སྤོབས་པ་མཐའ་ཡས།
ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་ཤཀྱཱ་མུ་ནེའི་སྐུ་བརྙན་དེ་ནི་བོད་དུ་ཡོད་པའི་སྐུ་རྟེན་ཐམས་ཅད་ཀྱི་ནང་ནས་རྩ་བ་ཆེ་བ་ཞིག་ཏུ་རྩིས་ཏེ་བོད་མི་ཚང་མས་ཇོ་བོ་ལན་གཅིག་མཇལ་ཐུབ་ན་ཚོགས་བསག་སྒྲིབ་སྦྱོང་གི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པ་བོད་མཐའ་དབུསཀྱི་སྐྱེ་བོ་ཀུན་ཀྱང་མཚུངས། སྤྱིར་ན་སངས་རྒྱས་ཀྱི་སྐུ་རྟེན་རྙིང་གྲས་བལ་པོའི་ལི་སྐུ་བཟོ་རིག་གི་སྒྱུ་རྩལ་ལྡན་པ་ཞིག་ཡིན་སྟབས་བྱིན་རླབས་དང་རིན་ཐང་ཅན་ཞིག་ཡིན་པ་བཤད་མ་དགོས་ཀྱང་དེའི་འབྱུང་ཁུངས་ཀྱི་ཐད་ལ་དོགས་པ་འདི་ལྟར་སྐྱེས། ལྷ་སའི་ཇོ་བོ་འདི་ལྷའི་རྒྱ་གར་གྱི་རྒྱལ་པོ་ཞིག་གིས་རྒྱ་ནག་གི་རྒྱལ་པོ་ཞིག་གིས་གསོལ་བ་བཏབ་དོན་ལྟར་རྟེན་སྐལ་དུ་གནང་ཞིང་རྒྱའི་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་དེ་རྒྱ་བཟའ་ཀོང་ཇོ་བོད་དུ་འོངས་སྐབས་རྫོངས་སྐལ་དུ་བྱིན་པའི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་ཤོད་སྲོལ་ཡོད། རང་རེའི་རྒྱལ་རབས་གསལ་བའི་མེ་ལོང་སོགས་ལས་ཐང་ཐའེ་ཙུང་གིས་བྱིན་པའི་རྫོངས་བ་ཐམས་ཅད་ཀྱི་ནང་ནས་རྩ་བ་དང་རིན་ཐང་ཆེ་ཤོས་ཏེ་ཇོ་བོའི་སྐུ་བརྙན་འདི་ཡིན་ཚུལ་དང་དེ་ཉིད་སྤྱན་འདྲེན་པར་དཀའ་ངལ་མང་པོ་འཕྲད་ཚུལ་སོགས་ཀྱང་བྲིས་ཡོད། འོན་ཀྱང་རྒྱ་དཀར་ནག་གི་ལོ་རྒྱུས་གང་ན་ཡང་དེ་ལྟ་བུའི་ལོ་རྒྱུས་མེད་ཐོག་རྒྱ་བཟའ་ཀོང་ཇོ་བོད་དུ་འོངས་པའི་ལོ་རྒྱུས་ཤིག་རྒྱའི་ཐང་ཡིག་ལ་ཡོད་ཅིང་དེའི་ནང་དར་ཟབ་སོགས་ཀྱི་རྫོངས་སྐལ་བྱིན་ཚུལ་ཡང་རྒྱས་པར་ཡོད་མོད་འདི་ལྟ་བུའི་ལྷ་སྐུ་རིན་ཐང་ཅན་ཞིག་བྱིན་པའི་ལོ་རྒྱུས་མེད། དེའི་སྐབས་ཀྱིལོ་རྒྱུས་སུ་་དར་ཟབ་དང་ལག་ཤེས་མཁན་སོགས་བཏང་བ་ཡན་ཆད་ལོ་རྒྱུས་སུ་བཀོད་ཡོད་ན་ཐང་གི་རྒྱལ་པོ་ཚོ་ནང་པའི་ཆོས་ལ་དད་མོས་ཡོད་མཁན་ཡིན་སྟབས་ཇོ་བོ་དེ་ཐང་གི་རྒྱལ་པོའི་མཆོད་གནས་དེ་འདྲའི་རྩ་ཆེན་ཞིག་ཡིན་ན་རིན་ཐང་ཅན་གྱི་སྐུ་རྟེན་དེ་ཉིད་ལྷ་གཅིག་ཀོང་ཇོའི་རྫོངས་སྐལ་དུ་བྱིན་ཚུལ་ལོ་རྒྱུས་སུ་འགོད་འོས་པ་ལྟ་བུ་ཡིན་ཡང་དེ་ལྟར་མི་འདུག ད་ལྟའི་ཇོ་བོ་བཞུགས་སའི་ལྷ་ཁང་འདི་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ལྷ་ཁང་ཡིན་པ་ལས་རྒྱ་བཟས་བཞེངས་པ་མ་ཡིན་སྟབས་རྒྱ་བཟས་སྤྱན་དྲངས་པའི་ཇོ་བོ་དེ་ལྷ་ཁང་འདིར་བཞུགས་སུ་གསོལ་དགོས་དོན་ཡང་མ་མཆིས། དེ་ལྟར་བསམ་སྐབས་ཇོ་བོའི་སྐུ་བརྙན་འདི་རྒྱ་ནག་ཀོང་ཇོས་བོད་དུ་ཁྱེར་ཡོང་ཟེར་བ་མི་བདེན་པ་འདྲ།
ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་ཚོར་ཚན་རིག་ཟབ་སྦྱོང་འཛིན་གྲྭ་གསར་བསྡུའི་གསལ་བསྒྲགས། http://www.tibetan.ltwa.net
http://www.tibetan.ltwa.net
རྒྱའི་ཡིག་ཚང་ན་མི་འདུག་ཅེས་པའི་གཏན་ཚིགས་འདི་རང་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཀྱི་ནང་གི་གནད་ཆེན་པོ་འདི་བརྩིས་མེད་དུ་གཏོང་རྐྱང་ཞིག་ཨེ་ཡིན་སྙམ། ལོ་རྒྱུས་རྒྱལ་རབས་ཡིག་ཚང་རྣམས་འདི་ལ་ཁ་གཅིག་གྲག་རེད། སྐུ་འདི་བཙན་པོའི་དུས་སྐབས་ཀྱི་སྐུ་ཞིག་ཡིན་པ་ “རྒྱ་ལྷ་འདིས་ངན་”ཞེས་གཙུག་ལག་ཁང་འདམ་སྦྱར་བྱས་ཤིང་ཇོ་སྐུ་བྱེ་ཐང་ཞིག་ཏུ་དྲངས་པའི་ལོ་རྒྱུས་ཤིག་སྦ་བཞེད་ན་འདུག་བསམས།
