིག་དང་བདེ་སྡུག་བསམས་ནས་ལག་འཇོག་མ་ཕོད་པ་ལོས་ཡིན།
རྟ་ཕོའི་འགྲོས་ལ་བརྟེན་པའི་དུས་རབས་དེར། རྒྱལ་པོ་བཟང་ངན་ཇི་ལྟར་ཡང་། ཡུལ་གྱི་ཆགས་འཇིག་ནི་དེའི་རྒྱུད་ཆད་མིན་ལ་རག་ལུས་པ་དང་། རྒྱལ་པོ་མེད་ན་ཡུལ་ཁམས་འཇིག་པ་ཆོས་ཉིད་ཡིན། དེའི་ཕྱིར། ཁྱོད་ནི་བོད་སྒང་བ་འཆི་ལམ་དུ་དེད་པའི་གླེན་པ་ཁ་ནག་ཅིག་གོ།
བླ་རྒན་མི་གསོད་ཅིག་རེད། དེང་སང་འདི་འདྲ་དཀོན་སེ་འདུག
ཕུང་རྒན་ལྷ་ལུང་དཔལ་རྡོས་བོད་ཆེན་པོའི་རྒྱལ་པོ་འུ་དུམ་བཙན་པོ་བཀྲོངས་མེད་ན་ཨེ་ཤེ་ཡའི་གླིང་ཕྲན་ནང་དུ་སོག་པོའི་རྒྱལ་པོ་འཇུ་གེར་སི་ཁན་གྱིས་དབང་སྒྱུར་བྱས་མི་ཐུབ་ཐག་ཆོད་ཡིན། བོད་ཆེན་པོའི་རྒྱལ་ཁབ་ཀྱི་དམག་ཇུས་དང་དཔལ་འབྱོར། ཚན་རིག་སོགས་ཡར་རྒྱས་ཕྱིན་ཡོད་ངེས་ཡིན།
མི་ལོ་སྟོང་གི་གོང་དུ་བོད་ཆེན་པོའི་རྒྱལ་ཁབ་འདི་འཛམ་གླིང་ཐོག་ཏུ་འགྲན་ཟླ་བྲལ་བའི་སྟོབས་ཆེན་རྒྱལ་ཁབ་ཤིག་ཡིན། དཔལ་འབྱོར་དང་ལག་རྩལ། དམག་ཇུས་དང་ཆབ་སྲིད་སོགས་སྐབས་དེར་དུས་བོད་ཆེན་པོའི་རྒྱལ་ཁབ་འདི་ཉིད་དེང་སང་གི་ཨ་མེ་རི་ཀ་ལྟ་བུ་ཡིན།
ཡིན་ཀྱང་ཕུང་འདྲེ་ལྷ་ལུང་དཔལ་རྡོས་རང་གི་རྒྱལ་པོ་བཀྲོངས་པ་དང་། ཆོས་ལུགས་པའི་བཀོར་ཟན་ཚོས་བོད་བཙན་པོའི་རིགས་རྒྱུད་ཀྱི་མགོ་ལ་གླང་རྭ་བཙུགས། མ་ཉེས་ཁ་གཡོགས་བྱས་ནས་འབངས་མི་སེར་བོད་བཙན་པོའི་རྒྱལ་རྒྱུད་ལ་མི་དགའ་བ་བཟོས། དུས་དེ་ནས་བཟུང་བོད་མི་རིགས་འདི་གཞན་གྱི་ཁ་གཏད་ལངས་མི་ཐུབ་མཁན་གྱི་མི་རིགས་ཤིག་ཆགས། ནང་འཛིང་དང་ནང་བསད་བཏང་རེས་ཁོ་ན་བྱས་ནས་བོད་མི་རིགས་གྲངས་ཉུང་ཆགས།
དེང་སང་ལོ་རྒྱུས་ལ་ཕྱི་བལྟས་རེ་བྱེད་དུས། དེང་སང་གི་བོད་མི་རིགས་ཀྱི་ཉམ་ཐག་པའི་མདུན་ལམ་ལ་བསམས་དུས། མི་རིགས་གཞན་དག་ཚོ་ཟླ་བའི་གོ་ལའི་ཐོག་ཏུ་འགྲོ་དུས། བོད་མི་རིགས་ཀྱིས་རེ་བ་སྤྲུལ་སྐུ་ལ་བཅོལ་ཞིང་འཐབ་རྩོད་ལྷ་འདྲེ་ལ་བྱེད་བཞིན་པའི་གནས་སྟངས་ལ་བསམས་དུས། ཕུང་རྒན་ལྷ་ལུང་དཔལ་རྡོའི་ཐོག་ཏུ་ཁོང་ཁྲོ་ཡི་མེ་འབར་ཡོང་གི་འདུག་ལ་་་་་སྙིང་ནད་སངས་སངས་མཆན་བུ་འདི་བྲིས་པ་ཡིན། གཞན་པ་དོན་དག་ཅང་མེད།
འདི་ནི་ནང་ཆོས་དང་འབྲེལ་ནས་ཡོད་དུས་བོད་ཀྱི་རྒྱལ་པོ་བསད་ན་ཡང་ཆོས་པ་ཚོས་ལས་འབྲས་ལ་འབྲེལ་བཤད་རང་འདོད་ལྟར་བྱས་ནས་ལྷ་ལུང་དཔལ་རྡོར་བོད་ཀྱི་རླབས་ཆེན་མི་བུ་ཞིག་ལ་སྒྲུབ་ཀྱི་འདུག།
གླང་དར་བསད་མེད་ན། ནང་ཆོས་ད་ལྟའི་བར་དུ་བོད་ནང་ཆོས་མེད་པའང་སྲིད། སོག་པོར་ཇིང་གས་ཁན་ལྟ་བུ་བྱུང་ཡོད་ནའང་། དེང་དུས་ཡར་རྒྱས་རྗེས་ལུས་ཐེབས་པ་ནི་བོད་དང་གཅིག་པ་ཆགས་འདུག་པ་མངོན་གསལ་རེད།
རྒྱལ་པོ་སྲོང་བཙན་གྱི་དབུ་ལ་འོད་དཔག་མེད་ཀྱི་སྐུ་ཡོད་པ་དང་གླང་དར་མའི་དབུ་ལ་རྭ་སྐྱེས་ཟེར་བ་སོགས་ནི་ཤིན་ཏུ་ནས་ཡིད་སྐྱོ་དགོས་པའི་ལོ་རྒྱུས་རྫུན་མ་ལགས། སྔ་མ་དག་གིས་རྫུན་བྱས་པའི་ཉེས་དམིགས་ཀྱིས་ད་ལྟ་རང་བཙན་མེད་པར་གཞན་འོག་ཏུ་སྡུག་བསྔལ་གྱི་ཡོད་པ་རེད། ད་སུ་ཞིག་གིས་བཟོ་བཅོས་རྒྱ་ཐུབ།།
རྨོངས་དད་པ་ཚོས་རང་ཉིད་ཀྱིས་དད་ཡུལ་གྱི་ཆོས་ལུགས་དེ་མ་ནུབ་ན་དེ་མིན་གནམ་ས་རྡིབ་ནའང་རྡིབ་བསམ་པ་ཡོད་རེད་འཇིག་རྟེན་སྲིད་ཀྱི་དཔལ་འབྱོར་རང་དབང་སོགསནལ་བསམ་བློ་ཙམ་ཡང་འཁོར་གྱི་མེད་པ་འདྲ་ལྷ་ལུང་དཔལ་རྡོར་དེ་ཡང་བསམ་བློ་དེ་ལས་མེད་མཁན་གྱི་གྲལ་རེད། རང་ཉིད་ལ་དབང་པའི་རྒྱལ་ཁབ་ཞིག་དགོས་པ་ཡོད་ན་རང་ཉིད་ཀྱིས་དད་ཡུལ་ཆོས་ལུགས་ཙམ་པོ་དེ་ལས་བསམ་བློ་མི་འཁོར་བ་ཞིག་བྱུང་ན་གནམ་མེད་པའི་ཉི་མ་དང་ས་མེད་པའི་ཆུ་བོ་རང་རེད། རྐང་རྡོ་འདི་ཡང་དེ་འདྲ་ཞིག་ཡིན་ཚོད་འདུག གཞན་གྱིས་དད་ཡུལ་ལ་ཐ་གཅིག་ཏུ་དགག་མཁན་ཞིག་རེད། ལྷ་ལུང་ཅི་ཡིན་མིན་རུང་བོད་ཀྱི་རྒྱལ་པོའི་མཇུག་བསྡུ་མཁན་དང་རང་ཡུལ་གྱི་བཙན་པོའི་དབུ་ལ་མདའ་མོ་འཕེན་མཁན་གྱི་མི་གསོད་ལག་དམར་ཅིག་རེད། ད་དུང་དེ་ལ་དཔའ་དར་གཡོགས་པ་ནི་ཅི་འདྲའི་སྙིང་མ་རྗེའམ།
ཀརྡོ་་་་་་་ཆོས་ཡོད་ནས་ཅི་ཕན་སོང་ངམ། གྲྭ་པ་མང་ནས་ཅི་ཕན་སོང་ངམ། དམྱལ་བ་ཚ་དམྱལ་བོད་ཡུལ་དུ་བསླེབས་བསྡད་ཡོད་པ་འདི་ཆོས་ཀྱི་བཀའ་དྲིན་མ་རེད་པེ། ཁྱོད་ཀྱིས་བོད་ཆེན་པོ་རྒྱལ་ཁབ་ཀྱི་རྒྱལ་པོ་འུ་དུམ་བཙན་པོ་མཆོག་ལ་གླང་འབོད་འཐེན་ནས་གུས་ཞབས་མེད་པའི་སྐད་ཆ་བཤད་དགོས་ན་་་ཁྱོད་དང་ཁྱོད་ཀྱི་དད་ཡུལ་ལ་ཚིག་ངན་འབོད་ཀྱི་ཡིན་ད། རྗེས་སུ་གླང་དར་ལབ་ན་འགྲིག་མི་ཡོང་།
འུ་དམ་བཙན་པོ་ཟེར་ན་ད་ལྟའི་སྐད་གསལ་ཐོག་བཤད་ན་གསང་རྣམས་མཙན་པོ་ཟེར།
སྙན་བཟང་གཡུང་དྲུང་ལགས། སྐུ་ཉིད་ཀྱིས་དཀའ་ལས་མང་བོ་བརྒྱབ་སྟེབ་ལྷ་ལུང་དཔལ་རྡོར་སྐོར་གྱི་དོགས་གཅོད་དེ་གཞན་ལས་ཧ་ཅང་ཁ་གསལ་བ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ། འོན་ཀྱང་ང་ལོ་རྒྱུས་པ་ཞིག་མིན་ལེགས
དཔྱད་རྩོམ་ལ་དཀའ་ལས་བརྒྱབ་འདུག ཡི་རངས་ཡོད།
ངས་འཛམ་གླིང་སྟེང་འཚོ་ཡུན་ཆེས་རིང་བའི་མི་སྣའི་ལོ་རྒྱུས་ལ་རོབ་ལྟ་ཞིག་བྱས་པ་ཡིན། ཧ་ལམ་མཎ་ཇུའི་སྐབས་སུ་འཁྲུངས་པ་དང་རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་གྲོངས་པའི་ལིས་ཡུང་ཆིན། (༡༦༧༩-༡༩༣༥ )ནི་ལོ༢༥༧བཞུགས་འདུག་ལ། མི་ཚེ་ནང་ལྕམ་མོ༢༤ བསུ་མྱོང་འདུག་པ་དང་། ཁོང་ནི་ཨེམ་རྗེ(སྨན་པ)ཞིག་རེད། དེ་མིན་ཚེ་ཐག་རིང་བའི་མི་གཞན་དག་ལོ་བརྒྱ་དང་ཉི་ཤུ་ཡས་མས་རྐྱང་རེད། གང་ལྟར་ལྷ་ལུང་དཔལ་རྡོར་གྱིས་སྒོམ་ཉམས་ལེན་གནང་ཡོད་ངེས་དང་། ད་དུང་གསོ་རིག་ལའང་རྒྱུས་མངའ་ཡོད་སྲིད་པས། ལོ༡༥༧ཡིན་མི་སྲིད་པའང་མ་རེད་འདོད། དཔྱད་གཞིར་ཕུལ་བ་ཙམ་ཡིན།
ཡ་དྲྭ་གྲོགས་རྣམས་པ། ཨོ་རྒྱན་རིན་པོ་ཆེའི་དངོས་སློབ་ལྷ་ལུང་དཔལ་གྱི་རྡོ་རྗེ་མཆོག་ལ་ཕུང་འདྲེ་དང་གླེན་པ་སོགས་མ་རངས་པའི་འབོད་ཚིགས་དེས་དད་ལྡན་མང་པོ་ཞིག་དང། ཆོས་དད་རང་མོས་ལ་ཁྱད་གསོད་དང་མཐོང་ཆུང་འདྲ་མ་རེད་དམ། དེ་མིན་དཔྱད་པ་དང་བགྲོ་གླེང་རིམ་བཞིན་བྱས་ཆོག་གིས་རེད་པ།
བཙན་པོའི་གདུང་བརྒྱུད་བཅད་མཁན་གྱི་བཤན་པ་བོད་འབང་སྡུག་ལ་སྦྱོར་མཁན་གྱི་ལོ་རྒྱུས་ཀྱི་ཉེས་ཅན་པ་ནག་པོ་དེའི་མིང་གོ་བ་དང་རྙིང་ན་གི་འདུག
བོད་ཀྱི་ཆབ་སྲིད་ཕུང་བར་བྱེད་མཁན་གཙོ་བོ་གཉིས་ནི། ཁྲི་རལ་གསོད་མཁན་དང་། ཡུམ་བརྟན་གྱི་མ་ཡུམ་གཉིས་ལས། འུ་དུམ་སྡིག་ཅན་བསད་པས་བྱུང་བར་ངས་ནི་ངོས་འཛིན་ཐུབ་པ་མི་འདུག་གོ།
བོད་ཀྱི་ལོ་རྒྱུས་ནང་གསལ་བའི་དཔལ་རྡོར་ནི་ནང་དགྲ་ཚར་གཅོད་བྱེད་མཁན་གྱི་དཔའ་པོ་ཟླ་མེད་ཅིག་རེད།
གླང་དར་ནི་ཕ་སྤུན་ནང་དམེ་བྱེད་མཁན་དང་། རང་གི་དབང་ཆ་ཁོ་ནའི་ཆེད་དུ་བོད་ཀྱི་རྒྱལ་པོ་དང་རང་གི་གཅུང་པོ་ཡང་གསོད་ཐུབ་མཁན་གྱི་ལག་དམར་དེ་རེད།
ཆོས་ཀྱིས་བོད་ཕུང་ཡོད་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་ཕུང་དགོས་རེད། གླང་དར་མས་ཆོས་མེད་པ་བཟོས་ཙང་། བོད་ཕུང་པ་རེད།
ཆོས་ཀྱིས་བོད་ཕུང་ཡོད་ན། གླང་དར་རྗེས་ནས་སྤྱི་ལོ་ ༡༩༥༩ བར་ཕུང་དགོས་པ་རེད། ལྔ་བཅུ་ལྔ་གྲངས་ནས་བོད་རིགས་ཆོས་མེད་ང་ཕོད་དང་། འབའ་ཕུན་སོགས་སྐྱེས་ནས་བོད་་ཕོངས་པ་ཡིན་པ་དེ་ཡང་བརྗེད་སོང་བ་ཡིན་ནམ། ལགས།
ནང་ཆོས་ཀྱིས་བོད་ཕུང་བ་རེད་ཟེར་ནི་ཚང་མ་ལ། འཇིག་རྟེན་གྱི་དར་ལུགས་རྟོག་པའི་ཤེས་བ་དང་ཤེས་བྱ་ཀླད་ཀོར་རེད། ཆོས་ལམ་དུ་འགྲོ་མི་འཇུག་ནིའི་སྡུད་བསླེབས་པ་དང་དེ་འདྲ་བྱུང་བ་རེད། ཆོས་ཟེར་བ་འདི་ཡག་ན་གཙོག་ན་ཡང་། འགྲོ་མི་བདེ་སྡུག་ལ་རེ་མཁན་ཞིག་ཡིན་ན་ཡོད་ཡོད་པ་དང་དགོོས་དགོས་བ་ཞིག་རེད།
གླང་དར་གྱི་ལོ་རྒྱུས་ལས་ང་ཚོས་མི་མང་གི་དད་སེམས་ལ་རྨ་བྱས་ན། རྒྱལ་སྲིད་ཀྱི་གནས་བབ་ལ་གོད་ཆག་ཡོང་བ་ཡང་བསྟན་ཚར་བ་རེད། ནང་དགྲ་ནི་ཕྱི་དགྲ་ལས་ཀྱང་འགག་ཁག་པོ་ཡོད་པ་ཡང་བསྟན་ཚར་ཡོད་པ་རེད།
དད་སེམས་མེད་ན་ཡང་། དད་ལྡན་ལ་ངན་རྨོས་དང་དམའ་འབབ་སོགས་ནམ་ཡང་བྱས་ན་མི་བཟང་། དཔོན་པོ་ཚོས་རྒྱལ་སྲིད་ཤོར་ཡོང་། སྤྱི་མི་ཚོས་ཉལ་ས་ཤོར་ཡོང་།
ཁ་ཙུམ་ན་སྲོག་བདེ་ནི་རེད། ཆོས་བྱས་ན་དོན་འགྲུབ་ནི་རེད། བོད་ཆོས་འདི་ཧ་ཅང་གིས་སྙོགས་སྒྲ་མེད་པའི་ཆོས་ཀུ་ཡང་བ་ཞིག་རེད། དེ་ན་དེ་བཞིན་དུ། དད་མེད་རང་ལུགས་པས་ཁ་ལ་བདག་པོ་བྱས་ན་བཟང་།
དད་ལྡན་དང་དད་ལྡན་ག་རེའི་དད་ལྡན། རྨོངས་དད་ཅན་ཚོས་བོད་མི་རིགས་འདི་འགྲོ་བ་མི་རིགས་ཀྱི་གྲལ་མཐའ་གཡུགས་བཞག་པ་དེར་ངོས་ལེན་མི་བྱས་པ། ད་དུང་ཉམ་ཆུང་བོད་མི་ཚོའི་ཉལ་ས་གཏོར་གྱི་ཡིན་ཨེ། གཏོར་གཏོར། ད་་་་་ཉལ་ས་མ་གཏོགས་གཏོར་ཡ་ཅང་ལྷག་ཡང་མེད་པ་རེད། རྒྱལ་པོ་ནི་བསད་ཚར། རྒྱལ་ཁབ་གཏོར་ཚར། བཙན་བྱོལ་བོད་གཞུང་ནི་བསྒྱུར་ཚར། ད་་་ཉམ་ཆུང་བོད་མི་ཚོའི་ཉལ་ས་གཏོར། ཁྱོད་ཚོས་འཇོན་པ་དེ་རེད་བ།
སོ་སོས་གཏོར་མ་ཐུབ་ན་རྒྱ་སོག་གཉིས་མི་གླ་ཁྲིད་ནས་ཤོག སྔ་ནས་བྱས་བསྡད་པ་དེ་ག་རང་ཡིན་པ། སྐྱུག་མེར་ལངས་ཡ་ཚོ།
བཙན་པོ་འུ་དུམ་འདི་ཡི་དགོངས་བཞེད་བསྒྲུབ་དུ་བཅུག་ཡོད་ན་ད་བཟོད་བོད་འདི་ཡང་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལས་ལྷག་པར་མ་བྱུང་ཀྱང་རྗེས་ལུས་མ་བྱུང་ཁོ་ཐག་རེད། བླ་རྫུས་སྤྲུལ་རྫུས་འདི་ཚོས་བོད་འདི་དབང་བསྒྱུར་བྱས་པ་ནས་བཟུང་བོད་འདི་མྱ་ངམ་གྱི་ཐང་ལ་ལྷུང་ནས་རྗེས་ལུས་ཀྱི་ནང་ནས་རྗེས་ལུས་རེད་འདུག དེ་མིན་འུ་དུམ་བཙན་པོས་དམག་མི་མང་དུ་བཏང་ནས་རང་གི་རྒྱལ་ཁབ་བསྲུང་ཡོད་པར་ཐག་ཆོད། ད་དུང་བོད་ནང་ཆོས་འདི་གུ་ཡང་ཡིན་ན་ཅིག་ཟེར་ནས་སེམས་གུ་ཡང་མེད་ནས་ཁ་ཆེའི་དྲག་སྤྱོད་པ་ནང་བཞིན་ཆོས་ལུགས་ཀྱི་དོན་དུ་ཁོག་པ་གདུག་སེམས་ཀྱིས་བཀངས་ནས་ལུས་ལ་སེར་གོས་བགོན་ནས་ལག་ཏུ་དུག་མདའ་བཟུང་ནས་བཙན་པོར་དུག་མདའ་འཕངས་ནས་བཙན་པོའི་གདུང་རྒྱུད་རྨེངས་ནས་བཅད། བོད་ཁམས་སིལ་བུར་འཐོར། དམེ་གྲི་ལག་དམར་གྱིས་རྐྱེན་པས་བོད་པ་འདི་མི་ཡུལ་དུ་ཁྱི་བཞིན་ཁྱམས་དགོས་བྱུང་ཡོད། མི་འདི་རིགས་ཀྱི་མིང་གོ་བ་ཙམ་གྱིས་ལུས་སེམས་སྐྱི་གཡའ་ཡོང་གི་འདུག ད་དུང་ཡང་དེ་རིགས་ལ་དཔའ་དར་འཕྱར་སྟངས་འདི་ལ་ལྟས་ན་བོད་འདི་རྨོངས་གཉིད་ལས་སད་གྲབས་ཡོད་བཟོ་མི་འདུག བོད་ནང་ཆོས་འདི་གུ་ཡང་མེད་པ་ལ་བརྟེན་ནས་རང་གི་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་རྒྱ་ནག་དང་སོག་པོ་གྷོར་ཁ་ལས་སོགས་ཀྱིས་དམག་རོགས་ཞུས་ཏེ་ནང་དམེ་ཅི་ཞིག་བྱས་མེད་དམ། འོནནཀྱང་འདི་འདྲ་ལ་གདོང་གཏོད་ཕོད་མཁན་་་དྲྭ་གྲོགས་ཅོ་རི་ལས་ཁག་པོ་འདུག དྲ་གྲོགས་ཅོ་རི་ལྟ་བུ་བོད་མི་བརྒྱ་ཕྲག་ཁ་ཤས་ཞིག་ཡོད་ན་བོད་འདི་རྨོངས་རྒྱ་ལས་བཀྲོལ་ཐུབ་པམ་སྙམ་དེ་མིན་མ་འོངས་ལོ་བརྒྱ་ཕྲག་ཁ་ཤས་ད་དུང་སྒུགས་ནས་བསྡོད་རྒྱུ་ལས་མི་འདུག
བོད་བླ་མའི་ཆོས་ལུགས་པ་ཚོས་བོད་ཀྱི་རྒྱལ་པོ་ལ་བདུད་རེད་ཅེས་འབོད། མགོ་ལ་གླང་རྭ་སྐྱེས་འདུག་ཟེར་ནས་རྫུན་བཤད། རྒྱ་ནག་གི་གོང་མ་ལྷ་རེད། འཇམ་པའི་དབྱངས་ཀྱི་སྤྲུལ་པ་རེད་ཟེར་ནས་བསྟོད། ཁྱོད་ཚོ་ལ་རྒྱུད་དག་མེད་པ། ཁྱོད་ཚོས་ཕྱི་ནང་མི་ཤེས་པ། ཕྱི་ནང་མི་ཤེས་པའི་རྨོངས་དད་མགོ་ཚོས་ཕྱི་དགྲ་དང་ནང་དགྲ་ངོ་མི་ཤེས་པ།
ཁྱོད་ཚོས་མི་ལོ་སྟོང་གི་རིང་དུ་ཉམ་ཆུང་བོད་མི་དམར་གསོད་དང་བཙན་གནོད། དབང་སྒྱུ་དང་མགོ་སྐོར་བྱས་ནས་བསླེབས་པ་ཡིན་པ། ད་དུང་དེང་རབས་༢༡་ནང་དུ་ཡང་རྨོངས་དད་ཅན་ཚོ་ལ་མགོ་སྐོར་ཁོ་ན་གཏོང་བཞིན་ཡོད་པ། ཁྱོད་ཚོས་དགྲ་བོ་བོད་མི་ཉམ་ཆུང་ཚོ་ཡིན་པ། སོ་སོས་བསད་མ་ཐུབ་ན་རྒྱ་དམག་དང་སོག་དམག ཀོར་དམག་ཁྲིད་ཡོང་ནས་བསད་བསྡད་པ་ཡིན་པ།
ད་་བོད་མི་རིགས་ལ་སོ་སོའི་ཉལ་ས་མ་གཏོགས་བདག་དབང་གཅིག་ཀྱང་ལྷག་མེད་པ། ཉལ་ས་ཤིག་གི་བདག་དབང་ཞིག་ཡོད་པ་འདི་ཡང་གཏོར་གྱི་ཡིན་ཨེ། བསམ་ཡུལ་ལས་འདས་པའི་སྐད་ཆ་འདི་འདྲ། ངོ་མ་ཧང་སང་ཡ་རེད་བ། ཁྱོད་ཚོ་བོད་མི་ཉམ་ཆུང་ཚོའི་ཐོག་ཏུ་སྙིང་ནད་དེ་འདྲ་ག་རེ་བྱས་ནས་བསླེབས་པ་རེད་དམ།
ད་འགྲིག་འདུག་ཁྱེད་ཚོ་ཁ་ཤས་ཞིག་གི་ཆོས་ལུགས་ཀྱི་བད་འདི་ཕན་རབ་སྐྱོབ་རབ་ཁོ་ན་བཤད་ཀྱི་འདུག། ཆོས་ལུགས་ཀྱི་བོད་མི་རིགས་ལ་ག་རེ་ཕན་པ་རེད་ག་རེ་སྐྱོབ་པ་རེད་གཅིག་ཤོད་དང། བོད་མི་རིགས་ལ་དགོས་པའི་རྒྱལ་ཁབ་ཡར་རྒྱས་མི་རིགས་
འཕེལ་རྒྱས། འཛམ་གླིང་སྤྱི་ཡི་རྗེས་ཟིན་པ་ད་ག་རེ་ལ་ཕན་འདུག། ཁྲི་ལར་པས་གྲ་པ་ལ་ཁ་གཏོང་ན་ལྕེ་གཅོད་པ། གྲ་པ་ལ་འཛུབ་མོ་ཐད་ཀར་སྟོན་ན་འཛུབ་མོ་གཅོད་པ་དགེ་འདུས་པའི་གོང་དུ་སུ་གཅིག་ཀྱང་འགྲོ་མི་ཆོག།
གྲ་པ་ལ་མིག་གི་མི་ལེགས་པ་ལྟས་ན་མིག་བྲུ་བ། གྲ་པ་རེ་ལ་ཁྱིམ་དུད་གསུམ་རེའི་ཁྲལ་འཇལ་དགོས་པ། བོད་ཀྱི་མཐའ་འཚམས་སྲུང་བའི་དམག་མི་མེད་པ། ཁྲི་རལ་དུསབོད་འབང་ཡོངས་སུ་ཆོས་བྱེད་པའི་བྲན་གཡོག་ལ་བསྒྱུར་ནས་བཟོད་དུ་མེད་པའི་སྡུག་བསྔལ་མྱོང་དུ་འཇུག་མཁན་ཁྲི་རལ་བློན་ཆེན་་་བས་སྟག་སྣས་་བསད་རུང་བོད་བོད་སེར་བུར་འཐོར་འཇུག་མེད། ཁྲི་རལ་སྐབས་སུ་སོག་པོའི་བོད་ལ་བཙན་དབང་བྱེད་མགོ་རྩོམ་འདུག་པས་བོད་ལ་དགོས་པའི་དམག་མི་མེད་པ་དང། མི་དགོས་པའི་གྲ་པས་ལུང་པ་གང་བསྡད་ཡོད་ས་རེད། ཨུ་དུམ་བཙན་པའི་སྲིད་བཟུང་ནས་གཙུག་ལག་ཁང་གི་དྲན་གཡོག་སུམ་བརྒྱ་ཡས་མས་གློད་དཀྲོལ་གཏོང། གྲ་པ་ཇེ་ཉུང་དང་དམག་མི་ཇེ་མང་གཏོང་ནས་དགྲ་བོ་སོག་པོ་མཐར་སྤྲོད་གཏོང་མགོ་རྩམ་ནས་བོད་སྤྱི་ལ་ཕན་པའི་བྱ་ལས་ཞིག་སྒྲུབ་མགོ་རྩམ་དུས་བདུད་འདྲེ་དཔལ་རྡོས་སྔ་བསམ་ཕྱི་བློ་གང་ཡང་མེད་པའི་ཐོག་བོད་སྤྱི་ཡི་ཆག་འཇིག་དང་བདེ་སྡུག་ལ་བསམ་བློ་བ་སྤུ་ཙམ་མ་གཏོང་བར་རྒྱལ་པོ་བསད་ནས་ཝ་མོ་ལྟར་གར་སོང་ཆ་མེད་དུ་བྲོས། མི་འདི་ལོ་རྒྱུས་ནང་དག་ཐབ་མེད་པའི་ཉེས་ཅན་པ་ངོ་མ་ཞིག་རེད།
དྲྭ་གྲོགས་མང་པོས་མི་རིགས་སྲུང་སྐྱོབ་དང། རྨོངས་གཉིད་ལས་སད་དགོས་རབས། དམངས་གཙོ་དགོས་རབས་བཤད་པ་དེ་ལ་མོས་མཐུན་ལོས་ཡོད། དེ་བཞིན་བླ་མ་ག་གེ་མོ་ཞིག་གིས་རང་གི་ཆོས་ལུགས་སྲུང་སྐྱོབ་ཆེད་ཉམས་ཆུང་བོད་མི་སྡུག་ལ་སྦྱོར་ཞིང་སྲོག་གི་འགྲོ་སོང་གཏོང་དགོས་བྱུང་བ་སོགས་དེ་རིགས་ཀྱིས་བོད་ཕུང་སོ་ཟེར་ན་དངོས་ཡོད་གནས་ཚུལ་རེད། ཡིན་ཀྱང་དེ་གང་ཟག་གི་སྐྱོན་རེད་མ་གཏོགས་ཆོས་ཀྱི་སྐྱོན་མ་རེད། དམ་པའི་ཆོས་གང་དུ་ཡང་གསོད་གཏུབ་དང་སེམས་ཅན་ལ་གནོད་པའི་ལས་འཚེ་བའི་ལམ་ཞིག་སྟོན་པའི་གསུངས་མེད་པ་ནི་སྨོས་ཅི་ལ་དགོས། དེས་ན་གང་ཟག་གི་སྐྱོན་དེ་ཆོས་ལ་མ་གཡོགས་རོགས། སྐབས་འདིར་ལྷ་ལུང་དཔལ་རྡོར་དང་རྒྱལ་པོ་གླང་དར་གྱི་སྐོར་ལ་ཅུང་ཟད་དཔྱད་ན། བོད་འདི་ཨ་མེ་རི་ཁ་་ནང་བཞིན་ཡོད་པའི་སྐབས་ནི་ཆོས་རྒྱལ་མེས་དཔོན་རྣམས་གསུམ་གྱི་དུས་ལ་རེད། ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་སྐབས་ལ་རེད། ཕ་མྱེས་བཞག་པའི་ཕ་ཆོས་དང་དེ་འཛིན་གྱི་དགེ་འདུན་པའི་བསྟན་པ་བཤིག་རྒྱུ་དེ་ལྷ་སྲས་དར་མའི་བཟང་སྤྱོད་རེད་དམ་ངན་སྤྱོད་རེད། ཕོ་རང་ལ་ཆ་བཞག་ན་གླང་དར་ལ་ཞེ་སྡང་རྒྱུ་དང། དཔལ་རྡོར་ལ་ཞེ་ཆགས་རྒྱུ་གང་ཡང་མིན་འདུག། གཅིག་ནི་བཙན་པོའི་གདུང་བརྒྱུད། གཅིག་ནི་གུ་རུས་དངོས་སློབ། ཡང་ཏིག་དོན་གྱི་བརྗོད་བྱ་ལ་གུ་རུས་དངོས་སློབ་ཞིག་གིས་སེམས་ཅན་ལ་འཚེ་བའི་བྱ་ལས་ཞིག་འབྱུང་མི་སྲིད་པའི་ཡིད་ཆེད་ཡོད། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་དཔོན་ལྔ་བརྒྱའི་སྲོག་སྐྱོབ་པའི་ཆེད་དུ་མི་ནག་གདུང་ཐུང་ཅན་བསད་པ་བཞིན་རྒྱལ་པོ་གླང་དར་ཡང་བཏུལ་དགོས་པ་བྱུང་སྙམ། དེ་ལ་དྲྭ་གྲོགས་ཚོས་རིག་པའི་ངོར་གྲུབ་མི་གྲུབ། དངོས་པོའི་བཤིས་དང་མཐུན་མི་མཐུན་བགྲོ་གླེང་རིམ་པས་བྱུང་ན་རྨོངས་གཉིད་ལས་སད་པའི་རེ་བ་ཡིན། དེ་མིན་འཁུ་སེམས་བཅངས་ནས་དོ་བསྡོ་མཁན་རྣམས་ནི་རང་མདོག་ཕྱི་ལ་མངོན་པ་ཙམ་ལས་གཞན་ཅི།
༼ལྷག་་པར་དུ་མཁན་སློབ་ཆོས་གསུམ་གྱི་སྐབས་རེད། ཕ་མྱེས་བཞག་པའི་ཕ་ཆོས་དང་དེ་འཛིན་གྱི་དགེ་འདུན་གྱི་སྡེ་བསྟན་པ་བཤིག་པ་དེ་ལྷ་སྲས་དར་མའི་བཟང་སྤྱོད་རེད་དམ་རེད།༽
ངས་ཁྱབ་མཚུངས་ཀྱི་རིག་པ་ཞིག་འཕེན་པར་འདོད། དེ་ལྟར་ན། མཁན་སློབ་ཆོས་གསུམ་གྱིས་རང་གི་ཕ་མྱེས་ཀྱི་ཆོས་ལུགས་དང་དེ་འཛིན་གྱི་བསྟན་འཛིན་གྱི་སྐྱེས་བུའི་སྡེ་དང་བཅས་པ་བཤིག་པ་དེ་མཁན་སློབ་ཆོས་གསུམ་གྱི་བཟང་སྤྱོད་རེད་དམ། ང་ཚོས་མཐའ་གཉིས་སུ་མ་ལྷུང་ནས་གཟུ་བོར་གནས་པའི་སྟེང་ནས་སྐད་ཆ་བཤད་དགོས་ཀྱི་འདུག ཕོ་རང་ལ་ཆ་བཞག་ན་ཆོས་ལུགས་ཟེར་བ་དེ་ལ་དེ་ཙམ་ཡིད་ཆེས་མེད་མཁན་ཞིག་ཡིན།
་་་་་་་་ ཡང་ཏིག་དོན་གྱི་བརྗོད་བྱ་ལ་གུ་རུས་དངོས་སློབ་ཞིག་གིས་སེམས་ཅན་ལ་འཚེ་བའི་བྱ་ལས་ཞིག་འབྱུང་མི་སྲིད་པའི་ཡིད་ཆེད་ཡོད། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་དཔོན་ལྔ་བརྒྱའི་སྲོག་སྐྱོབ་པའི་ཆེད་དུ་མི་ནག་གདུང་ཐུང་ཅན་བསད་པ་བཞིན་རྒྱལ་པོ་གླང་དར་ཡང་བཏུལ་དགོས་པ་བྱུང་སྙམ། ་་་་་་་་་
མཁན་སློབ་ཆོས་གསུམ་གྱི་སྐབས་ལ་ཕ་མྱེས་ཀྱི་བཞག་པའི་ཕ་ཆོས་ཀྱི་བསྟན་པ་བཤིག་སྟངས་བཤིག་ལུགས་ཞིག་བཀོད་དང། དེ་ནས་རིམ་པས་བགྲོ་གླེང་བྱས་ལོས་ཆོག།
མཁན་སློབ་ཆོས་གསུམ་གྱི་གོང་དུ་བོད་བཙན་པོ་ག་ཚོད་ཅིག་བྱོན་མེད་དམ། དེ་དག་གི་སྐབས་སུ་དེ་དག་གིས་སྤྱོད་ཅིང་ཉམས་སུ་ལེན་པའི་ཆོས་ལུགས་མེད་དམ། དེ་དག་ལ་གནས་ཚུལ་ཅི་བྱུང་རྒྱལ་རབས་ལོ་རྒྱུས་སུ་གཟིགས་གསལ་གསལ་ཐིང་ཐིང་རེད་པ། མ་དགོངས་མདོག་མདོག་བྱེད་རྒྱུ་ཡོད་པ་མ་རེད་པ། ཤོག་པོ་དཀར་པོའི་སྟེང་ཡོད་ཡོད་པ་རེད།
ཆོས་རྒྱལ་མེས་དབོན་རྣམ་གསུམ་སུ་དང་སུ་རེད་དམ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།ཁྲི་སྲོང་ལྡེ་བཙན།མངའ་བདག་ཁྲི་རལ་པ་ཅན་གསུམ་རེད་དམ། ཡང་ན་ལྷ་ཐོ་ཐོ་གཉན་བཙན་དང་།རྒྱལ་པོ་སྲོང་་བཙན་སྒམ་པོ།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་གསུམ་པོ་ལ་ངོས་འཛིན་ནམ།
༡་་་སྲོང་བཙན་དང་ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་གསུམ་པོ་མེས་དབོན་རྣམ་གསུམ་ཡིན་པར་གཞིར་བཞག་ནས་བཤད་ན་སྲོང་བཙན་སྒམ་པོས་སྤྱི་ལོ་༦༢༩ལོར་སྲིད་དབང་འཛིན་པ་དང་། དེ་ནས་སྤྱི་ལོ་༨༤༠ལོའི་བར་དུ་མེས་དབོན་རྣམ་གསུམ་གྱི་དེང་རབས་ཡིན་པའི་དབང་དུ་བཏང་ན་མི་ལོ་༢༡༡་གི་དུས་ཡུན་འདིར་མེས་དཔོན་རྣམ་གསུམ་གྱི་དུས་སྐབས་རེད།
༢་་་མི་ལོ་༢༡༡་གི་རིང་དུ་བོད་ལ་དར་རྒུད་གཉིས་ཀ་བྱུང་ཡོད། སྲོང་བཙན་གྱི་དུས་སྐབས་སུ་དར་རྒྱས་ཕྱིན་པ་དང་། ཁྲི་རལ་པའི་སྐབས་སུ་ཉམས་འགོ་འཛུགས་ཡོད། ལོ་རྒྱུས་ཁག་ཏུ་འཁྲུངས་འདས་ཀྱི་བཤད་ཚུལ་མི་མཐུན་པ་མང་ཀྱང་ཁྲི་རལ་པས་སྤྱི་ལོ་༨༡༦ལོ་ཙམ་ནས་༨༤༠ལོའི་བར་དུ་ཁྲི་རལ་པས་སྲིད་དབང་འཛིན་ཡོད་པར་འདོད།
༣་་་སྤྱི་ལོ་༨༢༡་ལོར་ཁྲི་རལ་པས་རྒྱའི་གོང་མ་དང་མནའ་གན་བཞག ༨༢༢ལོར་ལྷ་ས་ལ་རྡོ་རིང་བཙུགས། རྡོ་རིང་གི་མནའ་གན་ཡི་གེའི་ནག་དུ་ཡང་རྒྱ་བོད་གཉིས་ཕར་ཚུར་དམག་མི་རྒྱབ། ཡུལ་འཕྲོག་རེས་མི་བྱེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་ནས་མནའ་གན་བཞག་ཡོད།
དེ་ནས་ཁྲི་རལ་པས་དམག་མི་ལ་རིན་ཐང་མི་སྤྲད་པར་གྲྭ་པ་དང་ཆོས་ལུགས་ལ་རིན་ཐང་ཆེན་པོ་སྤྲད། ཐོབ་ཐང་ཆེན་པོ་སྤྲད། གོང་དུ་ཁ་བའི་ཡུལ་གྱར་བས་བཀོད་པ་ལྟར་རེད། བོད་མི་རིགས་ཆོས་ལུགས་པའི་བྲན་གཡོག་བཟོས། ཆོས་ལུགས་པ་ཚོས་ཉལ་ནས་ཟས། ཁྲི་རལ་པ་ཆང་བཟི་ཆགས། ཁྲི་རལ་བཀྲོངས་དུས་ཡང་ཆང་གིས་བཟི་ནས་བསྡད་ཡོད།
དེ་ནས་དམག་སྟོབས་ཉམས། དཔལ་འབྱོར་ཉམས། ཁྲི་དར་མ་འུ་དུམ་བཙན་པོས་སྤྱི་ལོ་༨༤༡ལོར་སྲིད་དབང་འཛིན། དམག་སྟོབས་ཉམས་གསོ་དང་། དཔལ་འབྱོར་སླར་གསོ། ལས་མེད་ཆོས་པ་རྣམས་ལ་ལས་ཀ་བྱས་བཅུག ཁྲི་རལ་གྱིས་སྐབས་སུ་གྲྭ་བཙུན་རེ་ལ་ཁྱིམ་ཚང་གསུམ་རེ་བྲན་གཡོག་ཡོད་པ་ཕྱིར་སྡུད་བྱས། དམག་སྟོབས་ཉམས་གསོ་བྱས། སྔར་ལྟར་ཡོང་བའི་ཆ་གཞིར་བཀོད།
ངས་ངོས་ནས་ལྷ་སྲས་དར་མ་མཆོག་གིས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆེད་དུ་ཐུགས་བསམ་བཞེས་སྟངས་འགྲིག་འདུག་བསམས་ཀྱི་ཡོད། ཁོང་གིས་ལས་ཀ་དེ་དག་བྱ་བ་ལམ་འགྲོ་རྒྱུགས་བཅུག་ཡོད་ན་བོད་མི་རིགས་ཐབས་སྐྱོ་པོ་འདི་འདྲ་ཞིག་ཆགས་ཀིན་མ་རེད་བསམས་ཀྱི་ཡོད། དེའི་ཕྱིར་་་ལྷ་སྲས་དར་མ་མཆོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུག་རྒྱང་རིང་པོའི་ཐུགས་བསམ་བཞེས་ཐུབ་མཁན་ཞིག་ཡིན་པས་ཁོང་ལ་དགའ། ཁོང་ལ་བརྩེ། ཕུང་འདྲེ་ལྷ་ལུང་དཔལ་རྡོའི་ཐོག་ཏུ་ཁོང་ཁྲོ་ཆེན་པོ་ཡོད།
དེ་མ་གཏོགས་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་ཆོས་ལ་སྐྱོན་འཚོལ་བ་དེ་འདྲ་རྩ་བ་ནས་མིན་ནོ།
བོད་བཙན་པོའི་རྒྱལ་རྒྱུད་བཅད། བོད་ཆེན་པོའི་རྒྱལ་ཁབ་སེལ་བུར་འཐོར་འཇུག་མཁན་གྱི་མི་ཞིག་ལ་ཉེས་ཅན་མི་བརྩི་ན། ད་འཛམ་གླིང་ནང་ཉེས་ཅན་ཞིག་རག་ཁག་པོ་རེད་གདའ།
ངས་བལྟས་ནས་དམ་ཉམས་ལྷ་ལུང་དཔལ་རྡོར་ཁོང་ཁྲིམས་ལ་སྦྱོར་དགོས་ཀྱི་འདུག ཁྲིམས་ཁང་ནས་ཁོང་ལ་ཞིབ་འཇུག་ཕུལ་དུ་ཕྱིན་པ་ཞིག་བྱས་ནས། གལ་ཏེ་ཁོང་ལ་ནག་ཉེས་ཡོད་ན་ཁོོའི་འཇིམ་གཟུགས་ཤིག་བཟོས་ཏེ་མུན་དོང་ནང་བསྐལ་བ་མ་འཇིགས་བར་འཇོག་དགོས་འདུག ཆོས་པ་ཚོ་ཆོས་ས་ནས་མི་སྡོད་པར་ཆབ་སྲིད་ལ་བྱུས་དོག་བྱས་པ་འདི་ལྟས་ངན་རེད། སྔོན་ཁྲི་སྲོང་ལྡེ་བཙན་ཡན་ལ་བོན་རྒན་ཚོ་བོན་ས་ནས་སྡོད་མ་ཚུགས་པར་ཆབ་སྲིད་ལ་བྱུས་དོག་བྱས་པས་མཇུག་འབྲས་ལ་བོན་བསྟན་བཙན་གྱིས་བསྣུབས་པ་རེད། །བོན་དང་ཆོས་པ་ཚོའི་སོ་སོའི་ཆོས་ཀྱི་དམ་ཚིག་གི་ར་བ་ལས་བརྒལ་བའི་སྐྱོན་གྱིས་གོང་གི་བཀྲ་མི་ཤིས་པ་དེ་རྣམས་བྱུང་བ་རེད།།
ལྷ་ལུང་དཔལ་རྡོར་གྱི་དམིགས་ཡུལ་གསལ་པོ་ཤེས་མ་སོང་། ལོ་རྒྱུས་ཁུངས་གཞན་པར་བལྟས་ན། ལྷ་ལུང་དཔལ་རྡོར་གྱི་སྔོན་མ་དམག་དཔོན་ཞིག་ཡིན་པ་དང་། རྗེས་སུ་ཉེས་པ་ག་གེ་མོ་ཞིག་གིས་བཙན་པོས་དམག་དཔོན་ལས་ཕྱིར་ཕུད་བྱས། ཁོ་པ་བྲག་གཡེར་པར་མཚམས་ལ་སྡོད་ཁུལ་གྱིས་གོ་སྐབས་བསྒུགས་ནས། རྗེས་མ་དགྲ་ཤ་ལེན་པ་ཤོད་མཁན་དུག དེ་ལ་བལྟས་ན་བསྟན་པའི་དོན་རེད་མིན་འདུག
རྙིང་མས་བྲིས་པའི་རྟོག་སྒྲུང་དེ་ཚོའི་ནང་ལ་ར་སྤྲོད་མ་ཐུབ་པའི་དངོས་པོ་མང་པོ་ཡོད། དཔེར་ན། ལྷ་ལུང་དཔལ་རྡོར་གྱིས་བརྡ་བརྒྱབ་ཐེངས་གཅིག་ལ་རྒྱལ་པོའི་དཔྲལ་བར་ཕོག་ཟེར། མདའ་མཁས་པ་ལོ་མང་ལག་རྩལ་བྱང་བ་ཞིག་མིན་ན། ཆོས་པ་ཞིག་གིས་མདའ་འདི་འདྲ་ཚ་པོ་རྒྱག་མི་ཐུབ་པ་ཁོ་ཐག་རེད།
