ལྷ་སའི་སྦྲགས་ཐམ་མ་རེད་བོད་ཀྱི་སྦྲགས་རྟགས་རེད། ལ་རྩེ་ཚང་གིས་དོ་སྣང་བྱས་ན་སྲ། ད་དུང་པདྨ་འབུམ་གྱིས་སྦྲགས་རྟགས་གིས་བོད་རང་བཙན་ཡིན་པ་ཁུངས་སྐྱེལ་བྱེད་མི་ཐུབ་ཟེར། བོད་ཆོས་སྲིད་ཀྱི་མངའ་ཐང་རྒྱས་ནས་ཡོད་སྐབས་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས། རིག་གཞུང༌། མི་རིགས་དང་ས་ཁུལ། རྒྱལ་རྟགས་དང་རྒྱལ་དམག ཁྲིམས་སྲོལ་དང་འཛིན་སྐྱོང༌། རྒྱལ་དངུལ་ཆེ་ཆུང་འདྲ་མིན། སྦྲགས་ཐམ་དང་སྦྲགས་རྟགས། སྲིད་སྐྱོང་དང་སྲིད་བློན་སོགས་ཡོངས་སུ་རྒྱ་ནག་དང་ཐ་དད་ལ་ཡོད་པའི་བདེན་དོན་ནི་ནམ་ཡང་བསུབ་ཐབས་མེད།
བོད་གཞུང་གི་སྦྲགས་གླ་ཡིན་ཟེར་ནས་སྦྲགས་ཐམ་ཁོ་རང་གི་ཚུར་ཁ་གྲག་འདུག་ག སྟེང་གི་བོད་ཡིག་ལ་ལྟོས་དང་།
ཁོ་རང་གིས།
ཨོ་ལེ་ངས་དེ་ཟེར་གྱི་ཡོད། ཡིན་ཡང་ལ་རྩེ་ཚང་གི་འགྲེམས་སྟོན་དེར་ལྷ་སའི་སྦྲགས་ཐམ་བྲིས་བྱ་དེ་ནས་ཟིན་བྲིས་ཐུང་ཐུང་དེ་པར་དང་མཉམ་ཞོར་བཀོད་བྱས་བ་ཡིན།
སྦྲགས་ཐམ་རང་གི་ཐོག་ན་《བོད་གཞུང་སྦྲགས་གླ》ཞེས་བྲིས་འདུག་ཀྱང་། ལ་རྩེ་ཚང་གིས་ལྷ་སའི་སྦྲགས་ཐམ་ཟེར་དགོས་དོན་ཞིག་ཡོད་རྒྱུ་རེད་འདོད་ཀི འདི་ལ་གསལ་བཤད་ཅིག་མི་གནང་ངམ།
རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་མཚོན་བྱེད་གཙོ་བོ་ནི། རྒྱལ་དར། རྒྱལ་གླུ། དངུལ་སྒོར། སྦྲགས་ཐམ་བཅས་ཡིན་པར་བདག་སྙམ། དྲ་གྲོགས་ཚོས་རྒྱལ་ཁབ་ཅིག་ལ་རང་ཉིད་རྒྱལ་ཁབ་ཅིག་ཡིན་པའི་མཚོན་རྟགས་གལ་ཆེ་ཤོས་དེ་གང་ཡིན་གསུང་དང་།
ལྷ་སའི་སྦྲགས་ཐམ་ནི་བོད་ཀྱི་སྦྲགས་རྟགས་ཡིན་ཞེས་བཤད་ན་སྐྱོན་ཅི་ཞིག་ཡོད་དམ།
མ་གཞི་དེང་སྐབས་གསར་ཤོག་དང་། དྲ་ལམ་ཁག་གི་ནང་ལྷ་ས་ཞེས་པའི་ཐ་སྙད་དེ་དབུས་གཙང་མངའ་རིས་དང་བཅས་པར་སྦྱར་སྲོལ་ཞིག་དར་གྱིན་འདུག དེ་ནི་མ་དཔྱད་མ་བརྟག་པའི་ངང་ཐ་སྙད་གང་བྱུང་དུ་བེད་སྤྱོད་བཏང་བ་ཞིག་རེད་དམ་མ་རེད།
དྲ་གྲོགས་ཚོས་གསུངས་རོགས།།
བོད་པ་ཚོས་ཚང་མ་ལ་སྐེ་བསྲིངས་ནས་རེད་དང་མ་རེད་ཅེས་རལ་གྲི་གནམ་གཡུགས་ཀྱི་ཐག་གཅོད་བྱེད་པ་འདི་ཡང་ཅུང་ཐལ་དྲགས་པ་ཞིག་མིན་ནམ་སྙམ། ལ་རྩེ་ཚང་ངམ་ཀུན་ཕན་ཐེབས་རྩ་ཚོགས་པས་བསམ་བློ་ཞིག་བཏང་ནས་ལས་རིམ་ཞིག་གོ་སྒྲིག་བྱས། ལས་རིམ་དེ་ལ་མིང་ཞིག་བཏགས་པ་རེད། ད་མིང་དེ་མིང་ཞིག་རེད། མིང་དེ་བཏགས་མིང་ཞིག་རེད། ད་འདི་ལ་འགྲིག་དང་མི་འགྲིག་གི་སྐད་ཆ་ཞིག་ཨེ་ཡོད། དེ་ནས། བོད་གཞུང་སྦྲགས་གླ་ཞེས་པ་དེ་ཅ་ལག་ཅིག་རེད། སྦྲགས་ཐམ་ཞེས་པ་ཅ་ལག་གཞན་ཅིག་རེད།
གཅིག་སྟོང་དགུ་བརྒྱ་ང་དགུའི་ཡར་སྔོན་དུ་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་པ་ཡིན་པ་སྦྲགས་ཐམ་འདིས་གསལ་བཤད་བྱས་འདུག་པ་ཀུན་གསལ་རེད།