ལོ་རྒྱུས་ཀྱི་དེབ་ཐེར་མཐུག་པོ་དེ་ཚོ་སྐྱར་ཀློག་བྱེད་པའི་དུས་ཚོད་མེད། ཇོ་བོ་ཤྰཀྱ་མུ་ནེའི་སྐུ་དེ་དང་པོར་རྒྱ་བཟའ་ཀོང་ཇོས་བཞེངས་པའི་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་དུ་བཞུགས་པ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་དེ་དང་པོར་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས་པར། རྗེས་སུ་སྐུ་འདྲ་གཉིས་གོ་བརྗེས་བརྒྱབས་པའི་ལོ་རྒྱུས་ཤིག་ཡོད་པ་རེད།དེ་ཡང་དབོན་སྲས་མང་སྲོང་མང་བཙན་སྐབས། རྒྱལ་རབས་གསལ་མེར། ་་རྒྱའི་དམག་འབུམ་ཚོ་ལྔ་བཏང་ནས་བོད་འཇོམས་པ་དང་། ཇོ་བོ་ཤྰཀྱ་གདན་འདྲེན་ཟེར་བ་ལ་སོགས་ཀྱི་གཏམ་བྱུང་བ་ལ་སྐྲག་ནས། ཇོ་བོ་ར་མོ་ཆེ་ནས་ལྷ་སར་གདན་དྲངས། ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་ནས། སྒོ་ལ་ཞ་ལ་བགྱིས་ཏེ། འཇམ་དབྱངས་བཞེངས་སོ་་ ཞེས་དང་། དེ་ནས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐབས། རྒྱ་མོ་བཟའ་ཅིན་ཁྲིན་ཀོང་ཇོ་བོད་ལ་སླེབས་སྐབས། ་་རྒྱ་མོ་ན་རེ། ངའི་ཨ་ནེའི་ལྷ་ཁང་བལྟའོ་ཟེར་ཏེ། ར་མོ་ཆེར་ཕྱིན་པས། དེ་ན་ཇོ་བོ་མི་བཞུགས་པར་འདུག་ནས་འཕྲུལ་སྣང་དུ་འོངས་པ་དང་། ཇོ་བོ་ལྷོ་སྒོ་མེ་ལོང་ཅན་ན་བཞུགས་པར་ཤེས་ནས་སྒོ་ཕྱེ་སྟེ། ཇོ་བོ་དེ་ནས་བཏོན་ནས། བཙན་ཁང་དབུས་མར་བཞུགས་སུ་གསོལ། ལྷ་ཞལ་མཐོང་གི་མཆོད་པ་བཙུག ཇོ་བོ་གདུང་རབས་གསུམ་གྱི་བར་ལ་མུན་ཁང་དུ་བཞུགས་པ་ལ། རྒྱ་མོས་མཆོད་པ་བཙུགས་པ་ཡིན་ནོ་་ ཞེས་གསལ།
ཇོ་བོ་རྣམ་གཉིས་ཀྱི་མགོར་སྡུག་གཞན་ཡང་མང་པོ་ཡོང་མྱོང་སྟེ། རྒྱ་རབས་གསལ་མེར། ཁྲི་སྲོང་ལྡེ་བཙན་དགུང་ལོ་ཆུང་སྐབས། མ་ཞང་ཁྲོན་པ་སྐྱེས་ལ་སོགས་པ་བློན་པོ་ཆོས་ལ་མི་དགའ་རྣམས་ཀྱིས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས་པ། ཇོ་བོ་རྒྱ་ཡུལ་སྐྱེལ་ཐབས་བྱས་པར་མི་སྟོང་གིས་མ་དྲངས་པར་མཁར་བྲག་ཏུ་ས་ཐམས་སུ་བཅུག་པ། དེ་ནས་བཀྲ་མི་ཤིས་པའི་ལྟས་མང་དུ་བྱུང་བར། ལྟས་མཁན་ཚོས་ཇོ་བོ་ས་ཐམས་སུ་བཅུག་པས་ལན་ཟེར་ནས་སླར་བཏོན། རྒྱ་གར་དུ་སྐྱེལ་བར་བརྩམས་པ་ན་དྲེའུ་གཉིས་ཀྱིས་ཐེག་ཏེ་མང་ཡུལ་བར་བསྐྱལ། དེ་ནས་ལམ་མ་ཐར་སྐད ཇོ་བོ་མང་ཡུལ་དུ་ལོ་བཅུ་གཉིས་བཞུགས་པར་བཤད།
་་ ཇོ་བོ་མི་བསྐྱོད་རྡོ་རྗེ་རྒྱ་ཡུལ་དུ་སྐྱེལ་རྒྱུ་ལ། ཤར་ཕྱོགས་དོ་མོའི་ཐང་ལ་བསྐྱལ་ཏེ་ཞག་བདུན་ལ་ལུས་པ་འོ་རྒྱལ་ཐང་ཟེར། སླར་ར་མོ་ཆེར་བཞུགས་སུ་བཅུག་གོ་ཞེས་གསལ།་་ འདིའི་བར། ཁོང་རང་གི་ཇོ་བོ་མིན་པ་ངོ་ཤེས་ནས་བཞག་པ་ཡིན་འདུག་ཅེས་དང་། འོ་རྒྱལ་ཐང་གི་མཇུག་ཏུ། ཆོས་ལུང་མདའ་ཟེར་ནས་མཆན་ཞིག་ཀྱང་བཀོད་འདུག