དེ་ནས་རྟ་དཀར་པོའི་ལུས་ལ་སོལ་བ་བྱུགས་ནས་ཆུ་བསྒྲལ་ནས་རྟའི་མདོག་ཁ་དཀར་པོར་གྱུར་ཟེར། དེ་ཡང་རྫུན་རེད། རྟའི་པགས་པར་སྤུ་ཡོད་པས། སོལ་བ་བྱུག་ནས་མདོག་ཁ་བསྒྱུར་མི་བཏུབ། ཁྱོད་ཚོད་ལྟ་གྱིས་དང་།
དེ་ནས་རྟ་ཞིག་གི་ལུས་ཡོངས་རྫོགས་བདིམ་པའི་ཆུ་ཞིག་ག་ལ་བརྒལ་ཐུབ། ནམ་རྒྱུན་ཆུ་སྒྲོལ་སྐབས། རྟའི་རྐང་པ་ཡན་ཆན་ཆུ་ལ་མི་སྦོང་། འདི་ལྟར་ཡིན་ན། ཇི་ལྟར་ལུས་ཚང་མའི་སོལ་བ་དག་ཐུབ་བམ། བསམ་བློ་ཐོངས།
ལོ་རྒྱུས་ཁུངས་བཙན་ཤོས་རྒྱ་ཡིག་དེ་ཚོའི་ནང་ལ། ལྷ་ལུང་དཔལ་རྡོར་རྒྱ་ནག་གོང་མའི་མི་ཡིན་པ་དང་། རྒྱའི་སོ་པ་རེད་འདུག ཁོས་རྒྱ་ནག་གི་ལོ་མང་ཡིད་ལ་བསྣག་པའི་དོན་བོད་མགོ་ནག་གི་མགོ་གཅོད་པའི་བྱ་བ་དེ་བསྒྲུབས་འདུག ཡིད་མ་ཆེས་ན་རྒྱའི་ཡིག་ཚང་སྔོགས།
གླང་དར་བསད་ནས་བོད་སིལ་བུར་འཐོར་ཟེར་བ་དེ་ལོ་རྒྱུས་མ་ཤེས་པའི་སྐྱོན་རེད། དར་མ་ལ་བུ་གཉིས་ཡོད། བུ་གཉིས་པོ་རྒྱལ་ས་ལ་འཆམས་པ་དང་། འབངས་གྱེན་ལོག་བྱུང་ནས་བོད་སིལ་བུར་འཐོར་བ་རེད། འབངས་གྱེན་ལོག་བྱུང་དུས་དར་མའི་བུ་གཉིས་པོ་ལོ་ཉེར་གསུམ་ཟིན་ཡོད། འདི་ན་ཤེས་ལ་མ་ཤེས་པ་སྐོར་ཞིག་གིས་དམིགས་ཡུལ་ངན་པ་ཞིག་གིས་སངས་རྒྱས་ཆོས་ལུགས་པ་དགར་རུ་འཛིན་པའི་ཀུན་སློང་གིས་དཀྲོག་གཏམ་འདྲེ་སྤེལ་ཁུལ་བྱས། མི་ཤེས་མཁན་སྐོར་ཞིག་གིས་རི་བོང་ཅལ་འགྲོག་བྱས་ནས་བོད་སིལ་བུར་འཐོར་དོན་ནི་དར་མ་བཀྲོངས་བས་རེད་ཅེས་བཤད་ཁུལ་བྱེད་མཁན་འདི་ཚོ་སྙིང་རེ་རྗེ།
ཧཧཧཧ་སྤོབ་པ་ལགས་ཡབ་ཨུ་དུམ་བཀྲོང་དུས་བུ་གཉིས་པོ་ལོ་ག་ཚད་རེད། སྔོན་རྒྱལ་པོ་རིང་ལུགས་སྐབས་སུ་
གཙོ་བོ་ཡབ་རྒྱལ་པོའི་རྒྱབ་བཅོལ་དང་གཞན་བློན་ཆེན་དག་གི་རྒྱབ་བཅོལ་འོག་རྒྱལ་བོ་བཀོས་དགོས། ཨུ་དུམ་
འདས་པོའི་བུ་གཉིས་ལ་རྒྱབ་བཅོལ་དང་ལམ་སྟོན་བྱེད་མཁན་མེད་ཁར་དུས་ཡུན་རིང་པོར་བོད་རྒྱལ་ཁབ་འཐོར་
ཙམ་དེས་ལེན་ཁག་བུ་ལ་སྐྲིས་ན་ག་འདྲས་སི། དེ་ནི་ཆོས་ལུགས་པ་ཁ་ནས་བྱམས་སྙིང་དང་དོན་དུ་མ་རུང་ཁོག་
བཅོང་བྱེད་མཁན་དག་གི་བཤད་གསོལ་རེད།
ཧཧཧཧ་སྤོབ་པ་ལགས་ཡབ་ཨུ་དུམ་བཀྲོང་དུས་བུ་
གཉིས་པོ་ལོ་ག་ཚད་རེད། བུ་གཉིས་མ་ཡི་ཁོག་པར་
ཡོད་དུས་ཡབ་བཀྲོང་ཚར་བ་རེད། དེ་ནས་བཟུང་
བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ནས་
བོད་སེར་བུར་ལོ་ཉི་ཤུ་ཙམ་འཐོར་ཚར་བ་རེད།
དེ་བུ་གཉིས་ཀྱི་དབང་བསྒྱུར་དགོས་ན་ལས་སླ་པོ་
ཞིག་ག་བ་ཡོད། སྔོན་རྒྱལཔོ་རིང་ལུགས་སྐབས་སུ་
གཙོ་བོ་ཡབ་རྒྱལ་པོའི་རྒྱབ་སྐྱོར་དང་གཞན་བློན་ཆེན་དག་གི་རྒྱབ་སྐྱོར་འོག་རྒྱལ་བོ་བཀོད་དགོས། ཨུ་དུམ་
འདས་པོའི་བུ་གཉིས་ལ་རྒྱབ་སྐྱོར་དང་ལམ་སྟོན་བྱེད་མཁན་མེད་ཁར་དུས་ཡུན་རིང་པོར་བོད་རྒྱལ་ཁབ་འཐོར་
ཙམ་དེས་ལེན་ཁག་བུ་ལ་སྐྲིས་ན་ག་འདྲས་སི། དེ་ནི་ཆོས་ལུགས་པ་ཁ་ནས་བྱམས་སྙིང་དང་དོན་དུ་མ་རུང་ཁོག་
བཅང་བྱེད་མཁན་དག་གི་བཤད་གསོལ་རེད།
སྤོབས་པ་ལགས་་་ངས་ཁྱེད་ལ་འདྲི་བ་ཞིག་ཡོད། དཔེ་བཞག་ན་མི་གཞན་ཞིག་གི་ཁྱེད་མ་ཡི་ཁོག་པར་ཡོད་དུས།
ཕ་བསད་ནས་ཁྱེད་ཀྱི་ཁྱིམ་གཞིས་ཆེ་པོ་དེ་ཡོངས་སུ་ཉམས་ཚར་རྗེས། གཞན་འགའ་ཞིག་གི་ཁྱེད་ཀྱི་ཁྱིམ་གཞིས་
ཉམས་དགོས་དོན་ཁྱོད་ཀྱི་ཕ་གསོད་མཁན་དེ་མ་རེད། དེས་ལེན་ཁག་ཚང་མ་སྤོབས་པ་མཐའ་ཡས་ཁྱོད་ལ་ཐུག་
ཡོད་རེད་ཟེར་ན་ཁས་ལེན་ཐུབ་བམ།
དར་མ་བཀྲོང་ནས་བུ་གཉིས་པོ་ལོ་ཉི་ཤུ་རྩ་གསུམ་ཟིན་པའི་བར་དུ་བཙན་པོའི་སྲིད་གཞུང་བརྟན་པོ་རེད། ཆག་འཇིག་གང་ཡང་སོང་མེད་པ་རེད། གཅིག་བྱས་ན་གཏོར་བཤིག་མཁན་དར་མ་བསད་སོང་སྟབས་ཡར་རྒྱས་ཅུང་ཙམ་སོང་ཡོད་མདོག་ཁ་པོ་རེད། དེ་ནས་བུ་གཉིས་པོ་རྒྱལ་ས་ལ་མ་འཆམས། ཡུམ་བརྟན་གྱིས་དབུ་རུ་བཟུང་། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུས་སུ་དབུ་གཡོར་འཁྲུགས་པ་ལངས། བཙན་པོའི་སྲིད་གཞུང་ནང་འཁྲུགས་ལངས་སྟབས་མདོ་ཁམས་སྨད་ནས་ཁེངས་ལྡོག་གམ་འབངས་གྱེན་ལོག་བྱུང་ཤིང་བོད་སིལ་བུར་འཐོར་མགོ་ཚུགས་པ་རེད། ལོ་རྒྱུས་ཀྱི་བྱུང་རིམ་གསལ་པོར་ཞུས་ན་དེ་ཙམ་རེད།
དར་མ་ཅི་གང་ཡང་མི་འཇོན་མཁན་མི་གླུད་འདྲ་བ་ཞིག་ཡིན་ཚུལ་བོད་རང་གི་མི་དང་ཕྱི་མི་གཉིས་ཆར་གྱིས་བྲིས་པའི་ལོ་རྒྱུས་རྙིང་པ་ཁག་ལ་གསལ་ཡོད་པ་འདི་རེད། མགོ་ལ་རྭ་སྐྱེས་ཡོད་རུང་མེད་རུང་མགོ་ལ་རྭ་ཡོད་མཁན་གྱི་དུད་གླང་གི་ཤེས་རྒྱ་ཙམ་ལས་མེད་སྟབས་གལང་དར་མ་ཞེས་པའི་མིང་ངན་སྦྱར་བ་དོན་ལ་གནས་པ་ཞིག་རེད། ཆོས་འཇིག་རྟེན་གང་ཐད་ནས་ཀྱང་མི་འདི་འདྲ་བ་གསོན་པ་ལས་བསད་ན་དགའ་གི་རེད། དེ་ལ་ཐེ་ཚོམ་གང་ཡང་མེད་པ་རེད།
དར་མ་ཅི་གང་ཡང་མི་འཇོན་མཁན་མི་གླུད་འདྲ་བ་ཞིག་ཡིན་ཚུལ་བོད་རང་གི་མི་དང་ཕྱི་མི་གཉིས་ཆར་གྱིས་བྲིས་པའི་ལོ་རྒྱུས་རྙིང་པ་ཁག་ལ་གསལ་ཡོད་པ་འདི་རེད། མགོ་ལ་རྭ་སྐྱེས་ཡོད་རུང་མེད་རུང་མགོ་ལ་རྭ་ཡོད་མཁན་གྱི་དུད་འགྲོ་གླང་གི་ཤེས་རྒྱ་ཙམ་ལས་མེད་སྟབས་གླང་དར་མ་ཞེས་པའི་མིང་ངན་སྦྱར་བ་དོན་ལ་གནས་པ་ཞིག་རེད། ཆོས་འཇིག་རྟེན་གང་ཐད་ནས་ཀྱང་མི་འདི་འདྲ་བ་གསོན་པ་ལས་བསད་ན་དགའ་གི་རེད། དེ་ལ་ཐེ་ཚོམ་གང་ཡང་མེད་པ་རེད།
སྤྱིར་ན་བོད་ཀྱི་ལོ་རྒྱུས་སྤྱི་ཁོགས་ལྟ་ཀློག་བྱེད་མྱོང་མཁན་སུ་ཡིན་ཡང་བིད་སིལ་བུར་འཐོར་བའི་དུས་ཡུན་དེ་བཙན་པོ་འོད་སྲུང་དང་ཡུམ་བརྟན་གཉིས་པོ་ལོ་ཉེར་གསུམ་ལ་བབ་ཅིང་དབུ་གཡོར་འཁྲུགས་པའི་ལོ་དེ་ནས་རྩི་བ་རེད། དར་མ་བཀྲོངས་པ་དང་བོད་སིལ་བུར་འཐོར་བའི་བར་ན་འབྲེལ་བ་གང་ཡང་མེད་པ་ཤེས་དགོས།
སྤོབས་པ་མཐའ་ཡས་ལགས། ལོ་རྒྱུས་ཤེས་ཁུལ་མ་བྱེད་རོགས། གླང་དར་བགྲོངས་པ་དེ་བོད་སིལ་བུར་འཐོར་བ་ལ་འབྲེལ་བ་མེད་ཟེར་ན་གད་མོ་ཤོར་བའི་གནས་རེད། ངས་བལྟས་ན་ཁྱོད་ཀྱིས་ཡིག་འཁྱོག་ཅིག་འབྲི་ཤེས་པ་ཙམ་ལས་བསམ་བློ་གཏིང་ཟབ་མོ་ཞིག་གཏོང་ཤེས་ཀྱིན་མེད་པ་གསལ་པོ་མཐོང་སོང་། གལ་ཏེ་གླང་དར་འཚོ་ཞིང་བཞུགས་ཡོད་ན་རྒྱལ་སྲས་རྣམ་གཉིས་ཀྱིས་གོ་ས་རྩོད་མི་སྲིད་པ་ཞིག་རེད། ཁྱོད་ཀྱིས་བཤད་སྟངས་དེ་ཆོས་དད་པ་ཚོས་སྔོན་ནས་ད་བར་དུ་བཤད་སྟངས་ཁོ་ན་ཞིག་རེད། སྲོང་བཙན་གྱི་དབུ་ན་འོད་དཔག་མེད་ཡོད་ཟེར་བ་དང་བློན་པོ་མགར་གྱིས་རྒྱ་ནག་གི་རྒྱལ་བློན་ཚོར་མགོ་སྐོར་བཏང་བ་སོགས་རང་གིས་རང་བསྟོད་ཁོ་ན་ཞིག་རེད། གླང་དར་མས་བོད་རྒྱལ་ཁབ་སྲ་བརྟན་དུ་གཏོང་བའི་ཆེད་དུ་ཆོས་བསྣུབས་པ་རེད། རྒྱལ་ཁབ་ཡར་རྒྱས་འགྲོ་བར་ཆོས་ལུགས་རྨོངས་དད་ཀྱིས་གནོད་ཀྱི་ཡོད་པ་གསལ་པོ་རེད། རྨོངས་པ་གཉིད་ལས་སད་རོགས། ད་མུ་མཐུད་ནས་རྨི་ལམ་མ་རྨིས་རོགས།།
གཡུང་དྲུང་ལགས་ཀྱིས་དཔྱད་གཞི་ཧ་ཅང་ཡག་པོ་བྲིས་འདུག །དཔྱད་མཆན་པ་རྣམས་ཀྱིས་སྐབས་བབས་ཀྱི་དཔྱད་བརྗོད་ལ་དོགས་དཔྱོད་གནོངས་རོགས། དེ་མིན་ཁྱོད་དང་ང་ཞེས་ནས་རྩོད་ན་དགོས་དོན་ལྷག་པོ་ཅང་མེད།
བོད་སིལ་བུར་འཐོར་བ་དེ་དར་མ་བཀྲོངས་པ་ལ་འབྲེལ་བ་མེད་པ་དེ་ལོ་རྒྱུས་ཀྱིས་ཁ་གྲག་པ་རེད་མ་གཏོགས་ངས་བསམ་བློ་གཏང་ཤེས་མ་ཤེས་ཀྱི་གནད་འགག་ཅང་མ་རེད། དར་མ་བཀྲོངས་ན་འདྲ། མ་བཀྲོངས་ན་འདྲ། བུ་གཉིས་པོ་རྒྱལ་སྲིད་མི་འཆམས་པ་དེ་སྔ་གཞུག་མེད་པར་ཡོང་ངེས་རེད། མ་གཞི་དར་མ་ཆང་གི་སྐྱལ་པ་ཡིན་སྟབས་མི་རིང་བར་མཆིན་པ་རུལ་ནས་ཤི་འགྲོ་ངེས་རེད། སྲོང་བཙན་ལ་མགོ་གྲུང་པོ་ཡོད་སྟབས་མགོ་ལ་འོད་དཔག་མེད་འདུག་ཅེས་ཆེ་བསྟོད་བྱས་པ་རེད། དར་མ་བླུན་རྨོངས་ཡིན་སྟབས་མགོ་ལ་གླང་རྭ་འདུག་ཅེས་ལབ་པ་རེད། དེ་ཚོ་སྲོལ་རྒྱུན་གྱི་བསྟོད་སྨད་བྱེད་སྟངས་ཤིག་ཡིན་པར་ཤེས་ན་རྩོད་དགོས་དོན་མེད།
དར་མས་ཆོས་བསྣུབས་ནས་གྲྭ་བ་དེ་ཚོ་ར་དྭགས་རྔོན་པར་བཏང་ཚུལ་འདྲ་ལས་རྒྱལ་ཁབ་ཡར་རྒྱས་བཏང་བ་དེ་འདྲ་ལོ་རྒྱུས་ལ་ནི་མི་འདུག ཁྱེད་རང་གིས་མོ་འདྲ་བཏབ་ནས་དེ་འདྲ་བབ་ན་ནི་ཅི་ཤེས། སྤྱིར་ན་དཔལ་གྱི་རྡོ་རྗེས་བཙན་པོ་དར་མ་བཀྲོངས་པ་དེ་ལྷ་སྒྲུང་ལྟ་བུ་ཞིག་ལས་གསལ་ཁ་ཆེར་མི་འདུག་མོད་འདི་ནི་བློན་ཆེན་གནད་ཡོད་མང་པོས་གྲོས་མོལ་བྱས། འཆར་གཞི་བཏིངས། ཐག་གཅོད་བྱས་པའི་ལས་དོན་རླབས་ཆེན་ཞིག་ཡིན་པར་ཐག་ཆོད། སྐུ་སྲུང་སྟོང་སྡེ་བཞིའི་བར་དུ་བླ་རྒན་ཞིག་ལྐོག་འཛུལ་བྱས་ནས་མདའ་བརྒྱབས་པ་རེད་ཅེས་པ་འདི་རྣ་བར་མི་འགྲོ་བའི་གཏམ་ཞིག་རེད། མདོར་ན་དཔལ་གྱི་རྡོ་རྗེ་ཟེར་བ་འདི་ཡང་འབྲོ་ས་འདུག་ས་མི་ཐོབ་པ་ཞིག་བྱུང་བར་གཞིག་ན་ཡང་བཙན་པོ་བཀྲོང་རྗེས་སུ་ཡང་ད་དུང་བཙན་པོའི་སྲིད་གཞུང་སྲ་ཐག་ཐག་ཡོད་པར་ཁ་གྲག་ནས་བསྡད་ཡོད་པ་རེད།
ངས་སྤོབས་མཐའི་མཆན་ཁ་ཤས་བཀླགས་མྱོང་ཁོས་སྦོམ་བཤད་དང་རགས་བཤད་ཙམ་ལས་ལོ་རྒྱུས་ཀྱི་བདེན་དཔང་ཡོད་པའི་རྩོམ་མཐོང་མ་མྱོང། མ་གཞི་ནས་ཁོ་ཡང་རྨོངས་དད་གཡོན་ཐལ་ཅན་ཅིག་རེད་འདུག འདིར་དར་མ་ལ་མཁུན་སྒྲ་འདོན་དགོས་པའི་རྒྱུ་མཚན་ཡང་དེ་ཙམ་ལས་གཞན་མེད། མགོ་ལ་གླང་ར་ཡོད་ཀྱང་རུང་མེད་ཀྱང་རུང་རང་གི་ལུང་པའི་རྒྱལ་སྲས་ཞིག་རེད། དགེ་འདུན་གྱི་སྡེ་བཤིག་ཀྱང་རུང་མ་བཤིག་ཀྱང་རུང་དོན་དམ་དུ་ལྷ་སྲས་ཀྱིས་རང་གི་རྒྱལ་ཁབ་འདི་རྨོངས་གཉིད་ལས་སད་ཐབས་ཀྱི་ཆ་ཤས་ཞིག་ཐོག་མར་མགོ་བརྩམས་པ་རེད་དེ་དུས་འདི་འདྲའི་བསམ་བློ་འཆར་བ་དེ་རླབས་ཆེན་རེད་བསམ།
དགེ་འདུན་པའི་སྡེ་བཤིག་པ་དེ་གཉིད་དཀྲོག་སྟངས་ཤིག་་ཡིན་ན་མའོ་ཙེ་ཏུང་གིས་ཁྱོད་ཚོ་གཉིད་ལས་དཀྲོག་ཡོད་པར་ཐག་ཆོད་པས་ཁྱོད་ཚོས་བཀའ་དྲིན་རྗེས་དྲན་ཞུ་བར་འོས། དར་མས་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས་བོད་ཀྱི་རླུང་རྟ་རྒུད་ཚུལ་ནི་རྒྱའི་ཐང་ཡིག་ལ་ཡང་གསལ་འདུག དར་མ་བཀྲོངས་ནས་ལོ་ཉེར་གསུམ་གྱི་རྗེས་སུ་སྲས་གཉིས་པོས་དབུ་གཡོར་བཟུང་ནས་འཁྲུགས་པ་བྱས་པའི་རྗེས་སུ་བར་དུ་བཙན་པོའི་སྲིད་གཞུང་བརྟན་པོ་ཡིན་པ་དང་། དེའི་རྗེས་སུ་འབངས་གྱེན་ལོག་བྱུང་ནས་བོད་སིལ་བུར་འཐོར་ཚུལ་ནི་ཆོས་འབྱུང་མཁས་དགའ་སོགས་བོད་རང་གིས་བྲིས་པའི་ལོ་རྒྱུས་ཚང་མར་ཡོངས་གྲགས་རེད། སི་མ་ཀོང་གིས་བརྩམས་པའི་སྲིད་སྐྱོང་མེ་ལོང་སོགས་སུ་ཡང་སྤྱི་ལོ་༡༨༦༠ཡས་མས་སུ་ད་དུང་ཡང་བོད་ཀྱི་བཙན་པོའི་དམག་དཔུང་གིས་རྒྱའི་ས་ཁུལ་ལ་བཙན་འཛུལ་བྱེད་པའི་སྟོབས་ཤུགས་ཡོད་ཚུལ་མང་དུ་བྲིས་འདུག་པས་གླང་དར་བསད་ནས་བོད་ཀྱི་དྲག་པོའི་སྟོབས་ཤུགས་ཉམས་མེད་པ་གསལ་པོ་རེད། དར་མས་བོད་མི་གཉིད་ལས་དཀྲོག་ཚུལ་གྱི་ལོ་རྒྱུས་ཡིག་རྙིང་བསྟན་རྒྱུ་ཡོད་ན་སྟོན་རོགས། ཁྱོད་རང་ཚོ་ལ་བསྟན་ཡོང་རྒྱུ་ཡོད་ན་སྟོན་རོགས། དེ་མིན་པར་ཨུ་ཚུགས་ནི་ཨུ་ཚུགས་ཡིན་པས་རང་ཉིད་མ་ངལ་བར་དུ་བྱེད་ཆོག་མོད་རིན་ཐང་ཅང་མེད་པ་ཤེས་དགོས།
མ་གཞི་དར་མ་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས་བཙན་པོའི་སྲིད་གཞུང་གི་ལས་དོན་མང་པོ་ཞིག་འཐུས་ཤོར་དུ་འགྲོ་སྟབས་དཔལ་གྱིས་རྡོ་རྗེ་སོགས་ཀྱིས་ཁོ་བསད་པ་རེད། དཔལ་གྱི་རྡོ་རྗེ་ནི་ངོ་མ་རྒྱལ་གཅེས་དཔའ་བོ་འགྲན་ཟླ་མེད་པ་ཞིག་ཡིན་པ་འདྲ།
མ་གཞི་བླ་མ་གྲྭ་བ་བསད་ནས་བོད་མི་མང་གཉིད་ཅིག་སད་རྒྱུ་ཡོད་ན་ཁྱོད་རང་ཚོ་ཡང་སྨོན་ལམ་ཆེན་མོ་འཚོགས་སར་སོང་ནས་་འབར་རྫས་འདྲ་གཏོར་ས་སོང་དང་ཁྱོད་ཚོས་ཀྱང་གཉིད་དཀྲོག་ཐུབ་ས་རེད།
དགོངས་དག ༡༨༦༠་མ་རེད། དེ་༨༦༠རུ་བཅོས་རོགས།
དེ་རིང་ཡང་སྤོབས་པ་མཐའ་ཡས་ལགས་ཀྱིས་སྨྱོན་བཤད་བྱེད་བཞིན་འདུག་ག གྲྭ་པ་བསད་མཁན་དང་ཡིག་ཆ་བསྲེགས་མཁན། ཆོས་ལུགས་བཙན་བསྒྱུར་བྱས་མཁན་དེ་ཚོ་བོད་གངས་པའི་ལྷ་སྲས་དར་མ མཆོག་ཡིན་ས་མེད། སོག་པོའི་གུ་ཤིང་བསྟན་འཛིན་ཆོས་རྒྱལ་དང་མའོ་ཙི་ཏུང་ཁྲིད་འོང་ནས་གྲྭ་དམངས་སྟོང་ཕྲག་དང་སྟོང་ཕྲག་བསད། དགོན་སྡེ་གཤིག་མཁན་དེ་ཚོས་བོད་མི་རིགས་གཉིད་དཀྲོགས་མི་འདུག་ག
ལྷག་པ་ཏུ་ཤཀྱའི་རྒྱལ་པོས་ཕག་ཤ་རྙིང་པ་ཟས་ནས་གྲོད་ཁོག་ན། ཁྲག་བཤགས་ནས་ཤི་སོང་བ་རེད་ཟེར་མཁན་ཁྱོད་ཡིན་པ། གསང་སྔགས་ནང་ཆོས་མ་རེད་ཟེར་ནས་དགག་མཁན་ཁྱོད་ཡིན་པ། སྤྱན་རས་སངས་རྒྱས་མིན་པ་དང་མ་ཎི་ཡི་དོན་འགྲེལ་མཇེ་སྟུ་རེད་ཟེར་ནས་དགག་མཁན་ཁྱོད་ཡིན་པ། དེ་རིང་ཡང་ཆོས་དད་ཆེ་མདོག་དང་གྲྭ་བཙུན་ལ་དད་མདོག་བྱེད་བཞིན་ཡོད་པེ།་་ཧཧ་་་སྤོབས་པ།
ལྷ་སྲས་དར་མ་མཆོག་ཆང་བཟི་རེད་ཟེར་བའི་སྐད་ཆ་འདི་དག་རང་རྒྱལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་དུའང་མི་གསལ། ཁྱོད་སྙིང་རྗེ། མ་ཤེས་ཤེས་མདོག ཆང་བཟི་ངོ་མ་ཁྲི་རལ་པ་རེད། གྲྭ་བཙུན་ལ་མིག་ལོག་བལྟས་ན་མིག་རིལ་བཏོན་པ་དང། ཁ་བཏང་ན་ལྕེ་བཅད་མཁན་ཁྲི་རལ་པ་རེད། དེ་ཆང་བཟི་དང་སྨྱོན་པས་བྱས་སྟངས་མིན་ན་འབངས་མི་སེར་སྐྱོང་བའི་རྒྱལ་པོ་ཡ་རབས་ཤིག་གིས་བྱས་སྟངས་མ་རེད་པ།
ཁྱོད་ཉོན་ཨ། ཕ་ལྷ་སྲས་མ་བདུད་རེད། མགོ་ལ་གླང་རྭ་སྐྱེས་ཡོད་རེད་ཟེར་ནས་འབངས་མི་སེར་གྱི་རྣ་བའི་ནང་དུ་དྲིལ་བསྒྲགས་བྱས་ཀྱི་ཡོད་དུས་་འུ་དུམ་བཙན་པོའི་སྲས་གཉིས་ཀྱིས་རྒྱལ་སྲིད་སྐྱོང་ཐུབ་ཐབས་ག་ལ་ཡོད། འབངས་གྱེན་ལོག་བྱེད་ལུས་འོང་།
དེང་སང་ཡང་ཆོས་ལུགས་པའི་བླ་སྤྲུལ་ཚོས་སེང་གེའི་ཕ་བདུད་རེད། མགོ་ལ་གླང་རྭ་སྐྱེས་མྱངས་ཡོད་རེད་ཟེར་ནས་དྲིལ་བསྒྲག་བཟོས་དང་། ་བཙན་བྱོལ་བའི་འབངས་མིས་གྱེན་ལོག་བྱ་ངེས་རེད།
གཉིས་པ། འབངས་གྱེན་ལོག་དང་། ཡུལ་ལ་མུ་གེ་བྱུང་བའི་རྒྱུ་བསགས་མཁན་ཁྲི་རལ་པ་དང་ཤཀྱའི་ཆོས་ལུགས་པ་ཚོ་རེད། དེང་སང་ཡང་་་གྲྭ་བཙུན་རེ་ལ་ཁྱིམ་ཚང་གསུམ་རེ་བྲན་གཡོག་སྤྲོད་ན་བོད་ཀྱི་ཕོ་མང་ཆེ་བས་གྲྭ་པ་བྱེད་ཀྱི་རེད། ལོ་༢༠་ནང་དུ་མུ་གེ་བསླེབས་འོང་གི་རེད། འབངས་གྱེན་ལོག་བྱེད་འོང་གི་རེད།
ཁྲི་རལ་པའི་ཁྲིམས་ལུགས་ལྟར་གྲྭ་བཙུན་རྣམས་ལ་མིག་ལོག་བལྟས་ན་མིག་རིལ་བཏོན། ཁ་བཏང་ན་ལྕེ་གཅོད། གྲྭ་བཙུན་ཚོས་རྒྱལ་པོ་ཟེར་ནའང་ཡག་པོ་རེད། སྲིད་སྐྱོང་རྡུང་ནའང་བཟང་པོ་རེད་ཟེར་དགོས་པ་ཞིག་བཟོས་དང་། བོད་སིལ་བུ་ཐོར་བ་ལྟར་འཐོར་འགྲོ་གི་རེད་དོ།
སྙིང་མ་རྗེ་ཁྱོད། ཕྱོགས་ཞེན་གྱིས་བཟི་ཡོང་དུས་གནད་ལུགས་ཟེར་བ་དང་དྲང་བདེན་ཟེར་བ་ལ་གུས་བཀུར་སྤུ་ཙམ་བྱེད་ཀྱི་མི་འདུག་ག
གྲྭ་བཙུན་ཚོས་རྒྱལ་པོ་བསད་ནའང་ཡག་པོ་རེད། སྲིད་སྐྱོང་རྡུང་ནའང་བཟང་པོ་རེད་ཟེར་་་་ཞེས་བཅོས་
# 33 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
October 25th, 2014 at 8:30 PM
གླང་དར་བསད་ནས་བོད་སིལ་བུར་འཐོར་ཟེར་བ་དེ་ལོ་རྒྱུས་མ་ཤེས་པའི་སྐྱོན་རེད། དར་མ་ལ་བུ་གཉིས་ཡོད། བུ་གཉིས་པོ་རྒྱལ་ས་ལ་འཆམས་པ་དང་། འབངས་གྱེན་ལོག་བྱུང་ནས་བོད་སིལ་བུར་འཐོར་བ་རེད། ་་་་་་་ འདི་ལ་རྒྱབ་སྐྱོར་ཡོད།
གྲྭ་བ་སུས་བསད་ཡོད་མེད་མི་ཤེས། ངས་གྲྭ་བ་གསོད་མཁན་སུ་ཡིན་ཡང་དེ་སྔོན་ཐོན་པ་དང་རྟོག་སད་པ་རེད་ཟེར་མ་མྱོང་། ཁྱོད་ཚོས་བཙན་པོ་དར་མ་རྟོག་སད་པ་རེད། སྔོན་ཐོན་པ་རེད། གསར་བརྗེ་བ་རེད་ཟེར་མཁན་ཁྱོད་ཚོ་རེད། རྒྱུ་མཚན་གང་རེད་ཅེས་དྲིས་སྐབས། རྒྱུ་མཚན་ནི་གྲྭ་བ་བསད་པ་རེད་ཟེར་བ་ཙམ་ལས་མི་འདུག དེར་བརྟེན། གྲྭ་བ་བསད་ནས་སྔོན་ལ་ཐོན་རྒྱུ་ཡོད། གྲྭ་བ་བསད་ནས་གཉིད་སད་རྒྱུ་ཡོད། གྲྭ་བ་བསད་ནས་གསར་བརྗེ་བར་འགྱུར་ན་ཁྱོད་རང་ཚོ་ཡང་སྨོན་ལམ་ཆེན་མོའི་སྐབས་སུ་འབར་རྫས་རེ་འཇོག་ཐུབ་རྒྱུ་རེད་ཅེས་བརྗོད་པ་ཡིན།
བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་མཆོག་འུ་དམ་བཙན་པོས་གྲྭ་བཙུན་བསད་མྱངས་མེད། གྲྭ་པ་དཔལ་རྡོས་རྒྱལ་མཆོག་ཁོང་བཀྲོངས་པ་རེད། ང་ཚོས་རྒྱལ་མཆོག་དར་མ་གསར་གཏོད་པ་དང་རྟོག་སད་པ་རེད་ཟེར་བའི་རྒྱུ་མཚན་དེ་འདྲ་མིན།
གྲྭ་པ་སུས་བསད་ཡོད་མེད་མ་ཤེས་ན་་་ལོ་རྒྱུས་ལ་སློབ་སྦྱོང་ཏོག་ཙམ་བྱོས། གུ་ཤིང་ཧན་དང་མའོ་གདན་འདྲེན་ཞུ་མཁན་ཚོ་རེད། དེ་ཚོ་གསར་གཏོད་པ་དང་རྟོག་སད་པ་མ་རེད།
མའོ་ཙེ་ཏུང་གདན་འདྲེན་ཞུ་མཁན་ཟེར་ན་འདྲ། ཕྱི་བླ་ནང་བཙོང་བྱེད་འདུག་མཁན་ཏྲེ་ཧོར་དགེ་སྟག་སྤྲུལ་སྐུ་ཟེར་བ་ཞིག་ཡོད་ཚུལ་རྒྱ་གཞུང་གིས་གློག་བརྙན་ཚུན་འཁྲབས་ནས་གཏོང་གིན་འདུག དེ་མིན་པ་མའོ་བོད་ལ་གདན་འདྲེན་ཞུ་མཁན་ཞིག་ཡོད་པ་གོ་མ་མྱོང་།
གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ནི་རུས་སོག་པོ་ཡིན་རུང་བོད་ཀྱི་ཆོས་དང་རིག་གནས་དད་ཞེན་བོད་མི་དངོསགཙང་ཞིག་ལས་ལྷག་པ་དང་། ལྷག་པར་ཡང་བོད་ཀྱི་སྲིད་དབང་རི་མོར་བྲིས་པའི་མར་མེ་ལྟ་བུ་དེ་སླར་ཡང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བ་ཁོང་ཁོ་ནའི་བཀའ་དྲིན་རེད། འདི་དང་བཙན་པོ་དར་མ་བསྡུར་ཐབས་ཤིག་གང་དུ་ཡོད།
ཁྲི་རལ་གྱི་དུས་སུ་གྲྭ་བཙུན་རེ་ལ་འབངས་མི་ཁྱིམ་བདུན་རེ་ཕུལ་བ་རེད་ཨེ། དེ་ན་སྐབས་དེ་ལ་གྲྭ་བཙུན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་སྟོན་གྱི་འདུག གྲྭ་བ་བྱེད་པར་གླ་ཕོགས་ཆེན་པོ་དེ་འདྲ་སྤྲོད་དགོས་པར་གཞིག་ན་གྲྭ་བཙུན་བྱེད་མཁན་མི་རྙེད་པའི་དཀའ་ངལ་ཡོད་པ་སྟོན་གྱིན་འདུག སྐབས་དེ་ལ་བོད་ཟེར་དུས་སྟོབས་འབྱོར་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་རེད། ཁྱིམ་ཚང་བདུན་གྱིས་གྲྭ་བཙུན་གཅིག་གི་འཚོ་བ་སྦྱར་བ་དེ་དཀའ་ངལ་ཞིག་མ་རེད། མ་གཞི་སྐབས་དེར་བོད་ལ་དགོན་པ་མང་པོ་མེད་པར་བལྟས་ན་སྐབས་དེར་བོད་ལ་གྲྭ་བཙུན་ཧ་ཅང་ཉུང་ཞིག་ལས་མེད་པ་གསལ་པོ་རེད། བསྟན་པ་སྔ་དར་གྱི་དུས་སུ་བསམ་ཡས་གཅིག་པོ་མ་གཏོགས་གྲྭ་བཙུན་དགེ་འདུན་པ་རྒྱུན་བཞགས་གནང་ཡོད་སའི་དགོན་པ་མང་པོ་ཞིག་མེད་ཚོད་རེད། བསམ་ཡས་ནི་བཙན་པོའི་སྲིད་གཞུང་གིས་སློབ་གྲྭ་དང་ཡིག་སྒྱུར་ཁང་ལྟ་བུ་ཞིག་ལས་དེང་དུས་ཀྱི་གྲྭ་ས་ལྟ་བུའི་གྲྭ་བཙུན་མང་པོ་བསྡུས་ཡོད་ས་ཞིག་ནི་མིན་པ་འདྲ། དེ་ལ་གྲྭ་ཤག་མང་པོ་ཡོད་པའི་ཤུལ་རྗེས་ཙམ་ཡང་མི་འདུག བསྟན་པ་སྔ་དར་གྱི་ཆོས་འབྱུང་ཁག་ན་ཡང་གྲྭ་བཙུན་མང་པོ་ཡོད་ཚུལ་ཆེར་མི་སྣང་།
ཧ་ཧ་་ཡང་བསྐྱར་བཤད་བྱེད་ཡོང་གི་འདུག་ག ཀརྨ་བསྟན་སྐྱོང་དབང་པོས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་སྐབས་རང་དབང་རང་བཙན་གཙང་མ་རེད་ད། གུ་ཤིང་བསྟོས་ཆོས་ཀྱིས་རང་བཙན་གཙང་མ་ལ་བསྒྱུར་པ་མ་རེད། ཧཧཧ སྲིད་དབང་ཕྲོགས་པ་རེད།
ད་སྤོབས་མཐའ་འདི་གཞི་ནས་ཐོན་ཐལ། མི་འདི་ལོ་རྒྱུས་ཡིན་ཟེར་ནས་ཅིག་ཅིག་མིག་མིག་མང་པོ་ཞིག་བགྲང་རྒྱུ་ཡོད་མཁན་ཞིག་ཡིན་ས་ཡོད། ཡིན་ནའང་ཁོས་བཤད་པ་མང་ཕལ་ཆེར་ཞིག་རྒྱ་ཡི་ཡིག་ཚང་དང་རྒྱ་ཡི་ཡིག་ཚང་རྐྱང་རྐྱང་འདྲ་ཞིག་རེད།
ད་ལྷ་སྲས་དར་མ་ཡང་ཆང་སྐྱལ་ཞིག་རེད་ཟེར། དངོས་གནས་ཁྱོད་ཀྱིས་བཤད་པ་དེ་ཚོ་བདེན་པ་ཡིན་ན་སྐབས་དེར་བཙན་པོ་དར་མས་བཀོར་ཟས་ལ་རྔམ་དྲགས་པའི་སེར་མོ་བའི་སྡེ་ཁྱུ་ཞིག་གི་འཐབ་ཡ་དང་། ཆོས་ལུགས་སྒེར་གཅོད་པའི་དབང་ཆ་ཐོབ་པའི་ཆོས་བློན་དང་མི་གྲགས་དེ་ཚོ་ལས་རྣམ་པར་རྒྱལ་ཐུབ་ཁག་པོ་རེད། ཡིན་ནའང་བཙན་པོ་དར་མའི་རྣམ་དཔྱོད་ཀྱིས་གསོ་ཕག་བཞིན་བསོས་ཡོད་པའི་ཆོས་བྱེད་མི་སྣ་དང་དེ་དག་དང་འབྲེལ་བའི་སྲིད་གཞུང་གི་མི་སྣ་རྣམས་ལས་རྣམ་པར་རྒྱལ་ཏེ། བོད་འདི་སྲ་བརྟན་ཞིག་དགོས་ན་ཐོག་མར་ཕྱོགས་ཀྱི་མཐའ་མཚམས་སྲུང་བའི་དམག་དཔུང་དང་མི་གོ་ལག་བཙན་པོ་དགོས་པར་དགོངས་ནས་གསོ་ཕག་དེ་ཚོར་ལས་ཀ་སྤྲད་འདུག་བ། ངར་པོ་རེད། བྱས་རྩང་དར་མ་ཆང་སྐྱལ་ཅང་ཡིན་ས་མ་རེད། ཁོང་གི་རྣམ་དཔྱོད་ལ་ཧ་ལས་སོང་། མི་འདིར་གུས་དུད་ཡོད།
ཡང་སྤོབས་པ་འདིས་གོང་དུ་བོད་སིལ་བུར་འཐོར་བའི་རྒྱུ་ཅན་དར་མ་བཀྲོངས་པས་མ་རེད་ཁོང་གི་སྲས་གཉིས་དེར་ལེན་པ་ཡོད་རེད་ཟེར་བ་འདྲ་ཞིག་དང་། ཡང་དར་མ་བཀྲོངས་རྗེས་ཉེས་ཅན་པ་དཔལ་རྡོར་གབ་ས་མ་བརྙེད་པའི་དཀའ་ངལ་བྱུང་བ་ནི་བོད་བཙན་པོའི་རྒྱལ་ཁྲིམས་སྲ་བརྟན་ཡོད་པས་ཡིན་པ་འདྲ་ཞིག་ཡང་གླེང་སོང་། ལོ་རྒྱུས་རྣམས་སུ་ལེགས་པོ་གཟིགས་དང་སྲས་གཉིས་ཀྱིས་ཡབ་དར་མ་གྲོངས་སྐབས་ཅི་ཞིག་བྱས་འདུག སྐབས་དེར་སྲས་འདི་ཚོར་རྒྱལ་སྲིད་སྐྱོང་ནུས་ཀྱི་གདེང་ཚོད་དང་ཉམས་མྱོང་། ཤེས་ཡོན་སོགས་ཀྱིས་ཕྱུག་པ་དེ་འདྲ་ཀྱང་ཡིན་ས་མ་རེད། ཡབ་དར་མ་གྲོངས་རྗེས་ཆོས་ཀྱི་གོས་དམར་གྱོན་ནས་སྲིད་ལ་ལག་པ་རྐྱོང་སྡོད་མཁན་དེ་ཚོར་གོ་སྐབས་ཡག་པོ་ཞིག་ཐོབ་པ་རེད། སྲས་གཉིས་ཀྱི་བར་ལ་ཕྲ་མ་དང་ངན་ལག་བཅུག་སྟེ་མ་འཆམ་པ་བཟོས་འདུག་བ། སྲས་གཉིས་ལ་དབང་ཆ་དེ་ཙམ་མེད་པ་གསལ་ཐང་རེད།
མདོར་བསྡུས་ནས་བཤད་ན་ཆོས་ལུགས་ཀྱི་གོས་དམར་གྱོན་པ་ཙམ་ལས་གཞན་ཕན་གྱི་བྱམས་བརྩེ་དང་། རང་རིགས་ལ་ཤ་ཞེན། རྒྱལ་ཁབ་ལ་སེམས་ཁུལ་ཏིལ་འབྲུ་ཙམ་ཡང་མེད་མཁན་གསོ་ཕག་དེ་ཚོས་དར་མས་ཁོ་ཚོ་སྐྱིད་ཉལ་རྒྱག་མ་བཅུག་དེར་དགྲ་ཤ་བླངས་པ་རེད། ཡིན་ནའང་མཐར་རང་གིས་བཞག་པའི་མགོ་རྡོ་དེས་སོ་སོའི་རྐང་པ་བཅག་པ་ནི་བོད་སིལ་བུར་འཐོར་སོང་བ་དེ་རེད་དོ།། ད་ཤེས་ཨི་སོང་ངའི་ཁྱིམ་མཚེས་སྤོབས་དགའ་ལགས།
དར་མ་གཅེན་པོ་ཡིན་ན་ཡང་། །
སྲིད་དབང་མ་ཐོབ་རྒྱུ་མཚན་ཡོད། །
འདི་རུ་བན་བོན་མ་རྩོད་པར། །
དར་མ་རང་ཉིད་རྩོད་ཅན་ཉིད། །
ཁྲི་རལ་དམག་གིས་མ་ཕུང་བར། །
ལོ་འགར་དར་མར་ཕུང་བར་མཚར། །
དམུ་དགེས་ལོ་རྒྱུས་ཉམས་ཞིབ་ལ། །
ད་དུང་རྒྱུ་མཚན་མང་པོས་ཕོངས། །
ཤཀྱའི་ལྷ་ཆོས་བོད་ལ་མ་བསླེབས་པའི་སྔོན་དུ་བོན་པོ་མ་གཏོགས་ཆོས་ལུགས་པ་མེད། བོད་གངས་ཅན་པའི་ཕ་མེས་ཀྱི་ཆོས་ལུགས་བོན་ཆོས་རེད་བ། བོན་པོ་ཐོན་མི་སམ་བྷོ་ཊ་བཀའ་དྲིན་ཅན་གྱིས་བོད་ཡིག་ཡར་རྒྱས་བཏང་ནས་བོད་མི་རྣམས་ལ་སློབ། སློབ་གྲྭ་ཟེར་ནའང་འདྲ། དགེ་རྒན་ཟེར་ན་ཆོག བོན་པོ་དང་བོན་རྒན་ཚོ་ནི་བོད་མི་རིགས་ལ་བཀའ་དྲིན་ཆེ། དྲིན་ཅན་ཁོང་ཚོའི་བཀའ་དྲིན་གྱིས་ལྷོ་འཛམ་བུ་གླིང་ལ་བོད་མི་རིགས་སྐད་གྲགས་བྱུང་།
བོན་ཆོས་དར་ཁྱབ་ཆེ་བའི་སྐབས་སུ་བོད་མི་རིགས་ཀྱིས་མནའ་ལ་བརྩི། ཉི་ཟླ་སྐར་གསུམ་ལ་དད། རང་ཚུགས་བརྟན། རང་དོན་མཁས། ཆིག་སྒྲིལ་ཡོད།
དར་མའི་རང་སྲོག་ཤོར་སྟངས་ལ། །
རང་གི་ནང་བློན་རམ་འདེགས་འདུག །
དཔལ་རྡོས་སླ་མོར་བཀྲོངས་པ་དང་། །
བཀྲོངས་ནས་བྲོས་ཐར་འདི་ཡིས་ཤེས། །
ཚར་རྒྱུ་ཚར་བ་རེད། གནའ་སྔ་མོའི་སྟོབས་ཆེན་རྒྱལ་ཁབ་ཚོ་ད་སྐབས་མིང་ཙམ་ལས་མེད་པ་མང་གི གླང་དར་ལ་བསྟོད་པ་དང་། དཔལ་རྡོར་ལ་སྨད་པའི་ཅི་ཕན། གྲི་གུམ་བཙན་པོ་དེ་བློན་པོ་བློ་ངམ་གྱི་བགྲོངས་ཏེ་སྲིད་རང་ཉིད་ཀྱིས་བཟུང་བ་རེད། ཕྱིས་སུ་ཁོ་རང་ཡང་བསད་ནས་ཕྱིར་སྲིད་དབང་སྲས་ལ་ཕུལ་བ་རེད། གླང་དར་ལ་བློན་པོ་ངར་བ་གཅིག་ཀྱང་མེད་འདྲ། རྒྱལ་པོ་བགྲོངས་མཁན་ཚར་བཅད་དེ་སྲས་གཉིས་གང་རུང་ཞིག་ཁྲིར་བཀོད་ཐུབ་མཁན་གྱི་བློན་སྙིང་སྟོབས་ཅན་མ་བྱུང་བའི་ལན་པ་འདྲ།
