བསེ་རུ།
ལྷ་ས་གཞིས་ཀ་རྩེ།
ལྷ་ས་ཀོང་པོ།
ལྷ་ས་འཕན་པོ།
ལྷ་ས་ནག་ཆུ།
ལྷ་ས་མལ་དྲོ་གུང་དཀར།
ལྷ་ས་ངམ་རིངས།
ལྷ་ས་རྩེད་ཐང་།
ད་དུང་དགོད་བྲོ་བ་ཞིག་ལ་ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་ལྟ་བུའི་ཐ་སྙད་འདི་རིགས་བེད་སྤྱོད་གཏོང་སྟངས་ལ་ཐུགས་བསམ་ནན་པོ་བཞེས་དགོས་འདུག དྲ་ངོས་འདིའི་གསར་འགོད་པ་ཨ་མདོ་བ་ཡིན་སྟབས། ཨ ་མདོ་བའི་དམངས་ཁྲོད་ནང་དབུས་གཙང་ཡོད་ཚད་ལ་ལྷ་ས་ཞེས་འབོད་སྲོལ་ཡོད་མེད་ཞིབ་ཕྲ་མ་ཤེས་ཀྱང་། འདི་ལྟར་ངག་ནས་འབོད་ཀྱི་ཡོད་དབང་དུ་བཏང་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡིག་ཐོག་ལ་འ དི་ལྟར་བཀོད་ཚེ། ནམ་ཞིག་དབུས་གཙང་གི་ས་ཕྱོགས་ཚང་མའི་མིང་ཟུར་དུ་ལྷ་ས་ཞེས་སྦྱར་དགོས་ཐུག་གི་རེད།དེ་ནི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས། ས་བབ་ཆགས་སྟངས་སོགས་གང་ནས་བལྟས་ཀྱང་མི་འབྱོར་བཞིན་དུ་བཙན་གྱིས་སྦྱར་བ་ལྟ་བུར་འགྱུར་ངེས་པས། དེ་ལྟར་སྦྱོར་བར་དགོས་པ་དང་དགེ་མཚན་ཡང་དེ་ཙམ་མེད། དེ་ནི་སྔར་སྲོལ་ལྟར་ལྷ་སར་ལྷ་ས་ཞེས་འབོད་དགོས་པ་ལས། དེའི་ཉེ་འབྲེལ་གྱི་ས་གནས་ཡོད་ཚད་ལ་ལྷ་ས་ཞེས་འབོད་ན་དེ་ཡང་ཏག་ཏག་སྡོད་ཀྱི་འདུག་གམ། གསར་འགྱུར་བརྒྱུད་ལམ་ནི་ཐ་སྙད་དམ་བརྡ་ཆད་ཁྱབ་སྤེལ་བྱེད་མཁན་གྱི་ནུས་པ་ཆེ་ཤོས་དེ་ཡིན་སྟབས། ཐ་སྙད་ཚད་ལྡན་དང་སྤྱི་ཡོངས་ཀྱིས་མོས་མཐུན་བྱེད་པ་ཞིག་ཡིན་ན་འཐུས་ལ། དེ་ལྟར་མ་ཡིན་པར་ཐ་སྙད་གོང་སྨྲོས་ལྟ་བུའི་རིགས་བེད་སྤྱོད་གཏོང་སྐབས། སྤྱི་ཡོངས་ནས་གཟིགས་དགོས་པ་ལས། རང་གི་ངག་ལ་གང་ཐོན་ཐོན་བེད་སྤྱོད་གནང་ན་དེ་ཡང་ཅུང་འགྲིག་གི་ཨེ་ཡོད་སྙམ། ལྷག་པར་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགྱུར་ནི་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུར་འགྱུར་ངེས་ལ་བརྟེན། འདི་ནས་ལོ་བརྒྱའི་རྗེས་ཀྱི་མི་རབས་དེ་ཚོར་ལྷག་པར་ཡུལ་མིང་བེད་སྤྱོད་གཏོང་སྟངས་འདི་རིགས་ཀྱིས་དཀའ་ངལ་འཕར་མ་ཞིག་འཕྲད་ངེས་རེད། ད་ དུང་རྒྱ་མི་བོད་དུ་སླེབས་རྗེས་སྔར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དུ་འཁོད་ པའི་ས་མིང་མང་པོ་ཞིག་རྒྱ་ཡི་གྲོང་ཁྱེར་སོགས་ཀྱི་མིང་དུ་བསྒྱུར་དང་སྒྱུར་ བཞིན་པའི་གནས་ཚུལ་དེ་ཚོས་ཀྱང་སྔར་གྱི་ས་མིང་རྙིང་པ་དེ་ཚོ་རྒྱང་འབུད་བཏང་བ་ ཙམ་མ་ཟད། ས་ཆ་དེ་ཚོ་ངོས་བཟུང་རྒྱུར་ཡང་དཀའ་ངལ་མི་འཕྲད་པའི་ངེས་པ་མེད་པར་གྱུར་ཡོད། དེ་ཚོར་ཡང་ཐུགས་བསམ་བཞེས་དགོས་མི་འདུག་གམ། འདི་ནི་ལྷ་ས་ཞེས་པའི་ཐ་སྙད་འདི་བེད་སྤྱོད་གཏོང་སྟངས་ཀྱི་ཐད་ལ་ཅུང་ཐལ་ཆེ་དྲགས་པའམ་སྣང་མེད་དུ་ཤོར་བ། ཡང་ན་བསམ་བཞིན་དུ་སྦྱོར་བ་ཇི་ལྟར་ཡིན་རུང་ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་བཀོད་ཟིན་པ་རེད། གནད་དོན་ཆུང་ཆུང་འདི་རིགས་ཀྱང་ང་ཚོས་བསམ་བློ་གཏོང་རིན་ཡོད་ལ། བསམ་བློ་གཏོང་དགོས་ངེས་ཤིག་ཀྱང་རེད། བཤད་སྟངས་འགྲིག་ཀྱང་རུང་མི་འགྲིག་ཀྱང་རུང་། གང་ལྟར་གནད་དོན་འདི་ང་མི་ཆུང་ཆུང་ཞིག་གིས་མཐོང་བའི་མཐོང་སྣང་ཞིག་དང་། ཐ་སྙད་ཆུང་ཆུང་ཞིག་གི་སྣེ་མོ་ལ་ཉེན་ཁ་ཡང་ཆེན་པོ་ཞིག་མེད་དམ་བསམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཡང་ཡིན།།
བསམ་ཚུལ་འདི་དེ་རིང་ཟིན་བྲིས་སུ་སྤེལ་རྗེས། དྲ་གྲོགས་ཚོས་མཆན་བུ་ཁག་ཅིག་བཏབ་འདུག་པས་འདིར་དྲངས་པ་ཡིན།
བསེ་རུས།
གཉའ་འབྲོང་ཐུ་བུ།
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། བསེ་རུ་ལགས། འདི་སྐོར་ས་གནས་དེ་དང་དེའི་མི་མང་གིས་བཤད་ཚུལ་ལྟར་འབྲི་དགོས་པ་གལ་ཆེན་པོ་རེད། ཨ་མདོ་ནས་དབུས་གཙང་གི་ཕྱོགས་ཡོང་ལ་ལྷ་ས་ཟེར་གྱི་འདུག དབུས་གཙང་བས་ཨ་མདོ་ཟེར་བ་དང་ཨ་མདོ་བས་ལྷ་ས་ཟེར་བ་གཉིས་གོ་ཚུལ་ལ་ཁྱབ་ཆེ་ཆུང་མེད་པ་འདྲ་ཞིག་རེད། དངོས་གནས་བཤད་ན་དབུས་གཙང་དང་ལྷ་སའི་མིང་གཉིས་ཁྱབ་ཆེ་ཆུང་གི་སྟེང་ནས་བརྗེ་བོ་རྒྱག་དགོས་པ་འདྲ་ཞིག་ཆགས་ཡོད་ས་རེད།
ཕུན་ཚོགས །
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། དབུས་གཙང་ལྷོ་ཁ་དང་། དབུས་གཙང་གཤིས་རྩེ།་དབུས་གཙང་མངའ་རིས་སོགས་ཟེར་རྒྱུ་རེད་དམ། དེ་ཡང་ལོ་རྒྱུས་དང་སྦྱར་ན་ཏག་ཏག་ཅིག་སྡོད་ཀྱིན་ཡོད་ན།
དབུས་ཕྲུག་ཚེ་རིང་།
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། གྲོགས་པོ་གང་ནས་ཡིན་ནམ། རྒྱ་གར་ནས་ཡིན། རྒྱ་གར་གང་ནས་ཡིན། རྒྱ་གར་ལྡི་ལི་ནས་ཡིན། ལྡི་ལི་གང་ནས་ཡིན། ལྡི་ལི་ཧི་མ་ཅལ་ནས་ཡིན། ཧི་མ་ཅལ་གང་ནས་ཡིན། ཧི་མ་ཅལ་རྡ་ས་ནས་ཡིན། སྐོར་བ་གཅིག་མ་བདེ་བ་དང་འཁྲུགས་པ་འདྲ། དེ་མཚམས་གང་ནས་རེད་དམ།
ཁྱེད་གང་ནས་ཡིན། ང་ལྷ་ས་ནས་ཡིན། ལྷ་ས་གང་ནས་ཡིན། ལྷ་ས་ཆབ་མདོ་ནས་ཡིན། ཧ་ཧ་ཧ། དེ་ཡང་འགྲིགས་མ་སོང་།
ཁོང་གང་ནས་རེད། ཁོང་གཙང་ནས་རེད། གཙང་གང་ནས་རེད། གཙང་བཞད་ནས་རེད། ཡ་ཡ་ད་དེས་འཐུས་པར་བྱས།
བསེ་རུ།
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། ཨ་མདོ་ནི་བོད་ཆོལ་ཁ་གསུམ་གྲངས་འདྲེན་བྱེད་སྐབས་ཀྱི་རྩ་བའི་མིང་གཅིག་རེད། དེའི་ཁྱབ་ཁོངས་ཀྱི་མི་ཞིག་ལ་དྲི་བ་དྲིས་ན་འདི་འདྲ་ལབ་དགོས་པ་དེ་བདེན་པ་རེད།