དཔྱིད་ཀྱི་རྒྱལམོའི་གླུ་དབྱངས་ནང་། ་་མང་སྲོང་མང་བཙན་གྱིས་རྒྱལ་སྲིད་བཟུང་། དུས་དེར་རྒྱ་རྣམས་ཀྱིས་སྤྲུལ་པའི་རྒྱལ་པོ་མ་བཞུགས་པར་ཤེས་ནས་དམང་འོངས་པ་འཕྲུལ་སྣང་དུ་སླེབ་པ་དང་། རྨེ་བརྩེགས་ཀྱི་སྐུ་ལས་སྤྲུལ་པའི་དམག་བྱུང་བས་ཕྱིར་བྲོས། དེའི་ལན་དུ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་ནས་རྒྱ་རྣམས་བཅོམ། མགར་ཡང་དམག་ཐོག་ཏུ་གྲོངས། དེ་ནས་སླར་རྒྱ་དམག་གི་སྐད་ཆེན་པོ་བྱུང་བས་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཅུག སྒོ་ལ་ཞལ་བ་བྱས་ནས་འཇམ་དབྱངས་ཀྱི་སྐུ་བྲིས། མི་རིང་བར་རྒྱ་དམག་རྣམས་ལྷགས་ཏེ་པོ་ཏ་ལའི་ཕོ་བྲང་མེ་ལ་བསྲེགས། ཇོ་བོ་ཤྰཀྱ་མུ་ནེ་འཁྱེར་མ་ཐུབ་ཀྱང་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་གདན་དྲངས་སོ་་ ཞེས་གསལ། པོ་ཏ་ལ་མེར་བསྲེགས་པ་དང་མགར་དམག་ཐོག་ཏུ་གྲོངས་པའི་སྐོར་འདི་རྒྱལ་རབས་གསལ་མེའི་ནང་ཡང་བཀོད་འདུག
ཀོང་ཇོ་ཕྱི་མས་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་ནས་བཏོན་པའི་སྐོར་དེ་སྦ་བཞེད་ཞབས་བཏགས་མའི་ནང་གསལ་ཙམ་འདུག་ལ་སྦ་བཞེད་འདི་བོད་ཀྱི་རྒྱལ་རབས་ཚང་མའི་ཕྱི་མོ་དང་། ཁུངས་དག་ཤོས་ཤིག་ཏུ་བརྩི་གི་ཡོད་པས་དེའི་ནང་གི་ཚིག་རིས་ཅི་བཞིན་འདིར་བཀོད་ན། ་་ཕྱིས་ཨོང་ཇོ་ན་རེ་ངའི་ནེ་ནེ་མོ་ཀོང་བཅོའི་མཆོད་གནས་གསེར་གྱི་ལྷ་ཤྰཀྱ་མུ་ནེ་ཞལ་བལྟའོ། ཟེར་ནས། རྒྱལ་སྟག་ར་མོ་ཆེ་ན་ལྷ་མི་བཞུགས་ནས། དེ་ཀུན་ལ་མཆོད་པ་རེ་བྱེད་ཅིང་བཙལ་ཡང་མ་རྙེད་ནས། ར་སའི་ལྷ་ཁང་དུ་མཆོད་པ་བྱས་པས། ཙང་ཁང་སྒོ་ལྔའི་ཕུད་རབས་འདུག་པ་ལ། ཙང་ཁང་སྒོ་བཞི་ལས་མེད་ནས་འདི་ན་ཙང་ཁང་གཅིག་སྦས་ཡོད་པར་ངེས་ཞེས། གློ་འབུར་གྱི་ཡ་ལད་ཀྱི་འོག་ཏུ་བརྡུངས་པས། སེར་ཁ་བྱུང་དེ་སྐོས་ནས་སྒོ་ཕྱེ་བ་དང་། གསེར་གྱི་ལྷ་ཤྰཀྱ་མུ་ནེ་སྦས་པ་མཐོང་ནས་ནེ་ནེ་མོའི་ལྷ་ལ་ཞལ་སྟོན་ཅིག་གསོལ་ཟེར་ནས་མཆོད་པ་བཙུགས་་ ཞེས་བཀོད་འདུག རྒྱ་མོ་འདིས་ནེ་ནེ་ཟེར་ནས་རྒྱ་སྐད་ཀྱང་ཤོད་ཀྱི་འདུག་ག འདིའི་ནང་ཡིག་ནོར་ཞིག་ཡོད་ན་ཡང་དེ་ལ་གསེར་སྲང་གཅིག་གི་རིན་ཐང་ཡོད་པས་སྙིང་ཁམས་བསྐྱེད་དེ་བཅོ་བར་མི་བྱའོ།
བོད་ཀྱི་ལོ་རྒྱུས་སྐོར་ཕྱག་གཉིས་པས་བཀོད་པ་དེ་རང་ལས་གཞན་ཞུ་རྒྱུ་མེད། རྒྱའི་ཡིག་ཚང་དུ་མ་བཀོད་ན་རྫུན་དགོས་པའི་བཙན་དབང་དེ་འདྲ་མ་གནང་རོགས་གནང་། རྒྱུ་མཚན་གཅིག་ནི། ང་ཉེ་ཆར་ལོ་རྒྱུས་ཀྱི་གཏམ་བཤད་ཅིག་ལ་ཕྱིན་སྐབས། རྒྱའི་ཡིག་ཚང་ན་ གོང་མས་རྗེ་ཙོང་ཁ་པ་གདན་ཞུ་བྱས་རབས་གཏན་ནས་འཁོད་མེད་ཅེས་ཟེར། དེའི་རྒྱུ་མཚན་ནི། གོང་མ་ལ་མཚོན་ན་བཀའ་བརྩི་དང་ལེན་མ་བྱས་པའི་རྐྱེན་གྱིས་ཁ་སྐྱེངས་ནས་ཡིག་ཐོག་ཏུ་འགོད་མ་ནུས་པ་རེད་ཟེར། བྱམས་ཆེན་ཆོས་རྗེའི་སྐོར་མང་དུ་བཀོད་འདུག་ཟེར། ངས་རྒྱ་ཡིག་མི་ཤེས་སྟབས། འདི་ལ་ཁུངས་འདེད་བྱེད་ཐབས་བྲལ། འོན་ཀྱང་། རྒྱའི་ཡིག་ཚང་འདི་ནི་རང་གི་ཁེ་ཕན་གཙོ་བཟུང་གིས་བྲིས་པ་ཞིག་ཡིན་པ་དེ་གསལ་པོ་རེད་བསམས།