ཨོ་རེད་་་གུ་ཤིང་བསྟན་ཆོས་་་་་་བོད་ཀྱི་ཆོས་དང་རིག་གཞུང་ལ་དད་ཞེན་བོད་མི་ལས་ལྷག་པ་ཡོད་ཟེར་བའི་སྤོབས་པའི་སྐད་ཆ་འདི་མ་བརྟག་པའི་སྐད་ཆ་རེད། རྒྱ་གར་བའི་ཤཀྱའི་ཆོས་ལ་དད་ཞེན་ཡོད་པ་འདི་བོད་ཀྱི་ཆོས་ལ་དད་པ་མི་ཟེར། ཤཀྱའི་ཆོས་ལུགས་འདི་རྒྱ་གར་བའི་རེད། བོད་ཀྱི་ཆོས་ལུགས་བོན་པོ་རེད། གུ་ཤིང་ཧན་བོན་ཆོས་ལ་དད་ཞེན་ཡོད་རབས་མེད། བོན་པོ་ཐོན་མིའི་བོད་ཡིག་འདྲ་ནི་གུ་ཤིང་ཧན་གྱིས་ཤེས་མདོག་ཁག་པོ་རེད། དེ་མ་གཏོགས་བོད་མི་ལས་ལྷག་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་དད་ཞེན་ཟེར་ན་ཅང་ཡོད་ཟོལ་མེད་ཡ།
དར་མའི་སྔོན་ལ་ཁྲི་རལ་བཀྲོངས། །
དེ་དུས་ཆོས་རྒྱལ་ཐ་མ་བཀྲོངས། །
གདུང་བརྒྱུད་འོད་སྲུངས་ཡོད་ན་ཡང་། །
སྤྲང་ཕྲུག་ཡུམ་བརྟན་ཡུམ་གྱིས་ཕོངས། །
ད་རེས་ཨ་ཁུ་སྤོབས་པ་གཡོན་ཕྱོགས་ལྷུངས་ནས་བློ་གཟུ་བོར་གནས་མི་འདུག། ཡང་གཅིག་མིན་ན་ཁོང་ཡང་ཁྲི་རལ་གྱིས་སེར་མོ་བར་དུས་ཁྱིམ་གསུམ་ཙམ་གྱིས་ཁྲལ་ཐོབ་ལ་བརྣག་སེམས་ཤོར་ཡོད་པ་འདྲ། ཡང་ན་བོད་ས་མ་ཤོར་གོང་གི་མངའ་བདག་ཆེན་པོ་གསུམ་གྱི་བདག་དབང་ལ་ཡིད་སྨོན་ཤོར་མེད་ན་ཅི་རེད། བོད་འདི་ཆག་ཆེ་ཉམས་ངའི་གནས་སུ་ལྷུངས་དགོས་པའི་རྒྱུ་རྐྱེན་གླེང་ན་ལྷ་སྲས་འུ་དུམ་བཙན་པོ་དཀྲོངས་མཁན་ལག་དམར་བ་དཔལ་རྡོར་མ་གླེང་ཐབས་མེད་རེད། ལྷ་སྲས་དར་མ་ཇི་ལྟར་གཏུམ་རུང་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་རེད་ལ་ཁོང་གིས་ལྷ་ཆོས་རིང་ལུགས་ལ་བཀའ་ཉེས་ག་ཚོད་བཏང་ཡང་འཇིག་རྟེན་མི་ཆོས་རིང་ལུགས་ལ་མཐུས་ཤོར་བཏང་མེད་པ་ལོ་རྒྱུས་་ན་གསལ་གསལ་ཐང་ཐང་རེེད། རྒྱལ་སྲིད་སྐྱོང་བ་དང་མངའ་ཐང་རྒྱས་པར་འཇིག་རྟེན་མི་ཆོས་རིང་ལུགས་གལ་ཆེན་དོན་ཆེན་ཆགས་ཡོད་པ་རེད། དེས་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་སྒོ་ཆེ་ཤོས་སེར་མོ་བར་ཁྲལ་འཇལ་དགོས་པའི་ལམ་ལུགས་ལ་བསྒྱུར་བཅོས་མ་བྱེད་དཀའ་མེད་རེད། བྱས་ཙང་གནད་དོན་འདིའི་ཐད་འབྲི་གུང་སྐྱབས་མགོན་གྱིས་མཛད་པའི་བོད་བཙན་པོའི་རྒྱལ་རབས་ཀྱི་དེབ་ཐེར་ནང་གཟིགས་ན་གནད་དོན་མང་པོ་ཞིག་བློ་སྒོ་འབྱེད་སྲིད་པ་རེད། འབངས་གྱེན་ལོག་དང་བོད་སིལ་བུའི་གནས་ཚུལ་འདི་དར་མ་དཀྲོངས་མེད་ན་བོད་བཙན་པའི་དབང་བསྒྱུར་གོང་བུ་ལ་གོད་ཆག་ཤོར་མདོག་ཁ་པོ་མ་རེད། ཡབ་རྒྱལ་པོ་འཚོ་བཞུགས་གནང་ཡོད་ན་ཡུམ་བརྟན་དང་འོད་བསྲུང་ནང་འཁྲུགས་ཤོར་རྒྱུའི་སྒོ་སྐབས་དབེན་ལ་ལྷ་སྲས་གཉིས་བསམ་བློ་དར་ལ་སྨིན་མཚམས་བོད་བཙན་པོའི་དབང་བསྒྱུར་ལ་གས་ཆག་ཤོར་འཇུག་མི་སྲིད་པ་རེད།
ཅོ་རིའི་ལྕེ་ལ་སྤོབས་པས་མདུད་ནག་བརྒྱབས།།
བདུད་ཕྲུག་དེང་རབས་པ་རྣམས་གཅིག་ལ་གཅིག།
ལོ་རྒྱུས་ཡིག་ཚང་ནང་ན་རྨོངས་སེ་རྨོངས།།
ཚོད་དཔག་ཚོད་ཀྱིས་བཤད་པ་ལོ་རྒྱུས་མིན།
ཆོས་ཀྱི་ནུས་བས་གཅུན་པའི་མི་རིགས་ནི།
སྟོབས་ཀྱིས་འགྲན་ཟླ་མེད་པའི་ང་རྒྱལ་པོ།།
དེ་ལ་རྩོད་པའི་གླུན་ཕྲུག་ཕག་པ་ཚོ།
ཆོས་སྲིད་གནས་བདེ་དཀྲུག་པའི་ཟིང་སློང་སྤྱད།
ཕ་ཤུལ་བུ་ཡིས་མ་ཟིན་ངན་ཁོག་ནི།
སུ་ལ་བཀལ་རུང་དོན་ལ་མི་གནས་སོ།།
དར་རྒུད་གོ་རིམ་འཁོར་ལོ་མི་འཁོར་ནིའི།།
རྒྱལ་སྲིད་མངའ་ཐང་དེ་འདྲ་སྲིད་ན་དབེན།
བླ་གྲྭས་ནོམ་པ་བཙལ་ན་ཁྱེད་ཚོ་སྡང་།།
དགོན་པར་འདོན་ཀློག་བྱས་ན་ཁྱེད་ཚོ་སྡང་།།
སྡང་དགྲ་སེམས་སེམས་ལ་བརྐོས་བའི་འདྲ་བུ་རྣམས།།
རྒྱལ་སྲིད་སྐྱོང་འདོད་མ་རེད་དཀྲུག་འདོད་རེད།
ཕྱི་བའི་ཤེས་རིགས་ནང་འདྲེན་དགོས་རབས་ཟེར།།
ཕ་ཆོས་བོན་པོ་དོར་ན་སྡུག་རབས་ཟེར།།
གང་བཤད་འདི་བཤད་མེད་པའི་ང་མཁས་བ།།
ཡོད་ལས་མེད་ན་དགའ་བ་ཐག་གིས་ཆོད།
སང་ཉིན་རིག་ནིའི་མྱིག་ཞིག་མི་འདུག་གི།
དེ་རང་ཤེས་ནིའི་མྱི་ཞིག་མི་བརྙད་ཀི།
མདུན་ལ་འཁོར་ནས་ནག་ཁུང་བསུ་མཁན་གྱི།།
བློ་སྟོབས་སྩོལ་ཅིག་ཐུགས་རྗེ་འོད་ཟེར་ཅན།
ཁྲི་རལ་པའི་སྐབས་སུ་རྒྱལ་བློན་ཚང་མ་ཁ་ནས་ཆོས་བཤད་ལག་ལེན་ལོག་པར་སྤྱོད་པ་ཁོ་ན་རེད། ཁྲི་རལ་པས་འབངས་མི་སྡུག་ལ་སྦྱར་བློན་ཆེན་བན་དེ་ཆེ་པའི་ཁྲི་རལ་བཙུན་མོ་ལ་ལྐོག་ནས་ལོག་གཡེམ་བྱས། ཁྲི་རལ་གྱི་རྒྱལ་དོན་ཡོད་ཚད་ལྷ་སྲུང་གི་ནུས་པ་ལ་སྐྱོར་ནས་ཉིན་ལྟར་ཕོ་བྲང་བར་མའི་ཉི་ར་ཆང་རྐྱང་འཐུང་ནས་བསྡད་འདུག་པ་ལོ་རྒྱུས་ལ་གསལ། ཁྲི་རལ་འགུལ་བཅུས་ཏེ་གསོད་སྐབ་ཆང་གི་བཟི་ནས་བསྡད་ཡོད། བོད་ཀྱི་ལོ་རྒྱུད་མང་ཆེ་བའི་འུ་དུམ་བཀྲོང་ནས་བོད་སེར་བུར་འཐོར་ཟེར་འདུག་མ་གཏོགས་སྲས་གཉིས་མ་བཐུན་ནས་བོད་སེར་བུར་འཐོར་ཟེར་བ་གཅིག་ཀྱང་མ་མཐོང། འུ་དུམ་བཀྲོང་ཚར་ནས་རྒྱལ་སྲིད་སྲ་ཐག་ཐག་འཇུས་བསྡད་ཡོད་རེད་ཟེར། འཇུ་མཁན་སུ་རེད་རྒྱལ་རབ་ལོ་རྒྱུས་གང་གི་ནང་དུ་གསལ་འདུག། ལྷ་སྲས་གཉིས་ཀྱི་སྲིད་དབང་རྩོད་ལེན་བྱས་ཟེར་བ་དེ་བདེན་མིན་མི་ཤེས། གང་ལྟར་བདེན་པའི་དབང་དུ་གཏོང་ཡང་ཡ་མཚན་ཡ་གཅིག་ཀྱང་མེད། གང་ཡིན་ཟེར་ན་སྔ་རྒྱ་དམག་གི་མདོ་སྨད་དང་ཁམས་ཕྱོགས་སུ་མི་དམངས་ཀུང་ཧྲེ་ཟེར་བ་དེ་ལག་བྱས་ནས་དར་དམར་གཡོ་བཞིན་ཡོད་ཀྱང་ལྷ་ས་ནས་སྲིད་དབང་རྩོད་ལེན་གི་ང་ཤི་ཁྱོད་གསོན་བྱེད་བཞིན་པ་རེད། ༥༩་ཡས་མས་ནས་བཀའ་ཤག་ནང་འཁྲུག་གི་སྐྱེན་པས་བོད་རྒྱ་འོག་ལ་ཤོར་སོང་བ་རེད་དམ་ཟེར་ན་དེ་མ་རེད། སྔོན་རྒྱལ་དབང་༦་༧་ནས་རིམ་བཞིན་བྱ་ཉེས་ལས་ཉེས་ཁོ་ན་ལ་བརྟེན་ནས་༥༩་ཡས་མས་སུ་བོད་སྐྱོད་ཐབས་བྲལ་བའི་གནས་སུ་ལྷུང་ཚར་བ་རེད།
དེ་བཞིན་འུ་དུམ་བཀྲོང་ནས་རྒྱལ་ཁབ་ལ་རྒྱལ་པོ་མེད་པ་ཉི་ཤུ་ལྷག་བརྒལ་ཚར་དུ་རྒྱལ་ཁབ་གང་ཡིན་ཡང་འཐོར་འགྲོ་བ་ཆོས་ཉིད་རེད། འདིར་མི་ཁག་གཅིག་གི་ད་རུང་ཁྲི་རལ་ལྟར་མི་མང་ཆོས་ལུགས་པའི་བྲན་གཡོག་བྱེད་བསམ་ཡོད་བཟོ་འདུག། དེ་ཚོ་སྟོང་བསམ་རང་རེད། ཡིན་འཁྲུལ་སྣང་ངན་པ་འདྲ་འབྱུང་འདུག་གི་ཡོད་ས་རེད་བ།ཧཧཧཧ། ཏུན་ཧོང་གཏེར་ཡིག་ལས། འུའྀ་དུམ་བཙན་པོ་དུན་བརྟན་གྱྀ་ཞ་སྔ་ནས།།……དམ་པའྀ་ཆོས་བསྲུང་བ་དང་།། རྒྱལ་ཁམས་བྱྀན་ཆེན་པོའྀ་སྲྀད་བཅའ་བ་འྀ་དོན་དང་།། རྒྱལ་པོ་ཆེན་པོའྀ་དབང་དང་མཐུ་སྟོབས་ཀྱྀས་དགྲར་གྱུར་པའྀ་སེམས་ཅན་གཞན། སྲོག་སྲྀད་ལ་ཕབ་པ་མན་ཅད། གནོད་པའྀ་ཕྱོགསུ་གྱུར་ཏེ།……ཚེའྀ་བར་ཆད་གྱྀ་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ།། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩྀགས་ཤྀང་རྙང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའྀ་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའྀ་ཆོས་མྱྀ་འཇྀག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་བོའྀ་བསོད་ནམས་ཀྱྀ་གཞྀར་གྱུར་ཅྀག……ཚེ་རབས་གྱྀ་དངོ་སྡིག་གྀ་དྲ་མ་ནྀ་བྱང་། བསོད་ནམས་དང་ཡེ་ཤེས་གྱྀ་ཚོགས་ནྀ་མྱུར་དུ་རྫོགས་ཤྀང་། ཕྱོགས་བརྒྱད་གྱྀ་རྒྱལ་པོ་ཐམས་ཅད་ཀྱང་། བཀའ་འོག་ཏུ་འདུས་པ་དང་།ད་ལྟར་བཞུགས་པའྀ་སྐུ་འདྀ་ལ་ལྟས་ངན་པར་སྟོན་པ་དང་།བགེགས་དང་ཕས་གྱྀ་རྒོལ་བ་ཐམས་ཅད་གྱྀས་མྱྀ་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ།། ཞེས་འུའྀ་དུམ་་མཙན་པོའི་མཛད་པའི་ཡིག་གེ་འདི་ལ་གཞེག་ན་ཆོས་ལུགས་ཕྱོགས་ཞེན་པ་དག་གི་བཤད་པ་ལྟར་མ་ཡིན་པར་ར་སྤྲོད་གསལ་པ་བྱས་འདུག། ཆོས་ལུགས་པ་སྲིད་ཁྲི་ནས་ཕབ་པས་ཞེ་འཁོན་ཆེ་པོ་འུའྀ་དུམ་བཀྲོང་པས་མ་ཚད་དེ་རྗེས་ལོ་རྒྱུས་ནང་སྨྱོན་བཤད་མང་དག་ཞིག་བྱས་ཡོད་པ་འདི་ནས་རྟོག་ཐུབ།
འདིར་གོང་དུ་མཆན་བུ་འགོད་མཁན་ཁག་གཅིག་བརྗོད་གཞིའི་རྩོམ་ཡིག་དང་མ་འབྲེལ་བར་རང་སྣང་གང་དྲན་གྱི་བརྗོད་པ་མང་པོ་ཞིག་སྤེལ་འདུག་པ་དེ་དག་ལ་ལན་སྤྲོད་རིན་མི་ཆེ། སྐབས་སུ་བབ་པ་ཞིག་ལ་དྲ་གྲོགས་གཅིག་གིས་དར་མ་བཀྲོང་རྗེས་སུ་བོད་ཀྱིས་ཆབ་སྲིད་སུས་བསྐྱངས་ཡོད་མེད་ཀྱི་དོག་སློང་དེ་རེད་རེད། དེའི་སྐོར་ལ་སུང་རྒྱལ་རབས་ཀྱི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་གྲགས་སི་མ་ཀོང་(1089-1086)གིས་བརྩམས་པའི་༼སྲིད་སྐྱོང་མེ་ལོང་༽ཞེས་པའི་དེབ་དུ་དར་མ་བཀྲོང་རྗེས་སུ་བཙན་པོའི་བཙུན་མོ་ཆེ་བའི་ཕྱོགས་གཏོགས་སྣ་ནམ་པས་དབང་ཆ་བཟུང་ཚུལ་བྲིས་འདུག དར་མ་འདས་རྗེས་སུ་ཞང་བློན་གྱིས་བློན་ཆེན་པོའི་གོ་གནས་བཟུང་ཞིང་ཁོང་དང་དར་མའི་བཙུན་མོ་ཆེ་བ་གཉིས་ཀས་དབང་ཆ་བཟུང་ཞིང་བློན ཆེན་གཞན་དག་ལ་སྲིད་སྲིད་གཞུང་གི་ལས་དོན་ལ་ཐེ་ཇུས་བྱེད་མ་བཅུག་པ་རེད་ཟེར། སྤྱིར་ན་སྐབས་དེར་སྣ་ནམ་པ་དབང་ཤུགས་ཆེ་བ་དེར་བདེན་པའི་ཆ་ཧ་ཅང་ཆེ་སྟེ། སྣ་ནམ་པ་ནི་སྐབས་དེར་བོད་ཀྱི་ཆོས་སྲིད་གཉིས་ཆར་གྱི་ཕྱོགས་ལ་སྟོབས་ཤུགས་ཧ་ཅང་ཆེ་བའི་ཁྱིམ་རྒྱུད་ཅིག་ཡིན་པ་དང་། བཙན་པོ་དར་མའི་བཙུན་མོ་ཆེ་བ་ཡང་ཁྱིམ་རྒྱུད་དེ་ནས་བྱུང་། མངའ་བདག་ཡུམ་བརྟན་གྱི་ཞང་པོའི་ཁྱིམ་ཚང་ཡིན་སྟབས་ཁྱིམ་ཚང་དེའི་བུ་དྲག་པ་དེ་རིགས་ལ་བཙན་པོའི་སྲིད་གཞུང་གིས་ཞང་བློན་ཞེས་འབོད་ཅིང་དབང་ཆ་ཧ་ཅང་ཆེན་པོ་ཡོད། མ་གཞི་ནས་བཙན་པོ་བཀྲོང་པ་དང་སྲིད་གཞུང་ནུས་མེད་དུ་གྱུར་པ་དེ་དོན་གནས་པའི་གཏམ་ཞིག་མིན། བཙན་པོའི་སྲིད་གཞུང་ལ་ཕ་ཁྱོ་ག་འདྲ་བའི་ཕྱི་བློན། མ་སྲུ་མོ་འདྲ་བའི་ནང་བློན་སོགས་ཡོད་སྟབས་དར་མ་འདྲ་བའི་མི་ངན་ཞིག་ཡར་བྱས་ཁྱེར་རུང་། མར་ཁྱིས་ཁྱེར་རུང་བཙན་པོའི་སྲིད་གཞུང་ལ་གཡོ་འགུལ་གང་ཡང་ཐེབས་ཀྱི་མ་རེད་འདོད།
མ་གཞི་ནས་ཡུམ་བརྟན་བཙན་པོའི་སྲས་ཡིན་མིན་ལ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཚོ་ཁ་མི་མཐུན་པ་བཞིན་དུ་མི་རིགས་གཞན་གྱིས་བྲིས་པའི་ལོ་རྒྱུས་སུ་ཡང་ཡུམ་བརྟན་བཙན་པོའི་སྲས་མིན་ཚུལ་དང་འབངས་གྱེན་ལོག་འབྱུང་དོན་གྱི་རྐྱེན་རྩ་གཅིག་དེ་ཡིན་ཚུལ་ཞིག་བྲིས་འདུག་པས་དེ་ལ་ཡང་དོ་སྣང་བྱ་བར་འོས།
སྤོབས་པས་ཡག་པོ་བྲིས་འདུག འོན་ཀྱང་མཆོག་ནས་ལོ་རྒྱུས་གང་ཞིག་བྲིས་ཀྱང་རིག་པ་གཏིང་ཟབ་མོ་ཞིག་གཏོང་གི་མེད་པ་འདྲ། གླང་དར་ཡག་རུང་ངན་རུང་ནུས་པ་ཆེན་པོ་ཡོད་པའི་རྒྱལ་པོ་ཞིག་ཡིན་པ་མཚོན་ཐུབ། དེར་བརྟེན་ཁོང་གི་ལྟ་གྲུབ་ལ་མི་མོས་པ་ཚོར་བཀྲོང་རྒྱུ་ལས་ལམ་ཁ་གཞན་མེད་པར་གསལ་པོ་རེད། ཁྱོད་ཀྱིས་འདིའི་ལོ་རྒྱུས་ཀྱི་ཁུངས་རྒྱའི་ལོ་རྒྱུས་ལ་བསྐྱལ་པ་དེ་བླུན་པོ་ཞིག་གི་བསམ་ཚུལ་དང་ཁྱད་པར་མེད། གང་ཡིན་ཞེ་ན་དེ་དུས་བོད་ན་རྒྱ་ནག་རྒྱལ་པོའི་གཞུང་ཚབ་ཡོད་ན་མ་གཏོགས་རྒྱའི་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་བོད་ཀྱི་ངག་རྒྱུན་ལྟར་མ་བྲིས་རང་བྲིས་རེད། དེའི་ཕྱིར་ལོ་རྒྱུས་ཚད་ལྡན་ཡིན་མིན་གང་ལྟར་ཀྱང་བོད་རང་གི་ལོ་རྒྱུས་ལ་ཁུངས་གཏུགས་རྒྱུ་ཅིས་ཀྱང་གལ་ཆེ་བར་སྙམ་མོ། ང་ནི་ལྷ་ལུང་དཔལ་རྡོར་ལ་མི་མོས་མཁན་ཞིག་ཡིན་པར་མ་ཟད་རྒྱལ་དབང་ལྔ་བ་ལའང་མི་མོས། རྒྱུ་མཚན་ནི་ཆོས་པ་ཚོའི་ཆོས་ས་ནས་མ་བསྡད་པར་ཆབ་སྲིད་ལ་ཇུས་དོག་བྱས་པས་ཡིན། དེ་མིན་གྲུབ་མཐའི་ཞེན་ཁོག་ཟེར་བ་ཞིག་ཡེ་ནས་མེད། །
བཤད་རྒྱུ་ཁྱོད་ཚོ་ལ་འདུག་ཀྱང། བདེན་པ་ང་ལ་ཡོད་པས་སུ་ཡིན་ན་ཐོན་ཤོག་ཟེར་ཡ་ཡིན། ཕོག་དུག་འདྲ་འགྲོ་མི་ཡོང་བསམ་ནས་ཇི་ཙམ་ཞི་བ་ལྟར་དུ་བཤད་ཀྱང། དེ་ཙམ་ངར་ངར་བྱས་ནས་དངོས་སུ་ཕོག་ཐབས་བྱས་ནས་བཤད་མཁན་ཚོ་ལ་གཏམ་ལན་ཞིག་ལོས་ཡོད། ཕོ་རང་ལ་ཆ་བཞག་ན་ཨ་ཁ་ཁ་དེ་འདྲ་མི་ཡི་ལུས་ལ་དུད་འགྲོའི་བསམ་ཤེས་ལས་མེད་པ་ཅི་ཡིན་ན་སྙམ་པ་མ་གཏོགས་ཁ་རྩོད་འདོད་གང་ཡང་མེད། ཡིན་ནའང་མཆན་པ་འགའ་ཞིག་ནས་ཁ་ནས་དམངས་གཙོ་དང་མི་རིགས་འདྲ་མཉམ་དང་སྲུང་སྐྱོབ་སོགས་བཤད་ནས། དོན་དུ་དམ་པའི་ཆོས་དང་དམ་པའི་སྐྱེས་བུ་ལ་ཕུང་འདྲེ་དང་དམས་ཉམས་ཟེར་ཞིང་སྐུར་པ་འདེབས། བསྟན་པ་འགོ་ནས་བཤིག་མཁན་ལ་ལྷ་སྲས་དར་མ་ཡིན་ན་ཅིག་ཟེར་ནས་སྒྲོ་བཏགས་ནས་དམངས་གཙོ་སྒྲུབ་ལུགས་དེ་འདྲ་ཞིག་རེད་དམ། དད་ལྡན་མང་པོའི་སེམས་ལ་ཕོག་དུག་འདྲ་འགྲོ་མི་ཡོང་བསམ་པའི་ཡ་ང་ཐེ་ཚོམས་སྤུ་ཙམ་མེད་པར་གནོད་ཅི་ཐུབ་དང་ཕོག་ཅི་ཐུབ་བྱས་མཁན་ཚོ་དམངས་གཙོ་དང་གནམ་ས་བའི་རྒྱང་ཐག་རིང་མ་སོང་ངམ། ཆོས་དད་རང་མོས་ལ་དམའ་འབེབས་དང་བཀག་འགོག་དེ་རྒྱལ་སྤྱིའི་ཁྲིམས་དང་ཡང་འགལ་མིན་འདུག་གམ། རང་ལུགས་དང་དམ་བཅའ་ཞིག་ཡོད་པས་རྒོལ་མཁན་ཡོད་ན་དགའ་བསུ་ཞུ་རྒྱུ། དེ་ལ་འདིར་བོད་ཆེན་པོའི་ཕྱི་ལ་ངོམས་རྒྱུ།་ནང་གི་ནོར་བུ། ཡོད་ན་དེས་ཆོག་པ། མེད་ན་ཐབས་ཆགས་པ་དམ་པའི་ཆོས་དེ། ཐོག་མར་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་གཏོད། ཁྲི་སྲོང་ལྡེ་བཙན་ནས་དར་ཞིང་རྒྱས་པར་བྱས། ཁྲི་རལ་པས་དག་ཐེར་མཛད་ཅེས་པའི་བདེན་པའི་ལོ་རྒྱུས་དེ་ལ་ཡིད་ཆེད་པའི་གདིངས་ཞིག་ཡོད་པ་དེ་ང་ཡི་དམ་བཅའ་ཡང་ཡིན། རང་ལུགས་ཟེར་ན་དེ་ཡིན། ཁྲི་རལ་པས་བོད་འབངས་སྡུག་ལ་སྦྱོར་རབས། ཁྲིམས་ངན་བཟོ་རབས་ཡས་མས་མང་པོ་ཞིག་ཅ་ཅོར་སྨྲ་བ་དེ་རྣམས་ལོ་རྒྱུས་ལ་བསྲེས་ལྷད་ཞུགས་སུ་བཅུག་མཁན་དང། དམ་ཆོས་ལ་ཞེ་ནག་མཁན་ཚོས་སྐྱོན་འཚོལ་བའི་བྱེད་ལས་ཞིག་མ་གཏོགས་ཁས་ལེན་མེད། རྟགས་མ་གྲུབ་ཟེར་ཡ་ཡིན། ཡང་གླང་དར་མགོ་ལ་རྭ་ཡོད་པ་དང། སྲོང་བཙན་སྒམ་པོའི་དབུ་ལ་འོད་དཔག་མེད་ཀྱི་སྐུ་རང་བྱོན་ཡོད་པ་ཡང་ངས་དམ་བཅའ་ཡིན། འོད་དཔག་མེད་ཀྱི་སྐུས་སྲོང་བཙན་གང་ཟག་ཐ་མལ་བ་མ་ཡིན་པ་བསམ་བཞིན་སྲིད་པར་བཟུང་བ་སངས་རྒྱས་བྱང་སེམས་ཀྱི་རྣམས་སྤྲུལ་ཡིན་པ་མཚོན། གླང་དར་ནས་སངས་རྒྱས་བསྟན་དང་དེ་འཛིན་དགེ་འདུན་གྱི་སྡེ་བཤིགས་པ་དེ་ཁྱོད་རང་ཚོ་ཡང་ཁས་ལེན་པ་ལྟར་འདོད་པ་རྟགས་སུ་བཀོད་ནས། བསྟན་པ་བཤིག་མཁན་ལ་བདུད་མ་གཏོགས་ལྷ་མིང་ནི་མ་ཐོབ། རྭ་ནི་བདུད་ཀྱི་མཚོན་རྟགས། མི་འདོད་བཞིན་དུ་གླང་དར་ལ་རྭ་ཡོད་པ་དང་བདུད་རྒྱལ་ཡིན་པའི་ཐལ་བ་ལ་ཁས་ལན་ཡོད་དམ་མེད། མེད་ན་མེད་ལུགས་བཤད་ཤོག།
ཧ་ཧ་ཧ་ཧ་ཧ་་་མི་སྡར་མ་ཟེར་ན་འདི་འདྲ་ལ་ཟེར་གྱི་ཡོད་པ་འདྲ་ཤོག་བུ་དཀར་སྟོང་སྟེང་དུ་དཔུང་པ་དམར་བརྫེས་བྱེད་མཁན་མི་འདི་རིགས་རྒྱ་ནག་མདུན་ནས་འདི་འདྲ་བྱེད་རྒྱུའི་རྨི་ལམ་ཚུན་ལའང་རྨི་མྱོང་ཡོད་དམ། མི་འདི་འདྲ་བ་ཡིས་རལ་གྲི་མདུང་མདའི
རྣོ་སོའི་ཁ་ནང་དུ་བསྐོར་ནས་དམེ་གྲི་ལང་དུ་བཅུག་ཡོད། སྔར་ཡང་བྱས་ཡོད་ལ་ད་ཡང་བྱེད་ཀྱི་འདུག ཁྱོད་རང་སྙིང་མ་བགད་ན་ག་ཚོད་དཔུང་པ་བརྫེས་ནའང་བརྫེས།
ཁྱོད་ཚོའི་ཤོག་བུ་དཀར་པོའི་སྟེང་དུ་ཁུངས་མེད་ལུང་མེད་རྐྱང་རྐྱང་བཤད་ནས་ཧམ་བཤད་བྱས་ཆོག་རྒྱུ་དང། གཞན་ཁ་དྲག་དུས་ནག་བསུབ་གཏོང་རྐྱང་བྱ་རྒྱུའི་ཐོབ་ཐང་ཞིག་ཁྱོད་ཚོ་ལ་སུས་སྤྲོད་བྱུང། རྒྱ་ནག་གི་མདུན་ནས་བྱས་རྗེས་འདྲ་གང་བཞག་ཡོད་ན་སྟོན་ཤོག་དང་དཔའ་དར་ཕུལ་ཆོག། བྲོས་ན་བྲོས་མཉམ་ཡིན་འགྲོ། ལོ་རྒྱུས་དང་མཐུན་པ། ལུང་རིགས་པ་དང་མཐུན་པ་བཤད་རྒྱུ་ཡོད་བཤད་རེས་བྱས་ཆོག་གི་རེད། དེ་མིན་ཁོ་རེ་དང་མོ་རེ་མ་གཏོགས་བཤད་རྒྱུ་མེད་ན་ཁ་རྩོད་འདོད་མེད་དོ།
“ལོག་རྟོགས་སྙིང་སྟོབས།
འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང་། ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་པའི་ཕྱུགས་རང་ཡིན་པ་དང་། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ཀྱི་ཕྱོགས་ལ་ཕོ་རྒོད་པས་ནིོ་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང་། ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་འཚོ་དང་། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་དང་། འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་མི་རུང་བ་དང་། དེང་སང་ནི་ལྟ་བའི་སྙིགས་མ་དང་། ཚེ་ཡི་སྙིགས་མ་དང་། སེམས་ཅན་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང་། ལམ་འགྲོ་མ་རྒྱུགས་པ་ཞིག ལན་ཆགས་ཤིག ནོར་འཁྲུལ་ཞིག ཆགས་སྒོ་ཞིག ཕམ་ཁ་ཞིག གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང་། ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པ་དང་། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིག་ཡིད་མུག་དགོས་པ་ཞིག་ཡིན་པ་དང་། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་དེའི་ནང་དུ་འཛུལ་རྒྱུ་དང་། གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་བསྐྱོར་རྒྱུ་དང་། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་རྒྱུ་དང་། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་བསྒོམ་རྒྱུ་དང་། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་སྦྱང་རྒྱུ་དང་། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང་། འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་བ་དང་ཡིད་ཆེས། སྤྲོ་“སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་དང་། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང་། གྲུབ་པའི་དབང་ཕྱུག ཚད་མའི་སྐྱེས་བུ་དང་། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང་། ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང་། ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་འདོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང་། ཁོང་རྣམ་པས་ང་གཟིགས་པ་ཞིག་ང་ཚོས་མི་མཐོང་། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་“མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང་། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང་། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང་། སྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང་། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ཞིང་དུག་ལྟར་འཛེམས་དགོས་པ་དང་། དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡས་ན་ད་གཟོད་རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང་། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང་། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་“རིག་གཞུང་གང་དེའི་བྲན་འབངས་སུ་གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང་། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། སྤྱིར་ཤར་ཕྱོགས་ལྐོག་རྒྱུར་རིང་ལུགས་པས་བསམ་གཞིག་གི་མདའ་ཁ་འཁྲུལ་སྣང་དང་མི་མངོན་པའི་དབྱིབས་སུ་གཏད་དེ་མིག་མདུན་གྱི་དོན་དག་ལ་ཁ་ཡ་ཡག་པོ་ཞིག་བྱ་མྱོང་མེད་ལ། སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་པས། ད་གཟོད་དེང་སང་ཁ་ནུབ་གླིང་། སྣ་ནུབ་གླིང་ཟེར་ནས་འགྲམ་ཆུ་ལྷུག་ལྷུག་ཏུ་བཞུར་དགོས་པའི་གནས་བབ་འདི་འདྲ་ཞིག་ཏུ་ལྷུང་བ་ཡིན་པར་འདོད་དོ། །
གོང་དེ་འུའྀ་དུམ་བཙན་དང་འབྲེལ་བ་མེད་ཡང་ཆོས་ལུགས་པའི་བྱེད་ལས་དང་བོད་ཀྱི་དར་རྒུད་ལ་འབྲེལ་བ་
ཡོད་པ་ཞིག་ཡིན་དུས་མཆན་ཞིག་བྲིས་པ་ཡིན།
སྤོབས་པ་ལགས་ ཀྱི་རྒྱ་ཡི་གཅིག་ཅིག་རྒྱ་ཡི་གཉིས་གཉིས་ལབ་ཀྱི་འདུག། དོན་ངོ་མ་བོད་ཀྱི་ལོ་རྒྱུས་ལ་
དག་ཐེར་དང་ཞིབ་འཇུག་གང་ཡང་བྱེད་མྱོང་ཡོད་ཚོད་མི་འདུག། འུའི་དུམ་བཙན་འདས་རྗེས་སྲིད་ཞང་
བློན་དང་མ་ཡུམ་གྱི་སྐྱོང་ཡོད་ན་བོད་ཀྱི་ཆོས་པ་ཁ་ནག་དེ་ཚོའི་སྔོན་མ་ནས་བཤད་ཚར་བ་མ་གཏོགས་
རྗེས་ལ་ལྷག་གབ་འཇུག་གི་རེད། འུའྀ་དུམ་བཙན་པོ་ལ་སྒྲོ་འདོག་གི་ངན་སྨྲ་མ་དྲེན་མི་ཤུས་ལབ་ཚར་
ཡོད་རེད་བ། ངས་རྒྱ་ཡིག་མི་ཤེས་རུང་གོ་ཐོས་ལ་རྒྱ་ཡི་ལོ་རྒྱུས་ནང་འུའྀ་དུམ་བཀྲོང་ནས་བོད་ཀྱི་སྲིད་
དབང་འཐོར་སོང་ས་བཤད་ཡོད་རེད་ཟེར་བ་ཞིག་གོ་ཐོས་བྱུང། རྒྱ་བཤད་སྟོང་བཤད་ན་བོད་རང་གི་
ལོ་རྒྱུས་ནང་འུའྀ་དུམ་བཙན་བཀྲོང་ནས་བོད་སིལ་བུར་འཐོར་ཟེར་ནས་བྲིས་ཡོད། སྤོབས་པ་ལགས་
ཀྱི་དར་མ་བཀྲོང་ན་སྲིད་དབང་གཡོ་འགུལ་གང་ཡང་མི་ཐུབ་འདོད་ལབ་འདུག། དེ་ཁྱེད་གི་བསམ་ཚུལ་
ཙམ་རེད། སྲིད་གཞུང་ལ་གཡོ་འགུལ་ཐེབ་འདུག་དང་མི་འདུག་ད་ལྟ་མཐོང་འདུག་རྒྱུ་འདི་རེད། རྒྱལ་
མེད་ན་སྲིད་གཞུང་འཐོར་འགྲོ་བ་ལོ་རྒྱུས་གང་མང་ལ་གསལ་ཡོད། སྔོན་སྲོང་བཙན་སྒམ་པོའི་ཞང་ཞུང་
རྒྱལ་པོ་ལྐོག་གསོད་བཏང་ནས་དེ་རྗེས་ཞང་ཞུང་ལ་རྒྱལ་པོ་མེད་པར་གྱུར་ནས་སྲིད་དབང་འཐོར་སོང་བ་
རེད།
རྩོམ་ཀློག་རིན་ཡོད་པ་མང་པོ་འདུག །བློ་སྐྱེད་ཡོད་པ་ཡང་མང་པོ་འདུག །བྱས་ཙང་། བཀའ་དྲིན་ཆེ་ཞུ།
ལོ་རྒྱུས་ཟེར་བ་དེ་ཐུན་མོང་གི་མཐུན་པ་ཞིག་དུས་ནམ་ཡང་ཡོང་མི་སྲིད། འདི་ནི་ལོ་རྒྱུས་ཀྱི་ཆོས་ཉིད་རེད། ཁོ་བོ་ནི་ཆུང་དུས་ནས་བོད་བཙན་པོ་ཞེ་གཅིག་པ་ཁྲི་རལ་པ་ཅན་བཀྲོངས་པ་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ནས་བོད་སིལ་བུ་འཐོར་བ་རེད་ཟེར་ནས་ལོ་རྒྱུས་ཞིག་སློབ་གྲྭའི་སྐབས་ནས་སྦྱོང་མྱོང་ཡོད། དེའི་གོམས་ཤུགས་ཡིན་ནམ་གང་ཡིན་ཆ་མ་འཚལ། འོན་ཀྱང་དེ་ལྟར་ཁ་རྒྱུན་ལ་འཇགས་ཡོད། དེ་ལ་བདེན་ཆ་ཅུང་ཟད་ཡོད་སྲིད། འོན་ཀྱང་ད་ལྟ་རང་ངོས་ནས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་དེ་འདྲ་རང་རེད་མི་འདུག །༸གོང་ས་ལྔ་པ་ཆེན་པོའི་སྐབས་སུ་ཡང་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཟེར་ན་ཡང་འདྲ་དཔོན་པོ་ཞིག་ཡོད་པ་གསལ་པོ་རེད། ཁོང་གིས་བོད་སྤྱི་ལ་ཁྱབ་ཐུབ་པའི་དབང་བསྒྱུར་གནང་ཡོད་འདུག །འདིས་བོད་དེ་སིལ་བུར་འཐོར་མེད་པ་གསལ་པོ་རེད།
ལྷ་ལུང་དཔལ་རྡོར་གྱིས་གླང་དར་བསད་པ་དེས་བོད་ཀྱི་བསྟན་པ་སྤྱི་ལ་ཉམས་པ་སླར་གསོ་དང་མི་ཉམས་པ་ལ་ཕན་ཐོགས་པ་སྨོས་མེད་རེད། གལ་སྲིད་དེ་ལྟར་བཀྲོངས་མེད་ན་བོད་ཀྱི་བསྟན་པ་ཧ་ལམ་མིང་ཙམ་དུ་གྱུར་ངེས། བོད་ཀྱི་བསྟན་པ་ཉམས་མི་ཉམས་ནི་འདུལ་བའི་བསྟན་པ་ཡོད་མེད་ལ་ཐུག་ཡོད།