འོན་ཀྱང་། ལྷ་ས་ཞེས་པའི་ཐ་སྙད་དེ་ཁྱེད་ཀྱིས་དཔེ་དྲངས་པ་བཞིན་དབུས་གཙང་གི་ས་གནས་ཁག་གི་མིས་ཁ་ནས་མི་ཐོན་པ་ལྟ་བུ་རེད། དཔེར་ན། ལྷོ་ཁ་ནས་ཡིན་པའི་མི་ཞིག་དང་། ཀོང་པོ་ནས་ཡིན་པའི་མི་ཞིག མལ་དྲོ་ནས་ཡིན་པའི་མི་ཞིག གཞིས་ཀ་རྩེ་ནས་ཡིན་པའི་མི་ཞིག ངམ་རིངས་ནས་ཡིན་པའི་མི་ཞིག་བཅས་སོ་སོར་སྐད་ཆ་དྲིས་དང་། ཁྱེད་ག་ནས་ཡིན་ནམ་ཞེས་དྲིས་ན། ང་ལྷ་ས་ལྷོ་ཁ་ནས་ཡིན། ང་ལྷ་ས་ཀོང་པོ་ནས་ཡིན། ང་ལྷ་ས་མལ་དྲོ་ནས་ཡིན། ང་ལྷ་ས་གཞིས་ཀ་རྩེ་ནས་ཡིན། ང་ལྷ་ས་ངམ་རིངས་ནས་ཡིན་ཟེར་མཁན་ཞིག་གི་མི་རྙེད་ཀྱི་མ་རེད། ངག་ནས་ཀྱང་འདོན་ཐུབ་ཐབས་ཡོད་པ་མ་རེད། ཁྱེད་རང་ཚོད་ལྟ་ཞིག་དང་བྱོས་དང་། འདི་ཚོ་གནད་དོན་ཆུང་ཆུང་རེད་དམ།
གཅན་བཟོད་རྒྱམ།
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས། ང་ཡང་ཨ་མདོ་ནས་ཡིན། ཨ་མདོ་ག་བ་ནས་ཡིན། ཨ་མདོ་མཚོ་སྔོན་ནས་ཡིན། མཚོ་སྔོན་ག་བ་ནས་ཡིན། མཚོ་སྔོན་གཅན་ཚ་ནས་ཡིན། གཅན་ཚ་ག་བ་ནས་ཡིན། གཅན་ཚ་ཚོ་དྲུག་ནས་ཡིན། ཚོ་དྲུག་ག་བ་ནས་ཡིན། ཚོ་དྲུག་ཚོ་བྱུང་ནས་ཡིན། ཚོ་བྱུང་ག་བ་ནས་ཡིན། ཚོ་བྱུང་རྒྱལ་པོ་ཚང་གི་ཡིན་ཡ་ད། འདི་མོ་བཤད་སྲོལ་ཁྱོད་ཚོར་ཡང་ཡོད་ཀི་མོ། ཧ་ཧ་ཧ།
རྩེད་མོ་ཡིན། ཁྱོད་བདེན་པ་རེད། ཡིག་ཐོག་ལ་འབྲི་དུས་དང་ཁ་ནས་བཤད་དུས་རྦད་དེ་ལོག་ཀ་ཡིན་པ་བོད་སྐད་ཡིག་གི་ཁྱད་ཆོས་ཡོན་ན་མེད་ན་དེ་རེད།
བསེ་རུ་ཟེར་བ་འདིས་ཚིག་ཆུང་ཆུང་ཞིག་ལ་འཇུས་ནས་དོན་དག་ཆེན་པོ་ཞིག་གླེང་ཡོང་འདུག
དྲ་གྲོགས་ཚོས་ཀྱང་དངོས་གནས་ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་ཟེར་ན་འགྲིག་མིན་ཐད་དགོངས་ཚུལ་གསུངས་དང་།
ཡིག་ཐོག་ལ་འདི་འདྲ་བྲིས་པ་བཙན་བྱོལ་ནང་ནས་མང་པོ་མཐོང་གི་འདུག
བོད་ནང་འདི་ལྟར་བེད་སྤྱོད་གནང་མཁན་ཡོད་དམ།།
ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་ཟེར་ན་མི་འགྲིག་ཁོ་ཐག་ཡིན། ཡུམ་དུམ་པ།
ཨ་མདོ་བ་ཚོས་དབུས་གཙང་གཉིས་ལས། དབུས་ཁུལ་ཡོངས་ལ། ལྷ་སའི་མིང་ནས་དྲངས་ཡོང་བ་འདི་སྐྱོན་གཅིག་རེད། འདི་་ནི་བླ་བྲང་གི་རྨ་ཆུ་དང། སྐུ་འབུམ་གྱི་རེབ་གོང་ལབ་པ་འདྲ་བོ་རེད། དེ་ལས་ཀྱང་སྐྱོན་ཆེ་བ་ཞིག་ནི། མདོ་སྨད་པ་མང་པོ་ཞིག་གིས། མདོ་སྨད་ནས་ཐད་ཀར་དབུས་ཀྱི་ཉི་མ་ལྷ་སར་རླངས་འཁོར་རམ་མེ་འཁོར། གནམ་གྲུ་གང་རུང་དུ་བསྡད་དེ་བསྐྱོད། ལྷ་སར་ཉི་མ་ཁ་ཤས་བསྡད་པའི་མཐོང་ཚུལ་དེ། དབུས་གཙང་ཡོངས་ལ་སྦྱར་གྱི་ཡོད་པ་དེ་རེད། ཊོ་རོན་ཊོ་ལ་གྲོགས་པོ་ཨ་མདོ་ཁ་ཤས་ཡོད། ཁོང་ཚོ་དང་གླེང་མོ་བྱེད་དུས། ཁོང་ཚོས་རྟག་པར་དབུས་གཙང་གི་མི་འདི་འདྲ་རེད། ལུགས་སྲོལ་འདི་འདྲ་རེད། གོམས་གཤིས་འདི་འདྲ་རེད། བཟའ་སྟངས་འདི་འདྲ་རེད་སོགས་རྒྱུས་ཆེ་མདོག་གིས་བཤད་ཀི་རེད། ཡིན་རྒྱུ་ལྷ་སའི་མི་ཚོའི་གཤིས་སྤྱོད་བཤད་ཀི་ཡོད་རེད། ལྷ་ས་དང་གཞིས་ཀ་རྩེ་ལྟ་བུའི་ས་གནས་ལས་གཞན་པའི་ས་གནས་གཞན་ཆ་རྒྱུས་མེད་ཀྱང་། ལྷ་སའི་མཐོང་ཚུལ་དེ་ག་དབུས་གཙང་ཡོངས་ལ་ཡིན་ཤག་ཤག་གིས་སྦྱར་གྱི་འདུག དེ་ངས་སྐྱོན་ཞིག་ཏུ་མཐོང་བྱུང་།