ཁོ་རེ་ཕྱག་གཉིས་པ། ཁྱེད་ཚོས་བཤད་པ་ལ་གོ་རྒྱུ་འདུག ཡིན་ན་ཡང་རྒྱལ་རབས་གསལ་མེ་དང་དཔྱིད་རྒྱལ་གླུ་དབྱངས་སོགས་ནི་འདིར་བསྒྲུབ་བྱ་ལས་སྒྲུབ་བྱེད་མི་འགྲོ་ཚུལ་ངས་ཤོད་བཞིན་པ་དེ་ཡིན། སྦ་བཞེད་འདི་ཡང་བརྒྱ་ཆ་བརྒྱ་ཐམས་པ་ཡིད་ཆེས་ཆོག་པ་ཞིག་མིན་པ་འདྲ། དཔེར་ན་ཁྲི་སྲོང་གིས་རྒྱ་གར་དུ་རྟ་དམག་བྱེ་བ་ཕྲག་བཞི་བཅུ་དྲངས་ཚུལ་ལྟ་བུ་ཡིན་ན་དེའི་སྐབས་ཀྱི་བོད་ཡོངས་རྫོགས་ཀྱི་མི་འབོར་ལ་ཡང་བྱེ་བ་བཞི་བཅུ་ཡོད་མི་སྲིད་པ་ཞིག་ལ་རྟ་དམག་བྱེ་བ་བཞི་བཅུ་ག་འདྲ་བྱས་ནས་གཏོང་།
ཁོ་རེ་འདྲེ་རྐང་ཏོ། གྲྭ་བཙུན་ཚོར་ཚན་རིག་གི་སློབ་ཚན་གང་ཞིག་གི་སྟེང་ནས་ཟབ་སྦྱོང་སྤྲད་རྒྱུ་རེད་འདུག ཚན་རིག་ཟེར་བ་འདི་གནམ་ལ་འཕུར་སྟངས་དང་ས་ལ་འཛུལ་སྟངས་ནས་བཟུང་ཕག་གསོད་སྟངས་ཡན་ཆད་ལ་ཁྱབ་པའི་རིག་གནས་ཡོངས་རྫོགས་ཡིན་སྟབས་དེ་ག་ཙམ་དུ་ཚན་རིག་ཅེས་བརྗོད་ན་གང་ཞིག་ཟབ་སྦྱོང་སྤྲད་རྒྱུ་ཡིན་མིན་ཡང་ཤེས་ཀྱིན་མི་འདུག ད་གྲྭ་བཙུན་ཚོར་རྡུལ་ཕྲན་མཚོན་ཆ་དང་ཀྲན་ཁི་བཟོ་འཇུག་རྒྱུ་ཡིན་ཟེར་བཞིན་ཡོད་པ་འདྲ་མ་རེད་དམ། རྡུལ་ཕྲན་མཚོན་ཆ་འཕངས་ནས་དམྱལ་ཁམས་གཏོར་རྒྱུའི་ཆེད་དུ་རེད་དམ་འཕུར་གྲུ་ལ་བརྟེན་ནས་ས་བཅུ་ལམ་ལྔ་སྐར་ཆ་གཅིག་གི་རིང་ལ་བགྲོད་ཐུབ་ཀྱིན་ཡོད་པ་འདྲ་མིན་ནམ།
སྤོབས་པ། ད་ལྟའི་མི་ཞིག་གིས་ད་ལྟའི་ལོ་རྒྱུས་བྲིས་ན་ཡང་བརྒྱ་ཆ་བརྒྱ་ཡིད་ཆེས་ཆོག་པ་ཞིག་གང་ན་ཡོད། ཐ་ན་མི་མང་འཛོམས་ས་ཞིག་ནས་ཚང་མའི་མཐོང་ཡུལ་རང་དུ་མི་གསོད་ཁྲག་སྦྱོར་གྱི་དོན་དག་ཅིག་བྱུང་བ་ཡིན་ན་ཡང་། མི་རེར་མཐོང་སྣང་མ་འདྲ་བ་རེ་དང་བཤད་ཚུལ་མི་འདྲ་བ་རེ་ཡོང་གི་ཡོད་པ་དེ་ཅི། འདུག་ཡུལ་ས་ཆའིམཐོ་དམའ། ཐག་རིང་ཐུང་། ཉི་འོད་དང་གློག་འོད་ཀྱི་འཕྲོ་སྟངས། ཞེད་སྣང་། མིག་གི་གསལ་འགྲིབ་སོགས་ལ་བརྟེན་ནས་མཐོང་ཚུལ་ཡང་མི་འདྲ་བ་ཞིག་ཡོང་གི་ཡོད་པ་རེད།
སྤོབས་པ་ལགས། ཚན་རིག་ཟེར་ན་གནམ་ལ་འཕུར་སྟངས་དང་། ས་ལ་འཛུལ་སྟངས་ཤིག་རེད་དམ། ཡང་གཅིག་བཤད་ན་ཚན་རིག་གི་ནང་དུ་ཕག་གསོད་(བཤའ)སྟངས་ཤིག་ཡོད་དམ། ཁྱེད་ཀྱིས་མཐོང་བའི་ཕག་གསོད་(བཤའ)སྟངས་ཀྱི་ཚན་རིག་དེ་སྡེ་ཚན་གང་རེད། ཕག་གསོད་སྟངས་ཀྱི་ཚན་རིག་ཅིག་ཡོད་ན་ཕག་གསོད་མཁན་གྱི་ཚན་རིག་པ་ཞིག་ཀྱང་ཡོད་དགོས་པས། ཕག་གསོད་(བཤའ)མཁན་གྱི་ཚན་རིག་པ་དེ་མིང་ལ་ཅི་ཟེར་རམ།
དྲ་ཐོག་འདིས་མི་ཚང་མ་ཁོམ་བསྡད་ཡོད་ས་རེད།
ཁོམ་བསྡད་ཡོད་ན་དངོས་ནས་བཟང་གི བོད་ཀྱི་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་དག་དཔྱད་པ་རེ་གནོང་དང་། དེ་ནས་ད་གཟོད་ཁ་ཚ་དགོས་གཏུག་གི་དོན་དག་རེ་ཟུང་སྒྲུབ་པ་དང་བྱེད་རྒྱུ་སོགས་གང་ཡོད་བལྟས་ན་རེད། དེ་མིན་རྒྱ་བཟའ་བལ་བཟའ་སོགས་ཀྱི་གནས་ཚུལ་ཁ་ཤས་རྩད་དེ་རྒྱའི་ཡིག་ཚང་དང་བལ་ཡུལ་གྱི་ཡིག་ཚང་ཡོད་ཚད་བསྔོག་དགོས་བྱུང་ན་ང་ཚོས་རིང་ལ་ཡོང་མི་སྲིད་པ་ཞིག་ཡིན། གང་ཡིན་ཟེར་ན་ངེད་ཅག་གི་མི་འདི་ཚོ་ཟེར་སྒྲོས་སུ་འབྲེང་བ་ལས་རང་གི་ཞིབ་འཇུག་བྱེད་རྒྱུར་གོམ་གཤིས་མེད་པས་སྒྱིད་ལུག་པ་ཤ་སྟག་ཡིན།