ལ་རྩེ་ཡིས་ལོ་རྒྱུས་ཀྱི་བདེན་དཔང་ཞིག་བཏུས་འདུག་པ་ཚང་མས་ཡི་རངས་བྱེད་དགོས་དངོས་ངེས་ཤིག་རེད།
རྒྱ་རྒན་ཚང་གིས་ལོ་རྒྱུས་རྫུན་བཟོ་ཡི་དངོས་པོ་མང་པོ་བཙལ་སྟེ་༼ལོ་རྒྱུས་ཀྱི་དྲང་བདེན་བྱེད་ཀྱི་རེད་༽ཟེར་པའི་ནང་གང་མང་བཀོད་འདུག་པ་ང་ཚོའི་འཚོལ་ཞིབ་ལས་ལྡེབ་འགྱུར་གྱིས་མང་བ་དེ་ཡང་ཤ་ཞེན་ཆེ་པའི་རང་རེ་བའི་ཡིད་ལ་འཛིན་དགོས་ཀྱི་འདུག
དེ་ལ་དགོངས་པ་འཚོམ་དོན་མི་འདུག། དེ་བཏགས་མིང་ཡིན་ཟེར་དགོས་གྱི་རེད་ལ་བཏགས་མིང་ཡིན་པ་ཚང་མས་ཤེས་གྱི་རེད། མ་གཏོགས་ལ་རྩེ་ཚང་གིས་བོད་ཀྱི་ལོ་རྒྱུས་ནག་པོ་བཟོ་འདོད་ཡོད་རྒྱུ་མ་རེད་ལ་ཐུབ་ཀྱི་ཡང་མ་རེད། འདོད་བཏགས་མིང་དེ་དགོས་དབང་རེད་ག་རེ་རེད་སྦྲགས་རྟགས་ལ་བོད་དབྱིན་གཉིས་ཀ་ཡོད་ས་ནས་ད་དུང་བཏགས་མིང་ཟིག་ཡོང་དོན།
འདིའི་སྐོར་ལ་ཟླ་༡༠་བྃའི་ཚེས་༢༠་ཉིན་ཁ་བརྡའི་ཐོག་ལ་སྤེལ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་བོད་ཀྱི་སྦྲགས་རྟགས་འགྲེམས་སྟོན་གྱི་གསལ་བསྒྲགས་ཀྱི་མཆན་ཨང་གྲངས་བཅུ་གསུམ་པའི་ནང་ལ་ཕྲན་ནས་ཚོད་དཔག་གི་འགྲེལ་བཤད་ཅིག་བྲིས་ཡོད་ལ།་་་་ལ་རྩེ་ཚང་གི་དབྱིན་ཡིག་གི་གསལ་བསྒྲགས་དང་བསྡུར་ན་ཕྲན་གྱི་འགྲེལ་བཤད་དེ་དོན་ལ་གནས་ཀྱི་ཡོད་སྙམ་སྟེར།་་་དྲ་གྲོགས་ཚོར་དོན་དག་འདིར་དངོས་གནས་དོ་སྣང་ཡོད་ན་དེ་ལ་གཟིགས་དང་།་་་་མ་གཞི་ལ་རྩེ་ཚང་གིས་ཅ་ལག་ངོ་མ་རྣམས་སྟོན་གྱི་ཡོད་རེད།་་་མཁས་པ་རྣམས་གདན་དྲངས་ནས་དེའི་སྐོར་གསུང་བཤད་གནང་གི་ཡོད་པ་རེད།་་་་དྲ་གྲོགས་རྣམས་ནེའུ་ཡོག་ན་མེད་ན་ཁག་མི་འདུག་་་ནེའུ་ཡོག་ན་ཡོད་ན་བསམ་ཚུལ་མུན་ནག་མདའ་འཕེན་བྱས་ནས་འདུག་པ་ལས་ལ་རྩེ་ལ་སོང་མིག་གིས་ཅ་ལག་ངོ་མར་བལྟ་བ་དང་རྣ་བས་མཁས་གཏམ་ཉན་ནས་ད་གཟོད་བསམ་ཚུལ་བརྗོད་ན་མི་ལེགས་སམ།
རེད་ཡ་། གནའ་སྔོན་མས་ཅ་ལགས་། ཡི་གེ་། མཐའ་ན་ས་རྡོ་རིས་བ་། རྫ་མ་ཆགས་རལ་། སོགས་ལ་རྟགས་ནས་ལོ་ངོ་དུ་མས་གོང་གི་འཇིགས་བརྟེན་གྱི་རྒྱུད་རིམ་དང་། མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་ལ་ངོས་འཛིན་དང་ཐག་གཅོད་གནང་གི་ཡོད་པ་རེད་། ལ་ཙེ་དཔེ་མཛོད་ཁང་གིས་བོད་ཀྱི་སྦྲགས་རྟགས་ལ་ལྷ་སའི་སྦྲགས་རྟགས་ཞེས་འདོག་པར་དགོས་པ་དང་རྒྱུ་མཚམ་རི་འདྲ་བ་ཞིག་མེད་ན་། གསེར་གྱི་ཕོར་བའི་སྟེང་ཟངས་གྱི་ལྷམ་པ་རྒྱབ་ནས་། ཡོད་པ་མེད་བཟོས། མེད་པ་ཐལ་པ་བཟོ་དགོས་དོན་མི་འདུག་། གཞན་ཡང་བཏམ་མིང་ཞིག་ཡིན་པས་ཆ་ནས་སྣང་མེད་དུ་འཇོག་རྒྱུ་བསྟན་པ་འདི་ཡང་། མཁས་བའི་ནོར་ན་འདོམ་གང་ཟེར་བ་དེ་མིན་འགྲོ་།