ལྷ་ས་ནི་རྒྱ་ཆེ་ས་ནས་བཤད་ན། བོད་རྒྱལ་ཡོངས་ཀྱི་རྒྱལ་ས་རེད། སྐད་དང་ལུགས་སྲོལ། ཆས་གོས་སོགས་ལ་འགྱུར་བ་ཧ་ཅང་ཆེན་པོ་རེད། དེར་བརྟེན་ལྷ་སའི་མཐོང་སྣང་དེས་བོད་དབུས་གཙང་ཡོངས་ལ་ཁྱབ་ཐུབ་པ་ཞིག་མ་རེད།
“ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་སྒྲ་འུར་དགོན་པ་རུ་ཁྲི་འདོན་མཛད་ཡོད་འདུག ”
ཚིག་དུམ་འདི་དུས་བབ་གསར་འགྱུར་ཁྲོད་དུ་བཀོད་འདུག བསེ་རུས་དེའི་སྣེ་ལ་འཇུས་འདུག་སྙམ་བྱུང་།
དེ་ལྟར་རེད་དམ་བསེ་རུ་ལགས།
ཡོངས་གྲགས་ཆེ་བའི་མིང་དེ་ཚོའི་མགོར་ཡིན་གཅིག་མིན་གཅིག་ཆོལ་ཁའི་མིང་ཞིག་སྦྱར་དགོས་ཀྱི་ཨེ་ཡོད། དཔེ་བཞག་ན། ཨ་མདོ་མགོ་ལོག། ཁམས་ལི་ཐང་ཟེར་བ་ལྟ་བུ། འདིས་མཚོན་པའི་དཀར་མཛེས། རེབ་གོང་། རྔ་བ། ནང་ཆེན། ལྷོ་ཁ། མངའ་རིས། བླ་བྲང་། ཆབ་མདོ་ལ་སོགས་མི་ཤེས་མཁན་ཕལ་ཆེར་མེད་པ་རེད།
རྒྱ་ནག་གིས་ཀྲུང་གོའི་བོད་ལྗོངས་ཟེར་ནས་ཡིན་གཅིག་མིན་གཅིག་འབྲི་དགོས་པ་དེ་སྲིད་དོན་རེད། ཁྱེད་ཚོའི་དེ་ཡང་སྲིད་དོན་ཡིན་ན་ཅང་བཤད་རྒྱུ་མེད། ཨ་མདོ་རྒྱལ་རོང་། ཁམས་རྒྱལ་རོང་། དབུས་གཙང་ཀོང་པོ། ཁམས་ཀོང་པོ་ཟེར་ནས་མུ་མཐུད་ཕྲིས། སྐབས་རེར། ཆོལ་ཁ་གང་གི་ཁོངས་ཡིན་མིན་རྩོད་པ་རྒྱོབས། གྲོས་ཚོགས་ནང་ཡང་དེ་ཚོ་རྩོད་པ་རྒྱོབས། དེ་ཚོ་རྩོད་པ་བྱས་ཚར་རྒྱུ་ཡོད་པ་མ་རེད།
ཆོལ་ཁ་གསུམ་གྱི་བར་ན་ས་མཚམས་གསལ་པོ་ཞིག་ད་བར་ཡོད་པ་མ་རེད། ཁྱེད་ཚོས་དབྱེ་མཚམས་ཇི་ལྟ་ཕྱེ་གི་ཡིན། དེས་ན་སྐད་ཀྱིས་ཕྱེ་གི་ཡིན་ནམ། དེ་ཚོ་རྙོག་དྲ་མེད་ས་རྙོག་དྲ་རེད།
ཨ་མདོ་མགོ་ལོག་སོགས་ནི་འགྲིག་གི་འདུག ཨ་མདོ་རྒྱ་ཆེ་བ་རེད། མགོ་ལོག་དེའི་ཡ་གྱལ་རེད། ལྷ་སའི་ལྷ་རྩེ་ཟེར་ན། གཅིག་ཁོངས་གཅིག་གི་སྐད་ཆ་ཡང་མེད། རྒྱ་ཆེ་ཆུང་གི་སྐད་ཆ་ཡང་ཡོད་མ་རེད། བླ་བྲང་གི་རེབ་གོང་ཟེར་ལབ་པ་འདྲ་པོ་རེད་པ། བླ་བྲང་གི་རེབ་གོང་ལབ་ན་འགྲིག་གི་འདུག་ན། ལྷ་སའི་ལྷ་རྩེ་ཟེར་ནའང་འགྲིག་གི་རེད།
རྩོད་པ་ཅན་གྱི་ས་ཆ་ནི། ཨ་མདོའི་གསེར་རྟ་དང་ཁམས་གསེར་རྟ་བྲིས་ན་རྙོག་དྲྭ་ཡོད་པ་ནང་བཞིན་རེད།
འདི་ཞེན་ཁོག་དང་གཅིག་འོག་གཅིག་ཏུ་འདུ་དགོས་དང་མི་དགོས་པའི་སྐད་ཆ་མ་རེད།
ལོ་རྒྱུས་ཀྱི་མེ་ལོང་ནང་ནག་ཐིག་ཕོག་ཉེན་ཡོད་པའི་སྐད་ཆ་ཞིག་རེད།
གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱ་དང་། གསར་ཤོག་འགའ་ཞིག་གི་ནང་གོང་དུ་བཀོད་པའི་དཔེ་མཚོན་དེ་ཚོ་ཐོན་གྱི་འདུག ངས་ད་བར་ལོ་ངོ་གཉིས་གསུམ་གྱི་རིང་བལྟས་ནས་དེ་རིང་སྐད་ཆ་འདི་འདིར་གླེང་བསླངས་པ་ཞིག་ཡིན།
ལྷ་ས་གཞིས་ཀ་རྩེ། ལྷ་ས་ཀོང་པོ། ལྷ་ས་འཕན་པོ། ལྷ་ས་ནག་ཆུ། ལྷ་ས་མལ་དྲོ་གུང་དཀར།
ལྷ་ས་ངམ་རིངས། ལྷ་ས་རྩེད་ཐང་། ཞེས་བརྗོད་པ་དེ་དང་།
ཨ་མདོ་རེབ་ཀོང་། ཨ་མདོ་ཆབ་ཆ། ཨ་མདོ་ཁྲི་ཀ ཨ་མདོ་མགོ་ལོག ཨ་མདོ་མཚོ་སྔོན། ཨ་མདོ་གཅན་ཚ། ཨ་མདོ་རྡོ་སྦིས། ཨ་མདོ་དཔའ་རིས་སོགས་བརྗོད་སྟངས་འདི་དག་དང་རིགས་བསྒྲེ་གཏོང་ག་ལ་རུང་།
ཨ་མདོ་ནི་མདོ་དབུས་ཁམས་གསུམ་ཞེས་པའི་ནང་ཚན། མདོ་སྨད་རྟ་ཡི་ཆོལ་ཁ་ཡོངས་སུ་རྫོགས་པར་ཁྱབ་པའི་སྤྱི་མིང་ཞིག་དང་།
ལྷ་ས་ཞེས་པ་ནི་བོད་ཀྱི་རྒྱལ་ས་ལྟེ་བ་དེང་སྐབས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ལྟེ་བ་དེ་ཙམ་ལ་མ་གཏོགས་གོ་མི་རུང་། ཅི་སྟེ་འཕན་པོ་དང་ལྷོ་ཁ། གཞིས་ཀ་རྩེ་སོགས་ལ་ལྷ་ས་ཞེས་བརྗོད་པ་དོན་ལ་གནས་ན། ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་མཚོ་མོའི་སྟེང་ལ་ཆགས། །ཞེས་པའི་དམངས་ཁྲོད་ཀྱི་ངག་རྒྱུན་རྩོམ་ཡིག་འདིར་ཡང་དུས་རབས་ཉེར་གཅིག་པ་འདིར་བཅོས་དགོས་པ་ཞིག་རེད། དབུས་གཙང་མ་ཆགས་དབུས་གཙང་ཆགས། །དབུས་གཙང་མཚོ་མོའི་སྟེང་ལ་ཆགས། །དེ་ལྟར་སྨྲས་ན་མཁས་པས་ཁྲེལ་བའི་གཞི་དང་། བླུན་པོས་འཕྱ་བའི་གནས་སུ་འགྱུར་ངེས་པ་མ་ཡིན་ནམ། །
མདོར་ན། འདི་ལྟར་བེད་སྤྱོད་གཏོང་མཁན་ཨ་མདོ་བའི་རྩོམ་སྒྲིག་པ་དང་གསར་འགོད་པའི་རིགས་འགའ་ཞིག་གི་ཕྱག་ནས་ཐོན་གྱིན་འདུག ཚང་མས་ཐ་སྙད་འདི་རིགས་བེད་སྤྱོད་གནང་སྐབས། ཐུགས་གཟབ་དགོས་ངེས་སུ་མཐོང་བ་ལས། ང་ཚོའི་རྩོད་དགོས་ས་དེ་ནང་ཁུལ་མ་རེད་ལ། བསྡིགས་དགོས་ས་དེ་ཡང་རང་རིགས་མ་རེད། ཡིན་ན་ཡང་གནད་དོན་འདི་རིགས་ཀྱང་བླུན་པོ་འཕྱུགས་ན་མཐོ་གང་དང་། མཁས་པ་འཕྱུགས་ན་འདོམ་གང་ཞེས་པའི་དཔེ་ཟླར་སོང་བའི་ཉེན་ཁར་མཐོང་སྟེ་འདི་ལྟར་སྨྲས་པ་ཞིག་ལགས་སོ།།
ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་རོགས།།
རྡོ་ཆུང་ཆུང་ལྷགས་པས་ཁུར་མདོག་མེད།།
བདེན་ཐག་ཆོད་རེད་། ལྷ་ས་ཟེར་ན་། ཕལ་ཆེར་ཇོ་ཁང་ལ་གོ་གི་ཡོད་པ་འདྲ་། སྔོན་་མ་ངའི་ནང་མི་གནས་འཇལ་ལ་ཡོང་སྐབས་། སྤྱི་སྤྱོད་འགྲིམས་མཁོར་ས་ཚིག་ལ་འབྱོར་མ་ཐག། ངའི་ཨ་ཕས་། ཡ་་་ད། ལྷ་ས་ལ་བདེ་བུར་འབྱོར་སོང་བ་རེད་། ཟེར་། རླངས་མཁོར་ནས་མར་བབ་མ་ཐག་། སྒེར་གཉེར་ལེགས་སྐྱོར་འགུུད་འཐེན་ཁ་ལོ་བ་དག་གིས་། ལྷ་ས་། ལྷ་ས། ལྷ་ས། ཟེར་ཞིང་ངེད་ཨ་མདོ་ནས་ཡོང་བས་འཇལ་བ་རྣམས་ཕར་འཐེ་ཚུར་འཐེན་བྱེད་། ཇོ་ཁང་ལ་ཁྱེར་རྒྱ་རྩོད་པ་རྒྱག་། ཅིག་བྱས་ན་། ལྷ་ས་བ་དག་གིས་ཀྱང་། ལྷ་ས་ཞེས་བས་མིང་དེ་སུ་ལ་གོ་དགོས་ཤེས་མེད་པ་འདྲ་བོ་ཞིག་འདུག་།
