ལྷ་སའི་ཇོ་ཁང་གཏོར་བཤིག་གཏོང་བཞིན་པ། ༼པར༽ Posted on 2013-05-162013-05-16 By རེབ་གོང་བཀྲ་ཤིས། 10 Comments on ལྷ་སའི་ཇོ་ཁང་གཏོར་བཤིག་གཏོང་བཞིན་པ། ༼པར༽ རྩོམ་པ་མོ་འོད་ཟེར་གྱི་༼མཐོང་མི་ཐུབ་པའི་བོད༽དྲ་རྒྱ་ལས་བཤུས། པར་མཐའ་མ་འདི་ནི་མགྱོགས་མྱུར་ངང་སྐམ་གྱིན་ཡོད་པའི་དབུས་ཉི་མ་ལྷ་སའི་སྐྱིད་ཆུ་རེད། པར།
ད་ཡིན་ན་རྒྱ་དམར་གྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་ཚར་གི་འཇུག་ངེས་རེད། མི་ཡི་བསམ་བློ་བསྒྱུར་མ་ཐུབ་པས་སྣོད་ཀྱི་འཇིག་རྟེན་བསྒྱུར་བཅོས་བྱེད་ཀྱི་ཡོད།
རྩོམ་པ་མོ་ཞེས་པའི་ཚིག་འདི་ལན་ཁ་ཤས་ལ་མཐོང་བྱུང་། རྩོམ་པ་པོ་ཞེས་པ་འདི་ཕོ་ཁོ་ན་ལ་འཇུག་པའི་རྣམ་བཤད་ཡོད་དམ།
ད་ལྟ་ང་ཚོས་ཇོ་ཁང་སོགས་མྱུར་དུ་སྐྱོབ་པ་ལ་གླེང་དགོས་པ་བརྒྱད་ཡོད་རེད། ༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས། ༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས། ༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས། ༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས། ༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས། ༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས། ༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། ། ༨༽རྒྱ་ནག་སྤྱི་དང་། བོད་ནང་ལ། བོན་ཆོས་དང་ནང་ཆོས་རྟེན་དང་བརྟེན་པ། རྒྱལ་ཁང་དང་བློན་པོའི་འཁྲུངས་ས་ཞིག་རོ་སོགས་དང་རྡོ་རིང་ཡིག་ཆ་སོགས་བདག་ཉར་བྱེད་ཆོག་པའི་ཐོབ་ཐང་ལེན་ཆོག་ཡང་གླེང་དགོས་འདུག ད་ལྟའི་ཇོ་ཁང་གི་གནས་སྟངས་ལ་གཟིགས་དང་། བོད་རིགས་ཚོས། ནཔ་པ་ཚོས། འཛམ་གླིང་མིོ་ང་ཚོས།
རྩོམ་པ་པོ་འདི་བོད་ཀྱི་སྤྱི་སྐད་རེད་ཕོ་མོ་ཁྱད་མེད་ལ་འཇུག། རྩོམ་པ་མོ། རྩོམ་མ་མོ། ལྷ་མོ་སྐྱབས སྒྲོལ་མ་སྐྱབས། །འདི་དག་བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་དུ་ཕོ་མོ་ཁྱད་མེད་ལ་འཇུག་པ་འདྲ།
རྩོམ་པ་པོ་ནི་ཨིན་སྐད་དུ་author ཟེར་བར་གོ་དགོས། དེར་ཕོ་མོའི་ཁྱད་པར་མེད། ཕོ་མོ་ཁྱད་མེད་ཀྱི་སྤྱི་མིང་ཡིན།
དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་། དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད། གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་། དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས། མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ། སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་། གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།
དོན་མེད་རྙོག་གཏམ་རང་རེད་ཁོང་གིས་བསྐུར་གནང་མཛད་བའི་ཇོ་ཁང་གཏོར་བཤིག་གི་བརྙན་པར་དག་མིག་མདུན་ན་ཡོད་པ་མཐོང་གྱིན་མི་འདུག་གམ་འབྲེལ་མེད་ཁོང་མོ་རེད་ཕོ་རེད་ལ་རྩོད་པ་བྱེད་ནས་དོན་སྙིང་ཅི་ཡོད་གོང་གི་པར་བརྙན་དག་ལ་གཟིགས་ནས་དེ་དང་འབྲེལ་བའི་བཤད་གཏམ་འདྲ་མིན་བསམ་ཚུལ་དཔྱད་ཤེས་སོགས་ལ་གོམ་པ་སྤོས་ན་ཡག་པོ་མེད་དམ་སྙམ་བྱ་རོག་ལ་སོ་ཡོད་མེད་ཀྱི་རྩོད་པའི་རིགས་ལ་དགོས་ཅི་ཡང་མཐོང་མ་སོང་།