གླང་དར་མས་བསྟན་པ་བསྣུབས་པའི་དུས་དེར། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ན་བཞུགས་པའི་འཇད་ཀྱི་གྱེལ་མི་གཙང་རབ་གསལ་དང་། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་བ་དམར་ཤཱཀྱ་མུ་ནེ་གསུམ་གྱིས་འདུལ་པའི་པོ་ཏི་དྲེལ་ཁལ་གཅིག་བཀལ་ནས་ཉིན་མོ་ཡིབ་ཅིང་མཚན་མོ་བྲོས་ཏེ་མངའ་རིས་ནས་ཐོན། གར་ལོག་དང་ཧོར་ཡུལ་རྣམས་བརྒྱུད། རིམ་གྱིས་མདོ་སྨད་དུ་སླེབས་ནས། མཐར་ཁོང་རྣམས་ཀྱིས་མཁན་སློབ་མཛད་ནས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་ནས་འདུལ་བའི་བསྟན་པ་སླར་གསོ་བར་མཛད་པ་རེད།
སྤྱིར་བཏང་ལོ་རྒྱུས་ཀྱི་ནང་དུ་ལྷ་སྒྲུང་ལྟ་བུ་བསྲེད་ལྷས་བྱས་པ་ནི་སྔར་གྱི་ལོ་རྒྱུས་ཐམས་ཅད་གཅིག་མཚུངས་ཡིན། ལྷ་ལུང་དཔལ་རྡོར་གྱིས་གླང་དར་བཀྲོངས་པའི་ལོ་རྒྱུས་ནང་དུ་མདའ་འཕངས་ཚུལ་ནི་རྒྱའི་ལེའུ་ལྟད་མོ་དང་གེ་སར་གྱི་ལྷ་སྒྲུང་ལྟ་བུར་བཟོས་པ་ཧ་ཅང་མང་བ་ཡོད་ཀྱང་། བཀྲོངས་པ་ནི་དངོས་འབྲེལ་རེད།
དེ་ནས་གོང་དུ་མཆན་དང་པོ་ལ་དྭགས་པ་རྒན་ལགས་ཀྱིས་མངའ་རིས་བསྐོར་གསུམ་ནང་གི་མང་ཡུལ་ཟེར་བ་དེ་ད་ཆ་ལ་དྭགས་ཡིན་སྐོར་གསུངས་འདུག །
མངའ་རིས་བསྐོར་གསུམ་ལ་བཤད་ཚུལ་ཁག་གཉིས་ཡོད་འདུག །བོད་རྒྱ་ཚིག་མཛོད་ལྟར་ན། སྟོད་མངའ་རིས་སྐོར་གསུམ་སྟེ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ཞང་ཞུང་དང། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག །འཆིམ་མམ་ལི་དང། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག་སྟེ་སྐོར་གསུམ། ཡང་བཤད་གཞན་ཞིག་ལ། སྤུ་རངས་གངས་ཀྱིས་བསྐོར། གུ་གེ་གཡའ་ཡིས་བསྐོར། མང་ཡུལ་མཚོ་ཡིས་བསྐོར་ཞེས་བཤད་ཚུལ་གཅིག་སྟེ་གཉིས་ཡོད་ཅིང་། གང་ལྟར་ཡང་། མང་ཡུལ་ཟེར་བ་དེ་མངའ་རིས་བསྐོར་གསུམ་ནང་གི་གཅིག་ཡིན་པ་གསལ་པོ་རེད།
མང་ཡུལ་ཟེར་བ་དེ་ད་ཆ་རྫོང་དཀར་གྲོང་བརྡལ་ཁུལ་ལ་ཟེར་ཞིང་། དེ་ནི་སྐྱིད་གྲོང་གི་ཉེ་འདབས་སུ་ཡོད། ད་ཆ་རྫོང་དཀར་ཆོས་སྡེ་དགོན་པ་ཆགས་ཡུལ་དེ་ཡིན། མང་ཡུལ་མཚོ་ཡིས་བསྐོར་ཟེར་བ་དེ་བདེན་ཆ་ཡོད། གངས་རིན་པོ་ཆེའི་ཆུའི་བཞུར་རྒྱུན་དེ་རུ་ཡོད་ལ། པད་ཁུག་མཚོ་ཟེར་བ་དེས་བསྐོར་ཡོད། མཚམས་རེས་མང་ཡུལ་སྐྱིད་གྲོང་ཡང་ཟེར། གཞན་གང་ཡང་མ་རེད་ས་ཆ་དེ་གཉིས་ཉེ་འདབས་སུ་ཡོད། ལྔ་བཅུ་ང་དགུའི་སྔོན་དུ་སྐྱིད་གྲོང་གི་གྲོང་བརྡལ་དེ་རྫོང་དཀར་རེད་འདུག་ལ། དེར་ཁྲལ་བསྡུ་ཁང་སོགས་ལས་ཁུངས་དེར་ཡོད་རེད་ཟེར།
ལ་དྭགས་ལ་མར་ཡུལ་ཟེར་ནས་བེད་སྤྱོད་བྱེད་པ་དེ་འདྲ་ཡོད། དེ་མི་འདྲ་བ་ཡིན། ལ་དྭགས་ཀྱི་རྒྱུད་ལ་པང་སྐོང་མཚོ་ Pangkong lake ཟེར་བ་རྒྱུགས་བཞིན་ཡོད། དེ་ནི་རྫོང་དཀར་པད་ཁུག་མཚོའི་རྒྱུན་ཡིན། ཆུ་བོ་དེ་ལ་དྭགས་སུ་རྒྱུགས་སྐབས་མིང་འབྱམས་ནས་པང་སྐོང་མཚོ་ཟེར་ཐོགས།
སུང་རྒྱལ་རབས་སྐབས་ལོ་རྒྱུས་༼སྲིད་སྐྱོང་མེ་ལོང་༽དུ་ལྷ་ལུང་དཔལ་རྡོར་གྱི་ཨ་ཅེ་བཙན་པོ་འུ་དམ་བཙན་གྱི་བཙུན་མོ་ཡིན་པ་དང་། དེ་ལ་བུ་གཅིག་ཡོད། བཙན་པོར་བུ་གཉིས་ཡོད་པ་དང་། བུ་གཉིས་ན་མཉམ་གྱིས་ཆེར་སྐྱེས་པས་སུ་ལ་རྒྱལ་སྲས་ཀྱི་ཆོ་ལོ་གནང་བར་གཏད་མ་འཁེལ་བར་ཞང་བློན་ཕྱོགས་གཉིས་ཀར་འགལ་ཟླ་སླེབས་པར་བཤད་ཡོད། ལྷ་ལུང་དཔལ་རྡོར་གྱིས་རང་གི་གཅེན་མོའི་བུ་རྒྱལ་ཁྲིར་མྱུར་བར་འཁོད་ཆེད་བཙན་པོར་མདའ་བསྣུན་ནས་བགྲོངས་ཡང་། བུ་གཉིས་ཀྱི་སྟོབས་ཤུགས་ཕྱོགས་ཁག་ལ་རྒྱལ་ཕམ་ཕྱེས་མ་ཐུབ་པས་བོད་ཡུལ་སྟོད་སྨད་དུ་རིས་བཟུང་བྱས་ཏེ་རྒྱལ་ཁམས་སིལ་བར་འཐོར་བའི་སྐོར་བྲིས་ཡོད་པ་འདི་དག་ལས་ལྷ་ལུང་དཔལ་རྡོར་ཆོས་བྱེད་དུ་མདོ་ཁམས་སྨད་དུ་བྲོས་ཡོང་པའང་། སྲོག་མགོ་ཐོན་ཐབས་ལས་བཙན་པོ་བགྲོངས་པ་ཆོས་ཀྱི་ཆེད་དུ་ཡིན་མིན་ལ་བརྟག་དགོས་པ་མང་།
བཙན་བྱོལ་བ་ལ་འདྲི་བ་ཞིག་ཡོད་བོད་ཀྱི་བསྟན་པ་ཉམས་མི་ཉམས་ནི་འདུལ་བའི་བསྟན་པ་ཡོད་མེད་ལ་ཐུག་ཡོད་ཟེར། བོད་ན་ཆོས་ལུགས་དར་ནས་ད་བར་རྒྱལ་ཁབ་ཞིག་ལ་
མེད་དུ་མི་རུང་བའི་མི་རིགས་ཡར་རྒྱས་དང། ཆབ་སྲིད་དང་དམག་དོན་། ཚོང་ལས་
དེང་རབ་ཚན་རྩལ་ཡར་ཐོན་སོགས་ང་ཚོ་རྒྱལ་ཁབ་ལ་དགོས་པའི་ལས་དོན་ག་རེ་ལ་
ཕན་ནུས་ཐོན་འདུག་གཅིག་ཤོད་དང། དེ་མེད་ན་ཆོས་ལུགས་ཡག་རབ་བཟང་རབ་
འུའི་དུམ་བཙན་པོ་བསད་ན་ཡག་རབ་བཟང་རབ་ག་རེད་ལབ་ཡང་དོན་གྱི་འབྲས་བུ་
མེད་པས་རང་སྡུག་རང་གི་ཉོས་པ་རང་རེད་བསམ།
དྲ་གྲོགས་དཔལ་དོན་ལགས། སྲིད་སྐྱོང་མེ་ལོང་གི་ནང་དུ་འཁོད་པའི་བོད་ཀྱི་སྐོར་ཕྱོགས་བཏུས་བྱས་པའི་དེབ་དེ་ངའི་ལག་ཏུ་ཡོད། ཁྱེད་ཀྱིས་གསུངས་པ་ལྟར་ལྷ་ལུང་དཔལ་རྡོར་གྱིས་རང་གི་བུ་བཙན་པོའི་སྲིད་ཁྲིར་བསྐོས་རྩིས་བྱས་ཚུལ་དེ་འདྲ་མཐོང་མ་སོང་། ཤོག་གྲངས་འདྲ་བསྟན་ཐུབ་ན་ཕན་ཐོགས་ཆེན་པོ་འདུག དེབ་དེའི་ཤོག་གྲངས་༢༧༦པར་ཡུམ་བརྟན་དར་མའི་བཙུན་མོ་སྣ་ནམ་བཟའ་ཡི་གཅེན་པོའི་བུ་ཡིན་ཚུལ་སོགས་ཀྱི་སྐོར་མདོར་བསྡུས་ཤིག་འཁོད་འདུག་མོད་དེར་ཁྱེད་ཀྱིས་གསུངས་པ་དེ་ལྟ་བུ་ནི་མི་འདུག
རྩོམ་ཡིག་ཡག་པོ་བྲིས་འདུག །
མཆན་བུ་མང་པོ་བཏབ་འདུག །
གོ་རྒྱུ་ཉན་རྒྱུ་ཡོད་འདུག །
དེ་མིན་ཞུ་བྱ་མེད་དོ། །
མཁས་པ་མི་གསུམ་གྱིས་སྟོད་ལ་དྭགས་དང་། ཡུ་གར། སོག་ཡུལ་སོགས་བརྒྱུད་ནས་འདུལ་བའི་གླེགས་བམ་དྲེལ་རྟ་གཅིག་ཁྱེར་འོང་བའི་ལོ་རྒྱུས་ནི། དུས་ཕྱིས་ཀྱི་རྒྱལ་རབས་དང་ཆོས་འབྱུང་རྣམས་སུ་མང་དུ་བྱུང་། ཡིན་ཡང་། སྐབས་དེ་དུས་བསླབ་པ་གསུམ་གྱི་སྡེ་སྣོད་མང་པོ་ཁྱེར་ཡོང་བའི་ལོ་རྒྱུས་ཚིག་ཟུར་ཙམ་ཡང་མི་སྣང་། ད་ལྟའི་ཆར་མཁས་པ་མི་གསུམ་གྱིས་ཁྱེར་ཡོང་བའི་འདུལ་བའི་སྡེ་སྣོད་ཁག་དང་། དེ་དག་གིས་འཁྱེར་མ་ཐུབ་པར་ཤུལ་དུ་ལྷག་སོང་བའི་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་གྲ་མ་ཉམས་ཟུར་མ་ཆག་པར་ང་ཚོ་ཕྱི་རབས་པ་དག་གི་མིག་ལམ་དུ་ལྷག་པའི་གོ་སྐལ་གཅིག་མཚུངས་སུ་གྱུར་འདུག དེས་ན་འདི་ལ་ཚང་མས་ཐུགས་སྣང་ཡག་པོ་ཞིག་གནོངས་དང་། འགའ་ཤས་ཀྱིས་འདུལ་བའི་གླེགས་བམ་གཅིག་པུ་འཁྱེར་དགོས་པའི་རྒྱུ་མཚན་ཡང་མང་དག་ཅིག་ཡོད་རབས་ལབ་ཀྱི་འདུག་མོད། དོན་དངོས་སུ་དེ་དག་ཚང་མ་རྒྱུ་མཚན་ལྟར་སྣང་བཀོད་པ་ཤ་སྟག་ཡིན་ཏེ། གཞུང་སྡེ་སྣོད་གསུམ་ནི་ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཀྱི་ཚུལ་གྱི་གསན་བསམ་སློབ་གཉེར་དང་། སྒྲུབ་པ་ཉམས་བཞེས་གནང་དགོས་པ་མ་གཏོགས་ཕན་ཚུན་ཡ་བྲལ་དུ་གཏོང་ཐབས་མེད་པ་ནི་བོད་མཁས་པ་མི་གསུམ་གྱིས་མ་མཁྱེན་པ་ཨེ་ཡིན་ནམ། ཐ་ན། བོད་ཀྱི་བརྡ་སྤྲོད་རིག་པའི་རྩ་བ་སུམ་རྟགས་གཉིས་དང་། བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་བརྒྱད་ཡོད་པར་གྲགས་པ་རྣམས་ཀྱང་ཁྱེར་འོང་བའི་སྐད་ཆ་ད་སྔ་ཕན་ཆད་གོ་མ་མྱོང་།
སྤོབས་པ་མཐའ་ཡས་ཀྱིས་གསུང་པར་རྒྱབ་སྐྱོར་གཙང་མ་ཡོད་དོ།།བཙན་པོ་གླང་དར་མ་ཟེར་མཁན་དེ་ཧ་ཅང་གིས་མ་རུངས་པ་ཅིག་ཡིན་པ་ལོ་རྒྱུས་ཡོངས་གྲགས་རེད།བོད་ལ་གསར་བརྗེ་བྱེད་མཁན་མང་པོ་བྱུང་བ་རེད་མོད།གླང་དར་གྱིས་ལས་སྟངས་དེ་འདྲ་སྡུག་ཅག་བྱེད་མཁན་བྱུང་མེད་པ་རེད།དཔེར་ན་སྲོང་བཙན་གྱི་སྐབས་བོད་མཐོ་སྒང་གཅིག་དང་ནང་ཆོས་བོད་ལ་དར་བཅུག་པ།བོད་ཀྱི་ཡི་གེ་བཟོས་པ་སོགས།ཆོས་སྲིད་རིག་གནས་དཔལ་འབྱོར་དམག་གི་སྒྲིག་འཛུགས་གང་ཆ་ནས་གསར་བརྗེ་མང་པོ་གནང་ཡོད་ཅིང་།མུ་ནེ་བཙན་པོ་ཡིན་ན་ཅིག་གིས་དབུལ་ཕྱུག་ལན་གསུམ་སྙོམས་པ་སོགས་ཀྱི་གསར་བརྗེ་གནང་ཡོད་མོད།གླང་དར་ནང་བཞིན་ཚང་མ་རྩ་མེད་གཏོར་བཤིག་གཏོང་མཁན་བྱུང་མེད་པ་རེད།
བོད་ཀྱི་ལོ་རྒྱུས་ནང་གླང་དར་ལ་གདེང་འཇོག་བྱེད་མཁན་ཚོ་ནི་རྒྱ་དམར་བོད་ལ་སླེབས་པ་ནས་དར་བ་རེད།རྒྱུ་མཚན།རྒྱ་དམར་དང་གླང་དར་གཉིས་ཀྱིས་སྤྱོད་པ་གཅིག་པ་འཁྲབ་ཡོད།གྲ་བ་མཐོང་ཚད་དམར་གསོད་སྐྱ་ལ་ཕབས་པ་དང་ལྷ་རྟེན་མཆོད་གསུམ་གཅག་གཏོར་བྱེད་པ།གཙུག་ལག་ཁང་མཐོང་ཚད་གྱང་རོ་བཤས་ར་ཚུན་ཆད་བསྒྱུར་མཁན་རྒྱ་དམར་དང་གླང་དར་གཉིས་ཡིན་པས།རྒྱ་དམར་གྱི་སློབ་གསོ་མ་གཏོགས་མཐོང་རྒྱ་མེད་པ་བོད་གཞོན་མི་བུ་སྒལ་ཚིགས་ཅན་མང་པོ་ཅིག་གིས་གླང་དར་ཡ་མཚན་གསར་བརྗེ་པ།ཁོང་ཚོའི་ཨ་ཕ་མོའོ་རྒན་ལྟ་བུར་བརྩིས་ཀི་ཡོད་པ་རེད།
གོང་དུ་མཆན་པ་དཔལ་དོན་གྱིས། ” ལྷ་ལུང་དཔལ་རྡོར་གྱིས་རང་གི་གཅེན་མོའི་བུ་རྒྱལ་ཁྲིར་མྱུར་བར་འཁོད་ཆེད་བཙན་པོར་མདའ་བསྣུན་ནས་བགྲོངས།” ཟེར།
དེ་ལ་སྤོབས་མཐས་རྒོལ་འདྲི་བྱས་པ། ”ཁྱེད་ཀྱིས་གསུངས་པ་ལྟར་ལྷ་ལུང་དཔལ་རྡོར་གྱིས་རང་གི་བུ་བཙན་པོའི་སྲིད་ཁྲིར་བསྐོས་རྩིས་བྱས་ཚུལ་དེ་འདྲ་མཐོང་མ་སོང་།” ཟེར། ཧ་ཧ་ཧ། ངའི་ཁྱིམ་མཚེས་སྤོབས་དགའ་འདིས་ག་དུས་ཡིན་ནའང་བརྟག་ལོང་དཔྱད་ལོང་མེད་པར་ཚང་མ་ཧོབ་བཤད་དང་ཚོད་བཤད་རྐྱང་རྐྱང་འདྲ་ཞིག་བྱེད་ཀི་ཡ།
# 32 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
October 25th, 2014 at 3:55 PM
ʼʼལོ་རྒྱུས་ཁུངས་བཙན་ཤོས་རྒྱ་ཡིག་དེ་ཚོའི་ནང་ལ། ལྷ་ལུང་དཔལ་རྡོར་རྒྱ་ནག་གོང་མའི་མི་ཡིན་པ་དང་། རྒྱའི་སོ་པ་རེད་འདུག ཁོས་རྒྱ་ནག་གི་ལོ་མང་ཡིད་ལ་བསྣག་པའི་དོན་བོད་མགོ་ནག་གི་མགོ་གཅོད་པའི་བྱ་བ་དེ་བསྒྲུབས་འདུག ཡིད་མ་ཆེས་ན་རྒྱའི་ཡིག་ཚང་སྔོགས།ʼʼ
# 76 དཔལ་དོན།་ལགས་ཀྱིས་མཆན་བཏབ་པ།:
October 27th, 2014 at 1:47 AM
ʼʼ སུང་རྒྱལ་རབས་སྐབས་ལོ་རྒྱུས་༼སྲིད་སྐྱོང་མེ་ལོང་༽དུ་ལྷ་ལུང་དཔལ་རྡོར་གྱི་ཨ་ཅེ་བཙན་པོ་འུ་དམ་བཙན་གྱི་བཙུན་མོ་ཡིན་པ་དང་། དེ་ལ་བུ་གཅིག་ཡོད། བཙན་པོར་བུ་གཉིས་ཡོད་པ་དང་། བུ་གཉིས་ན་མཉམ་གྱིས་ཆེར་སྐྱེས་པས་སུ་ལ་རྒྱལ་སྲས་ཀྱི་ཆོ་ལོ་གནང་བར་གཏད་མ་འཁེལ་བར་ཞང་བློན་ཕྱོགས་གཉིས་ཀར་འགལ་ཟླ་སླེབས་པར་བཤད་ཡོད། ལྷ་ལུང་དཔལ་རྡོར་གྱིས་རང་གི་གཅེན་མོའི་བུ་རྒྱལ་ཁྲིར་མྱུར་བར་འཁོད་ཆེད་བཙན་པོར་མདའ་བསྣུན་ནས་བགྲོངས་ཡང་། བུ་གཉིས་ཀྱི་སྟོབས་ཤུགས་ཕྱོགས་ཁག་ལ་རྒྱལ་ཕམ་ཕྱེས་མ་ཐུབ་པས་བོད་ཡུལ་སྟོད་སྨད་དུ་རིས་བཟུང་བྱས་ཏེ་རྒྱལ་ཁམས་སིལ་བར་འཐོར་བའི་སྐོར་བྲིས་ཡོད་པ་འདི་དག་ལས་ལྷ་ལུང་དཔལ་རྡོར་ཆོས་བྱེད་དུ་མདོ་ཁམས་སྨད་དུ་བྲོས་ཡོང་པའང་། སྲོག་མགོ་ཐོན་ཐབས་ལས་བཙན་པོ་བགྲོངས་པ་ཆོས་ཀྱི་ཆེད་དུ་ཡིན་མིན་ལ་བརྟག་དགོས་པ་མང་།ʼʼ
གོང་གི་མཆན་དེ་ཚོར་བརྟག་དཔྱད་གནང་ན་གོ་རྒྱུ་ཆེན་པོ་འདུག་བ།
ལོ་རྒྱུས་ཀྱི་ཆ་ནས་ཐུ་བྷོད་རྒྱལ་རྒྱུད་ཕོ་བྲང་འཐོར་ཞིག་དང་རྒྱ་ནག་ཐང་རྒྱལ་རྒྱུད་འཐོར་ཞིག་ཕྱིན་པ་ཕལ་ཆེར་དུས་མཉམ་རེད། སུང་རྒྱལ་རབས་ཟེར་བ་དེའང་རྒྱ་ནག་གི་མི་རབས་ལྔ་དང་རྒྱལ་ཁབ་བཅུ་ཟེར་བའི་ཁྲོད་ཀྱི་གཅིག་རེད། སྐབས་དེར་བོད་ཀྱང་སིལ་བུར་འཐོར་བའི་དུས་རེད། མིང་འདོགས་སྟངས་ཙམ་ལས་དོན་ལ་དཔའ་བོའམ་མི་དྲག་གིས་བཅད་བཟུང་བྱས་ཡོད་པ་ནི་གཅིག་མཚུངས་རེད།
གང་ལྟར༼སུང་གི་ལོ་རྒྱུས་ལས་ཐུ་བྷོད་རྣམ་ཐར༽ཟེར་བའི་ལོ་རྒྱུས་ཤིག་ཡོད་མོད། ༼སུང་གི་ལོ་རྒྱུས༽དེ་ནི་ཧོར་ཆེན་པོའི་སྐབས་ཏེ། 1343—1345ལོའི་བར་དག་ཐེར་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཧ་ལམ་ཐུ་བྷོད་རྒྱལ་རབས་དང་ལོ་ལྔ་བརྒྱའི་ཡས་མས་ཀྱི་བར་ཆོད་ཡོད་པས། དེའི་ནང་བཀོད་པའི་ལོ་རྒྱུས་ལ་དོགས་གནས་མང་བོ་ཡོད།
ངས་འདིར་མ་གཏོགས༼སྲིད་སྐྱོང་མེ་ལོང༽ཟེར་བ་ཞིག་གོ་མ་མྱོང་བ་འདྲ། རྒྱ་ཡིག་གི་མིང་ཇི་ལྟར་འབྲི་བཞིན་འདུག གཅིག་བྱས་ན་བོད་འགྱུར་དང་རྒྱ་མིང་གཉིས་ལ་ཧེ་བག་ཡོད་སྲིད།
གོང་དུ་བསྟན་འཛིན་རྒྱལ་པོ།་ལགས་ཀྱིས་གསུངས་པ་ལྟར་གཤམ་གྱི་མཆན་བུ་གཉིས་པོ་དེ་རྣམས་པ་གཉིས་ཀྱིས་སོ་སོ་ནས་ཁུངས་བསྐྱེལ་ཡག་པོ་ཞིག་གནང་ཐུབ་ན་དྲ་གྲོགས་ཚོ་ལ་དཔྱད་གཞིའི་རྒྱུ་ཆར་ཕན་ཐོགས་ངེས་པས་དེ་ལུགས་དོ་བདག་ནས་ཅིས་ཀྱང་དགོངས་བཞེས་གནང་རོགས།
# 32 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
October 25th, 2014 at 3:55 PM
ʼʼལོ་རྒྱུས་ཁུངས་བཙན་ཤོས་རྒྱ་ཡིག་དེ་ཚོའི་ནང་ལ། ལྷ་ལུང་དཔལ་རྡོར་རྒྱ་ནག་གོང་མའི་མི་ཡིན་པ་དང་། རྒྱའི་སོ་པ་རེད་འདུག ཁོས་རྒྱ་ནག་གི་ལོ་མང་ཡིད་ལ་བསྣག་པའི་དོན་བོད་མགོ་ནག་གི་མགོ་གཅོད་པའི་བྱ་བ་དེ་བསྒྲུབས་འདུག ཡིད་མ་ཆེས་ན་རྒྱའི་ཡིག་ཚང་སྔོགས།ʼʼ
# 76 དཔལ་དོན།་ལགས་ཀྱིས་མཆན་བཏབ་པ།:
October 27th, 2014 at 1:47 AM
ʼʼ སུང་རྒྱལ་རབས་སྐབས་ལོ་རྒྱུས་༼སྲིད་སྐྱོང་མེ་ལོང་༽དུ་ལྷ་ལུང་དཔལ་རྡོར་གྱི་ཨ་ཅེ་བཙན་པོ་འུ་དམ་བཙན་གྱི་བཙུན་མོ་ཡིན་པ་དང་། དེ་ལ་བུ་གཅིག་ཡོད། བཙན་པོར་བུ་གཉིས་ཡོད་པ་དང་། བུ་གཉིས་ན་མཉམ་གྱིས་ཆེར་སྐྱེས་པས་སུ་ལ་རྒྱལ་སྲས་ཀྱི་ཆོ་ལོ་གནང་བར་གཏད་མ་འཁེལ་བར་ཞང་བློན་ཕྱོགས་གཉིས་ཀར་འགལ་ཟླ་སླེབས་པར་བཤད་ཡོད། ལྷ་ལུང་དཔལ་རྡོར་གྱིས་རང་གི་གཅེན་མོའི་བུ་རྒྱལ་ཁྲིར་མྱུར་བར་འཁོད་ཆེད་བཙན་པོར་མདའ་བསྣུན་ནས་བགྲོངས་ཡང་། བུ་གཉིས་ཀྱི་སྟོབས་ཤུགས་ཕྱོགས་ཁག་ལ་རྒྱལ་ཕམ་ཕྱེས་མ་ཐུབ་པས་བོད་ཡུལ་སྟོད་སྨད་དུ་རིས་བཟུང་བྱས་ཏེ་རྒྱལ་ཁམས་སིལ་བར་འཐོར་བའི་སྐོར་བྲིས་ཡོད་པ་འདི་དག་ལས་ལྷ་ལུང་དཔལ་རྡོར་ཆོས་བྱེད་དུ་མདོ་ཁམས་སྨད་དུ་བྲོས་ཡོང་པའང་། སྲོག་མགོ་ཐོན་ཐབས་ལས་བཙན་པོ་བགྲོངས་པ་ཆོས་ཀྱི་ཆེད་དུ་ཡིན་མིན་ལ་བརྟག་དགོས་པ་མང་།ʼʼ
འོད་སྲུངས་ཆུང་དུས་འོད་ཀྱིས་སྲུང་ནས་བསྐྱངས་དགོས་སྟངས་དེ། ཕྱོགས་གཞན་པའི་ཧམ་པ་དང་། དྲག་རྩུབ་མཚོན་པ་རེད།
ཡུམ་བརྟན་རྒྱལ་པོས་སྲས་དངོས་མིན་ཙང་། མོ་གཤམ་ལྟ་བུའི་ཡུམ་དེ་རང་བུ་མེད་ཀྱང་། ཧམ་པ་ཆེ་དྲགས་ནས་རང་གི་བུ་མ་ཡིན་པ་ཀུན་གྱི་ཤེས་བཞིན་དུ། དེ་དུས་ཀྱི་བློན་པོས་ཀྱང་མདང་སྐྱེས་བུ་ལ་སོ་ནི་སྐྱེས་འདུག་ཀྱང་། ཡུམ་གྱིས་བརྟན་དུ་ཆུགས་ཞེས་པ་ལྟར། རྒྱལ་པོའི་གདུང་སྲས་དངོས་མིན་པ་དང་། འོད་སྲུངས་ལ་རྒྱལ་སྲིད་ཆ་ཚང་མ་རག་པ་དེས་བོད་བསིལ་བུར་འགྲོ་བའི་རྒྱུ་རྐྱེན་གཅིག་རེད།
སྲས་ལ་རེ་མི་དགོས་པར་ཆོས་རྒྱལ་ཁྲི་རལ་བཀྲོངས་པ་དེ་ཡིས་བོད་བསིལ་བུར་འཐོར་བ་་རེད། དར་མ་འུ་གཏུམ་ནི། རྒྱལ་སྲས་ཡིན་མིན་ལ་རྩོད་པ་མེད་ཀྱང་། སྤྱོད་པ་ཤིན་ཏུ་མ་རབས་དྲགས་ནས། དེའི་དུས་ཀྱི་མི་ཡ་རབས་ཀྱི་གྲལ་དུ་ཡང་མི་ཚུད་པས། མི་འདི་ནི་བོད་སྤྱི་ལ་གསོན་པ་ལས་ཤི་བ་ཕན་ཐོགས་ཆེ་བ་ཡིན་པ་རྩོད་མེད་ཅིག་ཡིན་བཟོ་འདུག
གོང་དུ་ཁྲི་རལ་གྱིས་གསུངས་པ་རྣམས་མོས་འཐུས་རྩ་ནས་མེད་གང་ཡིན་ཟེར་ན་ལྷ་སྲས་དར་མས་བོད་རྒྱལ་ཁབ་ཆེན་པོའི་མཐའ་མཚམས་སྲ་བརྟན་ཡོང་ཕྱིར་མི་གཞོན་མང་པོ་དམག་མིར་བཙུག་པ་དང་། ཤིན་ཏུ་ཉག་ཕྲ་བའི་བོད་གཞུང་མང་གཉིས་ཀྱི་དཔལ་འབྱོར་ཉམ་གུད་ཀྱི་གཡང་ལས་སྐྱོབས་ཕྱིར་རབ་བྱུང་བའི་གཞན་རྟེན་གྱི་འཚོ་བ་བཀག་ཙམ་ལས་གཞན་དག་ཁྱོད་ཀྱིས་བཤད་པ་ལྟར་གྱི་སྐད་ཆ་དེ་དག་ཁུངས་བཙན་ཞིག་གཏན་ནས་མེད་པས་སོ།
མུ་མཐུད་ནས་ཡ་ང་སྙིང་རྗེ་མེད་པར་ཁྲི་རལ་པའི་ཁྲིམས་ལུགས་ལྟར་བོད་མི་རིགས་ཤཀྱའི་ཆོས་ལུགས་པའི་བྲན་གཡོག་བྱེད་འདོད་ཡོད་མཁན་ཚོས་ཕུང་རྒན་ལྷ་ལུང་ཡག་རབས་དང་བཟང་རབས། དཔའ་རབས་བཤད་བཞིན་འདུག་མོད།
དཔལ་རྡོས་རྒྱལ་མཆོག་འུ་དུམ་བཙན་པོ་བཀྲོངས་པས་བོད་ཀྱི་བསྟན་པ་མ་ཉམས་རྒྱུན་འཛིན་བྱུང་ཟེར་མཁན་འདི་ཚོས་རང་ངོ་རང་གིས་ཤེས་ཀྱི་མེད་པ་རེད། བོད་རང་གི་བསྟན་པ་བོན་ཆོས་རེད། ཤཀྱའི་བསྟན་པ་རྒྱ་གར་བའི་རེད། ཤཀྱའི་བསྟན་པ་བོད་ལ་དར་བ་འདིས་བོད་རང་གི་བསྟན་པ་ཉམས་རྒུད་ཕྱིན་པ་རེད།
མདོ་དོན་་་བརྒྱ་བརྒྱ་སྟོང་སྟོག་ག་རེ་བཤད་ཀྱང་བོད་ཆེན་པོའི་རྒྱལ་ཁབ་རྩ་གཏོར་བཏང་མཁན་ཕུན་འདྲེ་ལྷ་ལུང་ལ་བསྟོད་འོང་དུས་ཤཀྱའི་བསྟན་པ་དར་རྒྱས་བྱུང་ན་བོད་རྒྱལ་ཁབ་ཡོད་ན་ཡོད་ན། མེད་ན་མེད་ན་བསམས་ཀྱི་གསལ་པོ་གཅིག་རེད།
གཉིས་ནས་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་བཤད་པ་མ་གཏོགས་དོན་དངོས་པོའི་ཐོག་ཏུ་བོད་གངས་ཅན་པའི་ཡུལ་གྱི་ཞིང་འབྲོག་མི་དམངས་ཀྱི་ཨ་མ་ཉམས་ཐག་དེ་དག་གི་བདེ་སྐྱིད་ལ་ཐུབས་བསམ་སྤུ་ཙམ་བཞེས་བཞིན་མེད་པར་ཤུགས་བསྟན་བྱས་པ་རེད།
ཤཀྱའི་ཆོས་ལུགས་པའི་དཀོར་གཞིར་དང་དཀོར་ཕོར་དར་རྒྱས་བྱུང་ན་བོད་མི་རིགས་སྤྱིའི་དཔལ་འབྱོར་ཉམས་རྒུད་ཕྱིན་ཀྱང་སྣང་བ་ཁོ་རང་བཏང་གི་མེད་པར་གསལ་བསྟན་བྱས་པ་རེད། ཆོས་ལུགས་པ་ཚོས་ལག་ལེན་ཡང་དེ་ག་རང་རེད། བཙན་བྱོལ་སྒྲིག་འཛུགས་ལས་དགོན་པ་དགོན་ཁག་དང་བླ་བྲང་ཁག་གི་ཕྱུག་པ་ཡོད་ཡང་དངོས་ཡོད་ཡིན། འདི་ཁྱོད་ཚོ་ཆོས་ལུགས་པ་རྣམས་འཁོར་བ་ལ་ཆགས་ཞེན་མེད་ནས་ཨེ་རེད། རྒྱུ་ནོར་ལ་བདག་འཛིན་མེད་ནས་ཨེ་རེད། ག་རེད་རེད་དམ། ལུང་རྟོགས་ཀྱི་བསྟན་པ་འཛིན་སྟངས་ཨེ་རེད། ངོ་ཚ་མེད་ནས་དང་ཡིན་གྱི་མ་རེད་བ་་་ཧཧ
ཟམ་གདོང་བླ་མས་ཁ་སངས་ནས་གསུངས་པ་རེད། སངས་བསྟན་མ་ཉམས་ན་བོད་མི་རིགས་ཉམས་ན་ཉམས་གསུངས་མྱངས་བ་རེད། ཟམ་གདོང་གཅིག་པོ་རེད་མི་འདུག་ག ཤཀྱའི་ཆོས་ལུགས་པ་མང་ཆེ་བ་དེ་འདྲ་བསམ་མཁན་ཤ་དག་རེད་འདུག ཁྱོད་ཚོས་མུ་མཐུད་ནས་དཀོར་གཞི་དང་བཀོར་ཕོར་གྱི་ཆེད་དུ་ཕུང་འདྲེ་ལྷ་ལུང་ལྟར་བྱེད་ན་བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་ལང་ཐུབ་པའི་རེ་བ་མེད། བོད་གངས་ཅན་པའི་ཞིང་འབྲོག་གཉིས་ཀྱི་ཨ་རྒན་རྣམས་ལ་བདེ་སྐྱིད་ལྡན་པའི་འཚོ་གནས་འཐོབ་པའི་རེ་བ་མེད།
སྔ་ཡང་ཞིང་འབྲོག་གཉིས་ཀྱི་ཨ་མ་རྒད་མོ་ཚོས་དཀའ་ལས་བརྒྱབ་བརྒྱབ་ཀྱི་མཐའ་མ་དཔལ་འབྱོར་འགྲོ་ས་ཆོས་ལུགས་པའི་ལག་ཏུ་ཡིན་ལ་མ་འོངས་པ་ཡང་དེ་འདྲ་ཡིན་ན་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱེལ་མི་ཐུབ། དཔལ་འབྱོར་ཡར་རྒྱས་ཡོད་པའི་ཡུལ་ལུང་ཞིག་ཡོང་མི་ཐུབ།
ཐུགས་རྗེ་གཟིགས་་་་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བཤད་ཀྱི་ཞོག བོད་ཀྱི་ཨ་མའི་འཚོ་བའི་དཀའ་སྡུག་ལ་བསམ་བློ་གཏོང་རོགས་བྱོས་ཅེས་རེ་བ་ཡིན། མུ་མཐུད་ནས་བོད་མི་རིགས་བྲན་གཡོག་བཟོ་འདོད་ཀྱི་བསམ་བློ་དྲི་མ་ངན་པ་དེར་འདོར་རོགས་བྱོས།
ཨོ་རེད་་་དེང་རབས་༢༡་ནང་དུ་བསླེབས་ནའང་རྒྱལ་མཆོག་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་ཡོད་བསམས་བསྡད་མཁན་གྱི་མྱི་བླུན་པ་དེ་འདྲ་རེ་གཉིས་ཡོད་ཟོལ་འདུག
ཆོས་ལུགས་པ་ཚོས་རིག་ལམ་བརྟེན་ནས་རི་བོང་གི་རྭ་མེད་ཟེར་ནས་ཐག་བཅད། བོད་ཆེན་པོ་རྒྱལ་ཁབ་ཀྱི་རྒྱལ་པོའི་མགོ་ལ་གླང་རྭ་སྐྱེས་ཡོད་ན་རི་བོང་གི་མགོ་ལ་རྭ་ཡོད་མི་ཆོག་པའི་རྟགས་ཡང་དག་ཞིག་ག་རེ་བཀོད་ཀྱི་ཡོད་དམ།
ཁྱོད་ཚོ་སྨྱོན་པ་རེད། ཆོས་བཟི་རེད། ལོག་བཤད་པ་རེད། རྫུན་རྐྱལ་བ་རེད། རྒྱལ་པོའི་མགོ་ལ་རྭ་ཡོད་རི་བོང་གི་མགོ་ལ་རྭ་མེད་ཟེར་མཁན་ཁྱོད་ཚོ་དོན་དངོས་པོའི་ཐོག་ཏུ་སྨྱོན་པ་རེད། འཛམ་གླིང་གི་ཤེས་པ་རང་གནས་སུ་ཡོད་པའི་མི་སུས་བལྟས་ནའང་ཁྱོད་ཚོ་སྨྱོན་པ་རེད་དོ།
མ་འགྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བཤད་ནས། བོད་ཀྱི་ཉམས་ཆུང་ཨ་མའི་བདེ་སྡུག་ལ་ཁྱད་གསོད་བྱེད་པའི་ལུགས་དེ་ནང་ཆོས་གང་དུ་བཤད་ཡོད། གང་ཟག་རེ་ཟུང་གི་སྐྱོན་དེ་འདིར་སྤུང་ནས་ཆོས་ལ་མ་གཡོགས་རོགས་ཞེས་གོང་དུ་བཤད་ཟིན་པ་ཡིན།ཉམས་ཆུང་བོད་མིའི་ཕ་རྒན་མ་རྒན་ག་ཚོད་ཞིག་ལྷ་ལུང་དཔལ་རྡོར་ལ་དད་མཁན་ཡིན་པ་ཧ་གོ་ཚོད་རེད། དེ་དག་ལ་རྡོ་རོལ་གཏང་ནས་ཕུང་འདྲེ་དང་དམ་ཉམས་ཟེར་ཞིང་སྐུར་བ་འདེབས་རྒྱུ་དེ་ཉམ་ཆུང་བོད་མིའི་ཕ་རྒན་མ་རྒན་ཚོ་ལ་ཁྱད་གསོད་མ་རེད་དམ། རང་བཞིན་གྱི་མི་ཡིན་ན་མགོ་ལ་རྭ་སྐྱེས་པ་མི་སྲིད་ཟེར་ན་ཕལ་ཆེར་བདེན་མོད། སངས་རྒྱས་བསྟན་ལ་སྨོན་ལམ་ལོག་པའི་བདུད་ཞིག་ཡིན་ན་མགོ་ལ་རྭ་མེད་ན་བདུད་ཀྱི་མཚན་ཉིད་ག་ལ་ཚང། ངེས་པར་དུ་རྭ་ཡོད་དགོས་འདུག། ཧིན་དུ་སོགས་ཆོས་ལུགས་གཞན་གྱི་རྣམ་ཐར་གང་དུ་བལྟས་ཀྱང་བདུད་ཞིག་ཡིན་ན་མགོ་ལ་རྭ་ཡོད་པ་ཐུན་མོང་དུ་གྲུབ། གསར་གཏོད་པ་ཡིན་ཟེར་ནས་དུས་རབས་ཉེར་གཅིག་སྔོན་གྱི་བོན་ཆོས་མ་གཏོགས་མེད་པ་འདྲ་ཅིག་བཤད་ནས་ལོང་བའི་བ་རྔ་ལ་འཇུས་པ་བཞིན་ལྟ་བ་འཁྲེགས་འཛིན་དེ་འདྲ་ཞིག་གིས་གསར་གཏོད་པ་དང་རྟོག་སད་པ་ག་ནས་ཡོང། ཚིགས་སྔ་ཕྱིའི་འགལ་འདུ་ལྟག་སྤྲོད་དེ་ག་རང་ལ་མིན་འདུག་གམ།
བོད་ལ་ནང་ཆོས་དར་ན་བོད་མི་རིགས་བྲན་གཡོགས་སུ་འགྱུར་ཟེར་བ་དེ་ཡང་རྟགས་མ་གྲུབ། མི་རིགས་སྲུང་སྐྱོབ། ཤེས་ཡོན། དཔལ་འབྱོར། མཐུན་འབྲེལ་གང་ལ་ཡང་ཕན་པའི་ཐབས་སམ་ལམ་ཞིག་ལ་ཆོས་ཞེས་ངོས་འཛིན་བྱེད་ཀྱིས་ཡོད། ཁྱོད་ཚོའི་ཆོས་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱིས་ཡོད།
མ་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་གི་དོན་སྒྲུབ་ཀྱི་ཟེར་ཞོར་བོད་གངས་ཅན་ཉམ་ཆུང་ཨ་མ་ཚོ་བྲན་གཡོག་བཟོས་པ་མིན་ནམ། ཞིང་འབྲོག་གཉིས་ཀྱི་ཨ་མ་རྒད་མོའི་ཁྱིམ་ཚང་གསུམ་རེ་གྲྭ་བཙུན་རེའི་བྲན་གཡོག་བྱས་དགོས་པ་མིན་ནམ།
བོད་ཀྱི་མ་རྒན་ཕ་རྒན་ཚོས་ལྷ་ལུང་ཕུང་འདྲེ་ལ་དད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། ཆོས་ལུགས་པས་མགོ་བསྐོར་ནས་རྨོངས་དད་སྐྱེས་བཅུག་པ་མ་གཏོགས་དཔལ་རྡོ་ཁོ་བོད་མི་རིགས་ཀྱི་རྒྱལ་པོ་བསད་མཁན་གྱི་དགྲ་བོ་ཡིན། བོད་མི་རིགས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་གཡུགས་མཁན་གྱི་ཕུང་རྒན་ཡིན།
ཁྱིམ་ཚང་གསུམ་རེའི་གྲྭ་བཙུན་གཅིག་གི་བྲན་གཡོགས་བྱས་དགོས་པའི་གཏམ་རྣ་བར་མི་འགྲོ་བའི་སྐད་ཆ་དེ་ཚོ་ལ་ཁས་ལན་མེད། ཤེས་བཞིན་ཉོན་མོངས་གཞན་དབང་དུ་གྱུར་ནས་ཉམས་ཆུང་ཕ་མའི་དད་པ་ལ་རྡོག་རོལ་གཏང་ནས་ཕུང་འདྲེ་དང་ལག་དམར་ཇི་ཙམ་འབོད་ཀྱང་རང་མོས་རེད། ཡིན་ཀྱང་ང་རང་དད་ལྡན་ཞིག་གི་ངོས་ནས་གླང་དར་བདུད་རྒྱལ་ཡིན་པ་དང། ལྷ་ལུང་དཔལ་རྡོར་འདུལ་དཀའ་འདུལ་བའི་དཔའ་བོ་ཡིན་པའི་ཡིན་ལུགས་སྒྲུབ་ཡོད། ཨ་བཤད་ཡང་བཤད་མང་དྲགས་ན་གླེན་པ་ཨུ་གཙུགས་སུ་གྱུར་བས་དགོས་པ་ཆུང།
བོད་ཆེན་པོའི་རྒྱལ་མཆོག་དམ་འུ་པ་དུམ་བཙན་པོ་མཆོག་ལ་བདུད་རྒྱལ་དང་གླང་རྭ་ཅན་འབོད་མཁན་ཚོས་བོད་མི་རྒྱལ་གཅེས་པ་ཚོའི་སྙིང་ལ་དུག་མདའ་རྒྱབ་བཞིན་ཡོད་པ་འདི་ཧང་སང་དགོས་པའི་གནད་དོན་ཡིན། བོད་གངས་ཅན་པའི་རྒྱལ་མཆོག་དམ་པ་ཁོང་ལ་བདུད་རྒྱལ་འབོད་མཁན་ཚོ་བོད་མི་རིགས་ཀྱི་དགྲ་བོ་ཡིན། བོད་རྒྱལ་ཁབ་ཀྱི་ཕུང་རྒན་ཡིན།
དཀོར་ཟན་ཚོས་མགོ་བསྐོར་ནས་མི་གསོད་ལག་དམར་ཤན་པ་དཔལ་རྡོ་ལ་རྨོངས་དད་བྱེད་མཁན་རེ་གཉིས་ཡོད་སྲིད་པ་རེད། ཡིན་ཀྱང་ཤན་པ་དཔལ་རྡོ་ལ་རྨོངས་དད་བྱེད་མཁན་ཚོ་རྨོངས་གཉིད་ལས་སད་འོང་གི་རེད།