ཚན་རིག་སྦྱང་ནས་མི་གསོད་དགོས་མ་རེད། ཚན་རིག་ཟེར་བ་དེ་མདོར་བསྡུས་ནས་བཤད་ན་བསམ་བློ་གཏོང་སྟངས་ཤིག་རེད། ད་ལོའི་ཟླ་ལྔ་པའི་ནང་ལ་རྒྱ་ནག་གིས་་་་ཏྰ་ལའི་བླ་མས་གྲྭ་པ་ཚོར་ཚན་རིག་བསླབ་ཏུ་འཇུག་ནས་རྡུལ་ཕྲན་མཚོན་ཆ་བཟོ་འཆར་རེད་ཟེར། དེ་ནི་ཁོང་ཚོས་ཚན་རིག་ཟེར་བ་དེ་ལ་གོ་བ་མ་ལོན་པའི་རྟགས་རེད། གང་ལྟར། ད་ཆ་གུང་བྲན་ཏང་གིས་ཀྱང་ཁ་གྲགས་ཚད་ལ་་་་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་་་་ཟེར་བཞིན་པ་དེར་བལྟས་ན། གུང་བྲན་ཏང་གིས་ཚན་རིག་གི་གོ་དོན་ལ་དངོས་གནས་གོ་ལ་ལོག་འདུག
སྐུ་ཞབས་སྤོབས་པ། ཁྱེད་ཀྱི་ཡས་མས་གང་སར་བསམ་བློ་གཏོང་གི་འདུག ངས་ཁྱེད་ལ་འདྲི། ་ཇོ་བོ་འདི་རྒྱ་ཡུལ་ནས་ཁྱེར་ཡོང་ཚུལ་རྒྱའི་ལོ་རྒྱུས་ལ་ཡོད་མེད་ངས་མི་ཤེས། འོན་ཀྱང་ཇོ་བོ་འདི་ཐོག་མའི་བཞུགས་གནས་ནས་སྐུང་དགོས་ཐུག་པ་དང༌། ཇོ་བོ་གཉིས་ཀྱི་བཞུགས་གནས་སྤོར་དགོས་པ་ཚང་མ་རྒྱ་དང་འབྲེལ་བ་ཡོད་པ་རང་རེའི་ལོ་རྒྱུས་ན་གསལ་ཡོད་པ་རེད། ཅིའི་ཕྱིར་ཇོ་བོ་འདི་དང་རྒྱ་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་སོང་བ་རེད་དམ།
དེ་མིན་ཁྱེད་ཀྱི་ཇོ་བོའི་སྐོར་ལ་བསམ་བློ་གཏོང་གི་ཡོད་ན་ད་ལྟའི་ཇོ་བོ་འདི་སྔོན་མའི་ཇོ་བོ་ཡིན་མིན་ནི་དེ་བས་ཀྱང་དོགས་གཞི་ཞིག་རེད། ད་ལྟའི་ཇོ་བོ་ནི་རིག་གསར་རྗེས་སུ་ཡས་ནས་རྙེད་པའི་ཁོག་སྟོད་ཅིག་དང་མས་ནས་རྙེད་པའི་ཁོག་སྨད་ཅིག་མཐུད་ནས་གྲུབ་ཡོད་པ་དང༌། ཅིག་བྱས་ན་ཕྱེད་ཀ་སྔོན་མའི་ཇོ་བོ་མིན་སྲིད་ལ། ཅིག་བྱས་ནས་ཧྲིལ་པོ་ཡང་མིན་སྲིད། འདི་ཚོ་ཡང་ཁྱེད་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་ཡིན་ངེས་སྙམ།
ཁོག་སྟོད་དང་ཁོག་སྨད་ཁ་ཕྲལ་བའི་ཇོ་བོ་དེ་ཇོ་བོ་མི་བསྐྱོད་རྡོ་རྗེ་མ་ཡིན་ནམ། སུ་ཡིན་ནམ། རིན་འབུར་རིན་པོ་ཆེ་ཡིན་ནམ་སུ་ཞིག་རྒྱ་ནག་ནང་ལྟ་སྐོར་ལ་བསྐྱོད་སྐབས་ཤིག་སྤུངས་བཞག་པའི་སྐུ་འདྲ་ཆག་རོ་མང་པོའི་ཁྲོད་ཇོ་བོའི་སྐུ་སྟོད་ཡིན་བསམ་སོང་། དེ་ཁོང་ནས་ངོས་ཟིན་ཏེ་ཡར་གདན་འདྲེན་ཞུས་པ་འདྲ་ཞིག་གསལ་ལ་མི་གསལ་བ་ཞིག་དྲན་གྱི་འདུག དེབ་གང་ཡིན་སོགས་གསལ་པོ་ཞིག་མི་དྲན། སུ་ཞིག་ནས་དེ་སྐོར་གསལ་པོ་ཞིག་ཤེས་ན་འདིར་གསལ་བཤད་ཅིག་གནང་རོགས་གནང་།
བོད་ཀྱི་ལོ་རྒྱུས་ལ་ལར་རྒྱས་བཙན་པོ་གཤེགས་པ་ཐོས་རྗེས་ལྷ་སར་རྒྱ་དམག་སླེབས་པར་བརྟེན་ཇོ་བོའི་བཞུགས་གནས་བརྗེས་ཚུལ་ཞིག་ཡོད་པ་བདེན། འོན་ཀྱང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་རྒྱའི་དམག་ལྷ་སར་སླེབས་ཚུལ་དེ་བདེན་པ་མིན་ཚུལ་གསུངས་ཡོད། རྒྱའི་ཡིག་ཚང་དུ་ཡང་དེའི་སྐབས་ཀྱི་རྒྱ་བོད་འབྲེལ་བ་རྒྱས་པར་བཤད་ཡོད་ཀྱང་ལྷ་སར་རྒྱ་དམག་སླེབས་ཚུལ་ཞིག་མེད། བར་སྐབས་ཤིག་ལ་རང་རེའི་བླ་དཔོན་ཚོས་རྒྱ་ནག་གི་ངོ་སྲུང་ཆེད་དུ་རྒྱ་བཟའ་ཀོང་ཇོའི་མཛད་རྗེས་ཇེ་ཆེར་བཟོ་བའི་མཐོ་རླབས་ཤིག་འཕྱུར་བའི་རྐྱེན་གྱིས་ཇོ་བོ་ཟེར་བའི་རྟེན་ཁྱད་འཕགས་ཤིག་ཀོང་ཇོས་ཁྱེར་ཡོང་ཚུལ་བསྒྲགས་པ་མིན་ནམ་སྙམ། རྒྱ་ནག་ཏུ་ཆོས་ཀྱི་དབུ་བརྙེས་ཚུལ་གྱི་ཆོས་འབྱུང་ཞིབ་པར་ཡོད་ཀྱང་རྒྱ་གར་རྒྱལ་པོས་དགེ་སློང་ཁ་ཤས་ཤིག་དང་ལྷན་དུ་སྐུ་རྟེན་བྱིན་རླབས་ཅན་ཞིག་གནང་ནས་ཆོས་དར་ཚུལ་ཞིག་མི་འདུག