བདེན་ཐག་ཆོད་རེད་། ལྷ་ས་ཟེར་ན་། ཕལ་ཆེར་ཇོ་ཁང་ལ་གོ་གི་ཡོད་པ་འདྲ་། སྔོན་་མ་ངའི་ནང་མི་གནས་འཇལ་ལ་ཡོང་སྐབས་། སྤྱི་སྤྱོད་འགྲིམས་མཁོར་ས་ཚིག་ལ་འབྱོར་མ་ཐག། ངའི་ཨ་ཕས་། ཡ་་་ད། ལྷ་ས་ལ་བདེ་བུར་འབྱོར་སོང་བ་རེད་། ཟེར་། རླངས་མཁོར་ནས་མར་བབ་མ་ཐག་། སྒེར་གཉེར་ལེགས་སྐྱོར་འགུུད་འཐེན་ཁ་ལོ་བ་དག་གིས་། ལྷ་ས་། ལྷ་ས། ལྷ་ས། ཟེར་ཞིང་ངེད་ཨ་མདོ་ནས་ཡོང་བས་འཇལ་བ་རྣམས་ཕར་འཐེ་ཚུར་འཐེན་བྱེད་། ཇོ་ཁང་ལ་ཁྱེར་རྒྱ་རྩོད་པ་རྒྱག་། ཅིག་བྱས་ན་། ལྷ་ས་བ་དག་གིས་ཀྱང་། ལྷ་ས་ཞེས་བས་མིང་དེ་སུ་ལ་གོ་དགོས་ཤེས་མེད་པ་འདྲ་བོ་ཞིག་འདུག་།
རེད་རེད། གང་ལྟར་བོད་པ་ཚོས་བོད་ཀྱི་ས་ཆ་ཆུང་ཆུང་ཞིག་ཀྱང་ཚིག་གི་ཐོག་ནས་ཆེ་རུ་ཆེ་རུ་གཏོང་གི་འདུག རྒྱ་ནག་ཚང་གིས་བོད་ཀྱི་ས་ཆ་ཆེན་པོ་ཞིག་ཀྱང་ཆུང་རུ་ཆུང་་རུ་གཏོང་གི་འདུག དཔེར་ན་རྒྱ་ནག་གིས་བོད་པ་ལ་(ཤིས་ཙང་) ཅེས་བོས། དེ་ལ་འགྲེལ་བཤད་རྒྱགས་སྐད་དང་པོར་ནུབ་བོད་ཅེས་རྒྱ་ནག་གི་ནུབ་ཕྱོགས་ན་ཡོད་པའི་བོད་། དེ་ཡང་མདོ་སྨད་དང་ཁམས་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ཕུད་པའི་ལྷག་མ་ལ་བོད་ཟེར་བ་རེད་ཟེར་ནས་རྒྱུན་རིང་ཙམ་སོང་པ་ན་བོད་ཕྱོགས་ན་དེ་ལ་གྲགས་འགུལ་གང་ཡང་མེད་པ་ཤེས་རྗེས། ཡང་བསྐྱར་དེ་ལ་འགྲེལ་བཤད་རྒྱབ་ནས་ཤིས་ཙང་ནི་ནུབ་ཕྱོགས་ན་ཡོད་པའི་གཙང་ཟེར་བའི་ས་ཆ་དེ་རེད་ཟེར་ནས། བོད་ཀྱི་ས་ཆ་ཟེར་ན་གཙང་ཕྱོགས་ལ་ཡར་དེད་འགྲོ་གི་ཡོད་པ་རེད།
མདོར་ན་རང་ཕྱོགས་ན་ལོ་རྒྱུས་སྐོར་ལ་གཅིག་གྱུར་གྱི་མིང་འདོགས་མེད་པར་སྒྲོ་བཏགས་དང་འདྲེས་གང་ཐུབ་ལ་བརྩོན་པ་དང་། རྒྱ་ཕྱོགས་ནས་དེ་དང་བསྟུན་ནས་གོ་སྐབས་བཟུང་གང་ཐུབ་བྱས་པ་གཉིས་ཀ་འང་ཡིག་ཐོག་ནས་རང་ཕྱོགས་ཀྱི་ལྕེ་གཅོད་བྱེད་ཀྱི་སྤུ་གྲི་རེད།
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
ང་བོད་ནས་ཡིན། བོད་དབུས་གཙང་ནས་ཡིན། དབུས་གཙང་དིང་རི་ནས་ཡིན། སྤྱིར་མིང་ལ་སྤྱི་མིང་བྱེ་བྲག་ལ་འཇུག་པ་ཡོད་དམ་མེད།
ཨ་ལེ།
ཨ་མདོ་བས་ལྷ་ས་ཞེས་འབོད་དུས་དབུས་གཙང་ཡོངས་ལ་གོ་བ་ལེན་པ་དེར་སྐྱོན་ཆེན་པོ་རང་ཨེ་ཡོད་ན།
དེ་འདྲ་ཡིན་ན། ཕ་ཡུལ་བླ་བྲང་ནས་ཡིན་པའི་མི་ཞིག་གིས་ཀྱང་ང་ཨ་མདོ་ནས་ཡིན་ཞེས་ལབ་ན་ཡང་ནོར་བ་རེད་དམ།