བཏགས་མིང་དང་དངོས་མིང་། རལ་གྲི་གནམ་གཡུག་ལ་སོགས་ཀྱིས་སྐད་ཆ་དཀྱོག་ལ་འཁྱེར་མ་འཁྱེར་དགོས་མི་འདུག བོད་གཞུང་སྦྲགས་གླ་ལ་ལྷ་སའི་སྦྲགས་ཐམ་ཞེས་དངོས་མིང་དེ་བཏགས་མིང་ལ་བསྒྱུར་དགོས་དོན་མི་འདུག་ག སྦྲགས་གླ་དང་སྦྲགས་ཐམ་གཉིས་ཅ་ལག་གཞན་ཁ་ཁ་ཞིག་ཡིན་ན། སྦྲགས་གླ་ལ་སྦྲགས་ཐམ་ཞེས་མིང་ཞིག་བཏགས། ལོ་རྒྱུས་རང་བཞིན་ལྡན་པའི་བོད་གཞུང་སྦྲགས་གླ་ཞེས་བྲིས་ཡོད་པ་དེ་གཞན་ཞིག་ཏུ་བསྒྱུར་དགོས་དོན་མི་འདུག་ག སྐབས་འདིར་སྦྲགས་གླ་ཞེས་པའི་”ཅ་ལག་”དེ་མིག་མདུན་དུ་གཤམ་སྟེ་སྦྲགས་ཐམ་ཅིག་ཅིག་ཅིག་ཟེར་ན། དེའི་དགོས་བ་རྒྱུ་མཚན་ཅི་ཞིག་ཡིན་ནམ། བོད་གཞུང་སྦྲགས་གླ་ཞེས་པ་ཁ་གསལ་པོ་མི་འདུག་སྙམ་ན། གུག་རྟགས་ནང་དུ་གསལ་བཤད་ཚིག་རེ་བྲིས་ནའང་འགྲིག་ནི་རེད། བསམ་ཚུལ་ཅུང་ཙམ་ཞིག་གླེང་བར་ཡང་གདོངས་པ་ཚོམས་དགོས་དོན་དེ་འདྲ་ད་ཨེ་ཡོད་ན།
དྲ་གྲོགས་ཚོས་ མཁྱེན་བཞིན་དུའམ་ཡང་ན་མ་མཁྱེན་བཞིན་དུ་ཟེར་སྒྲོས་སྣ་ཚོགས་ཤིག་སྨྲ་བཞིན་མཆིས། འདི་སྐོར་ཁ་སང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྟག་ལྷ་རྒྱལ་གྱིས་ལ་རྩེའི་འགན་འཛིན་ལ་བཅར་འདྲི་ཞུས་པ་ཞིག་འདུག ངས་ཀྱང་དེ་ལ་ཉན་པ་ཡིན། སྐར་མ་ཡང་མང་པོ་མི་འདུག གསན་རོགས་གནང་། དྭོགས་པ་དེ་་ནས་ཆོད་པ་འདུག གཤམ་གྱི་འབྲེལ་ཐག་ན་ཡོད།
http://www.rfa.org/tibetan/chediklaytsen/amdolaytsen/jomolang-mae-nyinsib/tibetan-post-stamp-exhibition-in-new-york-city-11052009154440.html
རྒན་རབ་འབྱོར་ལགས་སུ། ལ་རྩེ་ཚང་གི་ལོ་དེབ་དེ་དག་ལོ་རེ་བཞིན་འདོན་མི་ཐུབ་པའི་རྒྱུ་མཚན་གང་ལགས། བོད་ནང་གི་མཁས་པ་གཅིག་གདན་འདྲེན་ཞུ་བའི་འགྲོ་སོང་དང་ལ་རྩེའི་ལོ་དེབ་གཅིག་གི་འགྲོ་སོང་གཉིས་གཅིག་མཚུངས་མ་རེད་དམ། སྐུ་མཁྱེན་ལོ་དེབ་དེ་ལོ་རེ་བཞིན་འདོན་རོགས་ཞུ།
ལ་རྩེ་ཚང་ལ་ཞུས་པའི་སྙིང་དབུས་ཀྱི་རེ་བ།
ལ་རྩེའི་ལོ་དེབ་ཐེངས་གཅིག་དཔར་ན་ལོ་རྒྱུས་སྟེང་ནས་ལུས་ཀྱི་རེད། །
བོད་ནང་མཁས་པ་ཐེངས་གཅིག་བོས་ཀྱང་ཚུར་ལ་ཡོང་ནས་ཕར་འགྲོ་རེད། །
མཁས་པ་གཅིག་གི་ཁ་བརྡ་ལག་བརྡར་ཨ་སྒོར་སྟོང་ཕྲག་གཏོང་བ་ལས། །
ལོ་དེབ་གཅིག་གིས་མཁས་མང་ལེགས་བཤད་གླིང་ལྔ་མཚོ་བཞིར་བསྒྲགས་ན་ལེགས། །
ལོ་དེབ་ཨེ ལོ་དེབ་དེ་རེད་རེད་ད། དེ་ལས་ས་ཐག་རིང་པོ་ནས་འགྲོ་སོང་ཆེན་པོ་བཏང་ནས་ཡོང་མཁན་གྱི་མཁས་པ་དེ་ཚོའི་གསུང་བཤད་ལ་ཉན་མཁན་ནེའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་པ་ཉུང་ཤས་ཤིག་མ་གཏོགས་མེད་པ་ཡིན་ན་དེའང་ཕངས་སེམས་ཆེ་སེ་འདུག་ག
