*འོད་ཟེར་པོད་ཁུག་ལས་བསྒྱུར།*
ནགས་ཤོད་སད་མི།
བོད་ལྗོངས་གསོ་རིག་སློབ་གླིང་སློབ་ཐོན་སློབ་མ་བརྒྱ་ཁ་ལྷག་ཅིག་གིས་བོད་རང་སྐྱོང་ལྗོངས་སྒོ་ཁ་ནས་ངག་
བཅད་ངོ་རྒོལ་བྱས་འདུག བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་ཐོན་སློབ་མར་རེབ་གཉིས་པའི་གཞུང་ལས་པ་ཡར་བསྡུའི་གྲངས་འབོར་ཆེས་ཉུང་བས་2010 ལོའི་ཟླ་བ 9 པའི་ཚེས 2 ཕྱི་དྲོ་ཆུ་ཚོད 4 པར་སློབ་མ་ཚོས་རྒྱལ་དར་ཆུང་ཆུང་ཞིག་ཐོགས་ཏེ་ལྗོངས་མི་དམངས་སྲིད་གཞུང་གི་སྒོ་ཆེན་འགྲམ་ནས་ངོ་རྒོལ་བྱས་འདུག 2010 ལོའི་ཟླ་བ 8པའི་ཚེས 31 ཉིན། འདི་ལོའི་གཞུང་ཞབས་ལས་མི་ཡར་བསྡུའི་མིང་གཞུང་ཕྱིར་བསྒྲགས་བྱས་རྗེས། ལོ་འདིར་ཁོང་ཚོའི་སློབ་གྲྭར་གསོ་རིག་ཆེད་སྦྱོང་ཐུབ་པའི་བོད་ཀྱི་ལྷ་རྗེ 17% ལས་བསྡུ་འཆར་མེད་པ་དང་། 83% གྱི་གསོ་རིག་སློབ་མའི་མིང་གཞུང་མར་ཟགས་ཡོད་པ་རེད། དོན་འདི་མི་ལོ་ལྔ་ཏག་ཏག་སློབ་ཆེན་འགྲིམས་པའི་ཁོང་ཚོར་འདྲ་སྙོམ་བྱུང་མེད་པས་ཁོང་ཚོས་དེ་དོན་གོང་རིམ་ལ་ཡར་ཞུ་བྱས། གནད་དོན་འདིས་ཟླ་བ 9 པའི་ཚེས 1 ནས་བོད་ལྗོངས་གསོ་རིག་སློབ་མ་རྣམས་མཉམ་སྡེབ་ཀྱིས་སློབ་གྲྭའི་དབུ་ཁྲིད་དང་། རྩ་འཛུགས་པུའུ། འཕྲོད་བསྟེན་ཐིང་བཅས་ལ་ཞུ་གཏུག་བྱས་ཀྱང་ཚོགས་འདུ་འཚོགས་ནས་སེམས་གསོའི་རྣམ་པ་ལྟ་བུས་རྒྱལ་ཁབ་ཀྱིས་ཁྱེད་ཚོར་ལས་མེད་དུ་འཇོག་མི་སྲིད་ཟེར་བ་ཙམ་ལས་དོན་དངོས་ཀྱི་མིང་གཞུང་སྤར་སྣོན་ཅི་ཡང་བྱས་མེད། ཟླ་བ 9 པའི་ཚེས 2 ཕྱི་དྲོ་སློབ་མ་བརྒྱ་ལྷག་མཉམ་འདུས་ཀྱིས་འཕྲེད་དར་དཔྱངས་པ་དང་། ལག་ཏུ་རྒྱལ་དར་ཆུང་ཆུང་འགའ་ཁྱེར་ནས་བོད་ལྗོངས་མི་དམངས་སྲིད་གཞུང་གི་སྒོ་ཆེན་འགྲམ་དུ་ཁྲོམ་སྐོར་བྱས་འདུག དེ་དོན་གཤམ་གྱི་འདྲ་པར་དག་ལ་གཟིགས།
གསོ་རིག་སློབ་མ་འདི་ཚོས་ལྗོངས་མི་དམངས་སྲིད་གྱི་སྒོ་ཁ་ནས་དཔྱངས་དར་དང་རྒྱལ་དར་ཐོགས་ནས་ཁུ་སིམ་སིམ་གྱིས་སྲིད་གཞུང་གི་ཨ་ལན་སྒུག་འདུག
…….