རིག་གསར་སྐབས་སྟོད་སྨད་ཕྲལ་ཏེ་རྒྱ་དམག་གི་མདེའུ་བཟོ་ས་ཞིག་ཏུ་ཡོད་པའི་སྐུའི་སྟོད་སྨད་ཀྱི་ཆ་ཤས་གཅིག་ཡིན་ནམ་ཅིག་རྙེད་མཁན་དེ་པཎ་ཆེན་རིན་པོ་ཡིན་ཚུལ་ཞིག་ངས་ཀྱང་མིའི་ངག་ནས་ཐོས་མྱོང་། དེ་མིན་ཇོ་བོ་ཤཱཀྱ་མུ་ནེ་འདིའི་སྐོར་ལ་རིག་གསར་སྐབས་གང་བྱུང་གསལ་བོ་བཤད་རྒྱུ་མེད།
བོད་མི་མང་ལ་སྲོག་ནང་བཞིན་རྩ་ཆེ་ཞིང་བྱིན་རླབས་ཅན་གྱི་སྐུ་འདྲ་འདིར་དབུ་ཞྭ་བསྒྲོན་མེད་པ་དང་རིན་ཐང་བྲལ་བའི་རིན་པོ་ཆེ་རྩ་ཆེན་མང་པོས་ཡོངས་སུ་གཡོགས་མེད་ན། རྒྱ་ཁབ་གང་ཞིག་གི་སྒྱུ་རྩལ་ཡིན་པ་དང་དུས་རབས་ནམ་ཞིག་ལ་བཞེངས་མིན་ཤེས་ཐུབ་རྒྱུ་ཡིན་པ་རེད། ཡིན་ན་ང་ཚོར་དེ་ལ་ཁྱད་པར་མི་འདུག སངས་རྒྱས་སྐུ་བཞུགས་པའི་སྐབས་ཀྱི་སྐུ་འདྲར་ངོས་བཟུང་བསྡད་ན་དེ་ལ་དེས་ཚོད་ཀྱི་བྱིན་རླབས་ཤིག་ཡོད་པ་རེད་མོད།
རྒྱ་གར་ནས་རྒྱའི་དགེ་སློང་ཅི་ཙམ་ཞིག་དུས་ནམ་ཞིག་ཚེ་རྒྱ་ནག་ཏུ་ཕེབས་པའི་སྐོར་གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་དགའ་རབས་ཤིག་བྲིས་ཡོད་ལ་ཁུངས་ཐུབ་ཀྱང་རེད་བསམ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་བསྟན་རྩིས་ཀུན་བཏུས་སུ་ཇོ་བོ་རྒྱ་ནག་མ་དང་ཙན་དན་ཇོ་བོའི་སྐོར་གང་འཚམ་ཞིག་བཀོད་ཡོད། གང་ཡིན་ཞེ་ན་ཁོང་རྒྱ་ཡུལ་དུ་བཞུགས་ནས་རྒྱུན་རིང་དང་རྒྱ་ཡིག་ཤེས་མཁན་ཞིག་ཡིན་པས་དང་། རིག་གསར་སྐབས་སྐུ་སྟོད་སྨད་ཕྲལ་བ་དེ་ནི་ཇོ་བོ་མི་བསྐྱོད་རྡོ་རྗེ་རེད། དེ་བཞིན་ད་ལྟའི་ཇོ་ཁང་ནང་གི་ཇོ་བོའི་སྐུ་དེ་ནི་རྒྱ་ནག་ནས་གདན་དྲངས་པ་དེ་ཡིན་མིན་ལ་བཤད་ཡམས་སྣ་ཚོགས་ཤིག་ཡོད་ཅིང་། མང་པོ་ཞིག་གིས་ཇོ་མཇལ་ཞུ་རུ་འགྲོ་དུས་ཇོ་བོའི་སྐུ་འཁྲིས་སུ་མ་བསླེབས་གོང་དུ་སྟེགས་མཐོན་པོ་ཞིག་གི་སྟེང་དུ་ད་ལྟའི་ཇོ་བོའི་སྐུ་ཚད་ནས་ལྡབས་གཉིས་གསུམ་གྱིས་ཆུང་བའི་ཇོ་སྐུ་ཞིག་མཇལ་རྒྱུ་ཡོད་པ་དེ་རྒྱ་ནག་ནས་གདན་འདྲེན་ཞུས་པ་དེ་རེད། ཇག་རྐུན་གྱི་ཉེན་ཁ་ལས་སྐྱོབས་ཆེད་དུ་དེ་ཙམ་མངོན་གསལ་དོད་པོ་བྱེད་མ་ཕོད་པ་རེད་ཟེར།
གསལ་བཤད། གང་ཡིན་ཞེ་ན་ཞེས་པ་དེ་གུང་མགོན་པོ་སྐྱབས་ལ་གོ་དགོས།
ཕྱག་གཉིས་པ་ལགས། ཇོ་བོའི་ན་བཟའ་ཕུད་ཡོད་པའི་འདྲ་པར་མཐོང་མྱོང་ཡོད། སྐུ་འདྲ་དེ་བལ་པོའི་ལི་སྐུ་ཞིག་ཡིན་པར་མནའ་བསྐྱལ་ཐུབ་པ་ཞིག་རེད། སྤྱིར་བཏང་བཟོ་རིག་དང་བྱིན་རླབས་ཁྱད་འཕགས་ཅན་གྱི་གནའ་སྐུ་ཞིག་ལོས་ཡིན་མོད་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་ཟེར་བར་དེ་ཙམ་ཡིད་ཆེས་ཐུབ་པ་ཞིག་མ་རེད།
རྒྱ་བཟས་འཁྱེར་ཡོང་ན་རྒྱ་ནག་གིས་བཟོ་དགོས་པ་ཞིག་ག་ལ་ཡིན། ཁྱེད་ཀྱིས་ཇོ་བོ་བཞེངས་བའི་ལོ་རྒྱུས་ལ་ཞིབ་གཟིགས་གནོངས།
སྐུ་ཞབས་སྤོབས་པ་ལགས། དེང་སང་མནའ་བསྐྱལ་ནས་ར་སྤྲོད་རྒྱུའི་དུས་ཚོད་ཡོལ་ཚར་བས། དགེ་ཆོས་ཀྱིས་གསུངས་བ་ནང་བཞིན་མངོན་སུམ་རྟགས་ཀྱིས་བདེན་པ་ར་སྤྲོད་བྱེད་དགོས་ཀྱི་རེད།