ཁོང་ཚོའི་གསུང་བཤད་ཚང་མ་སྒྲ་བླངས་ནས་དྲ་ཐོག་ལ་གཏོང་ཐུབ་པ་ཡིན་ན་བོད་ཕྱི་ནང་གཉིས་ཀྱི་དོན་གཉེར་ཅན་སྟོང་ཕྲག་མང་པོའི་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་རྒྱུ་ཡིན་པས་འགྲོ་སོང་ག་ཚོད་གཏོང་དགོས་བྱུང་ནའང་དེ་ལ་འབྲས་བུ་ཞིག་ཡོད་པ་རེད། དེ་འདྲ་ཡིན་ན་ལོ་དེབ་དེའང་དགོས་པ་མི་འདུག ལོ་དེབ་ཀྱི་འགྲོ་སོང་ཡང་དེའི་ཐོག་གཏོང་ཆོག་གི་མ་རེད་དམ།
བསམ་ཚུལ་འདི་ངས་ལོ་དུ་མ་ཞིག་གི་གོང་ནས་དཔེ་མཛོད་འགན་འཛིན་ལགས་སུ་ཁ་པར་བརྒྱུད་བཤད་མྱོང་། ང་ཚོའི་དྲ་ཐོག་འདི་ནས་ཀྱང་རེ་ཟུང་གིས་རེ་བ་བཏོན་སོང་བ་དྲན། ད་ཁོ་ཚོ་ལ་ཏན་ཏན་དཀའ་ངལ་ཞིག་ཡོད་པ་ཡིན་རྒྱུ་རེད་བསམས་ནས་དེ་སྐོར་མ་གླེང་བར་བསྡད་ཡོད། རྣ་བ་གཅིག་པོ་དེ་ཕྱོགས་གཏད་ཙམ་བྱས་སྡོད་པ་ལས་ཐབས་གཞན་ཅི།
ཁ་སང་དེ་རིང་ཨ་ཞང་ཚང་གིས་སེམས་འཁུར་བྱེད་སའི་གསར་འགྱུར་
འཕགས་བོད་ས་འབྲེལ་གྱི་མོན་པའི་ཡུལ་མི་དང་རྟ་དབང་དགོན་པའི་གྲྭ་བཙུན་འཁོར་དང་བཅས་པས་རྒྱལ་བ་རིན་པོ་ཆེའི་ཆིབས་བསྒྱུར་ལ་ངང་སྒུགས་བྱེད་པ་དང་མཚུངས་སུ་དར་ཚོན་སྣ་ལྔའི་ཕྲེང་བསྒྲིགས་ནས་ཕེབས་བསུའི་སྟ་གོན་གྱི་ལས་ལ་བྲེལ་བཞིན་པ་རེད་ ཡིན་ནའང་བདུན་འདིའི་གཟའ་ཉི་མར་སྔར་མ་བྱུང་བའི་རྒྱ་ནག་ཕྱོགས་ཀྱིས་རྩོད་གཞི་ཅན་གྱི་མཐའ་མཚམས་ས་ཁུལ་མོན་རྟ་དབང་ལ་རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱང་ན་མི་འགྲིག་པའི་སྡུག་སྐད་དྲག་པོ་བརྒྱབ་ ཆབ་སྲིད་ཀྱི་རྙོག་ཟིང་ཡོང་མིན་ལ་མ་བལྟས་པའི་མོན་པའི་ཡུལ་མི་ཚོས་རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་ཐུབ་པ་ནི་མིའི་མི་ཚེ་གཅིག་ནང་གི་སྐལ་བ་བཟང་བོ་ཤིག་ཏུ་གཟིགས་ཀྱི་ཡོད་ཅིང་ དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཡངས་སྟེང་ལ་རྩི་ཞིག་པ་དང་བཙུན་མ་རྣམས་ཀྱིས་དགོན་པ་དང་དགོན་པའི་ཉེ་འཁོར་ལ་གད་རྒྱག་པ་ ལོ་ཆུང་གྲྭ་བ་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེའི་སྐུ་བརྙན་བཀོད་པའི་དར་ཚོན་སྣ་ལྔའི་ཕྲེང་བ་དགུང་སྔོན་དབྱིངས་ལ་བསྒྲེངས་ཀྱིན་ཡོད་ བར་སྣང་ཐམས་ཅད་ཆོས་དང་འབྲེལ་བའི་དུས་སྟོན་གྱི་བ་དན་དྲི་ཟུང་གིས་ཕྱོགས་བཅུར་ཁྱབ་ནས་གདའ་ཞེས་རྟ་དབང་དགོན་པའི་དགེ་འདུན་པ་མཐོ་གྲས་བླ་མ་ལོ་ཕོན་གྱིས་ཕྱི་གླིང་བའི་གསར་འགོད་པར་འགྲེལ་བརྗོད་བྱས་ དུས་ཡུན་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་མཛད་རིམ་ནང་མོིན་རྟ་དབང་གི་གཙོས་འབྲུག་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱིམ་མཚེས་བལ་བོ་ལ་སོགས་པའི་དད་ལྡན་པ་ཉིས་ཁྲི་འདུ་འཛོམས་ཡོང་བའི་སྔོན་དཔག་བྱས་འདུག་པས་ ད་རྒྱ་གར་ཕྱོགས་ནས་ཀྱང་ཕྱི་རྒྱལ་གསར་འགོད་པའི་གནས་ཚུལ་འགོད་པར་བཀག་སྡོམ་བྱས་ཏེ་ རྒྱ་ནག་གི་ཁོང་ཁྲོ་བཞུ་ཐབས་བྱེད་ཀྱིན་འདུག རྟ་དབང་ལ་སླེབས་དུས་དོན་དངོས་བོད་ཀྱི་ས་ཐོག་ལ་སླེབས་པ་དང་ཕལ་ཆེར་ཆ་འདྲ་བ་རེད་ རྟ་དབང་ཞེས་པའི་ཚིག་འདིའི་འབྱུང་ཁུངས་ལ་གསལ་ཆ་མེད་ཀྱང་ མོན་གྱི་ཡུལ་ནི་བཙན་པོིའི་དུས་སྐབས་སུ་བོད་ཀྱི་མངའ་ཁོངས་བསྙོད་མེད་ཅིག་ཡིན་བཞིན་དུ་ས་གནས་ཚོ་དཔོན་དག་གིས་དུས་ནས་དུས་སུ་དབང་བསྒྱུར་བྱས་ཤིང་ ཕྱི་ལོ་༡༨༧༣ལོར་དབྱིན་ཇི་དབང་འཛིན་པས་མངའ་ཁུལ་དེར་འཛུལ་བར་ཚད་བཀག་བཟོས་ཤིང་ ཕྱི་ལོ་༡༩༤༧ལོར་རྒྱ་གར་རང་བཙན་ཐོབ་རྗེས་མངའ་ཁུལ་དེ་བཞིན་རྒྱ་དཀར་ནག་དབར་གྱི་རྩོད་གཞིའི་ས་ཆར་གྱུར་ཏེ་ ཕྱི་ལོ་༡༩༦༢ལོར་རྒྱ་གར་དང་རྒྱ་ནག་དབར་དམག་འཐབ་བྱུང་བ་དང་བསྟུན་རྒྱ་དམག་གིས་མངའ་ཁུལ་དེ་བཙན་བཟུང་བྱས་ནའང་རྗེས་སུ་དམག་མི་ཕྱིར་འཐེན་བྱས་པ་རེད་ སྙན་གྲགས་ཅན་གྱི་རྟ་དབང་དགོན་པ་འདི་ལ་ལོ་ངོ་༤༠༠་ལྷག་གི་ལོ་རྒྱུས་ལྡན་ཞིང་ རྒྱལ་དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོའི་བཀའ་དགོངས་བཞིན་བླ་མ་བློ་གྲོས་རྒྱ་མཚོས་ཕྱི་ལོ་༡༦༨༡ལོར་ཕྱག་བཏབ་པ་ཞིག་རེད་།
ལ་རྩེ་གསར་འཕྲིན་ཐོན་ཚར་འདུག
ལ་རྩེའི་གསར་འཕྲིན་ངོས་ཀྱི་ཡིག་འབྲུ་རེ་རེ་བཞིན་བྐླགས་ཤིང་། ད་དུང་སེམས་ན་ཡིག་འབྲུ་མང་པོ་ཞིག་མུ་ཏིག་བཞིན་འོད་གྱི་ལེར་ཡོད། ཡིད་ཕངས་པ་ཞིག་ལ། ལ་རྩེའི་གསར་འཕྲིན་འདོན་མཚམས་བཞག་པ་རེད། དེ་ལ་རྒྱུ་མཚན་ཏན་ཏན་རེ་ཡོད་སྲིད་མོད། རྒྱུ་མཚན་དེ་དག་ང་ཚོས་ཤེས་དགོས་པའི་ཁྱབ་པའང་ཡོད་པ་མ་རེད། ཡིན་ན་ཡང་། མ་འོངས་པར་ལ་རྩེ་ཚང་གིས་ལ་རྩེའི་གསར་འཕྲིན་འདོན་མི་ཐུབ་ནའང་། ལ་རྩེ་ཚང་ལ་རྩོམ་ཡིག་གསར་བ་མང་བོ་ཡོད་སྲིད་པས། རྩོམ་ཡིག་དེ་དག་ཁ་བརྡ་དྲ་དེབ་ཏུ་སྤེལ་ཐུབ་ཚེ། ྐློག་མཁན་མང་པོ་ཧ་ཅང་རྒྱང་རིང་ན་ཡོད་ནའང་། དྲ་དེབ་འདི་བརྒྱུད་ནས་རྩོམ་ཡིག་དེ་དག་ྐློག་བདེ་པོ་དང་འཇུག་བདེ་པོ་ཡོད་སྟབས། སྐུ་ཞབས་པད་མ་འབུམ་གཙོ་བོར་གྱུར་པའི་ལ་རྩེ་ཚང་གི་ཐུགས་ལ་བརྣག་པར་མཛོད་ཅེས་ཞུ་བ་ཡིན།
ལ་རྩེ་འཕྲིན་གསར་ཐོན་ཚར་འདུག་ཨེ། ངོ་མ་དགའ་ནི་ཟིག་རེད། ཨ་ཁུ་པད་མ་འབུམ་གྱི་ཕྱག་ནས་ཐོན་པའི་དཔེ་དེབ་གང་ཞིག་ཡིན་ཡང་དེའི་རིན་ཐང་དང་ལྗིད་ཚད་ངོ་མ་མི་འདྲ་གི འདི་ཁ་ཡག་ངོ་བསྟོད་མིན།
གོང་གི་དྲ་གྲོགས་རྣམས་ལ་དོན་ཚན་གསུམ་ལ་བསྡུས་ནས་ལན་ཞིག་རྒྱག་ཆོག་པའི་གོ་སྐབས་གནང་རོགས།