མི་རིགས་འདིའི་བླ་སྲོག་འཇུག་ལ་ཉེ།།མི་རིགས་འདིའི་རུས་རྐང་ཆག་ལ་ཉེ།།མི་རིགས་འདིའི་རིག་གཞུང་གུད་ལ་ཉེ།།མི་རིགས་འདིའི་ཤུལ་བཞག་གཏོར་ནས་བཤིག།།མི་རིགས་འདིའི་ཚེ་སྲོག་ཐུང་ཐུང་རེད།།མི་རིགས་འདིའི་རིགས་རྒྱུད་ཉུང་ཉུང་རེད།།མི་རིགས་འདིའི་རང་དབང་བྲག་ཅ་བཞིན།།མི་རིགས་འདིའི་ཆག་འཇུག་སུ་ཡིའི་ཤེས།།
ད་ཡིན་ན་རྒྱ་དམར་གྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་ཚར་གི་འཇུག་ངེས་རེད། མི་ཡི་བསམ་བློ་བསྒྱུར་མ་ཐུབ་པས་སྣོད་ཀྱི་འཇིག་རྟེན་བསྒྱུར་བཅོས་བྱེད་ཀྱི་ཡོད།
རྩོམ་པ་མོ་ཞེས་པའི་ཚིག་འདི་ལན་ཁ་ཤས་ལ་མཐོང་བྱུང་། རྩོམ་པ་པོ་ཞེས་པ་འདི་ཕོ་ཁོ་ན་ལ་འཇུག་པའི་རྣམ་བཤད་ཡོད་དམ།
པོ་ཡོད་ཚད་ཕོ་ཡིན་ག་ལ་དགོས།
ད་ལྟ་ང་ཚོས་ཇོ་ཁང་སོགས་མྱུར་དུ་སྐྱོབ་པ་ལ་གླེང་དགོས་པ་བརྒྱད་ཡོད་རེད།
༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས།
༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས།
༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས།
༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས།
༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས།
༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས།
༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། །
༨༽རྒྱ་ནག་སྤྱི་དང་། བོད་ནང་ལ། བོན་ཆོས་དང་ནང་ཆོས་རྟེན་དང་བརྟེན་པ། རྒྱལ་ཁང་དང་བློན་པོའི་འཁྲུངས་ས་ཞིག་རོ་སོགས་དང་རྡོ་རིང་ཡིག་ཆ་སོགས་བདག་ཉར་བྱེད་ཆོག་པའི་ཐོབ་ཐང་ལེན་ཆོག་ཡང་གླེང་དགོས་འདུག
ད་ལྟའི་ཇོ་ཁང་གི་གནས་སྟངས་ལ་གཟིགས་དང་། བོད་རིགས་ཚོས། ནཔ་པ་ཚོས། འཛམ་གླིང་མིོ་ང་ཚོས།
རྩོམ་པ་པོ་འདི་བོད་ཀྱི་སྤྱི་སྐད་རེད་ཕོ་མོ་ཁྱད་མེད་ལ་འཇུག། རྩོམ་པ་མོ། རྩོམ་མ་མོ། ལྷ་མོ་སྐྱབས སྒྲོལ་མ་སྐྱབས། །འདི་དག་བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་དུ་ཕོ་མོ་ཁྱད་མེད་ལ་འཇུག་པ་འདྲ།
རྩོམ་པ་པོ་ནི་ཨིན་སྐད་དུ་author ཟེར་བར་གོ་དགོས། དེར་ཕོ་མོའི་ཁྱད་པར་མེད། ཕོ་མོ་ཁྱད་མེད་ཀྱི་སྤྱི་མིང་ཡིན།
དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་།
དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད།
གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་།
དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས།
མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ།
སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་།
གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།
ཁོང་ནི་བུད་མེད་རྩོམ་པ་པོ་རེད། ཅེས་ཟེར་དགོས།