གང་ལགས་ཟེར་ན་མི་དེ་ནི་མདོ་ལྭ་རིང་མོ་དང་ཨ་མྱེ་རྨ་ཆེན་ཕྱོགས་གང་ནས་ཀྱང་མ་ཡིས་པས་བྱས་པ་རེད།
རྒྱུ་མཚན་དེ་འདྲ་རེད།
ལྷ་ས་ཞེས་པའི་མིང་གི་ཕུགས་དེད་ནས་སོང་ན་ད་ལྟའི་གཙུག་ལག་ཁང་གི་ཤུལ་དེ་ཙམ་ལས་མཛུབ་མོ་འཛུགས་ས་མེད།
བོད་མིས་ཐ་སྙད་འདོགས་ཚུལ་ནི་སྤྱི་མིང་བྱེ་བྲག་ནས་བྱུང་བ་ཤ་སྟག་རེད་ཟེར་བཤད་ཆོག་གི་རེད།
ལུང་ཚན་སོ་སོའི་མིང་ཐོགས་སྟངས་ཕལ་མོ་ཆེ་དེ་འདྲ་རེད། དཔེར་ན།
ཨ་མདོ་སྐུ་འབུམ་་་རྗེ་བླ་མའི་ལྟེ་ཁྲག་འཕོ་སའི་གནས་ཁོ་ནར་འབྲེལ་བ་ཞིག་རེད།
ཨ་མདོ་བླ་བྲང་་་་་་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བྲང་ས་སྟེ་བཞུགས་སྒར་དང་འབྲེལ་བའི་མིང་།
ད་དུང་ཆུ་མིང་ཡུལ་ལ་ཐོགས་པ་དཔེར་ན།
ཨ་མདོ་རྨ་ཆུ། ཨ་མདོ་ཀླུ་ཆུ། ཨ་མདོ་འབྲུག་ཆུ་སོགས།
ས་མིང་ཡུལ་ལ་ཐོགས་པ་དཔེར་ན།
ཨ་མདོ་བྱ་ཁྱུང་། ཨ་མདོ་མདོ་བིས། ཨ་མདོ་བིས་མདོ། ལྟ་བུ་རེད།
ཨ་མདོ་བའི་ངག་ནས་ལྷ་ས་ཞེས་ཐོན་མ་ཐག་དབུས་གཙང་ཡོངས་ལ་གོ་ལོན་པ་དེར་ཁྱབ་ཆེ་བའི་ཁྱད་ཆོས་དམིགས་བསལ་ཅན་ཞིག་རེད་ཟེར་ཞུ་ཆོག་པ་འདུག
དེར་སེམས་ཁྲལ་བྱེད་པ་དག་ནི་རི་བོང་གནམ་བརྡུབ་ཀྱི་སྡུག་བསྔལ་རང་རེད།
ཨ་ལས་བྱས་ན་བཞུགས་སྒར་གྱི་གཡས་གཡོན་ལ་སྡོད་མཁན་ཚོས་ཀྱང་ང་རྡ་རམ་ས་ལར་བསྡད་ཡོད་ཅེས་བརྗོད་ན་ནོར་བ་འདྲ། རྡ་རམ་ས་དངོས་ནི་རྡ་ཤོད་ཀྱི་རླང་འཁོར་འབབ་ཚུགས་དང་དེའི་གཡས་གཡོན་ལ་རྒྱ་གར་ཡུལ་མི་ཚོས་ངོས་འཛིན་བྱེད་ཀྱི་འདུག
མདོ་ཁམས་པ་ལགས། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལ་དགོངས་བཞེས་གནང་བ་བཀའ་དྲིན་ཆེ།
གནད་དོན་ཆུང་ཆུང་ཞིག་རེད།
ཁྱེད་ཀྱིས་”ཨ་མདོ་བས་ལྷ་ས་ཞེས་འབོད་ དུས་དབུས་གཙང་ཡོངས་ལ་གོ་བ་ལེན་པ་དེར་སྐྱོན་ཆེན་པོ་རང་ཨེ་ཡོད་ན།”ཞེས་གསུངས་པར་ངས་ཀྱང་སྐྱོན་ཆེར་མཐོང་གི་མེད། འོན་ཀྱང་། ད་ལྟ་ངས་བཤད་དོན་གཙོ་བོ་དེ་གསར་འགྱུར་བརྒྱུད་ལམ་ཁག་གི་དྲ་རྒྱ་དང་། གསར་ཤོག་ཁག་གི་ནང་འདི་ལྟར་བྲིས་ན་འགྲིག་གི་མ་རེད་ཟེར་གྱི་ཡོད། དཔེར་ན། དུས་བབ་དྲ་ངོས་སུ་ཡོད་པའི་སྡེ་དྲུག་ཁྲི་འདོན་གྱི་མཛད་སྒོའི་སྐོར་གྱི་གསར་འགྱུར་ནང་། “ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་”ཞེས་བྲིས་འདུག ཡིད་མི་ཆེས་ན་གཟིགས་ཤིག
ཁྱེད་ཀྱིས་གསུངས་པ་ལྟར། སྤྱི་མིང་བྱེ་བྲག་གི་མིང་དུ་ཐོགས་པ་དང་། བྱེ་བྲག་གི་མིང་སྤྱི་ལ་ཐོགས་སོགས། མདོར་ན་མིང་འདོགས་སྟངས་འདྲ་མི་འདྲ་བཅོ་བརྒྱད་ཡོད་པ་བདེན་པ་རེད། ངས་ཀྱང་མིང་གི་སྐོར་ལ་དཔྱད་དང་དཔྱོད་མུས་ཡིན།
ཨ་མདོ་ཞེས་པའི་ཐ་སྙད་ཀྱི་ཁྱབ་ཚད་དང་། ལྷ་ས་ཞེས་པའི་ཐ་སྙད་ཀྱི་ཁྱབ་ཚད་གཉིས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་མཁྱེན་དགོས།