བོད་བཙན་པོའི་རྒྱལ་མཆོག་དམ་པ་འུ་དུམ་བཙན་པོ་ལ་བདུད་རྒྱལ་དང་གླང་རྭ་ཅན་འབོད་དགོས་ན་ཤཀྱའི་རྒྱལ་པོ་སྐུ་དངོས་སུ་ཕེབས་ནའང་ཁས་ལེན་མིན། དཀོར་ཟན་ཚོ་སེམས་ལ་ཞོག
དར་མ་བོད་པར་མི་ཕན་སྤྱོད་ངན་གླང་དང་འདྲ། །
དར་མ་ཆོས་པར་མི་ཕན་དད་མེད་གླེན་ལྐུགས་གླང་། །
དར་མ་བོན་པོར་མི་ཕན་ཆང་རྐྱེལ་བ་གླང་འདྲ། །
དར་མར་གླང་དང་ར་སྐྱེས་བཏགས་པ་དངོས་མིང་ཉིད། །
དར་མ་ཁྲི་རལ་གསོད་མཁན་ནང་དམེ་ངན་གྲགས་ཅན། །
དར་མ་ནང་ཆོས་སྣུབ་མཁན་བདུད་པོ་མི་ཡི་གཟུགས། །
དར་མ་བན་བོན་དཀྲུགས་མཁན་དམ་སྲི་འབྱུང་པོ་འདྲ། །
དར་མ་རང་སྲོག་བསྐྱལ་ནས་རྒྱལ་སྲིད་རླུང་ལ་བསྐུར། །
ཀརྡོ་་་ཁྱོད་ཀྱི་རྩོམ་ཡིག་འདི་གླུ་མ་ཚེ་བརྟན་སྒྲོལ་མས་ལེན་ན་་་མའོ་ཀྲུང་ཞིའི་སྐུ་ཚེ་ཁྲིར་ལོར་བརྟན་པར་ཤོག་ཟེར་ནས་བྲིས་མེད་པེ།་་་ཧཧ བོད་རྒྱལ་ཁབ་ལ་ཁྱོད་མི་དགའ། བོད་རང་བཙན་ཁྱོད་ཀྱིས་མི་འདོད། བོད་ཆེན་པོའི་རྒྱལ་པོ་ལ་ཁྱོད་ཀྱིས་སྡང་། ཁྱོད་མྱི་ངན་གླུད་རྫས་འདྲ་ཞིག་རེད། གསོན་ན་དཀོར་ཟན་དང་ཤི་ན་དམྱལ་བ་རེད་ཡ།
དར་མ་གསོད་སྐལ་ང་ལ་མེད། །
མའོ་གསོད་སྐལ་ང་ལ་མེད། །
ཁོ་གཉིས་བསད་ནས་དམྱལ་ཡུལ་ལ། །
འགྲོ་ས་ཡོད་ན་འགྲོ་རྐྱང་ཡིན། །
བོད་རྒྱལ་འཛུགས་བཀྲུན་དགོས་ན་རྒྱ་རོགས་དགོས། །
རང་བཙན་རྩོད་པས་དེ་ལྟར་འབྱུང་ཐབས་མེད། །
གཉའ་ཁྲི་སྲོང་བཙན་སོགས་ལ་ངས་དགའ་བས། །
གྲི་གུམ་གླང་དར་གཉིས་ལ་དགའ་དོན་མེད། །
བསྟན་བཤིག་གླང་དར་ལ་བདུད་རྒྱལ་ཟེར་དུས་རྒྱལ་གཅེས་དཔའ་བོའི་སྙིང་ལ་དུག་མདའ་ག་འདྲ་སེ་རྒྱབ་གི་ཡོད་རེད། རྒྱབ་ངོ་མ་ཁྱོད་ཚོ་དད་ལོག་པ་འགའ་ཞིག་དང། བོན་པོ་འགའ་ཤའི་སྙིང་ལ་རྒྱབ་གི་ཡོད་ངེས། ཕུང་རྒན་ལག་དམར་དང་བདུད་རྒྱལ་གླང་རྭ་ཅན་ཞེས་འབོད་རེས་བྱེད་དུས་དུག་མདའ་ཕར་རྒྱབ་ཚུར་རྒྱབ་རེད། དེ་ཡང་འགོ་བཙུག་མཁན་ཁྱོད་ཚོ་ཡིན་པ།
བཀྲ་ཤིས་ལགས་ཤཀྱའི་རིང་ལུང་པའི་སྡོམ་ཤོར། བོད་ཀྱི་རྒྱལ་ཁྲིམས་བཤིག་པའི་བྱད་གཏེ། བཙན་པོའི་སྐུ་སྲོག་ལྐོག་མདས་གཅོད་པའི་ཤན་པ་ལག་དམར། ཐུབ་བསྟན་པའི་འདུལ་སྡོམ་ཆུ་ལ་གཡུག་པའི་དམ་སྲི་དེའི་སྐོར་བཤད་དུས་བོན་པོ་མ་ཁུར་ན་ཡག་འདུག དེས་ཡང་རྙོང་འཛིང་རྙིང་པ་ཡར་སློང་ཉེན་འདུག ད་དུང་ཁྱོད་ཀྱིས་ཤེས་མེད་པ་འདྲ་གསལ་འདེབས་ཞུ་རྒྱུ་ཞིག་ལ་དམ་ཉམས་འདི་ནས་བཟུང་བོད་གངས་ཅན་གྱི་ལྗོངས་སུ་ཐུབ་བསྟན་པའི་འདུལ་བའི་རྒྱུད་པ་ཆད་ཟིན་པ་རེད། སྨར་གཡོ་གཙང་གསུམ་གྱི་སྒྲུང་གཏམ་དེ་བས་ཀྱང་མ་གླེང་ན་ཡག་འདུག འདིར་དྲ་ལམ་ཉུལ་མཁན་ཚོ་དུས་རབས་ཉེར་གཅིག་པའི་མི་བུ་བསམ་ཤེས་རྐྱང་ཞིག་ལས་བྱིས་པ་ལོ་བརྒྱད་མ་རེད་དེ་མཁྱེན་པ་གནང་།
མི་སེར་ཞིག་གིས་ལྷ་སྲུང་རྩོད་ཀྱང་བསྟན་བཤིག་བོས་སོང་།།
དགེ་སློང་ཞིག་གིས་རྒྱལ་པོ་བཀྲོང་ཡང་འདུལ་སྐལ་ཟེར་སོང་།།
སྤྱི་འཐུས་ཤིག་གིས་རང་དབང་ཟེར་དུས་རྒྱལ་བཙོང་བོས་སོང་།།
བཀའ་ཁྲི་ཞིག་གིས་རྒྱ་འོག་བཙུད་དུས་གཉིས་སྨན་ཟེར་སོང་།།
ཧཧཧཧ
དར་མ་དཀོར་འཚོར་དགྲར་ལངས་དམར་སེར་ཆམ་ལ་ཕབས།
དར་མ་ལོག་འཚོར་དགྲར་ལངས་ཆོས་གཞིས་གཞུང་བཞེས་བཏང་།
དར་མ་ལྷ་ཆོས་དགྲར་ལངས་མི་ཆོས་བསྲུང་བའི་རྒྱལ་ཞེན་པ།
དར་མར་གླང་དང་ར་སྐྱེས་བཏགས་མཁན་རྨོངས་ཞེན་དཀོར་འཚོ་རེད།
བོད་རྒྱལ་འཛུགས་བསྐྲུན་དགོས་ན་དར་མ་དགོས།
བཙན་པོའི་གོང་བུ་དགོས་ན་དར་མ་དགོས།
བོད་རྒྱལ་རླུང་ལ་བསྐུར་ན་དཔལ་རྡོར་དགོས།
རང་བཙན་རྒྱ་ལག་འཇོག་ན་དཔལ་རྡོར་དགོས།
ཀར་རྡོ་རྒྱ་ཞེན་ཅན་ལ་ང་མི་དགའ།
དཀོར་འཚོ་རིང་ལུགས་པ་ལ་ང་མི་དགའ།
ལོག་འཚོར་རྔམས་ཏེས་རྒྱལ་ཞེན་དོར་མཁན་སྐྱོ།
ཕྲལ་ཕུགས་རྒྱང་གསུམ་དཀོར་འཚོར་དམིགས་མཁན་སྐྱོ། ཧ་ཧ།
འདི་ན་ནང་ཆོས་རྒྱ་གར་ནས་བྱུང་སྟབས་བོ་དཀྱི་རིག་གནས་མ་རེད་ཟེར་མཁན་འདུག དེ་ལྟར་ན་བཙན་པོའི་གདུང་རྒྱུད་ཀྱང་རྒྱ་གར་ནས་ཆད་པའི་ལོ་རྒྱུས་ཡོད་ཐོག་རྒྱུ་མཚན་ཡང་མི་དམན་པ་ཡོད་སྟབས་ཁྱོད་ཚོས་བཙན་པོ་ཅིག་ཅིག་ཟེར་ནས་ཅིའི་ཕྱིར་ན་ཆགས་ཞེན་བྱེད་ཀྱིན་ཡོད།
གྲི་གུམ་དར་མ་ཡུམ་བརྟན་ཡུམ། །
བོད་ཀྱི་རྒྱལ་སྲིད་གཤེད་མ་གསུམ། །
ང་ཕོད་འབའ་ཕུན་མ་འོ་གསུམ། །
བོད་ཀྱི་ཆོས་སྲིད་གཤེད་མ་གསུམ། །
འདི་ན་བོད་བཙན་པོའི་གདུང་རྒྱུད་ཀྱང་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་ཡོད་ཟེར་མཁན་འདུག་སྟབས་ཚིག་གཅིག་བཤད་དགོས་ཐལ། བོད་སྨན་ཡང་རྒྱ་གར་ནས་བྱུང་། བོད་ཀྱི་རིག་གཞུང་་ཡང་རྒྱ་གར་ནས་བྱུང་། བཙན་པོའི་གདུང་རྒྱུད་ཀྱང་རྒྱ་གར་བྱུང་ཟེར་བསྡད་མཁན་དེ་ཚོ་རང་མགོ་གཞན་འདོགས་རིང་ལུགས་པའི་དཀོར་ཟན་ཚོ་རེད། མ་གཏོགས་བོད་མི་ཚོད་ལྡན་སུས་ཀྱང་བོད་བཙན་པོའི་གདུང་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་ཁས་མི་ལེན།
ལོ་རྒྱུས་ཤིག་བཤད་དུས་རྒྱ་ནག་ལ་ཁུངས་གཏུགས་མདོག་མདོག རིག་གནས་ཤིག་བཤད་དུས་རྒྱ་གར་ལ་ཁུངས་གཏུགས་མདོག་མདོག ཁྱོད་ཚོས་བཤད་བཤད་ཀྱི་མཐའ་མ་བོད་མི་རིགས་དུད་འགྲོ་ལྟ་བུ་སྒྲུབ་འོང་གི་འདུག་ག སྟོབས་ཆེན་བཙན་པོའི་རྒྱལ་ཁབ་ལ་ཅི་ཡང་མེད་པ་ལྟ་བུ་བསྒྲགས་འཽང་གི་འདུག་ག འབྲོག་པའི་སྦྲ་བཟོ་མཁན་ཡང་རྒྱ་གར་བ་ཡིན་པ་མིན་ནམ། རོང་བའི་ཁང་པ་བཟོ་མཁན་ཡང་རྒྱ་ནག་པ་རེད་དམ།
སྨོན་མོ་མཚོ་ལགས་ལ་ལན་ཞིག་ཕུལ་གིས་ཡིན་པས་གསན་འཚལ། དེ་ཡང་མཁྲིད་ནད་ཅན་གྱི་གང་ཟག་དེས་གངས་རི་དཀར་པོ་ལ་སེར་པོ་མཐོང་བ་བཞིན་དུ། སྔགས་པ་དང་རབ་བྱུང་གི་ཐ་སྙད་ལས་འདས་པ་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐྱེས་ཆེན་དམ་པ་ལ་ཤཀྱའི་རིང་ལུགས་གི་སྡོམ་ཤོར་མཐོང་བ་དེ་ཡང་ཐུགས་ཁག་མེད། ལོག་ལྟ་ཅན་གྱི་བློ་ཡི་སྤྱོད་ཡུལ་མ་ཡིན་པས་སོ། ཕྱོགས་སུ་མ་ལྷུང་བར་གཟུ་བོར་གནས་ཏེ་བལྟས་ཐུབ་ན་རྒྱལ་ཁྲིམས་བཤིག་པའི་བྱེད་གཏེ་དེ་གླང་དར་མ་རེད། བསྟན་པ་འགོ་ནས་བཤིག་ཟེར་བ་དེ་རེད། བཙན་པོ་གཉའ་ནས་གནོན། ཉམས་ཆུང་མཐའ་ནས་སྐྱོང་མཁན་དེ་ལ་དཔའ་བོ་ཟེར། ཤན་པ་ཟེར་འདོད་ན་རང་མོས་བགྱིས། ཐུབ་པའི་བསྟན་ལ་སྨོན་ལོག་ཐེབས་པ་དམ་སྲི་སྤུན་དགུའི་ཁ་གནོན། བདུད་དཔུང་འཇོམས་པའི་དཔའ་བོ་ལ་དམ་སྲི་ཟེར་ན་ཡང་རང་མོས་རེད། རྙོག་འཛིང་རྙིང་པ་མི་སློང་བའི་གསལ་འདེབས་ཡིན་ཟེར་བ་དོན་ལ་གནས་ན་ཡག་པོ་གཏམ་བཟང་རེད། དྲྭ་ཐོག་དུ་མིང་སྣ་ཚོགས་བོད་སྤྱོད་ནས་བོན་པོ་འགའ་ཤིག་ནས་རྙོག་འཛིང་སློང་མཁན་འདུག། དེ་ཚོ་ལ་བཤད་གིས་ཡོད། བོན་པོའི་ཆོས་པ་རྣམ་དག་ཚོ་ལ་ཞུ་གིས་མེད། འདིར་དྲྭ་ལམ་ཉུལ་མཁན་རྙག་འཛིང་སློང་མཁན་ཚོ་ལ་ངས་ག་དུས་ཡང་བྱིས་པ་ལོ་བརྒྱད་རེད་བསམ་པའི་ནོར་འཁྲུལ་ཤོར་བ་མེད། དེ་ལས་ལྡོག་ཏེ་དུས་རབས་བརྒྱ་ཅུ་བརྒྱད་གཅིག་གི་མཁས་པ་མི་ཤེས་དགུ་ཤེས། མི་དྲན་དགུ་དེ་དྲན་ཤེས་མཁན་ཞིག་ཡིན་པ་ལ་གཞིར་བཞག་གིས་ཡོད།
གུས་པས་དེ་སྔོན་ཡང་བཤད་མྱོང་བོད་ཀྱི་བཙན་པོ་དར་མ་ནི་བོད་མི་གསར་བརྗེ་བ་ཞིག་རེད་།
བཀྲ་ཤིས་ཟེར་བ་འདི་གྲུབ་མཐའི་ལ་ཞེན་ཅན་ཞིག་རེད་འདུག སྐད་ཆ་བཤད་སྟངས་ལ་ལྟོས་དང་། ཐབས་རྡུག་པ་ལ། གང་ལྟར་འདི་འདྲའི་རིགས་ཀྱིས་སྐད་ཆ་དྲང་མོ་ནམ་ཡང་བཤད་ཀི་མ་རེད། གང་ཡིན་ཟེར་ན་བདེན་དོན་དང་ཡིག་ཆ་གཉིས་ལས་བདེན་དོན་གཡུགས་ནས་ཡིག་ཆ་འདེམས་འགྲོ་མཁན་གྱི་གྲས་སུ་གཏོགས་པ་རེད། བཀྲ་ཤིས་ལགས། སྔོན་གྱི་བླ་རྒན་ག་གེ་མོ་མང་པོས་བྲིས་པའི་ཆོས་འབྱུང་ལོ་རྒྱུས་མི་ཉུང་བ་ཞིག་ལ། དེང་སང་ཡིད་ཆེས་བྱེད་མཁན་མེད་པ་ཆགས་དོན་ནི། ་ཆོས་ལུགས་ཀྱི་ལ་རྒྱ་ཁུར་ནས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཉེས་པ་ཡིན་པ་ཁྱོས་མ་ཤེས་སམ། ལྷ་ལུང་དཔལ་རྡོར་དམ་ཚིག་འཆལ་སོང་བ་སྦས་དགོས་དོན་གང་རེད་དམ།
སྨར་གཡོ་གཙང་གསུམ་ཟེར་བའི་མཁས་པ་མི་གསུམ་བོད་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་ཤོས་འཇོག་མཁན་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་རེད། ཁོང་གསུམ་གྱིས་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་རྒྱུན་འབོགས་ནས་ད་ལྟའི་དུས་སུ་བསྟན་པ་སྨད་ནས་གསོས་ཟེར་བའི་ཐ་སྙད་འདི་བྱུང་བ་རེད།
ཡིན་ན་ཡང་། སྨར་གཡོ་གཙང་གསུམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་མེད་ལ། དཔྱད་བརྗོད་བཀོད་མཁན་ཡང་མེད། ཨ་ཁ། བོད་མི་ལ་དྲིན་གཟོ་མཁན་དེ་ལ་དྲིན་མི་ཚོར་ཟེར་བ་དེ་ངོ་མ་བདེན་པ་རེད་འདུག །
ངས་སྔར་ནས་བྲིས་ཡོད། ལོ་རྒྱུས་ཀྱི་སྐོར་ལ་རྩོད་ན་མཆན་སྟོང་ཕྲག་གཅིག་བརྒལ་བར་དུ་རྩོད་ན་ཡང་ཟད་མཐའ་མེད།
སྐད་ཆ་དྲང་པོ་ཞིག་མི་དཀར་ཟེར་བ་ཁྱོད་ལ་བཤད་རྒྱུ་ཡོད་པ་འདྲ། བཤད་ཤོག་ཨ། ད་ལན་ཁྱོད་ལ་ལན། གོང་དུ་ལོག་ལྟ་ཅན་གྱི་བློ་ཡི་ཡུལ་མ་ཡིན། ཞེས་པ་དེས་མཐུས་པ་བགྱིས་ཨ།
བཀྲ་ཤིས་དང་སྤོབས་མཐའ་གཉིས་ཀྱི་གཅིག་བཤད་ཁས་བྱས་འདུས། ཡིན་ཡང་མཐའ་ལ་ཟག་ཁར་གར་འཇུ་
གར་འཐམས་ཟེར་བ་བཞིན་རྙིད་ལབ་རྐྱང་བྱས་འདུག། དཔེར་ན་སྔོན་གྲི་གུམ་བཙན་པོ་ལོང་ངམ་རྟ་རྫིའི་བཀྲོང་
ཡང་རྒྱལ་སྲིད་འཐོར་འཇུག་མེད། ཁྲི་རལ་ཟེར་བའི་ཆང་བཟི་རག་བཟི་དེ་བཀྲོང་ཡང་རྒྱལ་སྲིད་འཐོར་འཇུག་
མེད། ལོ་རྒྱུས་ནང་དུ་བཤད་སྲོལ་མི་འདྲ་ཡོད་ལྷ་མིང་ཅན་དེ་་རྒྱ་ནག་རང་གི་ལོ་རྒྱུས་ནང་རྒྱ་ནག་གི་གསང་ཉུལ་
བ་གལ་ཆེན་ཞིག་བོད་ལ་གཏོང་ནས་རྒྱ་ནག་གི་ཡུན་རིང་ཡིད་ལ་གནག་པའི་ལས་དོན་གལ་ཆེན་ཞིག་སྒྲུབ་ཡོད་ཚུལ་
འཁོད་ཡོད་པ་དང། བོད་ཀྱི་ལོ་རྒྱུས་ནང་ལྷ་ལུང་ནི་ཤིན་ཏུ་ཚེ་ཐག་རིང་བའི་མི་ཞིག་ལ་སྒྲུབ་འདུག། སྔོན་པདྨ་ས་བྷ་
བའི་སློབ་མ་ཡིན་དང་དེ་ནས་འུའྀ་དུམ་ལྐོག་མདས་གསོད་མཁན་ལག་དམར་བ་བོད་སིལ་བུར་གཏོར་མཁན་ཁ་ནག་
ཞིག་ཡིན་ཚུལ། ད་རུང་མ་ཤི་བར་རྨ་གཡོ་གཙང་གསུམ་སྐབས་སུ་མདོ་སྨད་ལ་ཡོད་སྐོར་ལབ་འདུག། དེ་ཡིན་ན་
ཁྲི་སྲོང་ལྡེ་བཙན་སྤྱི་ལོ་༦༥༥་ལོ་འཁུང་འུའྀ་དུམ་བཙན་པོ་༨༣༩་ལོ་འདས་རྨ་གཡོ་གཙང་གསུམ་ལོ་བདུན་བཅུའི་
རྗེས་ནས་མདོ་སྨད་ལ་སོང་ད་རུང་ཁ་ནག་ལྷ་ལུང་དཔལ་རྡོར་མ་ཤི་བ་བསྡད་ཡོད་ཟེར། དེ་ཡིན་ན་ཁོ་ལོ་༢༠༠་ལྷག་
ཡིན་པའི་མི་ཞིག་རེད། ཁྱེད་ཚོའི་དེ་འདྲ་ཁས་ལེན་ཐུབ་བམ། ཆོས་པ་གཡོ་འཕྲུལ་རང་ཕུང་ཅན་འགའ་ཞིག་གི་
འུའྀ་དུམ་བཙན་པོ་ཆོས་མེད་སྨྲ་བ་ཞིག་དང་དགོན་སྡེ་གཏོར་མཁན་ཞིག་རེད་ཟེར་། །།དེ་ཡིན་ན་ཏུན་ཧོང་ཡིག་རྙིག་ནང་
འུའྀ་དུམ་བཙན་པོ་དུན་བརྟན་གྱྀ་ཞ་སྔ་ནས།།……དམ་པའྀ་ཆོས་བསྲུང་བ་དང་།། རྒྱལ་ཁམས་བྱྀན་ཆེན་པོའྀ་སྲྀད་བཅའ་བ་འྀ་དོན་དང་།། རྒྱལ་པོ་ཆེན་པོའྀ་དབང་དང་མཐུ་སྟོབས་ཀྱྀས་དགྲར་གྱུར་པའྀ་སེམས་ཅན་གཞན། སྲོག་སྲྀད་ལ་ཕབ་པ་མན་ཅད། གནོད་པའྀ་ཕྱོགསུ་གྱུར་ཏེ།……ཚེའྀ་བར་ཆད་གྱྀ་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ།། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩྀགས་ཤྀང་རྙང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའྀ་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའྀ་ཆོས་མྱྀ་འཇྀག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་བོའྀ་བསོད་ནམས་ཀྱྀ་གཞྀར་གྱུར་ཅྀག……ཚེ་རབས་གྱྀ་དངོ་སྡིག་གྀ་དྲ་མ་ནྀ་བྱང་། བསོད་ནམས་དང་ཡེ་ཤེས་གྱྀ་ཚོགས་ནྀ་མྱུར་དུ་རྫོགས་ཤྀང་། ཕྱོགས་བརྒྱད་གྱྀ་རྒྱལ་པོ་ཐམས་ཅད་ཀྱང་། བཀའ་འོག་ཏུ་འདུས་པ་དང་།ད་ལྟར་བཞུགས་པའྀ་སྐུ་འདྀ་ལ་ལྟས་ངན་པར་སྟོན་པ་དང་།བགེགས་དང་ཕས་གྱྀ་རྒོལ་བ་ཐམས་ཅད་གྱྀས་མྱྀ་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ།། ཞེས་འུའྀ་དུམ་་མཙན་པོའི་མཛད་པའི་ཡིག་གེ་འདི་ལ་གཞེག་ན་ཆོས་ལུགས་ཕྱོགས་ཞེན་པ་དག་གི་བཤད་པ་ལྟར་མ་ཡིན་པར་ར་སྤྲོད་གསལ་པ་བྱས་འདུག། ཆོས་ལུགས་པ་སྲིད་ཁྲི་ནས་ཕབ་པས་ཞེ་འཁོན་ཆེ་པོ་འུའྀ་དུམ་བཀྲོང་པས་མ་ཚད་དེ་རྗེས་ལོ་རྒྱུས་ནང་སྨྱོན་བཤད་མང་དག་ཞིག་བྱས་ཡོད་པ་འདི་ནས་རྟོག་ཐུབ།
ཁ་བའི་ཡུལ་གྱར་བས་ཏུན་ཧོང་གི་ཡིག་རྙིང་ཐེངས་གཉིས་ལུང་འདྲེན་བྱས་ཚར་སོང་། ཡིན་ཀྱང་རྨོངས་དད་ཅན་ཚོས་ཅང་གོ་གི་མ་རེད། ཕྱོགས་ཞེན་ཅན་ཚོས་མིག་གིས་མཐོང་ཚོད་སེར་པོ་རེད།
ད་་་སྤོབས་པ་དང་ཀརྡོ། བཀྲ་ཤིས་གསུམ་གྱིས་་་རྒྱལ་མཆོག་དར་མས་ཆོས་བསྣུབས་སོང་ཟེར། གྲྭ་པ་བསད་སོང་ཟེར་ནས་བཤད་སོང་། ཁྱོད་གསུམ་གྱིས་ཁུངས་ལུང་ཡོད་པའི་སྐད་ཆ་ཞིག་བཤད་ཤོག ལོ་རྒྱུས་ཀྱི་ཁུངས་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་། ཚན་རིག་གིས་དཔང་རྟགས་བཅས་ཀྱི་ཐོག་ནས་རྒྱལ་མཆོག་དར་མས་ཆོས་བསྣུབས་རབས་དང་གྲྭ་པ་བསད་རབས་ཁུངས་སྐྱེལ་བྱེད་རོགས་བྱོས།
དཀོར་ཟན་ཚོས་བྲིས་པའི་ཆོས་འབྱུང་འཁྱོག་པོ་དེ་དག་ལ་ཁུངས་གཏུག་མ་འོང་། དེ་དག་གི་ནང་དུ་ལོ་རྒྱུས་བདེན་པ་བཤད་ཡོད་པར་ཁས་ལེན་གྱི་མིན། དེ་མིན་དཔང་རྟགས་དང་ཁུངས་སྐྱེལ་ཡང་དག་ག་རེ་ཡོད་ན་གསུང་རོགས་བྱོས། གསུང་གྱི་མེད་ན་ནི་ད་ནས་བཟུང་མ་ཉེས་ཁ་ཡོག་གྱིས་གླང་རྭ་འཛུགས་ཆོག་མི་ཡོང་། ཤེས་སོང་ངམ།
དྲ་གྲོགས་རྣམ་པ་ལགས། འུ་དུམ་བཙན་གྱིས་དུས་སུ་ལྷ་ཁང་མཆོད་རྟེན་གསར་པ་བཞེངས་ཤིང་རྙིང་པ་བཅོས་པ་དེ་ཁྱོད་ཚོས་གསར་དུ་རྙེད་པའི་སྐད་ཆ་གསར་པ་ཞིག་མ་རེད། བོད་ཀྱི་ལོ་རྒྱུས་རྙིང་པ་ཚང་མ་ན་བཙན་པོ་དར་མ་ཁྲི་ལ་འཁོད་ནས་ལོ་གསུམ་གྱི་བར་དུ་བཙན་པོ་གོང་མ་དག་དང་མཐུན་པར་ཆོས་དང་མཐུན་པའི་རྒྱལ་སྲིད་བསྐྱངས་པ་དང་། དེ་ནས་ཐུགས་ལ་གདོན་གསོལ་དེ་ཆོས་བསྣུབས་ཚུལ་གསལ་ཡོད་རེད།
བཙན་པོ་དར་མས་གྲྭ་བ་བསད་པ་དང་ལྷ་ཁང་བཤིགས་པ་དེ་ཁྱོད་ཚོས་ཁས་ལེན་བཞིན་ཡོད་པ་རེད་བསམ་སོང་། དེ་ནི་ཁྱོད་ཚོས་ཁས་ལེན་པ་མ་ཟད་གསར་བརྗེ་བ་དང་། སྔོན་ཐོན་པ། རྟོག་སད་པ། དཔའ་བོ་བཅས་སུ་འདོད་པའི་རྒྱུ་མཚན་ཡོད་ན་མེད་ན་དེ་མ་རེད་དམ།
ལོ་རྒྱུས་ཀྱི་ཁུངས་གཏུག་ས་བོད་རང་ལ་མི་ཉུང་བ་ཞིག་འདུག དེ་ཚོའི་ནང་ན་བཙན་པོ་དར་མ་ཡག་པོ་ཡིན་ཚུལ་བཤད་པ་གཅིག་ཀྱང་མི་འདུག དེ་ནས་སྐབས་དེའི་བོད་ཀྱི་ཁྱིམ་མཚེས་ཟེར་ན་འདྲ། དགྲ་ཡ་གཉེན་ཡ་ཟེར་ན་འདྲ། འབྲེལ་བ་ཆེ་ས་དེ་ཐང་རྒྱལ་རབས་རེད། ཐང་ཡིག་གི་ནང་ན་ནི་དར་མ་ཆང་སྐྱལ་དང་། གཏུམ་པོ། བླུན་རྨོངས་ཤིག་ཡིན་ཚུལ་བྲིས་འདུག དེ་ནས་བོད་དང་འབྲེལ་བ་གང་ཡང་མེད་པའི་སུང་རྒྱལ་རབས་ཀྱི་དུས་སུ་སི་མ་ཀོང་གིས་བྲིས་པའི་༼སྲིད་སྐྱོང་མེ་ལོང་༽གི་ནང་དུ་ཡང་དེ་དང་ཕྱོགས་མཚུངས་པ་རེད། ད་ཁྱོད་ཚོས་མིག་བཙུམ་ནས་དར་མ་ནི་གསར་བརྗེ་བ་དང་། སྔོན་ཐོན་པ། རྟོག་སད་པ་ཞག་ཡིན་ཞེས་དད་པ་དག་སྣང་རྩེ་གཅིག་ཏུ་སྦྱོངས་དང་དར་མའི་བྱིན་རླབས་རེ་ཞུགས་ན་ཅི་ཤེས།
བཙན་པོའི་མི་རྒྱུད་རྒྱ་གར་ནས་ཆད་པ་དེ་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་པ་དེ་ནི་གཤམ་གསལ་གྱི་རྒྱུ་མཚན་ཁག་གཉིས་འདུག
གཅིག་ནས་ཁྱིམ་རྒྱུད་དེས་རྒྱ་གར་གྱི་ཆོས་དང་རིག་གནས་ལ་དད་ཞེན་ཆེན་པོ་བྱས་ཤིང་རང་གི་རྒྱལ་ཁམས་དེ་ཡང་རྒྱ་གར་རིག་གནས་ཀྱི་འོད་ཟེར་ཆེན་པོའི་ཁྱབ་ཁོངས་སུ་བཅུག་པ་དེ་རེད། རྒྱ་གར་གྱི་ས་ཁོངས་སུ་དམག་ཐེངས་མང་པོ་མ་དྲངས་པ་དང་རྒྱ་གར་གྱི་ས་སྡེ་བཙན་འཕྲོག་བྱས་པའི་ལོ་རྒྱུས་ཆེར་མེད་པ་དེ་རེད། རྒྱུ་མཚན་དེར་བཙན་པོའི་མི་རྒྱུད་རྒྱ་གར་ནས་བྱུང་བར་རྒྱུ་མཚན་ཆེན་པོ་འདུག་བསམ་ནས་བསྡད་ཡོད་ལགས།
ཨ་ཙི་སྤོབས་པ། ཧཧ རྒྱལ་མཆོག་དར་མས་གྲྭ་པ་བསད་རབས་དང་ལུང་རྟོགས་ཀྱི་བསྟན་པ་བསྣུབས་རབས་ང་ཚོས་བཤད་མྱངས་མེད། ཁས་ལེན་ཡང་མེད། ཁྱོད་ལ་ཁུངས་སྐྱེལ་མེད་ན་གླང་འབོད་འཐེན་གྱི་ཞོག
གཉིས་པ། རྒྱ་གར་གྱི་ས་སྡེ་བཙན་འཕྲོག་བྱས་པའི་ལོ་རྒྱུས་ཆེར་མེད་ཨེ་་་་ཧཧཧ དམ་པ་དགེ་ཆོས་ཀྱི་དེབ་དཀར་ལས།
འོན་ཀྱང་ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ། རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་ཡུལ་དུ་མར་སྤོས་པ་དང་། སྟོད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་[འ]ཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང་། དེའི་ཕྱིར་ཆེས་མངོན་ཅན་གྱི་བྱུང་བ་དཔེར་ན། བོད་དམག་རྒྱ་གར་དུ་སླེབས་ཏེ། རྒྱ་གར་ཡུལ་དབུས་ཀྱི་རྒྱལ་ས་ཀཱནྱཀུབྫ་བཟུང་ཞིང་༑ རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག་སྟེ། གྲོང་ཆེ་ཆུང་བརྒྱ་དང་བརྒྱད་ཅུ་ཙམ་བོད་ཀྱི་འབངས་སུ་ཆུད་པ་དང་། བལ་ཡུལ་ནི་དེའི་གོང་སྔ་མོ་ཞིག་ནས་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མི་རབས་གཅིག་ལྷག་ཙམ་དེ་མུས་སུ་བསྡད་པ་དང་། ཞེས་གསུངས་འདུག
གསུམ་པ། བོད་བཙན་པོའི་རྒྱལ་པོ་ཚོས་རྒྱ་གར་བའི་ཤཀྱའི་ཆོས་ལུགས་ནང་འདྲེན་བྱས་པའི་རྒྱུ་མཚན་གྱིས་བཙན་པོའི་རྒྱལ་རྒྱུད་རྒྱ་གར་ནས་ཡིན་ཟེར་བ་འདི་སྒྲུབ་བྱེད་ལྟ་སྣང་དང་ཕྲུ་གུའི་སྐད་ཆ་འདྲ་པོ་རེད། ཧཧ དེ་འདྲ་ཡིན་ན་ཤཀྱའི་ཆོས་ལུགས་དར་ཁྱབ་ཕྱིན་པའི་རྒྱལ་ཁབ་ཡོངས་ཀྱི་རྒྱལ་རྒྱུད་རྒྱ་གར་ནས་བྱུང་བ་ཡིན་དགོས་ཐལ། རྟགས་དེའི་ཕྱིར། དགོས་ན་་རྒྱ་ནག་གི་རྒྱལ་རྒྱུད་དང་སོག་པོའི་རྒྱལ་རྒྱུད་སོགས་ཀྱང་རྒྱ་གར་ནས་བྱུང་ཡིན་པར་ཐལ་ཞེས་ཐལ་བ་འཐེན་འོང་དུས་ཁྱོད་ཁ་བཙུམ་ནས་བསྡད་དགོས་ཀྱི་རེད་བ།་་་ཨོ་་་ཧཧཧ
བོད་བཙན་པོའི་ཁྱིམ་རྒྱུད་ཀྱི་ཆོས་ལུགས་ངོ་མ་བོན་ཆོས་རེད། གནམ་རི་སྲོང་བཙན་ཡན་ཆོད་ལ་བོད་ཡུལ་ཀུན་དུ་བོན་ཆོས་ཁོ་ན་མ་གཏོགས་མེད། དེ་ཡང་་་དེབ་དཀར་ལས།
གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། །བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བས་སོ། །ཅེས་གསུངས་འདུག་་་་ཧཧཧ ་ཧམ་པ་བཤད་མ་འོང་ཨ
རྒྱལ་མཆོག་དར་མ་རྟོག་སད་པ་ཞིག་ཡིན་དོན་་་་གྲྭ་བཙུན་ཕག་པ་གསོ་གསོ་བྱས་ནས་མ་བཞུགས་པར་འགྲོ་སོང་དམག་ལ་བཏང་ནས་བོད་ཆེན་པོའི་རྒྱལ་ཁབ་སྲུང་སྐྱོབ་བྱེད་འདོད་ཀྱི་ཆ་གཞི་ཡོད་པ་དང་གཅིག
རྒྱལ་མཆོག་དར་མ་སྔོན་ཐོན་པ་ཞིག་ཡིན་དོན་་་་་ཞིང་འབྲོག་ཁྱིམ་ཚང་མང་པོ་གྲྭ་བཙུན་ཚོའི་བྲན་གཡོག་ནས་བཅིངས་གྲོལ་བཏང་མཁན་གྱི་བྱམས་སྙིང་རྗེ་ཅན་གྱི་སྐྱེས་ཕོ་རབ་ཤིག་ཡིན་དང་གཉིས།
རྒྱལ་མཆོག་དར་མ་གསར་གཏོད་པ་ཞིག་ཡིན་དོན་་་་སྡོམ་པ་མེད་པའི་གྲྭ་གཟུགས་ཅན་དེ་དག་རི་དྭགས་བརྒྱབ་མཁན་དང་ཞིང་ལས་དང་འབྲོག་ལས་བྱས་བཅུག་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་། ནད་དང་མུ་གེ་སྔོན་འགོག་བྱེད་འདོད་ཀྱི་ཆ་གཞི་ཡོད་པའི་སྐྱེ་བོ་མཐོང་རྒྱ་ཅན་ཡིན་དང་གསུམ།
གློག་བརྙན་བལྟ་མཚམས་བཞག་ནས་མཆན་བུ་དེ་གཉིས་བྲིས་པ་ཡིན་ད། ཡག་པོ་ཀློག་ཤོག་ཨ
བློ་མཐུན་ཅོ་རིས་ཡག་པོ་གསུངས་སོང་། ནམ་རྒྱུན་ངས་ཨ་ཁུ་སྤོབས་མཐའ་འདི་གཟུར་གནས་བློ་ལྡན་འདྲ་ཞིག་རེད་དྲན་ཡོད། འོན་ཀྱང་ད་བྱེད་དུས་ཆོས་ལུགས་ཀྱིས་ཀླད་པ་བཀྲུས་ཟིན་པའི་རྨོངས་ཞེན་པ་ཞིག་རེད་འདུག། ཆོས་ལུགས་གྲུབ་མཐས་ཀླད་པ་བཀྲུས་ཟིན་པའི་གང་ཟག་གིས་དངོས་ཐོག་བདེན་འཚོལ་གྱི་གཏམ་ནམ་ཡང་བཤད་མི་སྲིད་ལ་དཔྱོད་ཤེས་ཀྱི་བློ་མིག་ནི་རྨོངས་དད་ཀྱི་མུན་པས་བཏུམས་ནས་ཡོད་པ་རེད། དེས་ན་བོད་བཙན་པོའི་རྒྱལ་ཁབ་དེར་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཅི་ཡང་མེད་པར་ཐམས་ཅད་གུང་ཁྲན་གྱི་བཤད་པ་ལྟར་བསྒྲུབ་ཀྱིན་པ་རེད། ད་དུང་ཐང་ཡིག་དང་སུང་ཡིག་ཡིན་ན་གཅིག། ཐང་སུང་གཉིས་ཀྱི་ཡིག་འབྲི་བ་དང་ལོ་རྒྱུས་སྨྲ་བ་ཚོ་དངོས་བདེན་འཚོལ་གྱི་དཔྱོད་ཤེས་ཅི་ཙམ་ཡོད་དམ། ལྷག་པར་དུ་སྐབས་དེ་དུས་ཐང་སུང་གཉིས་ལྷ་ཆོས་རིང་ལུགས་ཀྱི་གྲུབ་མཐས་ཀླད་པ་བཀྲུས་མེད་པ་སུས་བཤད་ཐུབ་བམ། བོད་རང་ལ་ཁུངས་གཏུག་སའི་ལོ་རྒྱུས་ཕལ་མོ་ཆེ་ནི་ལྷ་སྒྲུང་དང་འདྲེ་སྒྲུང་བདུད་སྒྲུང་གི་རྟོགས་བཟོས་རྒྱན་པ་ཤ་སྟག་ལས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ལོ་རྒྱུས་སྨྲ་བ་ཧ་ལམ་མེད་པ་འདྲ་ཞིག་རེད།
དར་མ་བླུན་རྨོངས་ར་སྐྱེས་གླང་གོག་འདྲ། །
དར་མ་གྲྭ་པའི་དཀོར་ཟན་ཕག་པ་འདྲ། །
དར་མ་གྲྭ་པ་རྔོན་བཏང་སྤྱང་ཀི་འདྲ། །
དར་མ་བཟང་སྤྱོད་སྣུབ་མཁན་མ་འོ་འདྲ། །
གླང་གོག་ཕག་པ་སྤྱང་ཀི་མ་འོ་བཞི། །
གཅིག་ལ་ཚང་བའི་བདུད་ཕོ་མི་ཡི་གཟུགས། །
གླང་དར་སྨོན་ལོག་ཕུང་འདྲེ་བྱེད་གཏེ་ལ། །
རེ་བ་བཅོལ་མཁན་བོད་རིགས་དེ་བས་བླུན། །
སྲོང་བཙན་སྔོན་གྱི་བོན་པོར་གུས་ཞབས་ཡོད། །
སྲོང་བཙན་རྗེས་ཀྱི་བོན་པོར་རེ་བ་ཡོད། །
ད་ལྟའི་དུས་ཀྱི་བོན་པོར་ཆ་འཇོག་ཡོད། །
མཁར་རྨེའི་སོགས་ཀྱི་ཆེད་རྩོམ་ངོས་ལེན་མེད། །
བོན་ལུགས་འབུམ་རམས་པའི་སྐོར།
https://www.facebook.com/video.php?v=754328664602921&set=vb.131905013511959&type=2&theater
བཀྲ་ཤིས་ལགས། ཁྱེད་ཀྱིས་་་བོན་པོ་འགའ་ཤའི་སྙིང་ལ་རྒྱབ་གི་ཡོད་ངེས།་་་་ཟེར་ནས་བྲིས་འདུག་ན་དེ་འདྲ་བོན་པོའི་འགའ་ཤའི་སྙིང་ལ་རྒྱབ་དགོས་པའི་རྒྱུ་མཚན་དེ་ག་རེ་ཡིན་ནམ། གསལ་བཤད་ཡོད་པ་ཞུ། ཡང་མིན་ན་་་སྙིང་མ་འགའ་ཤའི་སྙིང་ལ་རྒྱབ་གི་ཡོད་ངེས། ཟེར་ནས་བྲིས་ན་ཁྱེད་རང་ལ་དགོངས་ཚུལ་ག་འདྲ་ཞིག་ཡོང་ས་རེད་དམ། །
བཀྲ་ཤིས་ལགས་ཀྱིས། (ལོག་ལྟ་ཅན་)ཟེར་ནས་སྡིག་གི་འདུག མི་འདིའི་ཀླད་པའི་ནང་དུས་རབས་རྙིང་པའི་རུལ་དྲིས་གང་ཡོད་ས་རེད། ཧཧཧཧ།
དར་མ་ཟེར་བའི་བདུད་རྒྱལ་བླུན་པོ་འདིས།།བོད་མཐུན་སྒྲིལ་གྱི་ནུས་བ་རྡུལ་དུ་བརླགས།།ཤཱཀྱའི་ཆོས་ལུགས་ལ་འཁོན་འཛིན་གྱིས།།ཡབ་མེས་ཀྱི་ཤུལ་བཞག་མེ་ཆུར་བསྐུར། དེའི་རྐྱེན་གྱིས་རྒྱལ་ཁམས་འཇིག་པའི་མགོ་རྩོམ་པ་རེད། རེད་ཡ། ལོ་ངོ་སྟོང་གཅིག་ལ་མི་འགྱུར་པར་སྡོད་པའི་རྒྱལ་ཁམས་གཅིག་ཀྱང་ཡོད་པ་མ་རེད། རྒྱལ་རབས་འཇུག་རྫོགས་པ་དང། རྒྱལ་ཁམས་གསར་ཏུ་འཛུགས་པ་སོགས་ཀྱང་མང་པོ་ཡོང་གིན་ཡོད་པ་དེ་བཞིན་རེད། དཔེར་ན་རྒྱ་གར་འཕགས་ཡུལ་གྱི་ཆོས་རྒྱལ་ཨ་ཤོ་ཀའི་རྒྱལ་རབས། ཡོ་རོབ་གླིང་གི་རོམ་གྱི་རྒྱམ་ཁམས་ཆེན་པོ། རྒྱ་ནག་གི་ཐང། སུང། ཆེན་པོ་ཧོར་གྱི་རྒྱལ། མིང། ཆིང་སོགས་ཀྱི་རྒྱལ་རབས་ཐམས་ཅད་གཅིག་གིས་རྒྱལ་རབས་གཅིག་གིས་མགོ་རྟིང་སློག་ནས། མཐར་རྒྱལ་རབས་གསར་པ་དང་རྒྱལ་ཁམས་གསར་པ་བཙུགས་པ་དེ་རེད། རྒྱལ་ཁབ་ཟེར་པའང་དོན་གྱིས་གཅིག་མཐུན་གྱི་ལས་དང། རྒྱུ་བསགས་ནས་བྱས་བའི་མི་སྡེ་ཕྲ་མོ་ཞིག་ཡིན་པ་ལས། རྟག་བརྟན་ཐེར་ཟུག་པ་ཞིག་མིན་པའང་གསལ་བོ་རེད། དེ་བཞིན་དེང་དུས་ཀྱི་འཛམ་གླིང་རྒྱལ་ཁམས་མང་པོ་ཞིག་ཀྱང། མིའི་བསྐལ་བ་ཆགས་པ་དང་ལོ་ངོ་སྟོང་ཕྲག་མང་པོ་ནས་ཡོད་པ་དེ་འདྲ་མ་ཡིན་པར། འཛམ་གླིང་དམག་ཆེན་གཉིས་བའི་རྗེས་སུ་མི་སྡེ་དེ་དག་གིས་རྩོལ་བ་དང། སྤྱི་མཐུན་གྱི་ལས་ལ་བརྟེན་ནས་གསར་ཏུ་བཙུགས་པ་ཤ་སྟག་རེད།