སྤོབས་པ་ལགས། ཁྱེད་ཀྱིས་གླེང་མོ་རྣམས་གནད་ཆེན་པོ་དང་ནང་དོན་ཟབ་པོ་ཡིན་མིན་གང་ལྟར་ཡང་། གཞན་པས་ཡིན་ཤག་བྱས་ནས་བཞག་པ་མ་གཏོགས་ཆེད་དུ་གཉེར་ནས་ངེས་ཆ་མ་བཙལ་བའི་རིགས་གླེང་གི་འདུག་པས་བསྔགས་བརྗོད་ཞུ། གོང་དུ་མཆན་བུ་བཏབ་པ་རྣམས་ལས་གང་གིས་ཀྱང་ལྷ་སའི་ཇོ་བོ་ཀོང་ཇོས་རྒྱ་ཡུལ་ནས་གདན་དྲངས་པའི་ཤེས་བྱེད་ཁུངས་འཕེར་གཅིག་ཀྱང་བཤད་ཐུབ་མེད་པ་འདི་ནི་ཁྱེད་ཀྱིས་གཞན་པས་དོ་སྣང་མ་བྱས་པའི་གནད་གླེང་ཐུབ་པའི་རྟགས་རེད། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་ཟེར་བའི་དེབ་ཐེར་དེ་སྔོ་མ་བལྟ་མྱོང་ཡང་ཁྱེད་ཀྱིས་བཤད་པ་ལྟར་རྒྱ་ནག་གོང་མས་ཀོང་ཇོའི་རྫོངས་མར་ཐུབ་པའི་སྐུ་བརྙན་འགངས་ཆེན་པོ་ཞིག་བསྐུར་བའི་ལོ་རྒྱུས་གསལ་ཁ་ཅན་ཞིག་ཡོད་པ་དྲན་གྱི་མི་འདུག ཡིན་ན་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཡོངས་རྫོགས་ཞལ་མཐུན་པར་སྔ་མོར་བཞུགས་པའི་ཇོ་བོ་ཀོང་ཇོས་རྒྱ་ཡུལ་ནས་གདན་དྲངས་པའི་ཚུལ་བཤད་ཡོད། ཁྱེད་ཀྱིས་དེ་ལྟར་མི་འདོད་པའི་རྒྱུ་མཚན་གཙོ་བོ་རྒྱའི་ལོ་རྒྱུས་རྣམས་སུ་དེའི་སྐོར་གསལ་ཁ་མེད་པ་དང་། སྐུ་བརྙན་འདི་ལ་བལ་བོའི་བཟོ་རིག་སྒྱུ་རྩལ་གྱི་ཞེད་ཡོད་པ་གཉིས་ཡིན་ཚོད་འདུག རྒྱལ་པོ་སྲོང་བཙན་སྒམ་པོས་ཀོང་ཇོ་འདུན་མར་བསུ་དགོས་པའི་རྒྱུ་མཚན་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་སངས་རྒྱས་ཀྱི་སྐུ་བརྙན་འགངས་ཆེན་དེ་གདན་འདྲེན་པའི་ཆེད་དུ་ཡིན་སྟབས། གང་གི་ཆེད་དུ་ཡིན་པའི་དགོས་དོན་གཙོ་བོ་དེ་བོད་ཀྱི་ལོ་རྒྱུས་ནང་རྩལ་དུ་བཏོན་ནས་འགོད་པར་རྒྱུ་མཚན་ཡོད་ལ། རྒྱ་ཕྱོགས་ནས་ཀོང་ཇོ་བོད་པའི་གནའ་མར་སྤྲད་པ་དེ་ཡང་བོད་ཀྱི་བཙན་ཤུགས་མ་བཟོད་པའི་དབངགིས་ཡིན་ཕྱིར། རྒྱའི་གོང་མ་དང་ལོ་རྒྱུས་འབྲི་རྩོམ་པ་ཚོར་ཀོང་ཇོ་ལས་སྐུ་བརྙན་ལ་དེ་ཙམ་ཡིད་ཕངས་མ་སྐྱེས་པས་ཚོར་འདུའི་དབང་གིས་དེའིསྐོར་ལོ་རྒྱུས་རྣམས་སུ་འབྲི་རྒྱུ་ལྷག་པར་་ཡིན་སྲིད། ཇོ་སྐུ་འདི་རྒྱ་གར་གྱི་པཱ་ལའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨས་བཞེངས་པའི་ལོ་རྒྱུས་ཡོད། འདི་བཟོ་བོའི་རྒྱལ་པོ་ཞེས་པའི་མཚན་བསྟོད་འབུལ་ལུགས་ལ་བལྟས་ན་འདི་ཧ་ཅང་བཟོ་རིག་སྒྱུ་རྩལ་མཁས་ཅན་ཞིག་ཡིན་པ་རྟོགས་ཐུབ། དེང་སང་བལ་བོའི་བཞེངས་ལུགས་སུ་གྲགས་པའི་རྟེན་བཞེངས་ཀྱི་སྒྱུ་རྩལ་འདི་ཁོང་ལ་མེད་པ་སུས་ཀྱང་ཁ་ཚོན་གཅོད་མི་ནུས། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་འདི་རྒྱའི་བཟོ་བོ་མཁས་པ་མང་པོས་བཞེངས་པ་དང་། གཙུག་ལག་ཁང་འདིའི་ཁ་ཤར་ཕྱོགས་སུ་བསྟན་པ་དང་། བལ་བཟས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ཁང་གི་ཁ་ནུབ་ཕྱོགས་སུ་བསྟན་ནས་བཞེངས་པའི་ལོ་རྒྱུས་ཡོད་པ་ལྟར་དོན་ལ་ཡང་དེ་ལྟར་ཡིན་པ་འདིར་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྙམ། མ་གཞི་ནས་དངོས་ཡོད་ཀྱི་བྱུང་བ་ཞིག་ཡིན་མིན་རྒྱའི་ལོ་རྒྱུས་ནང་དུ་གསལ་མིན་ཙམ་རྒྱུ་མཚན་གཙོ་བོར་འགོད་པ་གཏན་ནས་མི་འཐད། ཁོ་ཚོས་དུས་ནས་དུས་སུ་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་བཅོས་སྒྲིག་མང་པོ་བྱེད་བཞིན་ཡོད། ཀོང་ཇོ་མོ་རང་ཡང་ཐང་ཐེ་ཙང་གི་སྲས་མོ་ཡིན་མིན་རྒྱ་བོད་ཀྱི་ལོ་རྒྱུས་ལ་བཤད་པ་མི་མཐུན་པ་ཡོད་པ་སྐབས་འདིའི་གླེང་གཞི་དང་ཤིན་ཏུ་འབྲེལ་ཆེ་ཡང་སུ་གང་གིས་ཀྱང་གླེང་མི་འདུག