ཉེན་རྟོག་པ་མྱུར་སྟབས་ཀྱིས་སླེབས་བྱུང་། འཕྲེད་དར་ཕྲོགས་ཚར་སོང་། ལམ་འགྲོ་བ་ཚོས་མཐའ་ནས་བཏུམས་ཡོད།
….. ཡུད་ཙམ་ནས་ཉེན་རྟོག་མི་སྣས་བཙན་དབང་གིས་སློབ་མ་ཚོ་ཞུ་གཏུག་སྣེ་ལེན་ཁང་དུ་དེད།
ཁྲོམ་སྐོར་བའི་གྲལ་སྣེ་དང་། ལྗོངས་མི་དམངས་སྲིད་གཞུང་རྒྱལ་སྒོ
གྱོན་གོས་ནག་པོ་ཅན་གྱི་ཉེན་རྟོག་པས་ཁྲོམ་སྐོར་བའི་སློབ་མ་ཚོ་འཕུད་བཞིན་འདུག
ལྗོངས་མི་དམངས་སྲིད་གཞུང་གི་ཞུ་གཏུག་ཁང་དུ་འཛུལ་བཞིན་པ་དང་། འདིར་སློབ་གྲྭའི་མགོ་ཁྲིད་དང་རྩ་འཛུགས་པུའུ་ཡི་འགན་འཁུར་མི་སྣ། གཞུང་ལས་པའི་འགན་འཁུར་བ། ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་རེན་བཅས་འབྱོར་སོང་། གཅིག་བྱས་ན་ནུས་པ་འདྲ་ཐོན་བཟོ་འདུག
བོད་དུ་ཁྲོམ་སྐོར་འགྲོ་རྒྱུར་ཚོར་བ་ཧ་ཅང་རྣོ་བས་སློབ་མ་འགའ་ཤས་སེམས་དོགས་ཀྱིས་གདོང་པ་སྦར་མོས་བཀབ་བྱུང་། སློབ་མ་འདི་ཚོ་སྔར་གྱི་སློབ་མའི་ཁྱུ་ཚོགས་དང་མཉམ་དུ་ནང་ལ་འཛུལ་མ་ཕོད་པ་ཚོ་རེད། ཨ་ཅང་ཅང་ནང་དུ་འཛུལ་མ་འཛུལ་ནི་སོ་སོའི་རང་དབང་ཡིན་དང་ཡིན། ཡིན་ནའང་། སློབ་ཆེན་པ་ཞིག་གི་ངོས་ནས་བསམས་ན། གང་ཞིག་ཁྲིམས་དང་མཐུན་མི་མཐུན་བསམས་གཞིགས་བྱ་ཐུབ་དགོས ཕངས་པ་ཞིག་ལ་སྨོབ་མ་ཁ་ཤས་དོགས་པ་སྣ་ཚོགས་སྐྱེ་བཞིན་འདུག
བོད་རིགས་སློབ་མ་གཞུང་ཞབས་པར་ཚུད་པ་ཆེས་ཉུང་བར་བཤད།
དེ་དག་གི་ཁྲོད་དུ་ང་རང་གི་སློབ་གྲོགས་ཤིག་ཀྱང་ཡོད།
བོད་རང་སྐྱོང་ལྗོངས་སུ་ད་ལོར་སྐོར་དང་པོའི་གཞུང་ཞབས་འབྲི་རྒྱུགས་བཏང་བར་སྐར་གྲངས་ཆེས་མཐོ་བ་ལྔ་བཅུ་ཡོད་པ་ལས་བོད་པའི་མིང་གཅིག་མ་གཏོགས་ཐོན་མི་འདུག་ཟེར།