བཙན་པོ་ཚང་གིས་རྒྱ་གར་ལ་དམག་དྲངས་མ་དྲངས་དེ་ངས་ལྟོས་ས་ལྟོས་འཇོག་གིས་བཤད་པ་ཡིན། རྒྱ་ནག་ལ་དམག་དྲངས་པའི་ལོ་རྒྱུས་ཧ་ཅང་མང་པོ་རེད། རྒྱ་གར་ལ་དྲངས་ཚུལ་ཧ་ཅང་ཉུང་ཉུང་རེད་ཅེས་བཤད་པ་ཡིན། དེ་ལ་རྒྱུ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད་བསམ་གི།
བཙན་པོས་ནང་ཆོས་བོད་ལ་དར་སྤེལ་བཏང་བ་དེ་ནི་རྒྱ་ནག་སོག་པོ་ལ་ནང་ཆོས་དར་སྟངས་དང་བསྡུར་རྒྱུ་མེད་པ་ཞིག་རེད། བཙན་པོས་གཞུང་འབྲེལ་གྱི་ཐོག་ནས་ནང་བསྟན་བོད་ལ་ཆེད་དུ་སྤེལ་བ་ཞིག་རེད། དེར་བལྟས་ན་བཙན་པོ་ཚང་རྒྱ་གར་གྱི་ཆོས་དང་རིག་གནས་ལ་དད་ཞེན་གཞན་དང་མི་མཚུངས་པ་ཞིག་ཡོད་པ་ཤེས་ནུས་པས་བཙན་པོའི་མི་རྒྱུད་རྒྱ་གར་ནས་ཆད་ཟེར་བ་དེར་རྒྱུ་མཚན་འདུག་བསམ་གི།
བཙན་པོ་དར་མས་དམག་དོན་ཡར་རྒྱས་བཏང་ཚུལ་གང་ཡང་མི་འདུག དམིགས་བསལ་དེ་འདྲའི་ལོ་རྒྱུས་ཡོད་ན་ཁ་གསལ་པོར་སྟོན་རོགས་གྱིས་དང་ཤེས་འདོད་འདུག བཙན་པོ་དར་མས་སྲིད་དབང་བཟུང་ཚུན་ནས་བོད་རྒྱ་གཉིས་ཀའི་དམག་འཐབ་སྐབས་སུ་བོད་དམག་རྒྱལ་བ་ལས་ཕམ་པ་མང་གི།
བོན་པོ་ཅིག་ཅིག་མིག་མིག་བཤད་མ་འདུག་རོགས། གླང་དར་དང་བོན་གྱི་བར་ལ་འབྲེལ་བ་གང་ཡང་མི་འདུག
Bonpo ལགས་ལ་གསལ་བཤད་ཞ་རྒྱུ། དེ་སྔོན་སྔ་ཕྱི་བར་གསུམ་ལ་bonpo ལགས་ཉིད་དང་བཅས་པའི་བོན་པོ་ཁ་ཅིག་ནས་ནང་ཆོས་ལ་དམའ་འབེབས་དང་མཐོང་ཆུང། གུ་རུ་རིན་པོ་ཆེ་དང་རྒྱ་གར་མཁས་པ་རྣམས་ལ་ས་སྡུ་འབའ་འབའ་དང་རོང་པ་ཞེས་འབོད་ནས་དད་ལྡན་བོད་མིའི་སེམས་ལ་དུག་མདའ་རྒྱབ་ཡོད། དམ་ཆོས་བསྣུབས་མཁན་གླང་དར་མ་ལ་ཁྱོད་ཚོ་བོན་པོས་ལྷ་སྲས་དར་མ་ཞེས་བཙུགས་ཏུ་བཀུར། ཁྱོད་ཚོས་བཀུར་བའི་ལྷ་སྲས་དར་མ་དེ་ངས་བདུད་རེད། མགོ་ལ་རྭ་ཡོད་ཅེས་བརྗོད་དུས་བོན་པོ་འགའ་ཞིག་དང་དྲྭ་གྲོགས་འགའ་ཞིག་གི་སྙིང་ལ་དུག་མདའ་ཕོག་པ་བཞིན་ཁོང་ཁྲོ་འབར་ཡོད་འགྲོ་བསམ། ཡིན་ནའང་ད་ལན་སྐབས་འདི་ལ་bonpo ལགས་ནས་ཆགས་སྡང་གི་སྐད་ཆ་གང་ཡང་བཤད་པ་མཐོང་མ་བྱུང་བས་དགའ་པོ་ཡོད།
མི་དཀར་ཟེར་བའི་སེམས་ནག་ཅན་ཁྱོད་ཉོན་ཨ། ལོག་ལྟ་ཅན་ཟེར་ནས་ཁྱོད་རང་གི་ངོ་སྤྲོད་ཁྱོད་རང་ལ་བྱས་གིས་ཡོད། སྡིག་ར་གཏང་གི་མེད་པས་འཇིགས་མི་དགོས། དུས་རབས་རྙིང་པའི་རུལ་དྲི་ཟེར་སྟངས་ལ་བལྟས་ན་ཁྱོད་ཁོག་པའི་ནང་ལ་སྐྱག་དྲི་མ་གཏོགས་ཡོན་ཏན་སྣ་གཅིག་མེད་པ་གསལ་སྟོན་བྱས་འདུག།
ངས་འདི་ནས་སྡིག་དམོད་བྱེད་མཁན་ཚོའི་སྡིག་དམོད་ལ་ཡ་ལན་སློག་འདོད་མེད། འོན་ཀྱང་གནས་ལུགས་འགེབ་བསྲུང་བྱེད་མཁན་ཚོ་ལ་གནས་ལུགས་ངོ་མའི་བདེན་པ་བདར་དུ་བཅུག་འདོད་ཡོད། ལྷ་སྲས་དར་མ་ལྷ་བདུད་གང་ཡིན་མིན་གང་ལྟར་ཡང་ལྷ་ལུང་དཔལ་རྡོར་གྱིས་ཁོང་བཀྲོང་བ་དེ་འདུལ་ཁྲིམས་ལྟར་ན་སྲོག་གཅོད་ཀྱི་ཕམ་པ་བྱུང་བ་དཔལ་རྡོར་ཁོ་རང་གིས་རྩིས་པ་མ་གཏོགས་ཤཀྱཱའི་རིང་ལུགས་འཛིན་པ་ཚོས་མི་བརྩི་བ་ནི་ངོ་མཚར་བའི་གནས་སུ་མཐོང་། གལ་ཏེ་ཁྱེད་ཚོས་བཤད་པ་བཞིན་དཔལ་རྡོར་གྱིས་རྒྱལ་པོ་བགྲོང་བ་དེ་བདུད་འདུལ་བའམ་ཡང་ན་རང་གི་འདུལ་སྐལ་ཚར་ཐག་བཅད་པ་ཞིག་ཡིན་ཚེ་ཁོང་བླ་ཆེན་པོ་བསྙེན་པར་རྫོགས་པའི་ཁ་སྐོང་མི་ཡོང་བའི་རྒྱུ་མཚན་རྩ་བ་ནས་མེད་པར་སྙམ། བོད་ཀྱི་ལོ་རྒྱུས་ཐོག་རབ་བྱུང་བས་བདུད་འདུལ་བའམ་རང་གི་འདུལ་བྱ་འདུལ་ནས་སྡོམ་པ་ཤོར་བ་ད་བར་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་རེད། ཡང་གཅིག་བཤད་ན་གལ་ཏེ་རྒྱལ་པོ་བདུད་ཡིན་ཚེ་ཁོང་འདུལ་བའི་ཁྲིམས་ནང་གི་སྲོག་གཅོད་ཀྱི་ཕམ་པ་འབྱུང་བའི་ཡུལ་གྱི་ཡན་ལག་མ་ཡིན་པས་དེ་བས་ཀྱང་དཔལ་རྡོར་གྱི་སྡོམ་པ་འཆལ་དོན་མེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དཔལ་རྡོར་སྡོམ་པ་ཤོར་བ་དེ་ཁོ་རང་གིས་གསལ་པོར་ངོས་ལེན་གནང་བ་དེས་ང་ཚོས་ལྷ་ཁང་རྙིང་པ་ལ་བསྟན་བཤད་གསར་པ་རྒྱག་རྒྱུ་ལྷག་མེད་པས་སོ།
ད་དུང་ལོ་རྒྱུས་ལ་མཁྱེན་རྒྱ་མེད་པ་འགའ་ཤས་ཀྱིས་བོན་པོས་གླང་དར་ལ་ལྷ་སྲས་དར་མར་འབོད་ཀྱི་འདུག་ཅེས་སྡུག་ཡུས་བཤད་ཀྱི་འདུག ཁོང་ལ་ལྷ་སྲས་དར་མའི་ཐ་སྙད་དེ་དེང་སྐབས་ཞིབ་འཇུག་པ་ཚང་མས་དཔྱད་གཞིའི་ཡིག་ཆ་གལ་པོ་ཆེར་ངོས་འཛིན་བཞིན་པའི་ཀན་སུན་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་གནའ་བོའི་ཡིག་རྙིང་ནས་བྱུང་བ་རེད་མ་གཏོགས་བོན་པོས་དམིགས་སུ་བཀར་ནས་བཏགས་པ་ཞིག་ཡིན་པའི་ལོ་རྒྱུས་རྒྱབ་ལྗོངས་གང་ཡང་མེད་པ་མ་ཟད། དེའི་སྔོན་གྱི་བོན་གྱི་ལོ་རྒྱུས་ནང་ཁོང་ལ་ལྷ་སྲས་དར་མ་ཞེས་བརྗོད་ཀྱི་ཡོད་མེད་ཆ་མ་འཚལ།
《110 བཙན་བྱོལ་བ་་ལགས་ཀྱིས་མཆན་བཏབ་པ།:
October 28th, 2014 at 9:55 AM
སྨར་གཡོ་གཙང་གསུམ་ཟེར་བའི་མཁས་པ་མི་གསུམ་བོད་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་ཤོས་འཇོག་མཁན་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་རེད། ཁོང་གསུམ་གྱིས་བླ་ཆེན་དགོངས་པ་རབ་གསལ་ལ་སྡོམ་རྒྱུན་འབོགས་ནས་ད་ལྟའི་དུས་སུ་བསྟན་པ་སྨད་ནས་གསོས་ཟེར་བའི་ཐ་སྙད་འདི་བྱུང་བ་རེད།
ཡིན་ན་ཡང་། སྨར་གཡོ་གཙང་གསུམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་མེད་ལ། དཔྱད་བརྗོད་བཀོད་མཁན་ཡང་མེད། ཨ་ཁ། བོད་མི་ལ་དྲིན་གཟོ་མཁན་དེ་ལ་དྲིན་མི་ཚོར་ཟེར་བ་དེ་ངོ་མ་བདེན་པ་རེད་འདུག །
ངས་སྔར་ནས་བྲིས་ཡོད། ལོ་རྒྱུས་ཀྱི་སྐོར་ལ་རྩོད་ན་མཆན་སྟོང་ཕྲག་གཅིག་བརྒལ་བར་དུ་རྩོད་ན་ཡང་ཟད་མཐའ་མེད།》
གོང་གསལ་དཔྱད་མཆན་འདེབས་མཁན་དྲ་གྲོགས་ལགས་ལ་བཀའ་དྲི་ཞུ་རྒྱུ་ཞིག་ནི། གལ་ཏེ་དྲིན་ཆེན་སྨར་གཡོ་གཙང་གསུམ་གྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་མེད་པ་དང་། དཔྱད་བརྗོད་སྤེལ་མཁན་མེད་པའི་རྩོད་མེད་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ཚེ་ཁོང་གསུམ་གྱིས་དགེ་སློང་གི་སྡོམ་པ་ཞུ་སའི་མཁན་སློབ་ཡང་སྙིང་སུ་རེད། ????????????ཚིག་ཐག་ཆོད་པོ་དང་། ཡིག་ཚོགས་ཀྱི་སྤྲོས་པ་སྐྱུང་ནས་བཀའ་ལན་ཞིག་གནང་རོགས།
ཁྱོད་ལྟར་ན་ཕྲན་འཕགས་བོད་གཉིས་སུ་སྨར་གཡོ་གཙང་གསུམ་སྐོར་ཞིབ་འཇུག་བྱེད་མཁན་དང་དཔྱད་བརྗོད་སྤེལ་མཁན་ཐོག་མ་དེ་ཡིན། ངས་ད་བར་སུ་ཞིག་གིས་ལག་པས་རེག་མ་མྱོང་པའི་སྨར་གཡོ་གཙང་གསུམ་གྱི་སྐོར་དཔྱད་རྩོམ་དྲ་མ་ཞིག་འབྲི་འདོད་ཡོད། ཨ་ལ་་་་སྐུ་རྩེད་ཡིན་གོང་གསལ་དྲི་བ་དེ་ལ་ལེན་ངེས་པར་དུ་གནང་རོགས།
གཏུམ་དྲག་སྒེར་གཅོད་ཅན་གྱིས་རྒྱལ་བོ་ཞིག་གིས་འབངས་མི་ལ་མི་ཟད་པའི་གནར་གཅོད་དང། གཉའ་གནོན། བཤུ་གཞོག་བྱས་རྗེས། གསར་བརྗེའི་འོས་ལངས་བྱུང་ནས། དཔལ་རྡོར་གྱིས་རྒྱལ་བོ་སྡིག་ཅན་བགྲོངས། འདི་དཔལ་རྡོར་ལ་མཚོན་ནས་བཤད་ན་སྡོམ་པ་ཤོར་བ་དེ་ཡང་བོད་ལ་གྱོང་གུན་ཅང་མེད། བོད་རྒྱལ་རབས་མཇུག་རྫོགས་པའི་ལོ་རྒྱུས་ཞིག་ནས་གཞན་ཅི་ཡང་མ་རེད། འདི་ནི་དོན་གྱིས་ཧྥ་རན་སིའི་གསར་བརྗེ་དང། ཨ་རིའི་རང་བཙན་གྱི་དམག་འཁྲུག །སུན་ཀྲོན་ཧན་གྱི་ལྕགས་ཕག་ལོའི་གསར་བརྗེ། ཐ་ན་ཀུང་གོ་གུང་ཁྲན་ཏང་གི་གསར་བརྗེ་ལྟ་བུ་ཞིག་རེད།
གཟུར་གནས་པ་ཅོ་རི་དང་ཁ་བའི་ཡུལ་གྱར་བ་དང་ཞོལ་གཡག་པ་ལས་སོགས་ཀྱིས་བཤད་པར་བརྒྱབ་སྐྱོར་ཡོད། ཆོས་ལུགས་སྒེར་འཛིན་པ་དང་རྨོངས་ཞེན་གྱིས་བསྡམས་པའི་མི་འདིའི་རིགས་ལ་བཤདབཀྱང་དགོས་པ་མ་མཐོང་ཅང་བཤད་མེད། ལྷ་ལུང་དཔལ་རྡོས་བཙན་པོར་དུག་མདའ་འཕངས་ནས་བསད་པ་དེ་བསྟན་དོན་ཡིན་ཟེར་་་་དེ་ལ་ཉེས་པ་མེད་ཟེར། ཁ་ཆེ་དྲག་སྤྱོད་པ་ཚོས་བྷིནནལ་ཊིན་དཔའ་བོ་དང་ཆོས་ལུགས་ཀྱི་བླ་མ། བསྟན་པའི་བདུད་འདུལ་མཁན་གྱི་སངས་རྒྱས་ཡིན་ཟེར། དེ་བཞིན་ཁ་ཆེའི་བསྟན་དོན་དུ་ཤི་ནུས་ན་ཐར་པ་ཐོབ་གི་ཡོད་ཟེར་བ་དང་གཅིག་པ་གཅིག་རྐྱང་རེད། མི་འདི་རིགས་མང་པོར་བོད་རང་བཙན་ཐོབ་པའི་དབང་དུ་བཏང་ན་བྷིན་ལ་ཊིན་ལནལས་ཀྱང་དྲག་རྩུབ་ཆེ་བ་མ་བྱུང་ནའང་དེ་ལས་ཞི་བ་ཞིག་ཡོང་མདོག་མི་འདུག མི་འདི་རིགས་བོད་རྒྱལ་ཁབ་ཀྱི་དཔིན་གནས་གལ་ཆེར་བཟུང་རྒྱུ་ཞིག་བྱུང་ན་འབྲུག་པས་བྱས་པ་ནང་བཞིན་ཡུལ་མི་ཐམས་ཅད་ཆོས་ལུགས་གཅིག་བྱེད་དགོས་པ་དང་ཡུལ་མི་ཐམས་ཅད་གོས་གཅིག་གྱོན་དགོས་ཟེར་ས་རེད། མི་དམངའ་ཉམ་ཐག་གི་གཉའ་གནོན་རྨོངས་དད་ཀྱིས་བཅིངས་པའི་ཁྲི་རལ་པ་ནང་བཞིན་བཟོ་ཐག་ཆོད་རེད། ཡིན་ནའང་དུའ་རབས་འགྱུར་ཚར་བ་རེད་རྨི་ལམ་མ་གཏོང་རོགས་ཞུ་གི
ཡོད། སྤོབས་མཐའི་སྐད་ཆ་ལ་ཆ་འཇོག་མ་བྱེད། དེའི་སྔོན་དུ་ཁོས་ལྷ་ལུང་གིས་དཔལ་རྡོར་བཀྲོངས་ཚུལ་བཤད་པ་དེ་ལྷ་སྒྲུང་རེད་ཟེར་ད་ནི་དཔལ་རྡོར་བདུད་འདུལ་མཁན་གྱི་དཔའ་བོ་ཡིན་ན་ཅིག་ཟེར་ནས་སྒྲུབ་ཁུལ་བྱེད་ཀྱི་འདུག་ཧཧཧཧ་རེད་རྨོངས་ཞེན་ཐག་པའི་མདུད་བརྒྱ་བཀྲོལ་བའི་དཔའ་བོ་ཅོ་རི་ཉི་མས་བཀྲོལ་ཟིན
འདུག་མོད་ད་དུང་ལོ་རྒྱུས་ལ་གཡོལ་གང་ཐུབ་བྱེད་ནས་བསྡད་ཡོང་གི་འདུག བཀྲ་ཤིས་ཟེར་བ་དེ་ནི་གྷུ་རུ་མ་གཏོགས་མི་དགོས་ཟེར་མཁན་དེ་རེད། དེ་ཚོར་ཡ་མ་བྱས་ན་ལེགས།
དར་མར་སྐྱབས་འགྲོ
དར་མ་ནང་པ་ཡིན་ཁུངས་སྟོན་མཁན་བོན་པོ་མཁར་རྨེ་རེད། །
དར་མར་ལྷ་སྲས་གདོགས་མཁན་དང་པོ་བོན་པོ་མཁར་རྨེ་རེད། །
དར་མར་རྒྱལ་མཆོག་སྒྲོག་མཁན་དྲ་གྲོགས་བོན་པོ་ཅོ་རི་རེད། །
དར་མའི་བོན་པོ་མཁར་རྨེ་ཅོ་རི་གཉིས་ལ་ལྟ་བཟོ་ཅི། །
དྲིན་ཆེན་དཔལ་རྡོར།
ནང་བསྟན་སླར་ཡང་གསོ་མཁན་དཔལ་རྡོར་རེད། །
བོན་བསྟན་མུ་མཐུད་ཕན་མཁན་དཔལ་རྡོར་རེད། །
སིལ་བོད་ཞི་བདེར་བསྐྲུན་མཁན་དཔལ་རྡོར་རེད། །
ད་ལྟའང་བན་བོན་ངོམས་རྒྱུ་དཔལ་རྡོར་དྲིན། །
སྲོང་བཙན་མགོ་ལ་ལྷ་ཞིག་བཏགས།། དར་མའི་མགོ་ལ་་རྭ་ཞིག་བཏགས།། བོད་པ་ཚང་གི་ཆགས་སྡང་འདི།། མགོ་ལ་བལྟས་ནས་བཤད་ན་མཛའ།། ཧ་ཧ་ཧ་
བོན་པོས་བཟང་བྱས་བན་གྱིས་ཁྱེར།། བན་དྷེས་ངན་བྱས་བོན་ལ་སྦྱར།། བོན་པ་ཚང་གི་ལེ་ཁག་འདི།། ཆོས་ལུགས་ཁག་ལ་བཀལ་ན་མཛའ།། ཧ་ཧ་ཧ་
བོད་པ་ཚང་
དེ་བས་དུས་དང་རྣམ་པ་ཀུན་ཏུ་གང་ལ་སྒེར་གཅོད་དང། འབངས་མི་ལ་མནར་གཅོད་བཏང་བའི་སྲིད་གཞུང་དང་རྒྱལ་པོ་ཡོད་ན། གཏོར་དགོས་བ་དང། དེ་གཏོར་མཁན་དག་ནི།མི་རིགས་ཀྱི་དཔའ་བོ་དང་བདེ་སྐྱིད་ཀྱི་རྩ་བ་རེད།
སྤྱིར་བཏང་གླང་དར་གྱི་སྐོར་གླེང་དུས། བོད་ཀྱི་ལོ་རྒྱུས་དག་ཏུ་གླང་དར་ནི་ཆོས་ལ་མི་དགའ་ཞིང། དམངས་ལ་སྡིག་པ། མགོ་ལ་རྭ་ཡོད་པ་དང། ལྕེ་ནག་པོ་ཡིན་པ་སོགས་བཤད་འདུག་པ་མ་ཟད། དེ་བཞིན་སྲོང་བཙན་ནི། ཆོས་ལ་དགའ་ཞིང། དམངས་ལ་བྱམས་པས་མགོ་ན་ཐུགས་རྗེ་ཆེན་མོའི་སྐུ་ཡོད་ཅེས་བཤད་སྲོལ་འདུག །
ནང་བསྟན་རྨང་ནས་གསོ་མཁན་དཔལ་རྡོར་རེད།།
བསྟན་པའི་དགྲ་བོ་འདུལ་མཁན་དཔལ་རྡོར་རེད།།
ནང་བསྟན་རྨང་ནས་བཤིག་མཁན་དར་མ་རེད།།
འབངས་ལ་མནར་གཅོད་གཏོང་མཁན་དར་མ་རེད།།
རྨོངས་དད་ཅན་ཀྱི་གྲ་གྲོགས་རྣམས་པ་བོད་ཀྱི་རྒྱལ་པོ་དར་མ་ནི་བཙན་པོའི་རྒྱ་རྒྱུད་ནང་བློ་སྟོབ་ཆེ་ཤོད་དང་རྨོངས་དད་ཀྱི་བསམ་བློ་དོརནསགསར་བརྗེ་གནང་མཁན་གི་དཔའ་བོ་ངོ་མ་ཞིག་རེད་གྲ་གྲོགས་རྣམས་པ་ཀྱང་རྨོངས་དད་ལས་གྲོལ་དགོས་སོ་།
དམ་ཆོས་འདུལ་བའི་བཅའ་ཁྲིམས་བཤིག་མཁན་དེ།
མི་གསོད་མཁན་པོ་ལྷ་ལུང་དཔལ་རྡོ་རེད།
བཙན་པོའི་སྲིད་ལ་ཆོས་ནད་བཏབ་མཁན་དེ།
དཀོར་ཟན་བཙུན་པ་བྲན་དཀར་དཔལ་ཡོན་རེད།།
ཤཀྱའི་རྒྱལ་པོས་རྒྱལ་གཞིར་སྤངས་ནས་ཕེབས།
རྗེས་འཇུག་སྤྲུལ་སྐུས་རྒྱལ་གཞིར་ཧམ་བཟུང་བྱས།
ཤཀྱའི་ཆོས་དང་རྒྱབ་འགལ་བྱས་མཁན་དེ།
སྐྱ་མིན་སེར་མིན་བོད་ཀྱི་བླ་སྤྲུལ་རེད།།
ལས་དང་རྒྱུ་འབྲས་གླུ་རུ་ལེན་ཞོར་དུ།
གཏོང་རྒྱ་སྡུད་རྒྱ་བེད་སྤྱོད་བཏང་མཁན་དང་།
ཞིང་འབྲོག་ཨ་མའི་དངུལ་ཁུག་བཅོམ་མཁན་དེ།
རྒྱུ་འབྲས་ཅན་གྱི་བོད་ཀྱི་བླ་སྤྲུལ་རེད།།
ཉམ་ཆུང་བོད་མི་བྲན་གཡོག་བཟོ་མཁན་དང་།
དབང་ཆེན་གོང་མ་ལྷ་རུ་བཀུར་མཁན་གཉིས།
རྒྱ་སོག་དམག་སྣེ་བོད་ལ་འདྲེན་མཁན་གསུམ།
རྫུ་འཕྲུལ་ཅན་གྱི་བོད་ཀྱི་བླ་སྤྲུལ་རེད།།
ཀརྡོ་་་ཁྱོད་སྨྱོན་པ་རེད་འདུག་ག ཅོ་རི་བོན་པོ་རེད་ཟེར་ནས་ཚིག་ཐག་ཆོད་པོ་དེ་འདྲ་བཤད་ཕོག་པར་ཡ་མཚན་རེད་བ། ང་ནི་དགེ་ལུགས་པའི་གྲྭ་ལོག་ཞིག་ཡིན། བོན་པོའི་ཆོས་དཔེ་ཆ་ཚང་བ་ཞིག་མི་ཚེ་འདི་ལ་བཀླགས་མྱངས་མེད། ང་བོན་པོ་ཡིན་དོན་ག་རེ་རེད་དམ།
མཁས་པའི་ཁྱུ་མཆོག་མཁར་རྨེའུ་བསམ་གཏན་མཆོག་གི་མཉམ་དུ་ཅོ་རི་ཡར་ཁུར་མ་འགྲོ་རོགས་བྱོས། ང་ངོ་ཚ་འོང་གི་འདུག མཁས་དབང་ཁོང་ལ་བལྟ་དུས་ང་ཅོ་རི་ནི་སྲིན་འབུ་མེ་ཁྱེར་ལྟ་བུ་རེད། ངས་མི་ཚེ་འདི་ལ་མཇའ་འདོད་ཡོད་པའི་མི་གསུམ་ཡོད། བོན་པོའི་མཁས་དབང་མཁར་རྨེའུ་བསམ་གཏན་དང་གཅིག རྙིང་མ་བའི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་དང་གཉིས། བཀའ་རྒྱུད་པའི་མཁས་དབང་ཆེ་ཚང་རིན་པོ་ཆེན་དང་གསུམ།
བོད་མི་རིགས་ཀྱི་ནང་དུ་ལོ་རྒྱུས་ཀྱི་བསླབ་བྱ་ཉན་འདོད་ཡོད་སའི་མི་གསུམ་པོ་འདི་དག་ཡིན། དེ་མིན་པའི་ང་ཡིན་ཁོ་ཡིན་ཟེར་མང་ཀྱང་བུ་འདྲ་འདྲ་ཡིན་བསམ་བཞིན་ཡོད་ད་་་་ཧཧཧ
བཙན་པོའི་རྒྱལ་རྒྱུད་གཅོད་མཁན་དཔལ་རྡོར་རེད།
སྡར་མ་ཝ་ལྟར་བྲོས་མཁན་དཔལ་རྡོར་རེད།
དཀོར་ཟན་ཐོབ་དབང་བརྩད་མཁན་དཔལ་རྡོར་རེད།
མི་རིགས་ཕུངས་ལ་སྦྱོར་མཁན་དཔལ་རྡོར་རེད།
བཙན་པོའི་རྒྱལ་རྒྱུད་ངོ་མ་དར་མ་རེད།
དཀོར་འཚོ་ཆམ་ལ་ཕབས་མཁན་དར་མ་རེད།
མི་ཆོས་རིང་ལུགས་སྐྱོང་མཁན་དར་མ་རེད།
བོད་རྒྱལ་ཡང་དག་སྐྱོང་མཁན་དར་མ་རེད།
གལ་སྲིད་དམ་པ་དགེ་ཆོས་མཆོག་བཞུགས་ཡོད་ན་ངས་བཟའ་ཟླ་བུ་ཕྲུག་གཡུགས་ནས་དམ་པ་ཁོང་གི་ཞབས་ཞུ་འདྲ་བྱས་ནས་ཁོང་གི་རྗེས་སུ་འགྲོ་སྡད་ས་རེད། གསོད་ཟད་ངའི་མི་ཚེ་འདི་ལ་དམ་པ་ཁོང་ལྟ་བུའི་མི་ཞིག་འཛམ་གླིང་ཐོག་ཏུ་མཐོང་ཡ་མ་བྱུང་།
འདུལ་འཛིན་མཁན་པོ་དཔལ་རྡོས་འདུལ་བསྟན་ཉམས།
ཆོས་དད་ཆེན་པོ་ཀརྡོས་ཆགས་སྡང་གླེང།
ཆོས་བྱེད་མི་སྣས་ཆོས་ཀྱི་ལྟ་བ་ཁ་ནས་བཤད།
ཆོས་བྱེད་འདི་དག་ཁོག་པ་དུ་བས་བརྒྱངས།
ལྟོ་གོས་ཀྱི་བྲེལ་བའི་ཕོངས་ནས་མང་པོ་བྲིས་ཁོམས་མིན་འདུག། ང་རང་ཁ་རང་གསོ་བྱེད་མཁན་ཞིག་ལ་ཁྱོད་ཚོས་དཀོར་ཟན་ཞེས་མང་པོ་འབོད་བྱུང་བས་ཧམ་པ་མ་བཤད་ཟེར་རྒྱུ་ཡིན། [གནས་ལུགས་ངོ་མའི་བདེན་པ་དར་དུ་བཅུག་འདོད་ཡོད། ལྷ་སྲས་དར་མ་བཀྲོང་བའི་སྲོག་གཅོད་ཀྱི་ཕམ་པ་བྱུང་བ་དཔལ་རྡོར་རང་གི་མ་གཏོགས་རྗེས་འཇུག་ཚོས་ཁས་མི་ལེན་པ་དེ་དང། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པའི་ཁ་སྐོང་དུ་ཞལ་བཞེས་མ་གནང་བ་དེ་གཉིས་འགལ་ཟླར་མཐོང་བ་དེ་ལ།] གསལ་བཤད་ཞིག་ཞུ་གིས་ཡིན་པས་གསོན་ཨ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་སྐྱོན་གྱིས་མ་གོས་པ་གནས་ལུགས་རྟོགས་པའི་འཕགས་པའི་གང་ཟག་ཞིག་ལ་སྲོག་གཅོད་ཀྱི་ཉེས་པ་མི་འབྱུང་ཏེ། བསད་བྱ་བསད་བྱེད་མེད་ཅིང་ཅི་མཛད་གཞན་དོན་ནམ་བསྟན་འགྲོའི་དོན་དུ་ཡིན་པས་སོ། བསྙེན་རྫོགས་ཀྱི་ཁ་སྐོང་དུ་ཞལ་བཞེས་མ་གནང་བ་དེ་ཁེངས་པ་བསྐྱུང་བ་ཡིན་ཏེ། དོན་དུ་གསུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ཀྱང་གོང་གི་སྐྱོན་གསུམ་ཡོད་པའི་གང་ཟག་གི་རྟོགས་མི་ཐུབ་པའི་ཕྱིར། དེས་ན་ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། དོན་སྤྱི་ཙམ་ཞིག་རང་གི་ཤེས་པ་དེ་བཀོད་ཡོད། ཞིབ་ཆ་ཤེས་པར་འདོད་ན་གཞུང་ཆེན་དག་ལ་གཟིགས།
གླང་དར་ཕྱོགས་སུ་ལྷུང་ནས་ནང་ཆོས་དང་དམ་པའི་སྐྱེས་བུ་ལ་དམའ་འབེབས་བྱེད་མཁན་ཞིག་ཡོད་ན་གཟུར་གནས་ཡིན་པ་འདྲ། དེ་འདྲའི་གཟུར་གནས་ཁ་ཆེ་དྲག་སྤྱོད་པ་ལ་ཡང་ཡོད་རེད་ད། རང་གི་སྤྱོད་པ་དེ་གཞན་ལ་ཧམ་འགེབ་བྱེད་རྒྱུ་དེ་མཚམས་ཞོག་མ་གཏོགས་དུས་རབས་ཉེར་གཅིག་རེད་དོ། མདོར་ན་ཁྱོད་ཚོས་གླང་དར་གྱི་བསྟན་པ་བཤིག་འཕྲོ་དེ་ཁྱོད་ཚོས་མ་འཐུས་གིས་ཡིན་ཟེར་བ་རེད་དམ།
སྲོང་བཙན་དབུ་ལ་ལྷ་ཞིག་བཞུགས།
དེ་ཡང་ལྷ་ཡི་མཚོན་རྟགས་རེད།
གླང་དར་མགོ་ལ་རྭ་ཞིག་སྐྱེས།
དེ་ཡང་བདུད་ཀྱི་མཚན་ཉིད་རེད།
བོད་པ་ཚང་གི་བསོད་ནམས་དེ།
ལྷ་བདུད་དབྱེ་འབྱེད་ཤེས་ལ་ཐུག།
སྲོང་བཙན་དབུ་ལ་ལྷ་ཞིག་ཡོད་རབས་དེ།
ལྷ་སྒྲུང་བདེན་འཛིན་ཅན་ཚོའི་ངོ་ལ་གྲུབ།
གླང་དར་དབུ་ལ་རྭ་ཅོ་ཡོད་རབས་ཞིག།
རྨོངས་ཞེན་དཀོར་བདག་ཅན་ཚོས་བཙན་གྱིས་བཏགས།
བོད་མིའི་མགོ་ཐོག་ཆག་ཆེ་ཉམས་ང་འདི།
ལྷ་སྒྲུང་བདུད་སྒྲུང་འཐབ་རྩོད་བྱས་ལས་བྱུང་།
དུས་རབས་ཉེར་གཅིག་རྨོངས་གཉིད་བསད་དུས་འདིར།
ལྷ་སྒྲུང་བདུད་སྒྲུང་ཉི་མ་འབུད་སྟངས་འདིས།
མི་རིགས་ཐུར་དུ་དྲུད་པའི་སྔ་ལྟས་རེད།
སྤོབས་པ་ལགས་ཁྱེད་ཀྱི་འགའ་བཤད་ཁས་བྱས་འདུག་དེ་དག་ཁྱེད་རང་སྒེར་གྱི་བསམ་ཚུལ་ཙམ་ལས་ལོ་རྒྱུས་ལ་ལྟ་མྱོང་ཡོད་བཟོ་མི་འདུག། རྒྱ་གར་ལ་བཙན་པོའི་དུས་སྐབས་དམག་དྲངས་མྱོང་མེད་
ཟེར་འདུག། བཙན་པོས་རྒྱ་གར་ལ་དམག་དྲངས་
ནས་སངས་རྒྱས་ཀྱི་རུས་སེར་ཁལ་གང་བཞུགས་པ་
དེ་དག་འཕྲོགས་པས་མ་ཚད་ཆུ་མོ་གང་གྷའི་བོད་ཀྱི་
རྡོ་རིང་བཙུག་པའི་ལོ་རྒྱུས་མི་ཉུང་བ་ཞིག་ཡོད།
ཡང་ཁྱོད་ཀྱི་བོད་རྒྱལ་བཙན་པོའི་མི་རྒྱུད་རྒྱ་གར་ནས་རེད་ལབ་འདུག་དེ་ཡིན་ན་རྒྱ་གར་ལ་རིག་གཞུང་ཕྱུགས་པའི་རྒྱལ་ཞིག་རེད་ཞེས་ང་ཚོ་བོད་པ་ཚང་ག་
ཁ་ན་ན་མ་བཤད་འདུག་རྒྱུ་འདི་རེད། གཉལ་ཁྲི་ནི་
ཤཀྱའི་རྗེས་ནས་བོད་ལ་ཡོང་བ་རེད། སྲོང་བཙན་
ཡར་སྔོན་ལ་བོད་ཡིག་མེད་ཟེར་བཤད་ཡོད། རྒྱ་གར་རིག་གཞུང་ཕྱུགས་པའི་ཡུལ་ནས་ཡི་གེ་ན་གཅིག་མི་ཤེས་མཁན་ལྐུག་པ་ཁ་ནག་དེ་འདྲ་ཞིག་བོད་ལ་འཁྱམས་ཡོང་གཟིག།ཧཧཧཧཧ
བཀྲ་ཤིས་ལགས་་་་ཁྱེད་ཀྱི་དམ་པའི་ཆོས་དམ་པའི་ཆོས་ཟེར་ནས་མང་པོ་བཤད་ཀྱི་འདུག། བོད་ལ་དགོས་ཡ་རང་
བཙན་རྒྱལ་ཁབ་ཡིན་པ་འཛམ་གླིང་རྒྱལ་ཁབ་གཞན་ལྟར་གནའ་དེང་གི་རིག་གནས་དང་ཁྱད་པར་དེང་འདུས་ཚན་
རྩལ་སོགས་འདྲ་མཉམ་ཡོད་པ། དམག་སྲིད་དཔལ་འབྱོར་ཚོང་ལས་མི་འཕེལ་རྒྱས་སོགས་ཡིན། དེ་དག་ནི་ང
ཚོ་བོད་མི་རིགས་ཟེར་བ་འདི་འཛམ་གླིང་ཐོག་གནས་དང་མི་གནས་ཀྱི་རྩ་བ་ལ་ཐུག་ཡོད། ཆོས་ལུགས་པ་དག་གི་
ཆོས་ལུགས་དང་ཆོས་པ་འདི་བོད་ཀྱི་སྲོད་རྩ་ལྟར་བུ་ཞིག་ཡིན་ན་བོད་མིག་རིགས་འདི་འཆི་ལམ་ནས་སྔོན་འགོག་
དང་ཡང་ན་འཆི་ལམ་ནས་མི་པ་སྐྱོབ་ག་རེད།
དྲ་གྲོགས་ཁ་བའི་ཡུལ་གྱར་པ་ལགས། ཐོན་མིའི་སྔོན་བོད་ལ་བོད་རང་གི་ཡི་གེ་མེད་ན་ཡང་བཙན་པོས་གཉའ་ཁྲིས་རྒྱ་གར་གྱི་ཡི་གེ་མི་མཁྱེན་པར་འདོད་ག་ལ་དགོས། སློབ་དཔོན་ཐོན་མིས་བོད་ཡིག་མ་བཟོས་གོང་དུ་ཡང་བོད་མིའི་ཁྲོད་ན་ཡིག་རིགས་མང་པོ་ཤེས་མཁན་བྱུང་ཡོད་པ་གོར་མ་ཆག་གོ
མང་པོ་བཤད་རུང་མ་བཤད་རུང་བཙན་པོ་དར་མ་དང་དཔལ་གྱི་རྡོ་རྗེ་གཉིས་ནག་ཉེས་སུ་ཆེ་བསྡུར་ན་བཙན་པོ་ནག་ཉེས་ཆེ་བར་ངེས། གང་གིས་ཕྱིར་ཞེ་ན། བཙན་པོ་དར་མས་གྲྭ་བ་སྡེབས་གསོད་བྱས་པ་དང་དཔལ་གྱི་རྡོ་རྗེའི་བཙན་པོ་བཀྲོང་པ་ཙམ་རེད། དེང་རབས་ཁྲིམས་ལུགས་ཀྱི་སྟེང་ནས་བལྟས་ན་དར་མའི་ནག་ཉེས་ཆེ་སྟེ། བཙན་པོ་དར་མའི་ནག་ཉེས་ནི་ཚོགས་སྡེ་རཙ྄་མེད་བྱེད་པ་དང་སྡེབས་གསོད་ཀྱི་ནག་ཉེས་རེད། དེ་དར་མས་genocide དང་ཡང་ན་massacre གྱི་ནག་ཉེས་བསག་པ་ཡིན་ཞིང་། དཔལ་གྱི་རྡོ་རྗེས་manslaughter སྟེ་མི་གསོད་ཀྱི་ནག་ཉེས་ཁོ་ན་ཙམ་ལས་བསག་མེད། དྲང་བདེན་ཁྲིམས་ལུགས་ཀྱི་མདུན་ན་བཙན་པོ་དར་མས་མི་མང་པོ་བསད་ན་ནག་ཉེས་ཆུང་རྒྱུ་དང་འབངས་མི་དཔལ་རྡོར་གྱིས་མི་གཅིག་བསད་ན་ནག་ཉེས་ཆེ་དོན་ཅི་ཡིན་ནམ། མི་ཁྱོད་ཚོས་ངོ་མཐོན་པོ་ལ་ངོ་དགའ་དང་གཉོམ་ཆུང་ལ་ཐུབ་ཚོད་བྱེད་མཁན་སྡུག་པོ་རེད།
སྲོང་བཙན་མགོ་ལ་ལྷ་ཞིག་འབྱར་རབས་ཡོད། མགོ་ལ་ལྷ་ཞིག་ཡོད་མེད་མི་ཤེས་མོད། མགོ་བོ་གྲུང་བས་ལྷ་ཞིག་འབྱར་བ་འདྲ། བཟང་པོར་ཟུར་ནས་བསྟོད་སྟངས་འདི་འདྲ་རེད།
དར་མའི་མགོ་ལ་རྭ་ཞིག་ཐོགས་རབས་ཡོད། མགོ་ལ་རྭ་ཞིག་ཡོད་མེད་མི་ཤེས་ཏེ། བླུན་ཞིང་གཏུམ་པས་རྭ་ཞིག་ཐོགས་པ་འདྲ། ངན་པ་ཤུགས་ཀྱིས་སྨད་སྟངས་དེ་འདྲ་རེད།
ལྷ་ལུང་དཔལ་རྡོར་ལྷ་ཞིག་ཡིན་རབས་ཡོད། དཔལ་རྡོར་ལྷ་ཞིག་ཡིན་མིན་མི་ཤེས་ཏེ། གཉོམ་ཆུང་རྒྱབ་དཔུང་ལྷ་ཡིས་བསྐོས་པ་འདྲ། དཔའ་བོ་དཔུང་བསྟོད་བྱེད་ལུགས་འདི་འདྲ་རེད།
ཉག་ཕྲན་རྣོན་པོའི་སྦྱོར་བ་ཡི། གླང་དར་ཀླད་ཁྲག་འཕོས་པ་བཞིན། ལུང་རིག་ཚིག་གི་སྦྱོར་བ་ཡི། གླང་ཕྲུག་ཚོགས་རྣམས་ཆམ་ལ་འབེབས།
གླང་ཕྲུག་ཚོགས་ནི་གོ་བ་མེད་པའི་གླང་རེད། ད་ཆམ་ལ་ཕབ་རུང་དགེ་བ་ཞིག་མེད་པ་འདྲ། ཧ་ཧ་ཧ།
མི་ཉག་ལ་དཔལ་རྡོར་དང་ལྷ་སྲས་དར་མ་གཉིས་འཁྲུགས་འདུག ཆོས་བྱེད་མི་སྣ་འདི་རིགས་ལ་ལས་ཀ་མེད་དུས་ནང་འཁྲུགས་བརྒྱབ་ནས་བསྡད་ཀྱི་རེད། ལྷ་སྲས་དར་མ་འདི་གྲོང་བ་སྔ་དྲགས་འདུག་དེ་མིན་ད་བཟོད་བོད་འདི་དམག་ཤེད་ཚན་རྩལ་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པར་ཐག་ཆོད།
སྤོབས་མཐའ་ལ།
སྲོང་བཙན་མགོ་ལ་ལྷ་ཞིག་ཡོད་རབས་བཤད།
མི་མགོ་བསྐོར་བའི་ལྐོག་འགྱུར་རྫུན་ཆེན་རེད།
ལྷ་སྲས་མགོ་ལ་རྭ་ཞིག་ཡོད་རབས་བཤད།
དེ་ནི་བླུན་པོ་ཡིན་པའི་རྒྱུ་མཚན་བགྲངས།
དེས་ན་འཇིག་བྱེད་མགོ་ལ་རྭ་ཅོ་ཡོད་པའང།
འཇིག་བྱེད་བླུན་པོ་ཡིན་པ་རྟགས་ཁྱབ་ཁས།
བཀྲ་ཤིས་ལགས་ཀྱིས། མི་དཀར་ཟེར་བའི་སེམས་ནག་ཁྱོད་ཉོན། ཟེར། ངས་ཁྱོད་ཀྱིས་ལོ་རྒྱུས་ཀྱི་གནས་ལུགས་དང་འགལ་བའི་སྐད་ཆ་བཤད་ཀྱི་འདུག དྲང་པོ་མ་རེད། ཟེར་བར། ཁྱོས་སེམས་ནག་ཟེར་གྱིན་ཡོད་པ་འདྲ། ཁྱོད་དང་ལྟ་སྟངས་མི་མཐུན་མཁན་ཚང་མ་སེམས་ནག་ཅན་ཨེ་རེད་རྒན་བཀྲ་ཤིས་ལགས། ཅོ་རི་དང་། ཁྱུང་སེ། ཁ་བའི་ཡུལ་གྱར། སྨན་མཚོ། ཞོལ་འབྲོང་ཟེར་མཁན་གྱི་དྲ་འབུ་འདི་ཚོ་ཚང་མ་བསམ་ནག་ཅན་རེད་པེ་ལགས་་་་་་་ད་དུང་ཚན་རིག་དང་མཐུན་པའི་ཞིབ་འཇུག་པ་གང་མང་ཞིག་ཀྱང་བསམ་ནག་ཅན་ཁས་ལེན་གནང་གི་ཡིན་ནམ་ལགས། ལྷ་ལུང་དཔལ་རྡོར་གྱིས་མི་བསད་ནས་དམ་ལ་འགལ་བ་བཤད་འདུག་པས་སོ།། །།