༡༽ འགྲེམས་སྟོན་གྱི་མིང་ལ་ལྷ་སའི་སྦྲག་ཐམ་ཟེར་བ་ལས་བོད་ཀྱི་སྦྲག་ཐམ་་་་་་་་་མི་ཟེར་བའི་རྒྱུ་རྐྱེན་དེ། མིང་དེ་དབྱིན་ཇིའི་མིང་སྟེ། Post marked Lhasa ཟེར་བ་དེ་ནས་སྒྱུར་བ་ཡིན་པས་རེད། རྒྱུ་མཚན་ནི་འགྲེམས་སྟོན་ལ་ཡོད་པའི་ཡི་གེ་མང་ཆེ་བར་ལྷ་སའི་སྦྲག་ཁང་ལས་ཁུངས་ཀྱི་སྦྲག་ཐམ་ཡོད་སྟབས། དེ་ལྟར་སྒྱུར་བ་རེད། འདི་ལ་སྦྲག་ཐམ་དེ་Postalmark བྱ་བ་སྟེ། སྦྲག་ཁང་ལས་ཁུངས་ཀྱི་ཐེལ་ཙེ་དེ་ལ་གོ་བ་ལས་སྦྲག་འཛིན་ཏེ། stamp ལ་མི་གོ དབྱིན་ཇིའི་ཁ་བྱང་ལ་གཟིགས་དང་མཁྱེན་ཤས་ཆེ། དེ་ལ་སྦྲག་རྟགས་ཟེར་ན་མི་འགྲིག་ཏེ། དེ་རྟགས་ཤིག་མིན་པར། ཐེལ་ཙེ་རེད། པར་གྱི་ཐོག་ལ་སྦྲག་འཛིན་སྟེང་ཡོད་པའི་ཐེལ་ཙེ་དེ་ལ་postalmark ཟེར།
༢༽ ལ་ཙེའི་འདི་ལོའི་གསར་འཕྲིན་དུས་དེབ་གསར་པ་དེ་ཉིན་ཤས་གོང་ཐོན་འདུག ད་དེས་ཀྱི་གསར་འཕྲིན་འདིའི་ནང་དོན་གཙོ་བོ་དེ་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་རེད་འདུག
༣༽ ད་རེས་ལ་རྩེས་གསང་བ་ཆེན་པོ་ཞི་ཉར་བཞིན་འདུག་ཀྱང་ངས་ཁྱེད་ཚོ་གྲོགས་པོ་རྣམས་ལ་གསང་མི་ཐུབ། རྒྱུ་མཚན་ནི། འགྲེམས་སྟོན་འདིའི་ཐོག་ལ་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་ཚེའི་ཕྱག་བྲིས་མཐའ་མ་འདི་འགྲེམས་སྟོན་ལ་བཤམ་རྒྱུ་རེ་དུ། གསང་དབང་བྱེད་པའི་དགོས་པ་གཙོ་བོ་ནི་ཡི་གེ་འདིའི་བསམ་ཡུལ་ལས་འདས་པའི་ནང་དོན་དང་དེའི་མ་འོངས་ཀྱི་ཤུགས་རྐྱེན་དང་ལོ་རྒྱུས་ཀྱི་ཁ་ཕྱོགས། དེ་བཞིན་ལོ་རྒྱུས་ཀྱི་རིན་ཐང་དང། རྒྱལ་བ་རིན་པོ་ཆེའི་སྐུ་ན་རིན་བྱོན་གྱི་ཕྱི་ནང་གསང་གསུམ་གྱི་མཛད་པའི་སྙིང་བཏུས། དེ་བཞིན་ཁོང་གི་ཆོས་སྲིད་དང་གསང་བྱའི་གནས་དོན་བསམ་གྱི་མི་ཁྱབ་པ་རྣམས་བརྟོལ་བའི་འབབ་ཆུའི་རང་བཞིན་ཡོད་དོ། མདོར་ན། མི་ལུས་ཐོབ་ནས་ཕྱག་ཡིག་འདི་མ་མཇལ་ན། མཛེས་མའི་མལ་ལ་འཛུལ་ནས་གཉིད་ལ་ཤོར་བ་ལྟ་བུ། ཨ་རིར་སླེབས་ནས་ཕྱག་ཡིག་འདི་མ་མཇལ་ན། སྒོར་སྟོང་བཅུ་ཙམ་དངུལ་ཁང་ནང་བསགས་རྗེས་ཚེ་རྫོགས་པ་ལྟ་བུ།
བོད་པ་ཞིག་ཡིན་པ་ན་ཕྱག་ཡིག་འདི་མ་མཇལ་ན། ཇོ་ཁང་ལ་ཕྱིན་ནས། ཇོ་བོ་མ་མཇལ་བའི་འཚོར་སྣང་ཞིག་ཡོང་གི་འདུག
ད་ཞིབ་ཕྲ་ཞུ་གི་མིན། ཐུགས་རྗེ་ཆེ།
ལ་རྩེ་ཚང་གིས་གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ཡིག་དེ་གསང་བ་བྱེད་ཀྱིན་མི་འདུག ཉིན་འགའི་སྔོན་ཨ་ཁུ་པད་མ་འབུམ་ལགས་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ་ཕྱག་ཡིག་དེ་སུ་ལ་གནང་བ་དང་དེའི་བརྗོད་བྱའི་སྐོར་གསལ་ཐག་ཆོད་ཅིག་གསུངས་སོང་།