ཇོ་བོ་རིན་པོ་ཆེར་དབུ་ལ་དབུ་ཞྭ་བསྒྲོན་ཞིང་ལུས་ཡོངས་ཕྲ་རྒྱན་གྱིས་གཡོགས་ནས་བོད་ཀྱི་ཨ་ལྕག་ལགས་ལྟ་བུ་ཞིག་ཏུ་བསྒྱུར་ཏེ་ཕལ་ཆེར་བོད་མི་ངོ་མ་ཞིག་ཏུ་གྱུར་འདུག དེ་བས་སྐུ་གཟུགས་ཧྲིལ་བོའི་སྒྱུ་རྩལ་དེ་དཔྱད་མི་ཞོག་པ་ཞིག་ཡིན་ན་ཡང་། ཁོང་གི་ཀུན་ཏུ་མཐོ་བའི་ཤངས་དང་དཀྱུས་རིང་བའི་སྤྱན་གཉིས་ཀྱིས་མི་སྐད་སྨྲ་ཡི་འདུག་ལ་གནའ་བོའི་རྒྱ་གར་དང་རྒྱ་གར་སྒྱུ་རྩལ་གྱི་ཆ་ཤས་ཤིག་གི་མིག་ཟུར་བར་མེད་དུ་འཕེན་གྱི་འདུག དེས་ན་སྤོབས་པ་མཐའ་ཡས་ཀྱིས་བལ་བོའི་ལི་སྐུ་ཟེར་ནས་མནའ་བསྐྱལ་བའང་དོན་མེད་པར་མནའ་ཟོས་པ་ཞིག་མིན་པ་འདྲ།
ཡིན་ན་ཡང་། བོད་ཀྱི་རྒྱན་གྱིས་ཡོངས་སུ་བཏིམས་པའི་ལྷ་སྐུ་དེ་ཚོ་ལས་རྒྱ་གར་གྱི་དར་སྲབ་གསོལ་བའི་ལྷ་མོ་གཅེར་བུར་འབུད་ལ་ཁད་པ་དེ་ཚོའི་སྒྱུ་རྩལ་གྱི་མཛེས་པ་རྨད་དུ་བྱུང་།
ང་ཚོའི་ལྷ་སྐུ་དེ་ཚོ་ཅིའི་ཕྱིར་སྩག་གོན་དང་ཧེར་གོན་མིན་པ་ངའི་བསམ་བློར་ཡང་ཡང་འཁོར་གྱི་འདུག གོ་ཚོད་ལྟར་ན། ཨ་རིག་གླེན་པ་ཞིག་གིས་རྗེ་བཙུན་བྱམས་པ་མགོན་པོར་གཡག་ཀོ་ཆ་ཚང་གི་ལྷམ་ཞིག་བསྐོན་པ། རྗེས་སུ་དད་ལྡན་རྣམས་ཀྱིས་ལྷེབ་རེ་ལྷེབ་རེ་བྱས་བཀོག་ཕྱིན་ཏེ་ལྷག་ལུས་མེད་པར་གྱུར་ཡོད་སྐད་འདུག་ན་སེམས་གདུང་གཞན་ལས་ལྕི། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གསོན་པོ་ཞིག་དད་པས་རྩ་མེད་བཟོས་འདུག
དེ་ནི་མི་རིགས་ཀྱི་དད་པས་རྩ་མེད་བཟོས་པ་ཞིག་གཏན་ནས་མིན། དེ་ནི་རྒྱ་དམར་སྲིད་གཞུང་གི་གཏོར་བཤིག་བཏང་བ་ཞིག་ཡིན། དུས་ད་ལྟ་ས་ཆ་དེའི་མིང་ལ་བྲག་གཡེར་བ་ཟེར་ནས་འབོད་ཀྱི་ཡོད། དགའ་ལྡན་ལ་འགྲོ་སའི་ལམ་གྱི་ལག་པ་གཡོན་ཕྱོགས་སུ་ཡོད། སྟབས་ལེགས་ནས་མི་རིགས་ཀྱི་དད་པས་སླར་ཡང་སྐུ་འདྲ་དེ་བཞེངས་ཡོད་པ་རེད།
ཁྱེད་རང་ལ་དད་པ་མེད་ན། མི་རིགས་ཀྱི་དད་པ་ཟེར་ནས་ཟུར་ཟ་མ་བྱས་ན་ཡག་པོ་རེད། མི་རིགས་ཀྱི་དད་པ་ཟེར་བ་ནི་དངོས་ནས་བྱས་ན་ཁྱེད་རང་གི་རྩ་ནས་ཤེས་རྒྱུ་ཕར་ཞོག ཁྱེད་རང་རང་གི་མི་རིགས་ལ་ཤ་ཞེན་ཡང་མེད་མཁན་ཞིག་ཡིན་པ་འདྲ། སྐད་ཆ་བཤད་སྟངས་འདི་འདྲའི་སྡུག་་ཆག ད་དུང་རང་གི་མིང་ལ་མགོན་པོ་ཕྱག་གཉིས་ཡིན་ན་ཞིག་བཏགས་ནས། གཟབ་གཟབ་བྱོས་མ་གཏོགས་མགོན་པོ་ཕྱག་གཉིས་ཟེར་བས་སྲུང་མ་འདི་ནི་ལས་སླ་བོ་ཞིག་མ་རེད། གོ་སོང་ངམ། མགོན་པོ་ཕྱག་གཉིས་པས་མིང་འཛིན་པ་ལགས། མྱུར་མཛད་མ་རེ་འདོན་ཤེས་ན་ཡག་པོ་རེད། དེ་ནས་ཁྱེད་རང་ལ་མགོན་པོ་ཕྱག་་གཉིས་པ་འཁོར་སྲིད་པ་རེད།
བོད་མིའི་དད་པར་མཐོང་ཆུང་བྱས་པ་ཅང་མེད། དད་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཕྱག་ལྷམ་གཏེལ་ཤ་འཁོར་ལོ་བྱས་ཁྱེར་ཕྱིན་པ་དེ་ཕངས་པོ་ཡིན་ཚུལ་བརྗོད་པ་ཙམ་ཡིན།
དེ་འདྲ་ཞིག་ཡིན་ན་རྗེས་ཕྱོགས་སྐད་ཆ་བཤད་ཤེས་པ་གནོང་རོགས། དེ་མིན་བོད་མིས་བོད་ལ་འཕྱ་དམོད་བྱེད་ལུགས་དེ་འདྲ་གོ་ན་རྣ་མཆོག་ལ་མི་བདེ་བ་ང་རང་གཅིག་བུ་ཡིན་མི་སྲིད། གོ་སོང་ངམ། དེ་ལྟར་བྱོས། རང་ཉེས་ཁས་ལེན་བྱས་བ་ནི་ཡག་པོ་རེད།
ཀྱེ་གྲོགས་པོ་ལགས