དེང་སང་གོ་ཐོས་ལ། ལྷ་ས་གཙོས་པའི་བོད་ཡུལ་མང་པོ་ཞིག་ལ་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོ་དེ་བྲིན་པོ་འདུག་ཟེར། ད་ལོ་ས་བྱི་ལོའི་སྐར་རྩིས་ནང་ས་ཡོམ་དང་། ནད་ཡམས། དེ་བཞིན་ཆུ་གློག་སོགས་ཀྱི་འཇིགས་པ་གསལ་པོར་འཁོད་འདུག་ཟེར། ལོ་ཐོ་དེ་ཚོའི་ནང་ད་དུང་བཟློག་བྱེད་ཀྱི་ཆོ་ག་དང་ཞབས་རིམས་སོགས་ཀྱང་འཁོད་ཡོད་སྟབས་བོད་མི་ཚོས་གསང་བའི་ཐོག་དེ་དག་སྒྲུབ་བཞིན་ཡོད་ཟེར།
ཡིན་ནའི་གོང་གི་གནས་ཚུལ་དེ་དག་ནི་གཞན་གྱི་ངག་ལས་ཐོས་པ་གཅིག་པུ་ལས་ངས་ད་བར་ད་ལོའི་ལོ་ཐོ་དེ་མཐོང་མ་བྱུང་། དེར་བརྟེན་གལ་ཏེ་ཁྱེད་ལ་ལོ་ཐོ་དེ་ཡོད་ན་དེའི་ནང་གི་ས་ཡོམ་སོགས་དང་འབྲེལ་བའི་གནད་ཚུལ་རྣམས་འདིར་འགོད་རོགས་གནང་།
གྲོགས་པོ་ལགས།
ལྷ་ས་སྨན་རྩིས་ཁང་གིས་ས་ཡོམ་གྱི་སྐོར་བཀོད་ཡོད་མེད་ཤེས་མ་བྱུང་། བོད་ཀྱི་བཤད་སྲོལ་ཅིག་ལ། རྩིས་པ་མོ་བ་ལྷ་བ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་མཁན་གསུམ། ཟེར་བ་རེད། རྒྱུ་སྐར་མིག་དམར་ (Mars) གྱི་སྟེང་དུ་ཨ་རིའི་འཕྲུལ་འཁོར་ཞིག་སླེབས་པ་འདི་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོར་གསལ་ཡོད་དམ།
I think it is very right that Gyirab said the three of layer in this world and if Lhasa calender is right talk everything. Whey didn’t talk a lot of Tibetans uprising in Tibet?
I think it is very right that Gyirab said the three of layer in this world and if Lhasa calender is right talk everything. Why in Lhasa calendar didn’t talk a lot of Tibetans uprising in Tibet?
དེ་དངོས་གནས་རེད། ཕྲན་གྱིས་འདིའི་་སྐོར་ནས་ཆེད་རྩོམ་ཞིག་འབྲི་ཁུལ་བྱེད་བཞིན་ཡོད་པས་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོའི་ནང་འཁོད་མ་ཕྱི་དངོས་ཀྱི་པར་དང་བཅས་མྱུར་དུ་དྲ་དེབ་འདིར་ཁྱེད་ཚོའི་གཟིགས་མོར་ཕུལ་ཆོག
ལྷན་རྒྱས་གསུམ་ནས་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོའི་ནང་ས་ཡོམ་གྱི་སྐོར་བཀོད་ཡོད་མེད་དང་། དེ་བདེན་པར་འཛིན་མིན་ཐད་བགྲོད་གླེང་བྱས་པ་སོ་སོའི་བསམ་ཚུལ་རེད། མ་ཟད་ཁྱེད་རང་གི་ཆེད་རྩོམ་ཞིག་འབྲི་ཁུལ་བྱེད་ཀྱི་ཡོད་པའང་ལེགས་པོ་རེད་དེ། ཡིན་ནས་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་གི་ཚུལ་གྱི་དགོས་མེད་ཚིག་སྦྱོར་དེ་ཚོ་ཉུང་དུ་གཏོང་གང་ཐུབ་བྱེད་གལ། དཀར་དཔྱད་རྩིས་རིག་ནི་བོད་ཀྱི་རིག་གནས་བཅུའི་ཡ་གྱལ་གཅིག་ཡིན་པའི་མཐོང་ཆུང་དང་སྣང་ཆུང་གི་ཚུལ་དུ་ཁ་ནས་ཐོན་ཚད་རྗེས་སུ་མི་གསུང་པར་ཞུ།
སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོ་དོན་བསྡམས།།ཞེས་གསུངས་པའི་ཕྱིར་རོ།།
ཛཱ་ཏི་ལགས་ནས་་གསུང་པ་བདེན་།
བོད་པ་ང་རང་ཚོས་རང་གི་ཆོས་དང་རིག་གཞུང་་ཡུལ་ས྄ྲོལ་གོམ་གཤིས་སོགས་ལ་ཆད་མོས་དང་ཐོང་ཆུང་བྱས་ན་ ཧ་ཅང་གི་ཐབས་ས྄ྡུག་པ་ཞིག་རེད་བསམ་ གང་ལ྄ྟར་ས་ཡོམ་ར྄ྒྱབ་པའི་ལོའི་བོད་ཀྱི་ལོ་མཐོའི་ནང་ས་ཡོམ་ཡོད་ཞེས་འཁོད་ཡོད་པ་དེ་བདེན་པ་རེད། ངའི་བསམ་པར་དགེ་རབ་ལགས་ཁྱེད་རང་བོད་པ་ཡིན་ན་ ་དུས་ར྄ྒྱུན་ནས་བོད་ཀྱི་གནས་ཚུལ་ཐད་དོ་ས྄ྣང་མང་ར྄ྩམ་གནང་ན་ལེགས་བསམ།