ལྷ་ས་གཞིས་ཀ་རྩེ། ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་ཟེར་ན་གད་མོ་ཤོར་དགོས་པའི་སྐད་ཆ་རེད།
གཞིས་ཀ་རྩེ་ནི་དབུས་གཙང་གཉིས་ལས་གཙང་ཕྱོགས་དང་། ལྷུན་རྩེ་རྫོང་ནི་ལྷོ་ཁ་རྫོང་ཁག་བཅོ་བརྒྱད་ནང་གི་རྫོང་ཞིག་རེད།
ད་འོ་ན་དབུས་གཙང་བའི་སྤྱི་འཐུས་བཅུ་གར་ལྷ་སའི་སྤྱི་འཐུས་ལབ་ན་འགྲིག་གི་རེད་དམ།
ལྷ་སའི་སྤྱི་འཐུས་བཅུ་དང་། མདོ་སྟོད་སྤྱི་འཐུས་བཅུ། མདོ་སྨད་སྤྱི་འཐུས་བཅུ་གདམ་དགོས། གྲ་སྒྲིག་གནང་དགོས་ཟེར་ན། ཡང་མི་ཚོ་གད་མོ་ཤོར་གྱི་རེད།
བློ་གཟུ་བོར་གནས་པའི་བཀའ་མོལ་གནང་ན་གང་འདྲ་འདུག་གམ།
བུ་ཕོ་དང་བུ་མོ་ནི་བུ་ཡི་བྱེ་བྲག་དང་། དེང་སྐབས་སྤྱི་མིང་བྱེ་བྲག་གི་མིང་དུ་ཐོགས་སྟབས། སྐྱེས་པ་ཕོ་ལ་བུ་ཞེས་འབོད་པ་དེ་སྤྱི་མིང་བྱེ་བྲག་ལ་ཐོགས་པ་དེ་རེད།
ཡང་དེང་སྐབས་མི་བུ་ཚོ་ལོངས་དང་། མི་བུའི་དཔྱོད་ཤེས་ཀྱི་མིག་ལོང་མེད་ན། མི་རིགས་ཀྱི་ཆེད་དུ་གཟིགས་དང་། ཞེས་པ་ལྟ་བུར་མི་ཡི་བུ་ཞེས་ཟེར་གྱི་ཡོད་ཅིང་། དེའི་སྐབས་མིའི་བུ་ཟེར་དུས་སྐྱེས་པ་ཕོ་གཅིག་པུར་གོ་ན་བློ་སྦུབས་དོག་དྲགས་པའི་སྐྱོན་མི་འདུག་གམ། མི་བུ་ཟེར་ན་སྐྱེས་པ་དང་བུད་མེད་གཉིས་ཀར་གོ་ན་སྐྱོན་ཆ་ཅང་འདུག་གམ།
ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་ཟེར་བ་དང་། ལྷ་ས་ཀོང་པོ། ལྷ་ས་གཞིས་ཀ་རྩེ་ཟེར་བ་སོགས་འགྲིག་པ་རེད་ཟེར་ན།
དབུས་གཙང་སྤྱི་འཐུས་འདེམས་རན་འདུག་པས། ད་ངས་ལྷ་སའི་སྤྱི་འཐུས་ཟེར་ན་འགྲིག་གི་འདུག་གམ།
ལྷ་སའི་སྤྱི་འཐུས་བཅུ་ཡག་པོ་འདེམས་དགོས་པ་རེད་ཟེར་ན་ཡང་མི་ཚོ་གད་མོ་ཤོར་འགྲོ་གི་རེད།
བསེ་རི་ལགས།
གལ་སྲིད་ཁྱོས་་་ཨ་མདོ་བ་ཞིག་ལ་ལྷ་ས་གཞིས་ཀ་རྩེ། ལྷ་ས་ལྷོ་ཁ། ལྷ་ས་ལྷུན་རྩེ་རྫོང་ཞེས་བརྗོད་ན་གད་མོ་མི་ཤོར་བ་མ་ཟད་གོ་བ་ལེན་རྒྱུར་ལས་སླ་རུ་འགྲོ་གི་རེད། མི་བདེན་ན་ཕ་ཡུལ་ལ་ཁ་པར་ཅིག་ཐོངས་ནས་ཚོད་ལྟ་ཞིག་བྱོས་དང་།
ང་ཚོ་སྡེ་བ་ནས་དབུས་གཙང་གི་གནས་ཆེན་ཡོངས་སུ་རྫོགས་པར་གནས་མཇལ་དུ་ཕྱིན་ན་ཡང་ངག་ནས་བརྗོད་རྒྱུར་ལྷ་སར་མཇལ་དུ་ཕྱིན་པ་ཡིན་ཟེར་གི་རེད། རེད་མ་རེད།
ཅིག་བྱས་ན་ཁྱོད་ཚོའི་སྡེ་བའི་མི་རྣམས་ཀྱིས་དེ་ལྟར་མི་ཟེར་ན་ཡང་ཐང་།
ཕ་ཡུལ་གྱི་རྒས་པོ་རྒན་མོས་ཚོས་ངག་ནས་དེ་ལྟར་འདོན་གྱི་ཡོད་པ་བདེན་པ་རེད།
ད་སྨྱུག་ཐོགས་པ་ཚོས་ཀྱང་དེ་ལྟར་སྨྲས་ན་འགྲིག་གི་རེད་དམ།
འོ་ནས་ངས་ཨ་མདོ་ཡོད་ཚད་ལ་ཨ་མདོ་མགོ་ལོག་ཅེས་འབོད་ན་འགྲིག་གམ།
ངའི་སྤོ་བོ་དང་རྨོ་བོ་ལགས་ཀྱིས་དེ་ལྟར་འབོད་ཀྱི་འདུག