ཁ་བའི་ཡུལ་གྱར་ལགས། ངས་དམ་པའི་ཆོས་དེ་རྩ་ཆེན་པོ་ཡིན་རབས་མང་པོ་བཤད་ཡོད། ཡང་བཤད་ཅིག་དགོས་ན་མདོར་བསྡུས་ཞིག་ཞུ་ཆོག། མཁན་སློབ་ཆོས་གསུམ་གི་དུས་སུ་འཛམ་གླིང་ནང་བོད་དེ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་པ་བསོད་ནམས་དཔལ་འབྱོར་ཤེས་རིགས་གང་ཅི་ཐད་ནས་ཡིད་སྨོན་ཤོར་དགོས་པ་འདྲ་ཞིག་བྱུང་ཡོད་པ་སུས་བཀའ་དྲིན་རེད། མཁན་སློབ་ཆོས་གསུམ་དང། དེ་ཡང་མཐར་ཐུག་ས་དམ་པའི་ཆོས་མ་གཏོགས་གཞན་གང་ཡོད། ད་ལྟའི་དུས་ལ་བོད་དེ་རྒྱ་འོག་ཏུ་འགྲོ་ཟིན་ཀྱང། རང་ཡུལ་མེད་ནས་གཞན་ཡུལ་དུ་སྐྱབས་བཅོལ་ལ་གནས་དགོས་པའི་དུས་དེ་འདྲ་ལ་ཡང། ཨ་རི་གཙོས་པའི་འཛམ་གླིང་ཡོངས་ནས་གནད་ཡོད་མི་སྣ་མང་པོས་བོད་ཀྱི་བླ་མ་དང་མཁན་པོ་སྤྲུལ་སྐུ་རྣམས་ལ་མགོ་བོ་སྒུར་ནས་རྩིས་མཐོང་ཆེན་པོའམ་དད་པ་རྣམ་དག་ཡོད་མཁན་ཚོ་ལྐུགས་པ་ནི་མིན་འགྲོ། མཁན་སྤྲུལ་བླ་གྲྭ་རྣམས་མགོ་བདེ་ཁྲབས་ཁས་དྲགས་ནས་ཡང་མ་རེད། དེ་ཡང་མཐར་ཐུག་ས་དམ་པའི་ཆོས་མིན་ན་གང། གལ་ཆེ་ས་ནས་བཤད་ན་འཁོར་བའི་སྡུག་བསྔལ་རྩད་ནས་གཅོད་མཁན་རང་གཞན་རྣམ་གྲོལ་གཏན་གྱི་བདེ་བའི་ས་ལ་ཁྲིད་མཁན་གྱི་ལམ་པོ་ཆེ་གཅིག་པོ་རུ་གྱུར་པ་དེ་དམ་པའི་ཆོས་ཡིན་པས་ཆོས་རྩ་ཆེན་པོ་བརྩིས་དགོས་དོན་དེ་འདྲ་རེད། དམ་པའི་ཆོས་ཀྱིས་བོད་མི་རིགས་འདི་འཆི་ལམ་ནས་མི་སྐྱོབ་པ་ཅི་རེད། ཞེས་པ་ལ་ལན་ནི། འདི་ལྟར་གུ་རུས། སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར། ཞེས་དང། སྡིག་སྤྱོད་རྒྱལ་པོ་བདག་གི་སྐྱོབ་མི་འགྱུར། ཞེས་རྒྱུ་འབྲས་བདེན་པའི་ལམ་ནས་ཆོས་བཞིན་མི་སྤྱོད་པ་དང། ལྷག་པར་ཏུ་བདུད་རྒྱལ་ལོག་ལྟ་ཅན་ལ་གུ་རུས་ཀྱང་སྐྱོབ་མི་ཐུབ་གསུངས་པ་བཞིན། གང་ཟག་གི་སྐྱོན་དེ་ཆོས་ལ་གཡོགས་མི་རུང་སྟེ། སྟོན་པས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་པས། ཐར་པ་རང་ལ་ཡོད་པ་ཤེས་པར་བགྱིས། གསུངས་པ་བཞིན་ནོ།
བཀྲ་མི་ཤིས་པ་ལགས་གོང་གི་མཆན་ཨང་《༡༣༠》ནང་གི་ངའི་དྲི་བ་དེ་ལ་ལྟོས་དང་། ཁྱོད་ཀྱིས་མཆན་ཨང་༼ 146༽ནས་དྲིས་པའི་གཏམ་ལ་ལན་མ་གནང་བ་ནི་ལྟོ་གོས་ཀྱི་བྲེལ་བས་ཕང་པ་ཞིག་མིན་པར་འདོད།
ངས་ཁྱོད་ལ་དམ་ཉམས་དཔལ་རྡོར་ཁྲིམས་འཆལ་ཡིན་མིན་སྐོར་ཁོ་རང་གིས་གསལ་བཤད་བྱས་འདུག་པས་ང་ཚོས་བགྲོ་གླེང་མི་དགོས་ཟེར་བ་གོ་མ་སོང་བས། ད་དུང་འབྲེལ་མེད་དོན་གཞན་དོན་དམ་བློ་ཡི་སྤྱོད་ཡུལ་ཡིན་མིན་དང་བློ་ནི་ཀུན་རྫོབ་ཡིན་མིན་སུས་འདྲི་ཡི་འདུག འདི་ཁྱོད་ཀྱིས་གནས་ལུགས་ལ་གཡོལ་ཐབས་ཡིན་ནམ་ཡང་ན་ཁྱོད་སྤོང་བྱ་གོང་མོ་དང་། བླང་བྱ་སྲག་པ་ཟེར་མཁན་དེ་འདྲ་ཡིན་ཆ་མ་འཚལ། མདོར་ན་ངས་ད་དུང་གོང་གསལ་དྲི་བ་དངོས་ལ་ལན་གནང་བའི་རེ་བ་བྱེད་བཞིན་ཡོད། གལ་ཏེ་ལན་མེད་ན་ཁྱེད་ཚོས་མཁས་པ་མི་གསུམ་གྱི་སྒྲུང་གཏམ་དེ་དེ་རིང་ནས་མཚམས་བཞག་རོགས།
མི་དཀར་ལགས། ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་དུས་གླང་དར་ཕྱོགས་སུ་ལྷུང་ནས་དཔལ་རྡོར་ཕྱོགས་སུ་ཞེ་གནག་པའི་མདོག་དེ་མཐོང་དུས་སེམས་ནག་ཞེས་འབོད་པ་ཡིན། མཚན་རིག་དང་གནས་ལུགས་དང་མཐུན་པའི་སྐད་ཆ་ལ་ངས་ག་དུས་ཡང་སེམས་ནག་ཞེས་འབོད་མི་ཡོང།
དམོད་མོ་འཚོ་ལགས། ཁྱོད་གླང་དར་གི་རྗེས་འཇུག་རྣམས་ལ་ང་བཀྲ་ཤིས་བཀྲ་མི་ཤིས་པ་ཆགས་ཡོད་པ་ཧ་གོ་གིས་ཡོད། དོན་དམ་དང་ཀུན་རྫོབ་གཉིས་ཀྱི་ཁོངས་སུ་མ་འདུས་པའི་ཆོས་ཞིག་ག་ན་ཡོད། བདེན་གཉིས་དབྱེ་འབྱེད་མི་ཤེས་ན་དེ་རང་རེད། གནས་ལུགས་ལ་གཡོལ་མཁན་ཧམ་པ་ཨུ་བཙུགས་བྱེད་མཁན་ཁྱོད་ཚོ་རང་སྐྱོན་གཞན་ལ་དཀྲི་རྒྱུ་དེ་མཚམས་ཞོག།
གླང་དར་ནི་བཙན་པོའི་རྒྱལ་རབས་ཐ་མ་དེ་ཡིན་ཞིང། ཆུང་དུས་ནས་གདུག་རྩུབ་ཆེ་ཞིང།འབངས་ལ་མི་བྱམས་པས།ཁོ་རྒྱལ་སྲིད་ལ་འཁོད་དགོས་བ་རེད་མོད། རང་གི་ཡབ་སོགས་ཀྱིས་རྒྱལ་ཁྲི་ལ་འཁོད་མི་འོས་བར་ཤེས་ནས། རྒྱལ་ས་མ་བཀོད་པ་ནི་ལོས་ཡིན། འདི་ལ་ཞིབ་དཔྱད་བྱས་ན། ཁོང་གི་ཡབ་དང་བློན་ཆེན་རྣམས་ནི། ཇི་ལྟར་བློ་གྲོས་ལྡན་པ་ཤ་སྟག་རེད། སྐྱེས་ཆེན་དེ་དག་གིས་མི་འདིས་རྒྱལ་སྲིད་རླུང་ལ་བསྐུར་རྒྱུ་ཡིན་པ་ཤེས་ནས། ཁོ་ནི་བསམ་བཞིན་དུ་རྒྱལ་སྲིད་དུ་མ་བསྐོས་བ་ནི་ཏན་ཏན་རེད།དེ་ནས་ཁོ་རང་གི་རང་དོན་ཁོ་ན་བསམ་ནས། རང་གིས་གཅུང་བོ་ཐམས་ཅད་དཀྲོངས་ནས་རྒྱལ་སར་བསྡད་པ་དང། བྱ་སྤྱོད་འདིས་མི་འདིའི་བཤིས་ཀ་དང། ཆ་ལུགས། སེམས་ཀྱི་འཁྱེར་སྟངས་ཐམས་ཅད་གསལ་བོ་འདུག །ཁོས་རང་གི་གཅུང་བོ་དཀྲོངས་བ་དང། བཙན་གྱིས་སྲིད་གཞུང་འཕྲོག་པ་ཡིན་པས། འབངས་མི་རྣམས་རིམ་གྱིས་ཁོ་ལ་མི་དགའ་བ་ཆགས་པ་ནི་ཏན་ཏན་རེད།
འཚེ་བ་ཆོས་སུ་སྨྲ་བའི་གླང་དར་དང་།།
ནང་མི་ཁྱུར་མིད་བྱེད་པའི་བདུད་རྒྱལ་དང་།།
འབངས་ལ་མནར་གཅོད་བཏང་བའི་སྡིག་རྒྱལ་དང་།།
བླུན་པོ་ཤེས་རབ་འཆལ་བའི་ལྷ་སྲས་ཡིན།།
ལྷ་སྲས་འུ་དུམ་བཙན་པོ་རྒྱལ་རབས་ཐ་མ་དེ་སུས་བཟོས་པ་རེད། བོད་བཙན་པོའི་དབང་བསྒྱུར་གོང་བུ་གཅིག་གྱུར་མཇུག་སྒྲིལ་དགོས་པ་དེ་སུས་བཟོས་རེད། ལྷ་ཆེན་ཚངས་པས་ཨེ་ཤེས། འུ་དུམ་བཙན་པོ་གཏུམ་དྲག་ཇི་ལྟར་ཆེ་ཡང་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་རེད་ལ། ཁོང་གིས་བོད་བཙན་པོའི་རྒྱལ་ཁབ་འདི་ཆོས་ལུགས་དབང་བསྒྱུར་ལམ་ལུགས་འོག་འབངས་མི་སེར་རྣམས་ཆོས་གཞིས་ལ་བདག་དགོས་པའི་ལམ་ལུགས་ལ་བཅོས་བསྒྱུར་རྒྱ་ཆེར་གནང་བ་མ་ཟད། ཆབ་སྲིད་ལ་ཐེ་ཇུས་ཆེ་བའི་དབང་ཆ་འཐབ་རྩོད་པ་སེར་མོ་བའི་སྡེ་རྣམས་བོད་མི་རིགས་འཕེལ་རྒྱས་དང་། དཔལ་འབྱོར་འཕེལ་རྒྱས། ཆབ་སྲིད། དམག་དོན། རྒྱལ་བསྲུང་། མི་ཆོས་རིག་གནས་སོགས་ལ་འགག་རྡོ་ཡོད་ན་མེད་ན་ཞིག་ལ་གཟིགས་ཏེས་རྩ་མེད་བཟོ་རྒྱུའི་དགོངས་གཞི་དེ། རྒྱལ་ཁབ་གཅིག་མི་རིགས་གཅིག་འཚོ་གནས་མཚོན་ན་ཉེས་ཅན་དུ་ཅང་མི་འགྱུར་ལ་བཙན་འཛུལ་དང་གཞན་ལག་ཏུ་མི་ཚུད་པའི་ཁག་ཐེག་བྱེད་ཐུབ།
གཞི་རྩའི་སྣ་སྔ་མོ་ནས་གོ་ལ་ཁྱོན་ཡོངས་ལ་རྒྱལ་རྒྱུད་ལམ་ལུགས་དང་སྐུ་དྲག་ལམ་ལུགས། བཀས་བཀོད་རྒྱུན་འཛིན་ལམ་ལུགས། བྲན་གཡོག་ལམ་ལུགས། མི་སེར་སྤེལ་ཡུལ་ལམ་ལུགས། ཚེ་གཡོག་ལམ་ལུགས། ཆོས་ལུགས་དབང་བསྒྱུར་ལམ་ལུགས། ག་པར་བལྟས་ཀྱང་བཀྲ་ཤིས་བདེ་ལེགས་ཞིག་ནམ་ཡང་བྱུང་མྱོང་མེད་ལ་ཉེས་མེད་མི་སེར་མང་པོའི་ཚེ་སྲོག་ཤོར་བ་དང་མི་ཆོས་ལས་འདས་པའི་མནར་གཅོད་མྱང་བ་ནི་ལོ་རྒྱུས་དེབ་ཐེར་ནང་འཁོད་ཡོད་པ་རེད། འོན་ཀྱང་དཔེར་ན། དབྱིན་ཇིའི་རྒྱལ་རྒྱུད་སྔོན་མ་དག་གིས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས། ཚེ་གཡོག་ལམ་ལུགས་འོག་དོན་མེད་དབྱིན་ཇིའི་མི་སེར་མང་པོ་ཉེས་མེད་དམར་གསོད་དང་བཙོན་འཇུག། མི་ཆོས་ལས་འདས་པའི་མནར་གཅོད་མང་པོ་བཏང་བ་མ་ཟད་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་དད་མོས་ཀྱ྄ི་རྒྱལ་ཁབ་གཅིག་ཡིན་ཡང་བླ་ཆེན་པོབ་ཡང་འགའ་ཤས་དམར་གསོད་བཏང་ཡོད་ཀྱང་། ད་ཆ་དབྱིན་ཇིའི་རྒྱལ་རྒྱུད་ལ་དབྱིན་ཇི་བ་ཚོས་གུས་བརྩི་བླ་མེད་དང་མཐོང་ཆེན་ཞུ་སྟངས་འདིའི་རྒྱུ་མཚན་ཤེས་དགོས་པ་དེ་ཡང་དོན་གནད་ཅིག་རེད། དེ་ལྟ་བས་ན་དབྱིན་ཇིའི་རྒྱལ་རབས་རིམ་པས་འབངས་མི་སེར་ཐོག་བྱས་ཉེས་ནམ་མཁར་མི་གཤོངས་བ་བསགས་ཡོད་ཀྱང་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་ཤར་ནུབ་གང་སར་བཙན་འཛུལ་བྱེད་ནུས་དང་བྱེད་ཐུབ་ཀྱི་སྙིང་སྟོབས་ལ་སྤོབས་པ་ཡོད་པ་རེད།
འཚེ་བ་ཆོས་ཕན་ཡིན་མདོག་དཔལ་རྡོར་དང་།
བཙན་པོའི་རྒྱལ་རྒྱུད་གཅོད་མཁན་དཔལ་རྡོར་དང་།
བོད་རྒྱལ་སིལ་བུ་གཏོར་མཁན་དཔལ་རྡོར་དེ།
བན་དེ་མ་ཡིན་དམ་ཉམས་བདུད་སྤྲུལ་ཡིན། ཧ་ཧ།
མ་གཞི་དཀོར་འཚོ་རིང་ལུགས་པ་འདི་ཚོས་དཀོར་རྒྱུན་ལ་ཆག་སྒོ་བྱུང་ན་རྒྱལ་ཁབ་དང་མི་རིགས་ལ་བསམ་ཤེས་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཟད། དཀོར་རྒྱུན་གྱི་དོན་དུ་རྒྱལ་ཁབ་དང་མི་རིགས་ལ་ཇི་མི་སྙམ་པར་བརླག་ན་བརླགས་བོར་ན་བོར་ཟེར་ཁ་ནས་མ་ཎི་འདོན་འདོན་རེད་ལ། ལག་ལེན་ལ་ཡང་ཐོག་པ་མེད་པ་དེ་རེད།
གླང་དར་ནི། གཏུམ་དྲག་ཅན་དང། གཡེམ་ལ་དགའ་ཞིང། གཞན་གྱི་བསམ་ཚུལ་སོགས་ལེན་མི་ཤེས་བའི་རྒྱལ་བོ་བླུན་པོ་ཞིག་ཡིན་པར་མངོན། དཔེར་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དེབ་ཐེར་སོགས་སུ། ཁོའི་རང་བཞིན་བརྗོད་སྐབས། ཁོ་ནི་བ་ལང་གི་ཤ་ཚུགས་དང་འདྲ་ཞིང།མཁྱེན་པ་ཆུང་ལ་རྒྱུད་གྱོང་བ་ཞེས་ལུས་གཅིག་པོ་སྟེང་ནས་ཀྱང་རྒྱལ་བོའི་ཚུལ་མེད་པར། བ་ལང་དང་འདྲ་བ། ལྷག་པར་ཁོག་ཏུ་དྲན་རྒྱུ་དང་བསམ་རྒྱུ་མེད་པ། ཆབ་སྲིད་སོགས་མི་ཤེས་བའི་ཁར། གཞན་བློ་ལྡན་རྣམས་ཀྱི་སྐད་ཆ་ལ་མི་ཉན་པ་ཞིག་ཡིན་པ་ནི་གསལ་བོ་རེད། །ངས་སྐབས་རེ་གླང་དར་སེམས་སུ་དྲན་ཡོང་དུས། མི་འདི་ཆང་འཐུང་བར་དགའ་བས་སྐབས་འགར་རྒྱལ་ཁམས་མ་བསྐྱངས་བར། ཆང་བག་མེད་འཐུང། ཕོ་མོ་ཁྱད་མེད་མེད་པར་འཁྲིག་སྤྱོད་ཀྱང་བྱས་ཡོད་དམ་སྙམ་ཏེ། ཁོ་དེང་སང་ང་ཚོའི་མདུན་དུ་ཁྱེར་ཡོང་ན། ཉེ་རབས་ཀྱི་ཨ་རབ་གྱི་རྒྱལ་ཁབ་གྱི་དབྱི་ལ་ཁེའི་སྒེར་གཅོད་པ། ས་ཏ་མུའུ་འདྲ་བ་ཞིག་ཀྱང་མིན་ནམ་སྙམ་པ་འདུག།ཁོའི་སྤྱོད་པ་དེ་དག་ལ་འབངས་མི་རྣམས་ཀྱིས་རིམ་གྱིས་ཞེན་པ་གཏིང་ནས་ལོག་ནས། ཁོ་ལ་མི་དགའ་བའི་ཚུལ་བསྟན་པ་དང། དེ་ནས་རིམ་གྱིས་རང་ཉིད་རང་གིས་སྐྱོང་དགོས་བའི་མི་མང་གི་དགྲ་བོར་ཆགས་པ་དང། ཁོས་ཀྱང་རང་གི་འབངས་མིའི་དད་པ་དང། ཞི་བདེའི་རེ་སྨོན། གོམས་གཤིས་རྣམས་དགྲ་རུ་བརྩིས་ཏེ། རྒྱ་ཁྱབ་ཏུ་རྒོལ་བའི་མགོ་བརྩམས། དེ་ལ་བརྟེན་ནས་འབངས་ཀྱིས་གྱེན་ལངས་བྱེད་དགོས་བྱུང་།
ཨ་ལས། འབངས་གྱེན་ལངས་འུ་དུམ་བཙན་པོ་སྐུ་འཚོ་བཞུགས་སྐབས་སུ་བྱུང་བ་ཨེ་རེད།
ཨ་རབ་རྒྱལ་ཁབ་ཀྱི་དབྱི་ལ་ཁེའེ་སྒེར་སྤྱོད་པ་ས་ཏ་མུའུ་ཟེར་ན་སུ་རེད། རྒྱའི་སྐད་དོད་འདི་མི་གོ་ཐལ། ངོ་མ་ཡིན།
བྱས་ན་སྔར་གྱི་རྒྱལ་པོ་དེ་ཚོ་གྲྭ་པ་ཡིན་དགོས་པ་འདྲ། ཆང་མ་འཐུང་མཁན་རྒྱོ་མི་བརྒྱག་མཁན། ཧ་ཧ། འོ་ན་དབུ་ཐོག་ན་ལྷ་ཡོད་རབས་ཀྱི་སྲོང་བཙན་གྱིས་རྒྱ་མོ་བལ་མོ་ཅིའི་ཕྱིར་མནའ་མ་བཞེས་པ་རེད་དམ། འདིའི་མཇུག་འབྲས་ད་ལྟ་ང་ཚོའི་མགོ་ཐོག་ཏུ་བབས་སོང་བ་མ་རེད་དམ།
ག་ལེར་ཞིབ་འཇུག་གྱིས་དང་། ཁོ་ལ་གནའ་དེང་གང་གི་རྒྱལ་ཁམས་མང་པོའི་སྒེར་གཅོད་པའི་ཁྱད་ཆོས་ཡོངས་སུ་རྫོགས་པ་ཚང་འདུག །ཐོག་དང་པོའི་གོང་བཤད་བཞིན། ཁོང་གིས། རང་གིས་སྐྱོང་དགོས་བའི་འབངས་མི་རྣམས་ནི། དགྲ་བོ་ལྟ་བུ་ལ་བརྩིས་ནས། དྲག་གནོན་དང་བཙན་གནོན་བྱས་འདུག །ཆོས་འབྱུང་མཁས་བའི་མཁས་བའི་དགའ་སྟོན་ལས། རྒྱལ་བོའི་འདི་མཛད་སྤྱོད་འདི་ལྟར་བཀོད་འདུག །“ལྷ་ས་བསམ་ཡས་གཉིས་ཀར་དང་པོ་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ལྷ་ཁང་མང་དུ་གཤིག །གསུང་རབ་གང་རྙེད་མེར་བསྲེགས། ཆུར་བསྐྱུར། ལ་ལ་སའི་འོག་ཏུ་སྤས། པཎྜིཏ་བྲོས་མ་ཐར་ལ་ལ་མོན་ཏུ་བཙོངས། རྨ་རིན་ཆེན་མཆོག་དང་། མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་མང་དུ་དཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཞིང། མ་ཐར་པ་རྣམས་ཁྱིམ་པར་ཕབ། མ་ཉན་པ་བསད། ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱི་རྟ་འབབ་འཛེག་གི་ཚེ་སྒུར་ཏུ་བཅུག་ནས་སྟེགས་བྱས།ལ་ལར་རྔ་གཤང་བསྐུར་ཏེ་རྔོན་པ་ལ་གཏོང”ཞེས་རང་གི་འབངས་མི་རྣམས་ལ་བརྡབས་བསིག་ཚབས་ཆེན་བཏང་བ་སེམས་ཀྱིས་མི་བཟོད་པའི་གནར་གཅོད་ཇི་ལྟར་བྱས་ཚུལ་གསལ་བོ་བཀོད་འདུག །
དམངས་གཙོ་དང་སྨྲ་བརྗོད་རང་དབང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ལམ་ལུགས་དར་ནས་དུས་ཡུན་རིང་པོ་ཕྱིན་མེད་ལ། དེའི་གོང་དུ་ཤར་ནུབ་ག་པར་བལྟས་ཀྱང་སྲིད་དབང་སྒེར་དཔྱོད་རིང་ལུགས་ལས་བརྒལ་ཡོད་པ་མ་རེད། བྱས་ཙང་བཙན་པོ་རྒྱལ་རབས་ཚང་མ་རྡོག་རྡོག་བཤད་ན་སྲིད་དབང་སྒེར་འཛིན་ལམ་ལུགས་ལས་འདས་མེད་པ་རེད། འུ་དུམ་བཙན་པོས་སྲིད་དབང་སྒེར་འཛིན་ལ་ཡ་མཚན་ཅང་མེད་པ་རེད། འོན་ཀྱང་ཁོང་གིས་ཆབ་སྲིད་ལ་ཐེ་ཇུས་ཆེ་བའི་དབང་ཆ་འཐབ་རྩོད་པའི་སེར་མོ་བའི་སྡེར་བརྡབ་བསིག་བཏང་བ་ལས་འབངས་མི་སེར་ཁྱོན་ཡོངས་ལ་བརྡབ་བསིག་བཏང་རབས་ཞིག་མ་གོ་ཐལ། ཡང་ཅིག་མིན་ན་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་མེད་པར་རྨོངས་དད་ལ་མགོ་བོ་བརྒྱུས་བསྡད་མཁན་ཚོ་ལ་བརྡབ་བསིག་ཕྱིན་ཡོད་ན་ཅང་མི་ཤེས།
དེས་ན་བོད་ཀྱི་ལོ་རྒྱུས་འདི་ལོ་བརྒྱ་ཕྲག་ཁ་ཤས་གོང་གི་ཆོས་འབྱུང་ཞིག་ལ་གཞི་བཅོལ་དགོས་ན་དྲང་བདེན་ཞིག་མེད་ཁོ་ཐག། རྒྱུ་མཚན་ཆོས་ལུགས་ཕྱོགས་བཞེན་གྱིས་ལྷ་སྒྲུང་བདུད་སྒྲུང་གིས་བརྒྱན་པ་ཤ་སྟག་རེད།
གླང་དར་འདིས་རང་གི་འབངས་མིར་སྡུག་གྱོང་ཚད་མེད་བཏང་བར་མ་ཟད། དཔལ་འབྱོར་ལས་དོན་དང་ཕྱི་འབྲེལ་གྱི་ཐད་ནས་བླུན་པོ་ཐན་ནག་ཅིག་ཡིན་པའང་གསལ་བོ་རེད། དེའི་སྐོར་བོད་ཀྱི་དེབ་ཐེར་༼མཁས་པ་ལྡེའུ་ཆོས་འབྱུང་༽ལས།
“འབྲིང་ཁྲི་གསུམ་རྗེ་བསད་པས་དཀོར་ནོར་གྱི་ཁུངས་བསུབ། ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་བཅད་པས་རྒྱ་གར་ནས་པཎྜ་ཏ་འབྱོན་པའི་འཕྲོ་ཆད།ཤར་ཕྱོགས་གསེར་ལས་སེར་པོ་སུམ་ཅུ་བསྐྱུར་པས་རྒྱ་ནག་ནས་ནོར་གྱི་ཚོང་སྒོ་རྒྱུན་བཅད”།ཅེས་རྒྱལ་པོ་འདིས་སྲིད་དབང་བཟུང་རྗེས། དཔལ་འབྱོར་དང། ཕྱི་འབྲེལ་སོགས་ཅི་ཡང་མི་ཤེས་བའི་བླུན་པོ་ཐན་ནག་ཁོ་ན་ཡིན་པར་མ་ཟད། ཡབ་མེས་དག་གི་རུས་བའི་བྲོ་འཁྲབ་མཁན་ཡིན་པ་ནི་གསལ་བོ་གསལ་རྐྱང་རེད།
དཀོར་ནོར་གྱིས་ཁུངས་བསུབ་ཟེར་པ་ནི། དཔལ་འབྱོར་གྱི་འདུ་འགོད་དང། གཏོང་ཡོང་སོགས་བཅད་ཅེས་བའི་དོན་རེད། འདི་ལྟར་དཔྱད་ན། གླང་དར་འདིས་དཔལ་འབྱོར་ལས་ཁུངས་དང། ཡང་ན་ཁྲལ་བསྡུ་ལས་ཁུངས་ཀྱི་མི་སྣ་གཙོ་བོ་སྟེ།
འབྲིང་ཁྲི་གསུམ་རྗེ་བསད་པ་མིན་ནམ་སྙམ་ཞིང། དེ་ལ་བརྟེན་ནས་དཀོར་ནོར་གྱི་ཁུངས་མེད་པར་ཆགས་ནས། རྒྱལ་ཁབ་ཀྱི་སྒྲིག་འཛུགས་རྣམས་ཀྱིས་རིམ་གྱིས་འཐོར་ཞིག་ཏུ་འགྲོ་བའི་འགོ་བརྩམས་པར་སྙམ། བདུད་རྒྱལ་འདིས་དཔལ་འབྱོར་འདུ་འགོད་དང་། གཏོང་ཡོང་ཐབས་ལ་མི་ཟད་པའི་གྱོང་གུན་བཟོས་བ་མ་ཟད། ཤེས་རིག་གི་ཐད་ལ་མི་བཟད་པའི་གནོད་འཚེ་ཚབས་ཆེན་བཟོས། ལྷག་པར་ཏུ་མི་འདིས་ཁོག་ལ་གདོན་ཞུགས་རྗེས། མི་འདིས་རྒྱ་གར་དང་ཕྱི་འབྲེལ་གཅད་པར་བསམ་ཞིང། དོན་གྱིས་༼ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་བཅད་༽ཅེས་བའི་དོན་ནི། ནུབ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་གྱི་ཤེས་རིག་གི་བདུད་རྩི་ཆུ་རྒྱུན་ལྟར་ཡོང་བ་ལ། མི་འདིས་དེའི་རྒྱུན་བཅད་པས་༼རྒྱ་གར་ནས་པཎྜ་ཏ་འབྱོན་པའི་འཕྲོ་ཆད༽ཅེས་གསལ་བོ་བཤད་ཡོད་པ་ལྟར་རེད། རྒྱལ་ཁམས་གཞན་གྱི་མཁས་བ་རང་གི་རྒྱལ་ཁམས་སུ་ཡོང་བར་བཀག་འགོག་བྱེད་པ་འདི་ཡང། ཤེས་རིག་ནང་འདྲེན་བྱེད་པའི་བློ་ཁོག་དང་འཇོན་ཐང་གང་ཡང་མེད་པ་མཚོན། མདོར་ན་གླང་དར་གྱི་རྒྱབ་རྩར་ལངས་མཁན་དག་ནི་དེའི་རང་བཞིན་ལས་མ་འདས་སོ། །
དར་མ་རྒྱལ་སྲུང་དང་དཔལ་འབྱོར་ཡར་རྒྱས་འཇོན་མཁན་ཞིག་ཡིན་ཚོད་མ་རེད། དར་མས་༨༣༨ལོ་ནས་༨༤༢ལོ་བར་དུ་སྲིད་དབང་བཟུང་ཡོད་པའི་དབང་དུ་བཏང་ན་དེའི་བར་དུ་ཐང་གི་ས་མཚམས་ལ་དམག་འཁྲུག་གཅིག་ཀྱང་བསླངས་ཐུབ་ཚུལ་མི་འདུག དེ་ལུགས་རྒྱའི་ཡིག་ཚང་ལ་ཡང་གསལ་པོར་འཁོད་འདུག དར་མ་བླུན་རྨོངས་དང་ནང་ཁུལ་ལ་གཏུམ་པོ་ཞག་ཡིན་པས་འབངས་མི་ཚང་མ་ཁོ་ལ་སྙིང་རིང་བར་གྱུར་སྟབས་བོད་ཀྱི་སྲིད་དབང་ཉམས་རྒུད་དུ་སོང་སྟབས་བོད་ཀྱིས་ཐང་ལ་སུན་གཙེར་མ་ནུས་ཚུལ་བྲིས་འདུག
ཧ་ཧ། ལྷ་ཆེན་ཚངས་པས་༼དཀོར་ནོར་གྱི་ཁུངས་བསུབ་༽ཞེས་པའི་གོ་བ་མ་ལོན་པ་འདྲ། དེ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་སྒོ་ཕལ་ཆེར་ཆོས་གཞིས་ཁག་ལ་ཁྲལ་འཇལ་དགོས་པའི་ལམ་ལུགས་དང་། གྲྭ་བཙུན་རེར་དུད་ཁྱིམ་གསུམ་རེས་ཁྲལ་འཇལ་དགོས་པའི་ལམ་ལུགས་ལ་བཅོས་བསྒྱུར་བཏང་བ་དེས་དཀོར་འཚོ་རིང་ལུགས་པའི་དཀོར་ཁུངས་བསུབ་པའམ་དཀོར་རྒྱུན་བཅད་པ་ལ་གོ། བྱས་ཙང་དཀོར་རྫས་ཁྲལ་བསྡུ་ལས་ཁུངས་ཀྱི་འགོ་འཛིན་འབྲིང་ཁྲི་གསུམ་རྗེ་བསད་པར་འོས་ཏེ། རྒྱལ་ཁབ་ཀྱི་བཅའ་ཁྲལ་ཡོང་སྒོ་ཐམས་ཅད་རྒྱལ་ཁབ་འཛུགས་བསྐྲུན་དང་མི་སེར་གྱི་དཔལ་འབྱོར་ཡར་རྒྱས་ལ་མ་བཏང་བར་དཀོར་ཟན་ཁོ་ནར་བཏང་བས་ནག་ཉེས་བསགས་ཡོད་པ་རེད།
དེ་དེ་བཞིན་ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་ཞེས་པ་ནི་ལྟ་བ་དང་བསམ་བློ་གཞན་བརྟེན་དང་འཚོ་བ་གཞན་རེ་ཚོས་འདོད་ལ། རིག་གཞུང་བཙན་འཛུལ་དང་མཐའ་མཚམས་སིམ་འཛུལ་ལ་ཉེན་ཁ་ཆེ་བས་ནུབ་ཕྱོགས་དུག་ཆུའི་རྒྱུན་བཅད་པར་སྙམ།
ཤར་ཕྱོགས་སེར་པོ་སུམ་བཅུ་དཔལ་རྡོས་བསྐྱུར་དུ་མ་བཅུགས་པ་དེས་ད་ལྟ་ང་ཚོའི་མགོ་ཐོག་ཏུ་བབས་པ་དེ་མི་ཤེས་པ་ཨེ་རེད།
བཀྲ་ཤིས་ལགས། ་རྒྱལ་ཁབ་དར་དར་དར་མའི་སྒོང་ནི་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་དེར་རེད། མཁན་སློབ་ཆོས་གསུམ་དུས་ནས་བཟུང་བོད་འདི་མཉམས་འགི་ཚུག་པ་རེད། ལོ་རྒྱུས་ནང་དུ་དབུས་ནས་བན་བོན་ནང་འཁྲུག་ཤུགས་ཆེན་བྱུང་བས་བོན་གྱི་ཕྱོགས་མི་དག་གི་རྒྱལ་པོ་ཡང་བན་ལ་ཞུག་ན་ས་འཚམས་དང་བརྟེན་སྲུང་སོགས་བན་དེས་བྱོས་ཟེར་ནས་བོད་ཀྱི་མཐའ་འཚམས་སོགས་སྲུང་སྐྱོབ་ལ་དཀའ་ངལ་འཕྲད་ཡོད་ཚུལ་བཤད་འདུག་
དེས་མ་ཚད་བོན་གྱོ་ལོ་རྒྱུས་ནང་ཁྲི་སྲོང་ནས་འུའྀ་དུམ་བར་ཆོས་ལུགས་འཐབས་རྩོད་ཀྱི་སྐྱེན་པས་བོད་རྒྱལ་མང་པོས་སྲོག་འཕྲོག་ཡོད་ཚུལ་བཤད་འདུག། མཐར་འུའྀ་དུམ་བཙན་པོ་ཡང་ཆོས་ལུགས་འཐབས་རྩོད་ཀྱི་བར་དུ་སྲོག་ཤོར་ནས་བོད་རྒྱལ་ཁབ་མི་ལོ་༤༠༠་རིང་སིར་བུར་འཐོར་བ་རེད། དེ་རྗེས་ས་སྐྱ་དང་འབྲི་གུང་བཀའ་རྒྱུད་འཐབ་རྩོད་བར་སེར་དམག་གཡོས་ཏེ་གྲྭ་པ་ཁྲི་ཁྲི་སྲོག་ཤོར་འདུག། དེ་རྗེས་དགེ་ལུགས་དང་རྙིང་མ་འཁྲུགས་ཏེ་རྙིང་གྲ་བདུན་སྟོང་དང་རྡོ་རྗེ་བྲག་གི་རིག་འཛིན་པདྨ་ཕྲིན་ལས་དབུ་བཅད་ནས་དགོན་པ་རྩ་བརླག་བཏང། བཀབ་རྒྱུད་དགེ་ལུགས་འཁྲུག་ནས་ཀརྨ་བསྟན་སྐྱོང་དབང་པོ་དང་བློན་སྒོང་ཟུག་པ་དང་བོན་སྒོན་པ་བཅས་སྐེ་བཅད། དེ་ནས་རིམ་བཞིན་ཆོས་ཀྱི་འཐབ་རྩོད་རྒྱུན་མ་ཆད། ཆབ་སྲིད་དང་རྒྱལ་ཁབ་ཀྱི་བདེ་སྡུག་ཡོད་ཚད་ལྷ་དང་སྲུང་མ་ལ་བཅོལ། དེང་རབ་ཀྱི་ཚན་རིག་དང་དཔལ་འབྱོད་ཡོད་ཚད་ཐན་དུ་ལྟས། མཐར་བོད་འདི་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་ནས་རང་བཙན་ཤོར།
ད་རུང་རྨོང་པ་མགོ་འཐོམས་ཁ་ཤས་ཀྱི་བོད་ལ་ཆོས་འདིས་ཕན་རབ་འཇོན་རབ་ཟེར་ནས་སྣེ་གཅིག་སྟོན་རྒྱུ་མེད་པས་འཆལ་གཏམ་ཁོ་ན་བཤད། ཕྱི་རྒྱལ་ཁག་ནང་གནད་ཡོད་མི་སྣ་འགའ་ཤས་ཀྱི་བོད་ལ་རོགས་པ་བྱེད་ཀྱི་དེ་དག་ཆོས་ཀྱི་བཀའ་དྲིན་ཡིན་ཟེར། དེ་འདྲ་རེ་ཟུང་ནི་ལོས་ཡོད་སྲིད་ང་ཚོ་ལ་དགོས་པ་དེ་བོད་རང་བཙན་ལ་ངོས་ལེན་བྱེད་མཁན་དང་དེ་ལ་རོགས་པ་བྱེད་མཁན་དགོས་ཀྱི་ཡོད། དེ་མེད་ན་གཅིག་ཅིག་གཉིས་གཉིས་ལུང་པ་གང་ལབ་ཡང་སྟོང་པ་རེད།
ཁ་བའི་ཡུལ་གྱར་བ་ལགས། མ་གཞི་འདི་དར་མ་དང་ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་འབྲེལ་བ་ཡོད་མེད་མི་ཤེས་མོད་ཁྱེད་ཀྱིས་བརྗོད་གཞི་འདི་ཁྱེར་ཡོང་འདུག་པས་པས་ངས་ཚིག་གཅིག་རང་ཞུ་འདོད་བྱུང་། མ་གཞི་དུས་རབས་བཅུ་པའི་གོང་དུ་བོན་ཟེར་བ་ཞིག་ཡོད་མེད་དོག་གཞི་ཆེན་པོ་འདུག བར་སྐབས་ཤིག་ནས་གཤེན་སྒྲུང་ཞང་སྒྲུང་མང་པོ་བཟོས་འདུག ཉིན་གཅིག་འདི་ཚོ་རྒྱུ་མ་ཕུ་འདེད་ཅིག་བྱེད་ངེས་རེད།
ཁྱེད་ཚོ་གླང་ཕྲུག་ཚོས་ད་བར་དུ་གླང་དར་གསར་བརྗེ་བ་རེད། སྔོན་ཐོན་པ་རེད། རྟོག་སད་པ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་སོང་མོད་དར་མས་མར་གཏོར་ཚུལ་མ་གཏོགས་འཛུག་སྐྲུན་འདི་བྱས་ཀྱི་ཁུངས་སྣེ་གཅིག་ཀྱང་བསྟན་མ་ཐུབ་ཁར། བོད་ཀྱི་དམག་དོན་ལོ་རྒྱུས་ལས་གཞིག་ན་དར་མས་སྲིད་དབང་བཟུང་བའི་ལོ་ཤས་དེའི་རིང་ལ་ཐང་གི་སྟེང་ལ་དམག་འདྲེན་ཐུབ་པའི་ལོ་རྒྱུས་ཀྱང་མི་འདུག ཐང་ཡིག་གསར་རྙིང་དང་། སི་མ་ཀོང་གིས་བརྩམས་པའི་སྲིད་སྐྱོང་མེ་ལོང་སོགས་སུ་སྲོང་བཙན་ནས་ཁྲི་རལ་བར་དུ་བོད་ཀྱིས་ཐང་གི་མངའ་ཁོངས་སུ་བཙན་འཛུལ་བྱས་ཚུལ་དང་། བོད་ཐང་དམག་འཁྲུག་བྱས་པས་བོད་ལ་རྒྱལ་ཁ་ཐོབ་ཚུལ་ཧ་ཅང་མང་པོ་འདུག ཨུ་ཚུགས་ནི་ཁྱེད་རང་ཚོ་མ་ངལ་ན་ཅི་སྲིད་བར་དུ་བྱེད་ཆོག་མོད་དེ་ནི་རང་རང་རྣམ་དཔྱོད་སྐྱག་ལངས་སུ་གཏོང་བ་མ་གཏོགས་རྒྱལ་ཁ་ཐོབ་དུས་མེད་པ་ཤེས་དགོས།
གཤེན་སྒྲུང་དང་ཞང་སྒྲུང་ལ་ཁུངས་བཅོལ་ནས་གཞིག་ན་བོན་གྱིས་ཕྱོགས་ནས་ཀྱང་བཙན་པོའི་སྐུ་སྲོག་ལ་བདོ་མཁན་བྱུང་མྱོང་མེད་པ་མིན་ཏེ། གྲི་གུམ་བཙན་པོས་བོན་བསྣུབས་སྟབས་བོན་པོ་ཚོས་དགྲ་ཤ་བླངས་ནས་གྲི་གུམ་བསད་ཚུལ་བྲིས་འདུག ཡིན་ན་ཡང་། སྐབས་དེར་བོན་ཟེར་བ་ཞིག་ཡོད་མེད་དོག་གཞི་ཡིན་སྟབས་ཁ་ཚོན་གཅོད་མ་ནུས། སྤྱིར་ན་གཤེན་སྒྲུང་ཞང་སྒྲུང་དེ་རིགས་ངས་ནི་སྒྲུང་རང་གི་གྲས་སུ་འཇོག་པ་ལས་ལོ་རྒྱུས་ཀྱི་གྲས་སུ་བརྩི་བཞིན་མེད། དུས་རབས་བཅུ་པའི་རྗེས་སུ་ད་ལྟའི་བོན་ཞེས་པའི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་ཚོགས་སྡེ་འདིའི་མྱུ་གུ་འབུས་ཤིང་རྩ་བ་ཚུགས་པར་མངོན་ནོ།།
ཁྲི་རལ་གྱིས་སངས་ཆོས་ལ་དད་པ་དང་བཀུར་སྟི་བྱས་རྐྱེན་གླང་དར་གྱིས་བདུད་བློན་གྱི་ཁ་ལ་རྒྱུགས་ནས་སངས་ཆོས་སྣུབ་ཐབས་བྱས། ལྷ་འདྲེ་ལ་སྐྱབས་བཅོལ་བ་དང་གསོལ་མཆོད་བྱེད་པ་དག་གི་འདོད་པ་བསྐངས། གླང་དར་ལ་ཆབ་སྲིད་ཀྱི་གཏུབ་བསོད་བཅོམ་གསུམ་ལས་ཕུགས་རྒྱང་རིང་བོའི་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདུག །ཁོའི་སྤྱོད་པ་དང། ཆབ་སྲིད་བཅས་ཀྱིས་གླང་དར་མི་སྒེར་གྱི་རྒྱལ་སྲིད་ཕར་ཞོག།ཐ་ན་བཙན་པོ་རྒྱལ་རབས་བྱི་བའི་ས་བརྐོ་བ་བཞིན། ག་ལེར་བརྡིབས་འགྲོ་བའི་མགོ་ཚུགས་མོད། ཁོས་མ་ཤེས་བར། ད་དུང་ཁོ་ནི་འབངས་མི་རྣམས་ཀྱིས་ཆེས་དགའ་བའི་རྒྱལ་བོ་ཞིག་ཡིན་པར་བསམ་ནས་བསྡད་ཡོད་པར་མངོན། འདི་ནི་ཁོ་རང་བཀྲོངས་པའི་ཉིན་མོ་དེ་གསལ་བོར་མངོན་འདུག།དཔེར་ན། ཆོས་འབྱུང་མཁས་བའི་དགའ་སྟོན་ལས། ཁོ་གླ་བའི་ཚལ་ན་མིག་མང་རྩེ་བཞིན་ཡོད་དུས། ཁོས་འབངས་མི་རྣམས་ངུ་འབོད་བྱས་པ་ཐོས་བས། དེ་ནི་ཁོ་ཚོས་བཤད་པ་ཨེ་བདེན་ནམ་ཞེས་རྡོ་རིང་གི་ཡི་གེ་ཀློག་དུས། ལྷ་ལུང་དཔལ་གྱི་རྡོ་རྗེས་མདས་བརྒྱབ་ནས་བསད་པར་བཤད། འདི་ལས་ཅི་ཞིག་ཤེས་ཐུབ་ཀིན་འདུག་གམ་ཞེ་ན། བཙན་པོ་རྒྱལ་རབས་འཇུག་ཚར་ནས་ས་ལ་བརྡིབས་ནས་འགྲོ་བཞིན་འདུག་མོད། ཁོ་ད་དུང་གླིང་ཀ་བཏང་ནས་མིག་མང་རྩེད་བཞིན་པ་དང་། ཉིན་མོ་དེ་མ་གཏོགས་ཕལ་ཆེར་འབངས་མིའི་ངུ་སྒྲ་ཞིག་མ་ཐོས་བར་མངོན། དེ་ལས་ཀྱང་ཡ་མཚར་པ་ཞིག་ལ། སྐུ་སྲུང་དམག་མིའང་མང་པོ་མེད་པར། མི་ཞིག་གིས་མདའ་བརྒྱབ་ནས་བཀྲོངས་པའི་ལོ་རྒྱུས་ཀྱིས་མཚོན་བཞིན་པ་དེ་རེད། སེམས་རྣལ་ཏུ་ཕབ་ནས་བཤད་ན། སྒེར་གཅོད་པ་ཐམས་ཅད་ལ་དེ་ལྟ་བའི་འཁྲུལ་སྣང་ཞིག་ཏན་ཏན་ཡོད་པར་ངེས། རང་གིས་འབངས་མི་ལ་སྡུག་པོ་ག་ཚོད་བཏང་ཡང། ད་དུང་ཁོ་ཚོའི་སེམས་སུ་འབངས་མི་རྣམས་ཁོ་ལ་དགའ་བོ་ཡོད་ཅེས་བའི་སེམས་ཀྱི་འཁྱེར་སྲོལ་ཞིག་ཡོད་པ་འདྲ། །