མཆན་༦པར་དགེ་འདུན་རབ་གསལ་ལགས་ཀྱིས་༼ད་མིང་དེ་མིང་ཞིག་རེད། མིང་དེ་བཏགས་མིང་ཞིག་རེད། ད་འདི་ལ་འགྲིག་དང་མི་འགྲིག་གི་སྐད་ཆ་ཞིག་ཨེ་ཡོད། དེ་ནས། བོད་གཞུང་སྦྲགས་གླ་ཞེས་པ་དེ་ཅ་ལག་ཅིག་རེད། སྦྲགས་ཐམ་ཞེས་པ་ཅ་ལག་གཞན་ཅིག་རེད།༽ཞེས་སུན་སྣང་སྐྱེས་ལོས་ཡོད་འདྲ་པོ་ཞིག་བྲིས་འདུག ལ་ཙེ་ཚང་གིས་མིང་དེ་འདྲ་ཞིག་བཏགས་པ་ལ་དོན་ཞིག་ཡོད་རྒྱུ་རེད། དབྱིན་ཡིག་ནས་བསྒྱུར་པ་ཡིན་ན་དེའང་གནད་དོན་ཞིག་རེད། བསྒྱུར་ནོར་བྱས་ཡོད་མེད་དང་ཅིའི་ཕྱིར་དབྱིན་ཡིག་ནས་བསྒྱུར་དགོས་པ་རེད། ལོ་ཙྰ་རིག་པའི་གཞུང་ལུགས་ནང་མ་ཡིག་ལ་དབང་ཤུགས་ཆེན་པོ་ཡོད་པ་ངེས་ལེན་བྱེད་གི་ཡོད། དབང་ཤུགས་འདིའི་ནང་སྐད་གཅིག་པོའི་ཕྱོགས་ནས་མ་ཡིན་པར་རིག་གཞུང་། དཔལ་འབྱོར། ཆབ་སྲིད་སོགས་ཀྱི་དབང་ཤུགས་འདྲེས་བསྡད་ཡོད།
དེ་མིན་༼ད་མིང་དེ་མིང་ཞིག་རེད། མིང་དེ་བཏགས་མིང་ཞིག་རེད། ༽ཞེས་མིང་ལ་སྣང་ཆུང་བྱེད་རྒྱུ་མེད་སྙམ། མིང་ཞིག་གི་རྒྱབ་ལྗོངས་ནའང་དབང་ཤུགས་འདྲ་མིན་སྣ་ཚོགས་ཞིག་སྐུང་བསྡད་ཡོད། འཇིག་རྟེན་འདིར་མིང་ག་གེ་མོ་ཞིག་བརྒྱུད་ནས་བསམ་བློ་། སློབ་གསོ། རིག་ལམ་སྣ་ཚོགས། གནས་ཚུལ་བརྒྱུད་ལམ། སྤྱི་ཚོགས་ཁྲོད་ཕན་ཚུན་འབྲེལ་འདྲེས་བྱེད་སྟངས་སོགས་ལ་དབང་བསྒྱུར་འདྲ་མིན་བྱེད་ཀྱི་ཡོད། འདིའི་སྐོར་ལ་དེ་རིང་ཁ་སང་བསམ་བློ་པ་མང་པོས་དོ་སྣང་བྱེད་ཀྱི་ཡོད་པའི་མི་ཟེར་སྤེལ་ཡུལ་རིང་ལུགས་རྗེས་མ་དང་ཤར་ཕྱོགས་ཁྱད་གསོད་རིང་ལུགས་སོགས་ཀྱི་རིག་ལམ་ལ་དོ་སྣང་བྱོས་དང་གོ་རྒྱུ་ཕན་རྒྱུ་མང་པོ་གདའ། དཔེར་ན་བོད་ལ་མིང་འདོགས་སྟངས་དང་བོད་ཟེར་བ་འདིར་གོ་བ་ལེན་སྟངས་འདྲ་མིན་ཡོད་པ་གཅིག་པོའི་ཐོག་ནས་ཡང་ཆབ་སྲིད་པ་དང་ཞིབ་འཇུག་པའི་བསམ་བློ་དང་ལས་ཀ་སྒྲུབ་ཕྱོགས་ལ་ཤུགས་རྐྱེན་འདྲ་མིན་ཐོན་ཡོང་གི་ཡོད་པ་འདི་ངས་རྒྱས་བཤད་བྱེད་མི་དགོས་པར་ཚང་མས་ཤེས་གསལ་རེད། ༼ཅ་ལག༽ཅེས་པ་འདི་འང་མིང་བཞིན་མཐོང་ཆུང་བྱེད་མི་ཉན་བསམ། ཅ་ལག་ག་གེ་མོ་ཞིག་ལ་འགྲེལ་བྱེད་འདྲ་མིན་རྒྱག་ཆོག་པའི་མ་ཟད། དེ་ལ་ལོ་རྒྱུས། ཆབ་སྲིད། མོས་གུས་བརྩེ་སེམས་སོགས་ཀྱི་རིན་ཐང་དང་ནུས་པ་སྣ་ཚོགས་ཡོད། དེ་ལ་བགས་ཆགས་གཏིང་ཟབ་འཇོག་ཐུབ་པའི་མཚོན་བྱེད་ཀྱི་ནུས་པའང་ཡོད་པ་སྨྲ་མི་དགོས་སོ། ཅ་ལག་ཆེ་ཆུང་འདྲ་མིན་མང་པོ་ཞིག་གིས་མིའི་དཔལ་ཡོན་ལོ་རྒྱུས་དང་རྒྱལ་ཁབ་འདྲ་མིན་འཕོ་འགྱུར་ནས་ཕོ་མོའི་མཛའ་འབྲེལ་སོགས་ལ་འགྲེལ་རྒྱག་དང་རྒྱག་བཞིན་པའང་ངས་བརྗོད་་དགོས་བསམ།
ངའི་གོང་གི་མཆན་ནང་ཡིག་ནོར་འགའ་ཐེབས་འདུག་པས་ཁ་བརྡ་ཚང་དང་དྲ་གྲོགས་དག་ལ་དགོངས་འགལ་མེད་པ་ཞུ། ལྷག་པར་དུ་ལ་ཙེ་ལ་རྩེ་ཞེས་བཅོས་རོགས།