མཆན་༡༧༦གི་ལན། མཁན་སློབ་ཆོས་གསུམ་གྱི་དུས་ལ་བོད་ཆེན་པོའི་མངའ་ཐང་དགུང་དང་མཉམ། ཆོས་རྒྱལ་ཁྲི་སྲོང་ལ་འཛམ་གླིང་རྒྱལ་པོ་ཞེས་མཚན་ཐོགས། བོད་འབངས་ཞི་བདེའི་དཔལ་ལ་རོལ་ཞིང་ཞོ་བཞིན་དུ་གནས་པའི་དུས་རེད། དེ་དུས་བོན་དང་སྔ་འགྱུར་གཉིས་ཀྱི་བར་དམག་འཁྲུག་གི་ལོ་རྒྱུས་ནི་དེ་བས་ཀྱང་མེད། རིམ་པས་རྗེས་སུ་ཆོས་ལུགས་ཕན་ཚུན་ནང་འཁྲུག་ཤོར་ནས་མི་དམངས་ལ་བརྡབ་གསིག་དང་སྲོག་སྐྱོན་བྱུང་བའི་ལོ་རྒྱུས་དང། ད་ལྟ་རང་ས་རང་ལ་བདག་དབང་མེད་པ་རྒྱ་འོག་ཏུ་ཤོར་ཟིན་པ་ནི་མིག་མཐོང་ལག་ཟིན་རེད། མངོན་སུམ་ལ་བསྙོན་འཛུགས་སུས་ཕོད། སྤྱིར་ས་དགེ་བཀའ་རྙིང་བོན་པོ་སུ་ཡིན་ཀྱང་མི་དམངས་ལ་བརྡབ་གསིག་དང་ལོག་ལམ་ལ་ཁྲིད་མཁན་བྱུང་ན་སུས་བཀུར་ཐུབ། ངོ་རྒོལ་ལོས་ཡོད། ཡིན་ཀྱང་བོད་ཀྱི་ཆོས་ལུགས་གང་དུ་ཡང་དམག་འཁྲུག་གི་སློབ་སྟོན་ཞིག་བསྟན་མེད་པ་ལ་ཡིད་ཆེས་ཡོད། དེ་ཡིན་དུས་གང་ཟག་རེ་ཟུང་གི་སྐྱོན་དེ་ཆོས་ལུགས་ལ་གཡུགས་ནས་ཆོས་ལུགས་ཕན་ཚུན་བར་འཐབ་རྩོད་གློང་ནས་གང་ཡོང། ཆོས་ལ་ཡིད་ཆེས་ཐོབ་ཟིན་པའི་གང་ཟག་ཞིག་ལ་རྨོངས་དད་དང། མགོ་འཐོམས་ཇི་ཙམ་འབོད་ཀྱང་ཕན་གནོད་ནི་སྤུ་ཙམ་ཡང་ཐུབ་མི་ཡོང། ཆོས་པ་རབས་ཞིག་ཡིན་ན་གནོད་རྒྱུ་ཕར་ཞོག་སྙིང་རྗེ་ལྷག་པར་ཏུ་སྐྱེས་ཡོང། བོད་ཀྱི་དགེ་འདུན་པ་རྣམས་ལ་ཕྱི་རྒྱལ་ཁག་གི་མི་སྣས་རོགས་རམ་བྱེད་མཁན་ཇི་ཙམ་མང་ན་དེ་ཙམ་བོད་རང་བཙན་ལ་གྲོགས་སུ་མ་གྱུར་ན་གནོད་པ་ཞིག་ག་ལ་འགྱུར།
ཁྲི་རལ་ཟེར་བའི་ཆང་བཟི་ཇ་རྒྱགས་ཁོ་ན་བྱེད་མཁན་དེས་བོད་ལ་དགོས་པའི་ཆབ་སྲིད་དང་དམག་དོན་དཔལ་འབྱོར་ཡར་རྒྱས་མ་གཏོང་བར། མི་དགོས་པའི་གྲྭ་པ་རེ་ལ་ཁྱིམ་ཚང་གསུམ་རེ་མི་ཚེ་གང་བོར་བྲན་གཡོག་བྱེད་དུ་བཅུག། བོད་མི་ཚང་མ་དཔལ་འབྱོར་ལ་རྔམ་ནས་མཐོ་དམག་དཔོན་དང་དམའ་འབངས་མི་ཡན་ཆད་གྲ་པ་ལ་ཞུགས། གྲ་པ་དང་འདྲས་ན་མིག་འདོན་ལྕེ་གཅོད་འཛུབ་མོ་གཏུབ་པ་སོགས་བྱ་ངན་ཚད་ལས་འདས་པའི་ཁྲིམ་བཟོས་ནས་འབངས་མི་སྡུག་ལ་སྦྱར་ཡོད། དགོས་པའི་དམག་སྲིད་དཔལ་འབྱོར་རིམ་བཞིན་རྒུད་ནས་སོག་དམག་གི་བོད་ལ་བཙན་འཛུལ་བྱེད་མགོ་རྩམ། ཡིན་ཡང་བོད་པ་ལ་གདོང་ལེན་བྱེད་ཐུབ་པའི་དམག་མེད་ཚང་མ་གྲ་པ་བྱས་ནས། རྒྱུ་མཚན་དེ་ལ་རྟེན་ནས་བློན་ཆེན་བས་སྟག་སྣག་ཁྲི་རལ་ཆང་བཟི་ནས་བསྡད་སྐབ་བསད་པ་རེད། འུའྀ་དུམ་བཙན་རྒྱལ་ཁྲིར་མཁོད་ནས་ཆོས་བྱེད་པའི་བྲན་གཡོག་ཏུ་གྱུར་བའི་གཙུག་ལག་ཁང་གི་བྲན་འབངས་སུམ་བརྒྱ་གློད་དཀྲོལ་བཏང། འབངས་མིས་ཟུང་ཁྲག་འཇེབ་མཁན་གྲ་པ་ཉུང་དུ་གཏོང། གྲ་པ་རེ་ལ་ཁྱིམ་ཚང་གསུམ་རེ་བྲན་གཡོག་ཉར་བའི་དབང་ཆ་ཕྱིར་བསྡུ་བྱས་པ་སོགས། བོད་འབངས་ལ་མཚོན་ན་ཆེས་དཀའ་དྲིན་ཆེ་བའི་དམངས་བསྐྱོར་རྒྱལ་སྐྱོང་གི་བྱ་བ་བཟང་པོ་ཞིག་རེད། ཁོ་ལྷ་ལུང་དཔལ་རྡོས་གྲ་པས་དབང་ཆ་ཤོར་བའི་སེམས་སྡུག་ཁོག་ཏུ་མ་ཤོང་བར་བོད་རྒྱལ་ཁབ་ལ་བསམ་བློ་ཅུང་ཙམ་ཡང་མེད་པར་ཆོས་བྱེད་མི་སྣ་གཅིག་པུས་ཁྱད་བོད་རྒྱལ་བཀྲོང་ཁོ་རང་ཝ་བཞིན་བྲོས། ཡིན་ཡང་ད་རུང་ཆོས་བྱེད་པ་འགའ་ཤས་ཀྱི་སེམས་ལ་འབངས་མི་བྲན་གཡོག་བཀོལ་བའོ་བློ་ངན་མ་དོར་བར་རེ་ངན་འཆང་བའོ་དོན་མ་འགྲུབ་ཡོང་དུས་ནང་གི་ན་ཟུག་ཕྱི་རུ་མངོན་ཡོང་གི་འདུག་བ་ཧཧཧཧཧཧ།
ཧཧཧ་་བཀྲ་ཤིས་ལགས་ཁྱེད་ལ་ངས་དྲིས་པའི་ལན་དུ་མི་བེན་པའི་མུན་ནག་མདའ་འཕེན་བྱས་འདུག་།
དེ་ཡིན་དུས་གོ་བ་མེད་པའི་གླང་རྒན་ལ་འབྲེལ་བཤད་བྱས་དང་མ་བྱས་མེད།
ཧཧཧ་་བཀྲ་ཤིས་ལགས་ཁྱེད་ལ་ངས་དྲིས་པའི་ལན་དུ་མི་བདེན་པའི་མུན་ནག་མདའ་འཕེན་བྱས་འདུག་།
དེ་ཡིན་དུས་གོ་བ་མེད་པའི་གླང་རྒན་ལ་འབྲེལ་བཤད་བྱས་དང་མ་བྱས་མེད།
སྤོབས་པ་མཐའ་ཡས་ཁྱོད་ཉོན་ཅིག་གསར་བརྗེ་བ་ཡིན་ན་དམག་རྒྱག་དགོས་པ་དང་འཛུགས་བསྐྲུན་བྱེད་དགོས་པས་ཁྱབ་པ་མེད་དར་མ་རིན་ཆེན་གིས་བཀད་བཀོད་རྒྱུད་འཛིན་གི་ལམ་ལུགས་མེད་པ་བཟོད་པ་རེད་
གླང་དར་ཆབ་སྲིད་ལ་རྨོངས་བའི་མཚོན་རྟགས་གཞན་ཞིག་ནི། ཁོས་མཛད་རྗེས་ཅན་དང་ཆབ་སྲིད་ཀྱི་མིག་རྒྱང་རིང་པོ་ཡོད་པ། དཔའ་ངར་རྟུལ་ཕོད་ཀྱི་བློན་པོ་ཅན་དག་གི་བསླབ་བྱ་དང། སློབ་སྟོན་ལ་ཉན་རྒྱུ་ཕར་ཞོག །ཐ་ན་ཁྲིམས་ཆད་བཅད་ནས། མཐར་བློན་འབངས་དང་བཅས་བ་ཁོང་གི་ངོ་ལོག་པ་ཆགས་པར་མ་ཟད། ཁོའི་རྒྱལ་སྲིད་ཇི་སྲིད་བར་ཏུ་སྟོངས་བའི་སྤྱོར་པ་དང། དམོད་འདེབས་སོགས་བྱས་ཡོད་པ་རེད། བློན་བྲན་དཀར་དཔལ་ཡོན་ནི། རྒྱལ་རབས་གསུམ་ལ་མཛད་རྗེས་ཅན་གྱི་བློན་ཆེན་རེད། ཁྲི་རལ་བ་ཅན་གྱི་སྐབས་སུ། དམིགས་གསལ་གྱི་ཆེ་བསྟོད་རྡོ་རིང་ཀྱང་བཙུགས་ཡོད་པ་རེད། གླང་དར་གྱི་སྐབས་སུ། ཁོ་དཀྲོངས་བའི་སྐབས་སུ། གླང་དར་ལ་ཡིད་ཆད་དང་ཞེ་ལོག་ནས། འདི་ལྟར་སྨོན་ལམ་བཏབ་ཡོད་པ་རེད། གནམ་མཐིང་བས་སྔོ་བར་ཤོག།ས་བྱ་བས་དམར་བར་ཤོག།རྗེ་ཁེང་ལོག་པར་ཤོག།རྒྱལ་པོའི་གདུང་རྒྱུད་ཆད་པར་ཤོག། ཅེས་དམོད་འདེབས་བྱས་ཞིང། འདི་ལྟར་གླང་དར་ཅེས་བའི་བླུན་པོ། སྒེར་གཅོད་པ། རྒྱལ་གདོན་ཁོག་ལ་དངོས་སུ་ཞུགས་པའི་མི་སྲིན་དེས་ཆབ་སྲིད་ནི་སྐྱོང་མ་ཤེས། བདུག་རྩུབ་ནི་ཆེ། ཆང་ལ་ནི་དགའ་བས་བོད་ཀྱི་འབངས་མི་རྣམས་ཀྱི་རིམ་གྱིས་གླང་དར་ཁོ་ལ་ཡིད་ཆད་། ཞེན་ཁ་ལོག ཞེ་སྡང་སྐྱེས་བ་མ་ཟད། ཐ་ན་བཙན་པོ་རྒྱལ་བོ་ཐམས་ཅད་ཀྱི་སྟེང་དུ་མི་ཟད་པའི་ཁོང་ཁྲོ་ལངས་ནས། མཐར་འབངས་གྱེན་ལོག་བྱུང་ནས། བཙན་པོའི་རྒྱལ་རབས་རྒྱུན་ཆད་པ་མ་ཟད། ཐ་ན་བཙན་པོ་དག་གི་བང་སོའང་བྲུས་བ་རེད། འདི་ནི་བོད་མི་རྣམས་ཀྱིས་ཆབ་སྲིད་ཀྱི་གསར་བརྗེ་དང་། སྒེར་གཅོད་པ་ཚར་གཅོད་བྱས་པའི་དམངས་གཙོའི་ལས་འགུལ་ཞིག་རེད། འདི་ཐམས་ཅད་བྱུང་བའི་རྒྱུ་དང་རྐྱེན་ནི། གླང་དར་གྱིས་རྒྱལ་དབངས་བར་གྱི་འབྲེལ་བ་དང།ཆབ་སྲིད་ཀྱི་མིག་རྒྱང་མེད་པ། བླུན་པོ་ཡིན་པ་དང། བདུག་རྩུབ་ཆེ་བ་བཅས་ལས་བྱུང་བ་ལས་ཞིག་རེད།
བཀྲ་མི་ཤིས་པས་ངའི་དྲི་བ་ལ་ལན་མི་འདུག རྒྱུ་མཚན་ནི་ལོ་རྒྱུས་ཐོག་སྨར་གཡོ་གཙང་གསུམ་ཟེར་བ་ཞིག་བྱུང་མ་མྱོང་བས་ལོས་ཡིན། གོང་དུ་ངས་དྲི་བ་འདི་འགོད་དུས་ཁྱོད་ཀྱིས་དོན་དམ་བདེན་པ་ཞེས་མང་པོ་གླེང་སོང་། དངོས་གནས་བྱས་ན་ཁག་མི་འདུག དེ་ལ་གོ་རྒྱུ་ཆེན་པོ་ཡོད་ས་རེད། དེའི་གོ་དོན་ངོ་མ་ནི་སྨར་གཡོ་གཙང་གསུམ་སྐོར་དེ་ཁོ་ལ་དོན་དམ་བདེན་པ་བཞིན་སྨྲ་བསམ་བརྗོད་མེད་ཡིན་ཞེས་པའི་བརྡ་རུ་ངེས་པས་ད་ནས་ངས་ཁྱོད་ལ་དེའི་སྐོར་དྲི་མི་ཡོང་།
འོན་ཀྱང་ཁྱོད་ལ་དྲན་སྐུལ་ཞུ་རྒྱུ་ཞིག་ནི། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུ་ཡོད་བཞིན་པའི་ཁྱེད་ཚོ་བོད་རྒྱུད་ཐུབ་བསྟན་པའི་སྡོམ་པའི་བརྒྱུད་ཀ་ཡོད་དོ་ཅོག་མཁན་ཆེན་མུ་ཟི་གསལ་བཟང་ནས་བརྒྱུད་པའི་གཡུང་དྲུང་བོན་གྱི་ཐེག་ཆེན་སོ་ཐར་སྡོམ་རྒྱུན་ཡིན་པ་ཤེས་པར་གྱིས་ཤིག
ཁྲི་རལ་གྱིས་སངས་ཆོས་ལ་བསྙེན་བཀུར་བྱས་རྐྱེན་བདུད་བློན་རྣམས་ཀྱི་སྙིང་ལ་ཚེར་མ་ཟུག་པ་ལྟ་བུའི་ཕྲག་དོག་ལངས་པ་དང་གླང་དར་ལྟ་བུ་མི་བླུན་པོ་དག་གིས་སྣེ་ཁྲིད་དེ་ནང་དམེ་བྱས་མགོ་ཚུགས། འདི་ཐམས་ཅད་རྒྱབ་ལོགས་ཀྱི་སྐུལ་སློང་བྱེད་མཁན་ནི་སངས་ཆོས་ལ་མཐའ་གཅིག་ཏུ་དགྲ་རུ་ལྟ་བའི་རྒྱལ་འགོང་དང་ལྷ་འདྲེ་མཆོད་མཁན་དག་རེད།
ཁྱིམ་ཚང་གསུམ་རེ་ཡིན་ནམ། ཁྱིམ་ཚང་བདུན་རེ་ཡིན་བརྟག་པར་འཚལ། དེ་དུས་ཁོ་ཚོས་དངོས་གནས་སྐྱིད་པོ་བཏང་ཡོད་རེད་ད་།
མིག་བརྒྱད་པ་ལགས་ཀྱིས་མཆན་༡༧༡་དེར་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལུང་དྲངས་བར་་་་ལ་ལར་རྔ་གཤང་བསྐུར་ཏེ་རྔོན་པ་ལ་གཏོང་་་་ཅེས་པའི་ལུང་ཚིག་འདི་བན་དེའི་དགེ་འདུན་པ་ཚོར་གོ་བ་ཡིན་ནམ། གལ་སྲིད་བན་དེའི་དགེ་འདུན་པ་ཚོ་ལ་གོ་བ་ཡིན་ན་བན་དེའི་དགེ་འདུན་གྱིས་རྔ་གཤང་ཕྱག་ཆར་བསྣམས་སྲོལ་དམ། ཡང་མིན་ན་དུས་རབས་དགུ་པར་ད་དུང་དྲིལ་བུ་གསར་བཟོ་བྱེད་ཐུབ་མེད་ཟེར་རྒྱུ་ཡིན། །
ད་ཡང་བོད་བླ་མའི་ཆོས་ལུགས་ཀྱི་ཤག་སྒྲུང་རིང་མོ་འདིའི་སྐོར་ལ་གླེང་དགོས་པ་ཆགས་སོང་ན་ཁྱེད་རང་ཚོ་ཁག་པོ་བཟོས་ཡོང་ད། ངས་འདིར་སྔོན་ཙམ་ནས་ཞུས་ཡོད་དོ། ཡང་གླེང་གཞི་མེད་སར་གླེང་གཞི་བཟོས་ན་ལྷིང་འཇགས་ཀྱི་བདེ་སྐྱིད་དཀྲུགས་པའི་སྡིག་པ་དེ་ཁྱེད་རང་ཚོས་འཁུར་དགོས་པ་ཆགས་ཀྱི་རེད། །
ཡང་མཆོད་པ་འདི་འབུལ་དགོས་ཆགས་སོང་།
མདོག་ནག་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ།།
པཱ་ལའི་གསུང་ལ་ཐེག་དམན་ཁོ་ན་སྟོན།།
སྦི་ཧར་ཐུགས་ལ་རང་དོན་ཞི་བདེར་དམིགས།།
ཤཀྱ་རིགས་གཙུག་གཏོར་ཅན་དེར་སྙིང་ནས་འདུད།།
ཁྱེད་ཀྱི་ཆོག་ཤེས་སྤྱོད་པའི་རིང་ལུགས་དང་།།
བདག་ཉིད་བདག་མགོན་ལྟ་བའི་གྲུབ་མཐའ་ཡིས།།
འཛམ་གླིང་སུམ་གཉིས་འགྲོ་བའི་བློ་མགུ་སྟེ།།
ཁྱོད་རྗེས་འཇུག་པའི་སློབ་འབངས་སྲིད་ན་མང་།།
ཨེ་མ་མཉམ་མེད་ཤཀྱའི་རྒྱལ་པོ་རྗེ།།
ཁྱོད་སྐུ་ཉི་མ་མ་ནུབ་དུས་ཀྱི་ཆར།།
ཐེག་དམན་ཐུབ་བསྟན་ཆོས་སྒོ་བརྒྱད་ཁྲི་པོ།།
ཕྱོགས་མཐར་རྒྱས་ཤིང་རྩོད་བྲལ་ཉིད་དུ་གནས།།
ཁྱོད་ཀྱི་སྐུ་ཚེའི་འདུ་བྱེད་སྟོང་ནས་བཟུང་།།
ཉེར་གནས་སློབ་མའི་ཚོགས་སུ་གཏོགས་པ་ཀུན།།
བཀའ་བསྡུར་མ་འཆམ་ང་ཁྱོད་ཐོབ་ཤོས་ཀྱིས།།
ཆོས་པས་ཆོས་དམག་རྒྱག་པའི་ཐོག་མར་ངེས།།
ཉན་ཐོས་མུ་སྟེགས་འདྲེས་པའི་རྩོད་གྲྭ་སྟེ།།
ན་ག་ལན་ཊིའི་བན་དེ་ཀླུ་སོགས་ཀྱིས།།
ཁམས་བརྒྱད་རྐུས་ནས་ཐེག་ཆེན་སྲོལ་བཏོད་སྐབས།།
ཉན་ཐོས་སྡེ་བས་རྒོལ་བའི་གཡུལ་འཁྲུགས་བཤམས།།
ཤིན་ཏུ་ཛ་དྲགས་ཆེ་བའི་གཡུལ་འགྱེེད་ཁྲོད།།
མཁས་པ་ཀླུ་ཡིས་ཁམས་ཆེན་པོ་ཏི་གཉིས།།
བསྒྱུར་འཕྲོ་ལྷགས་ཚེ་ཡུམ་གྱི་མཐའ་དུམ་འདི།།
ཀླུ་ཡུལ་ལུས་ཞེས་དགོད་བྲོའི་སྒྲུང་ཞིག་བརྩམས།།
སྐབས་དེར་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ།།
ཁ་དཔུང་བསྒྲིལ་ཏེ་ཀླུ་ཐོགས་རྣམ་གཉིས་ལ།།
རྒོལ་བའི་མཚོན་འཕྲུལ་སྐོར་བའི་གླེགས་བམ་སྟོང་།།
ཀླུ་ཡིས་རང་མཚང་གོ་ནས་ས་འོག་སྦས།།
རྒྱལ་བོ་སྲོང་བཙན་གྱི་མགོ་རུ་ལྷ་ཡོད་པ་དང། གླང་དར་མགོ་རུ་རྭ་ཡོད་པ་སོགས་བྲིས་པ་དང། དོན་དངོས་སུ་རྗེ་གུང་ཐང་བསྟན་པའི་སྒྲོན་མེས། སྡིག་ཅན་ཡིན་ཞེས་རྭ་ཅན་མི་འབྱུང་གི །ཞེས་གསུངས་ལྟར་ལྷ་དང་རྭ་གང་ཡོད་ཅི་ཆའང། བཤད་སྟངས་འདི་གཉིས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲི་སྟངས་དང། བདེ་སྡུག་གི་རྣམ་བཞག་དང། བོད་འབངས་མི་རྣམས་ཀྱི་སེམས་ཀྱི་འཁྱེར་ཚུལ་སོགས། རྒྱན་ཚིག་གིས་གསལ་བོ་མཚོན་ཐུབ་པ་དེ་རེད། གླང་དར་ནི། བོད་ཀྱི་བཙན་པོ་རྒྱལ་རབས་མགོ་རྟིང་སློག་མཁན། བདུག་རྩུབ་ཅན། ཆབ་སྲིད་ཀྱི་མིག་རྒྱང་མེད་པ། ཐབས་ལ་མི་མཁས་ཞིང། དོན་ལ་རྨོངས་བ། མི་ཚེ་ཆང་དང་སྡིག་ལས་ཁོ་ནར་རོལ་བ།བཙན་པོ་ལྷའི་གདུང་རྒྱུད་དེ། དུད་འགྲོ་བ་གླང་གཅིག་གིས་དབང་བསྒྱུར་ནས། རྒྱལ་སྲིད་རླུང་ལ་བསྐུར་པའི་ལོ་རྒྱུས་དེ་རེད་ཅེས་བརྗོད་འདོད་པ་བྱུང་། །
ནམ་རྒྱུན་མགོ་ནས་ཞྭ་ཕུད་པའི་ལོ་རྒྱུས་ནི་ཐུང་ཐུང་ཞིག་སྟེ་རྒྱལ་པོ་གླང་དར་གྱི་རྗེས་ནས་བྱུང་བ་ཞིག་རེད། དེ་ནི་རྒྱལ་པོ་གླང་དར་གྱི་མགོ་ལ་རྭ་ཡོད་པའི་བཤད་སྲོལ་ཞིག་གིས་ངའི་མགོ་ལ་རྭ་མེད་ཅེས་དག་ཕུད་པའི་ཕྱིར་དུ་རེད་ཅེས་ད་ལྟ་བཤད་རྒྱུན་ཞིག་འདུག དེ་ཡང་མི་ཆེན་དང་དཔོན་ཆེན་དག་གིས་མདུན་དུ་ལྟས་ངན་རིགས་དེ་འདྲ་མཐོང་མི་ཆོག་པའི་རྐྱེན་གྱིས་ཡིན་པ་འདྲ། ལྕེ་ནར་ཙམ་ནར་བྱས་པ་དེ་ཡང་གླང་དར་ནས་རྒྱུད་པ་ཞིག་རེད་ཟེར། གླང་དར་གྱི་ལྕེ་ནག་པོའི་ཞིག་ཡོད་ཚོད་འདུག་ལ་ངའི་ལྕེ་ནི་ཁོང་གི་ལྕེ་ལྟར་མིན་ ཞེས་དེ་ཡང་དག་ཕུད་པའི་ཆེད་དུ་རེད་ཟེར་བའི་བཤད་སྲོལ་ཞིག་འདུག་དེ་གཉིས་ནི་ཡིད་དུ་མི་འོང་བའི་མཚན་མ་ཞིག་ཡིན་ཕྱིར་ང་ལ་དེ་འདྲ་མེད་ཅེས་བཤད་པ་འདྲ། འདི་ཚང་མ་གླེང་གཞི་མེད་པ་ག་ལ་ཡིན། ཆོས་གྲོགས་བོན་པོ་ལགས།
སྤོབས་མཐའ་འདི་ཡི་སྐད་ཆ་རྣམས་ལ་དཔྱད་རིན་ཞིག་གང་ནས་ཡོད། ད་ཡང་ཁོས་ཆོས་ལུགས་ཞེན་ཁོག་གི་རུལ་དྲི་འཐུལ་ལེར་བཏང་ཡོང་གི་འདུག གཤེན་སྒྲུང་ཞང་སྒྲུང་རྐྱང་ཟེར་ནས། ད་ཆ་བོད་རང་གི་ཆབ་སྲིད་ནི་རླུང་ལ་སྐུར། དཔལ་འབྱོར་ནི་གཞན་བརྟེན་དུ་གྱུར། རང་དབང་ནི་རང་སྐྱོངས་སུ་འགྱུར། རང་གི་རིག་གཞུང་ནི་གང་ཡང་མེད། བོད་སྨན་ནི་རྒྱ་གར་གྱི་ཨ་ཡུ་ཝེར་ཊིག་ཏུ
བསྒྱུར་ད་ནི་གང་ཡང་མ་ལུས་པས་ལྟ་བ་རྟེན་འབྱུང་ཟེར་བ་དེ་འདི་ལྟ་བུ་ལ་གོ་བ་འདྲ། རང་གི་ལྟ་གྲུབ་ཐམས་ཅད་གཞན་གྱི་རིག་གཞུང་དུ་བསྒྱུར། དུས་རབས་བཅུ་པའི་གོང་དུ་བོན་ཡོད་མེད་ཏུན་ཧོང་གི་ཡིག་རྙིང་དུ་ལྟོས། ཞང་སྒྲུང་ཡིན་མིན་ཁྲི་སྲོང་སྲོངབཙན་གྱིས་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་ཚུལ་དང། དཔྱད་ཡིག་འདི་ནི་དཔྱད་ཡིག་ཐམས་ཅད་ལས་ཀྱང་ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་གྱིས་པའོ་་་ཞེས་པའི་ཏུན་ཧོང་གི་ཚིག་དེ་རང་ལ་སོམ། ང་ནི་ཆོས་ལུགས་ཀྱི་ཞེན་ཁོག་མེད་ཅིང་རང་ལུགས་ཡོད་ཅེས་རང་རིག་ཡོད་ཅེས་རང་ལུགས་ལ་ཞེན་པ་ཅན་ཅིག་དྲ་གྲོགས་ཅོ་རི་ལྟ་བུའི་ལྟ་བ་ཅན་ཅིག་ཡིན།
མཆན་མང་དྲགས་པས་ཚང་མར་ལྟ་ཐུབ་ཐབས་མི་འདུག གཤམ་གྱི་འདྲི་བ་འདི་དག་ལ་ལན་ཡག་པོ་ཞིག་འདེབས་ཐུབ་ན་ཁོང་གང་འདྲ་ཞིག་ཡིན་པའང་ཞོར་ལ་ཤེས་ནུས་པས་དེ་ལུགས་ཐུགས་འཇག་མཛོད།
༡ ཁྲི་དར་མ་ཨུ་དུམ་བཙན་ལ་(གླང་དར་མ་)ཞེས་པའི་ཐ་སྙད་འདི་བྱུང་བའི་ཡིག་ཆ་རྙིང་ཤོས་གང་ཡིན་ནམ།
༢ དེ་དང་ཕྱོགས་མཚུངས་ཁྲི་དར་མས་བསྟན་པ་སྣུབས་རབས་བཤད་པའི་ཡིག་ཆ་རྙིང་ཤོས་གང་ཡིན་ནམ།
༣ ཏུན་ཧུང་ཡིག་རྙིང་གི་ཁྲི་དར་མའི་བསྔོ་ཡིག་གྱི་ནང་དོན་ལ་ཚེ་སྟོད་ཚེ་སྨད་ཀྱི་འགྲེལ་བཤད་འདི་ལས་གཞན་ཅང་ཡོད་དམ།
ཨ་ལས། མགོ་ཞྭ་འཕུད་པ་དང་ལྕེ་ནར་ནར་བསྐྱངས་བ་སོགས་གླང་དར་ལ་སྦྱར་ནས་རྭ་ཅོ་དང་ལྕེ་ནག་མིན་ཚུལ་གྱི་འཆལ་གཏམ་དེ་དགོད་སྤྱད་ཅིག་མ་རེད་པས། རྒྱུ་མཚན་མགོ་ཞྭ་འཕུད་པ་དང་ལྕེ་བསྐྱོངས་བའི་ལམ་ལུགས་འདི་བླ་ཆེན་མི་ཆེན་དཔོན་ཆེན་ལ་ཚོའི་མདུན་དུ་བྱེད་པ་ལས་དམངས་ཕན་ཚུན་བྱེད་པའི་ལམ་ལུགས་ཞིག་ཕལ་ཆེར་མེད་པ་རེད། བྱས་ཙང་བོད་ཀྱི་སྲིད་དབང་སྒེར་འཛིན་ལམ་ལུགས་དང་ཆོས་ལུགས་དབང་བསྒྱུར་ལམ་ལུགས། བཀས་བཀོད་རྒྱུན་འཛིན་ལམ་ལུགས། དབང་ཆ་གཅིག་བསྡུས་ལམ་ལུགས། ཞིང་བྲན་ལམ་ལུགས་ཀྱི་འབངས་མི་སེར་གདུག་རྩུབ་རང་བཞིན་དང་ཁྲལ་དང་འུ་ལག་གིས་མནར་གཅོད་ཇི་ཙམ་བཏང་ཡོད་པ་མཚོན་པ་ཞིག་མ་རེད་པས། ཧ་ཧ།
མཆན་ཧ་ཅང་པོ་འདུག །བགྲོ་གླེང་ཡང་ཧ་ཅང་མང་པོ་གནང་འདུག །
མཆན་ ༡༩༢ བདེན་པོ་འདུག །རྒྱབ་སྐྱོར་ཡོད།
ཆན་194ལགས་བོད་ཀྱི་རྒྱལ་རབ་ཁུངས་གཏུག་ས་ཏུང་ཧུང་ཡིག་ཆ་ལས་གཞན་ཁུང་གཏུག་ས་་གང་མེད་པ་ཁ་མཚོན་བཅད་ནས་བཤད་ཐུབ་སོ་།།
གལ་སྲིད་དར་མའི་དབུ་ལ་རྭ་ཡོད་ན་ཡག་རྟགས་ལས་སྡུག་རྟགས་ཡིན་མི་སྲིད། གང་ཡིན་ཟེར་བྱ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཁྱུང་གི་དབུ་ལ་རྭ་ཡོད་པ་དང་། གཅན་གཟན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་འབྲུག་(ཡིག་རྙིང་འགའ་ལས་གཅན་གཟན་གྱི་གྲལ་དུ་བགྲང་ཡོད།)གི་དབུ་ལ་རྭ་ཡོད་པ། དེ་བཞིན་རྟ་ཡི་ནང་ནས་མཆོག་ཏུ་གྱུར་པ་གྱི་ལིང་རྟ་ཟེར་བ་ཞིག་གི་མགོ་ལ་རྭ་ཡོད་པ་བཅས་བཤད་སྲོལ་ཡོད། དེ་ག་ནང་བཞིན་ཞང་ཞུང་གི་རྒྱལ་པོ་རྣམས་ཀྱིས་ཆེ་རྟགས་ལ་ཞྭ་མོ་རྭ་ཅོ་ཡོད་མཁན་ཞིག་གོན་སྲོལ་ཡོད་པ་རེད། དེ་ལ་བྱ་རུ་ཟེར། བྱ་རུ་ཐོབ་པའི་རྒྱལ་པོ་ཟེར། ཐོབ་ཐང་གི་ཞྭ་མོ་རེད་འདུག
ཡང་དམོད་མོ་འཚོ་ནས་དམོད་ངན་ཞིག་བོར་འདུག། སྐབས་དོན་གྱི་བརྗོད་གཞི་ལྷ་ལུང་དཔལ་རྡོར་ཡི་གནམ་ལྕགས་ལྷ་མདས་གླང་དར་མའི་ཀླད་ཁྲག་གཏོར་ཚུལ་སྐོར་གླེང་སྐབས། སྨར་གཡོ་གཙང་གསུམ་གྱི་ལོ་རྒྱུས་ལ་མཁས་མདོག་འདྲ་ཞིག་བཤད། ད་བྱས་དུས་མདོ་སྨད་ཕྱོགས་ནས་འདུལ་བའི་བསྟན་པ་སྤེལ་མཁན་ཁོང་རྣམས་གསུམ་མ་ཡིན་པར་བོན་པོ་ཞིག་ཡིན་རབས་བཤད། དཔེ་ལོག་ག་འདྲ་ཞིག་ལ་བལྟས་ནས་གོ་ལོག་དེ་འདྲ་ཞིག་བརྙེས་བྱུང་མོ་རེ། དཔེ་ལོག་དེ་གང་རེད་བཤད་ཤོག་དངསྐད་ཆ་ཡོང། ཚིག་གི་སྨྲ་བསམ་བརྗོད་མེད་དང་གནས་ལུགས་རྟོགས་པའི་སྨྲ་བསམ་བརྗོད་མེད་གཉིས་ལ་ཁྱད་པར་གནམ་ས་ཡོད་པས་རེ་ཞིག་ཁྱོད་ཀྱི་སྤྱོད་ཡུལ་མ་ཡིན་པས་ངས་ཀྱང་དོན་དམ་བདེན་པའི་སྐོར་བཤད་གིས་མིན། དཔེར་ན་སྣོད་ཁ་སྦུབས་ལ་ཆུ་བླུགས་པ་བཞིན་ནོ།
ས་སྐྱ་པན་ཆེན་གྱིས་རང་གི་ཨ་ཁུ་གྲགས་པ་རྒྱལ་མཚན་མི་དམྱེས་བཞིན་དུ་་་་ཁ་ཆེ་པན་ཆེན་ལས་འདུལ་སྡོམ་ཞུས་པ
དེ་ཡིས་གང་མཚོན་པ་རེད་ཟེར་ན། པཎ་ཊི་ཏ་མཁས་པས་དང་པོ་ནས་ཤེས་པ་ལ་་་་བོད་ཀྱི་འདུལ་རྒྱུད་དེ་རྒྱ་གར་ནས་བྱུང་བ་མིན་པ་བོན་ལ་གཏུག་པའི་རྒྱུ་མཚན་གྱིས་རེད་ཟེར་ནས་བཤད་མཁན་འདུག་དེ་ལ་མི་བདེན་རྒྱུའང་མི་འདུག
རྒྱལ་གཅེས་ལྷག་བསམ་འབྲས་བུ་མ་སྨིན་པར།།
ལྷ་སྒྲུང་ཡ་མ་གཟུགས་ཀྱིས་ལུས་པོ་བཅིངས།།
གཞན་བཅོལ་བློ་ཡི་རང་ཚུགས་དམ་བཅའ་གཏོར།།
རྨོངས་དད་སྟུག་པོས་རྣམ་དཔྱོད་བཙོན་དུ་བཅུག།།
# 142 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
October 29th, 2014 at 10:30 AM
ཀརྡོ་་་ཁྱོད་སྨྱོན་པ་རེད་འདུག་ག ཅོ་རི་བོན་པོ་རེད་ཟེར་ནས་ཚིག་ཐག་ཆོད་པོ་དེ་འདྲ་བཤད་ཕོག་པར་ཡ་མཚན་རེད་བ། ང་ནི་དགེ་ལུགས་པའི་གྲྭ་ལོག་ཞིག་ཡིན།
སྤོབས་མཐའ་ཡ། ཏུན་ཧུང་ཡིག་རྙིང་ལས་གཉའ་ཁྲི་བཙནད་པོའི་སྐོར་ལ་ཡག་པོ་ཞིག་གཟིགས་རོགས། དེར་བོན་དང་བོན་པོ་ཟེར་བ་མ་མཐའ་ཡང་སྐབས་དེར་ཡོད་པ་གསལ་སྟོན་བྱས་འདུག ཡང་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་སུ་བྲིས་པའི་ས་ཁྲའི་ཐོག་ཏུ་ཞང་ཞུང་ཆེ་ཆུང་གི་ས་དབྱིབས་གསལ་པོར་བྲིས་པའི་མ་ཚད་ཐང་ཡིག་ཏུའང་ཞང་ཞུང་གི་སྐད་ཆ་ཐེངས་མང་པོར་བྱུང་བའང་མ་མཐོང་བ་མིན་ལས་ཆེ། བོན་ལ་སྡང་ནས་སྙིང་ཁ་རུ་ཐོན་ལ་ཁད་བྱེད་ཀྱི་ཡོད་པ་ཁག་མེད་ནའང་ཐང་མོད་སྐུལ་འདེབས་འདི་འདྲ་བྱས་པས་རང་མདོག་ནག་ཏུ་འགྲོ་བ་ལས་བོན་པོ་ཐུང་དུ་འགྲོ་རྒྱུ་ཞིག་ག་ལ་ཡོད། དེ་བས་སེམས་ལྷོད་ལ་ཕོབས། བོན་ལ་ཅི་ཙམ་སྡང་རུང་ལོ་རྒྱུས་ལ་སྡང་ཟུག་མ་བྱེད།
ཁྲི་དར་མ་བསྟན་བཤིག་ཅིག་དང་བླུན་རྒན་ཞིག་ཡིན་པའི་རྒྱབ་རྟེན་ལ་ཡིག་ཆ་གསར་པ་འབའ་ཞིག་བགྲང་བསྡད་པས་ཅི་ཕེར། མཁར་རྨེའུ་ཡིས་བགྲང་བའི་ཡིག་ཆ་རྙིང་པ་དེ་དག་ལས་སྔ་བའམ་ཡང་ན་དུས་མཉམ་པའི་དཔེ་ཆ་ཞིག་རྒྱབ་རྟེན་དུ་འདྲེན་རྒྱུ་ཡོད་ན་ང་ཚོས་ཁྲི་དར་མའི་སྐུ་ཚེ་སྟོད་སྨད་ཀྱི་འགྱུར་འགྲོས་ཟེར་བའི་སྐད་ཆ་ཞིག་བཤད་ཆོག་པ་འདུག འོན་ཀྱང་ཁྲི་དར་མའི་བསྔོ་ཡིག་ལ་དོ་བའི་དཔེ་ཆ་ཁྱི་ལྕེ་ཙམ་ཡང་འདྲེན་རྒྱུ་མེད་ན་སྐད་ཆ་ཡམ་ཡམ་དེ་ཚོ་རྒྱང་སྒྲོག་བརྒྱ་ཕྲག་གིས་དུས་གཅིག་ཏུ་བསྒྲག་ཀྱང་ཁུངས་བཙན་དུ་འགྲོ་རྒྱུ་ཞིག་མེད་དོ།
བོད་ཀྱི་ཆོས་དཔོན་ཁག་གི་ཕོག་ཐོབ་སྐོར་ནི། “དེ་ནས་ཆོས་དཔོན་རེ་ལ་ལོ་རེ་ལ་ནས་ཁལ་བདུན་ཅུ་རྩ་ལྔ། ན་བཟའ་དགུ་ཕྲུག་རེ་རེ། སྤོད་མར་སྲང་སྟོང་གཅིག་བརྒྱ། ཆིབས་འོག་ཐེག་རྟ་རེ། ཤོག་བུ་དེབ་བཅུ་བཞི། སྣག་ཚ་ཡུག་གསུམ། ལན་ཚྭ་ཟད་མེད། མཆིམས་ཕུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ལྔ་བཅུ་རྩ་ལྔ། སྤོད་མར་སྲང་བརྒྱད་བརྒྱ་རེ། ན་བཟའ་དྲུག་ཕྲུག་རེ། མཚམས་ཀྱི་བན་དེ་རང་ཁ་རྣམས་ལ། ཉས་ཁལ་བརྒྱད་བརྒྱད། ཤོག་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་དཔོན་གྱི་གཉེར་པ་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ཉི་ཤུ་རྩ་ལྔ་ལྔ། གོས་སུམ་ཕྲུག་རེ་རེ།”ཞེས་གསལ། ཆོས་འབྱུང་སྦྲང་རྩི་སྙིང་པོའི་བཅུད་ལས་བཤུས།
རྒྱལ་སྤྱིའི་ཁྲིམས་ལུགས་གཞིེར་བཟུང་འུ་དུམ་བཙན་པོ་སྲོག་ཁྲིམས་དང་དཔལ་རྡོར་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་སོང་།
ད་ཁོང་གཉིས་ཀྱི་འདྲ་གཟུགས་རེ་རྒྱལ་སྤྱི་ཁྲིམས་ཁང་དུ་འགྱོགས་པར་བསྐྱལ་དགོས་པའི་བཀའ་རྒྱ་ཁོངས་མི་སོ་སོར་བཏང་ཟིན་འདུག་་
དངོས་གནས་བྱས་ན་དགེ་ལུགས་པའི་བསྟན་པ་རྗེས་སུ་དར་བས། ནང་བསྟན་ཕྱུག་ཤོས་ཅིག་ཆགས་དགོས་ཚོད་ལ། དགེ་ལྡན་པས་བོན་ཆོས་རྒྱུས་མེད་ན། དིང་སང་གི་བོན་པོ་འགས་ནང་བསྟན་ཆོས་བརྒྱུད་བཞི་ཀར་རྒྱུས་ཡོད་བྱུང་བ་དག ཆོས་བརྒྱུད་ཕྱུག་ཤོས་ཅིག་ལ་འགྱུར་བཞིན་ཡོད། དར་མར་ཞེན་ཆེ་བའི་བོན་གཟུགས་འགའ་ལ་དགག་པ་ཚ་དྲག་པོ་བྱས་པའི་འགྱོད་བཤགས་ཀྱི་ཚུལ་དུ་འདི་ཕུལ་བའོ།། །།
དངོས་གནས་བྱས་ན་དགེ་ལུགས་པའི་བསྟན་པ་རྗེས་སུ་དར་བས། ནང་བསྟན་ཕྱུག་ཤོས་ཅིག་ཆགས་དགོས་ཚོད་ལ། དགེ་ལྡན་པས་བོན་ཆོས་རྒྱུས་མེད་ན། དིང་སང་གི་བོན་པོ་འགས་ནང་བསྟན་ཆོས་བརྒྱུད་བཞི་ཀར་རྒྱུས་ཡོད་བྱུང་བ་དག ཆོས་བརྒྱུད་ཕྱུག་ཤོས་ཅིག་ལ་འགྱུར་བཞིན་ཡོད། དར་མར་ཞེན་ཆེ་བའི་བོན་གཟུགས་འགའ་ལ་དགག་པ་ཚ་དྲག་པོ་བྱས་པའི་འགྱོད་བཤགས་ཀྱི་ཚུལ་དུ་འདི་ཕུལ་བའོ།། །།
ལན་མ་གཉིས་བསྣུན་ཐལ་ཤོར་འདུག་པས། དྲྭ་བདག་ལགས་སུའང་དགོངས་དག་ཞུའོ།།
དགེ་སློང་མི་བསད་མཁན་འདིའི་ལོ་རྒྱུས་མི་གསལ་བལྟ་ཡ་གང་ཡང་མི་འདུག
ཁྱེད་རང་ཚོའི་རྣམ་རྟོག་དེ་རྙེད་ན་མ་གཏོགས། དར་མར་ཞེན་ཆེ་བའི་བོན་གཟུགས་ཤིག་ཕལ་ཆེར་ས་སྟེང་འདི་ན་རྙེད་པར་དཀའ། འོན་ཀྱང་དར་མ་མཆོག་བོད་བཙན་པོའི་གདུང་བརྒྱུད་ཀྱི་རྒྱལ་རབས་འཁྲུལ་བ་མེད་པ་ཞིག་ཡིན་པའི་ཆ་ནས་ཁོང་ལ་གུས་ཞབས་ནི་ལོས་བྱེད་ཆོག བོད་རྒྱལ་ཁབ་སིལ་བུར་འཐོར་དགོས་པའི་ཉེ་བའི་རྒྱུ་རྐྱེན་དེ་སུ་དང་སུ་ལ་ཐུག་ཡོད་མེད་ཀྱི་སྐད་ཆ་རེད་མ་གཏོགས། གཞན་གཡོ་སྒྱུ་གང་བྱུང་དུ་འཁྲབ་ནས་རང་སྐྱོན་རི་བོའི་གཏོས་དང་འདྲ་བ་དེ་གཞན་གྱི་ཐོག་ལ་འགེབ་ས་ཡོད་མེད་ལྟ་མ་ཡོང་ཨ། །