ཨ་ཙི་ཀླུ་སྨྱོན་རིན་པོ་ཆེ། ངའི་འདིར་བསྟན་པའི་ཞབས་འདེགས་ལ་འགྲོ་ན་བསམས་ནས། མི་མང་པོ་ཞིག་ལ་འགྲེམ་སྟོན་འདིར་འགྲོ་བའི་སྐུལ་སློང་སྦྱིན་པའི་སྐབས་ལ། རྒན་ཁྱེད་ཀྱིས་ཟུར་ནས་ཆུ་བགྲང་མོ་གཏོར་གྱི་འདུག ད་གང་འདྲ་དཀོན་མཆོག་གསུམ།
ཡིན་ནའི་དཀོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས། དི་རིང་གསུང་བཤད་དང་འགྲེམ་སྟོན་ལ་མི་ལྔ་བཅུ་ཙམ་ཕེབས་སོང་། འདི་ནང་ནས་མང་ཤོས་ནི་བོད་རིགས་ན་གཞོན་བོད་ཀྱི་བདེ་དོན་དང་ཕུགས་ལ་དོ་འཁུར་བྱེད་མཁན་ཤ་སྟག་རེད། དཔེ་ཡག་པོ་བྱུང་སོང་།
འདིར་ཁ་བརྡ་ཚང་ལ་ཕེབས་མཁན་དྲ་གྲོགས་ཀླུ་སྨྱོན་སོགས་ཀྱིས་མཚོན་བོད་པའི་ཤེས་ཡོན་ཅན་དང་མཁས་པ་རྣམས་ཀྱིས་ལ་རྩེའི་འགྲེམ་སྟོན་སོགས་ལ་དོ་སྣང་གནང་བ་འདིར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོ། བརྗེད་འགྲབ་བྱེད་ཀྱི་འདུག དི་རིང་བོད་ཀྱི་གཞས་མ་བདེ་ཆེན་དབང་མོ་ཡང་ཕེབས་འདུག ཁོང་གིས་བོད་ལྭ་འཇམ་ལ་ནག་པ། དབྱིབས་མཛེས་ལ་བློ་ལ་འབབ་པའི་གོས་ཤིག་བསྣབས་འདུག ཁོང་ནི་སྐུ་གཟུགས་ཕྲ་ལ་རིང་བ་དང་། ཤ་འཇམ་ལ་དཀར་བ། གསུང་སྙན་ལ་འཇེབས་པ། སྤྱན་ནག་ལ་འོད་ཆེ་བ། ཞལ་རས་རྗེ་བཙུན་སྒྲོལ་མ་ལྟ་བུའི་མཛུམ་ལ་ཅུང་ཁྲོ་བ། བལྟས་པ་ཙམ་གྱིས་རང་སེམས་དང་ཤིན་དུ་ཉེ་བའི་མི་ཞིག་འཕྲད་པ་ལྟ་བུའི་སྙིང་ལ་ན་ཟུག་སྦྱིན་ཡོང་། གསུང་གོ་བ་ཙམ་གྱིས་ལོ་མང་ཁ་བྲལ་བའི་ཆུང་འདྲིས་ཀྱི་སྐད་གོ་བ་ལྟ་བུའི་དགའ་སྐྱོའི་འཚོར་བ་སྐྱེན་པོ་སྤྲོད་མཁན། ཕྱག་ལ་རེག་པ་ཙམ་གྱིས་ལུས་ཀྱི་བ་སྤུ་སྟོང་དུས་གཅིག་ལ་ཁ་ཕྱེ་བ་ལྟ་བུའི་གཡོ་བའི་རང་བཞིན་སྦྱིན་ཐུབ་པའི་ཁྱད་ཆོས་ཤིག་འདུག ཁོང་གིས་གཟིགས་ཕྱོགས་གཅིག་ལ་ངའི་སེམས་ནང་ལོ་མང་བཀུམ་པའི་མིག་ཆུ་ཚང་མ་ཤོར་སོང་། ཨ་ཨ་འདི་འདྲའི་མཛེས་མ་ཞིག་འཇིག་བརྟེན་འདིར་ཡོད་པ་འདིས་ཡང་ང་ད་དུང་འཇིག་བརྟེན་འདིར་ལོ་བརྒྱ་ཙམ་སྡོད་པའི་སེམས་ཤུགས་རང་གར་སླེབས་སོང་། དི་རིང་གཞི་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ལ་གོ་བ་ལོན་སོང་། “དང་པོ་མ་མཐོང་ཆོག་ག སྐད་ཆ་འདྲི་དོན་མིན་འདུག གཉིས་པ་མ་འདྲིས་ཆོག་ག སེམས་ལ་འཇགས་དོན་མིན་འདུག” ཟེར་བ་འདི་ཅིས་མི་བདེན།
ཨ་ཨ་བདེ་ཆེན་དབང་མོ་འདི་ངོ་མ་བདེ་བ་སྦྱིན་མཁན་ཞིག་རེད། ངའི་ཡིད་ལ་ཁོང་མཁའ་འགྲོ་མ་ཞིག་མིན་འགྲོ་བསམ་ནས། རང་དབང་མེད་པར་ཁོང་ལ་གསོལ་བ་འདེབས་པར་ཤོར་སོང་། “སྐུ་གཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ། བདེ་ཆེན་དབང་མོའི་ཞབས་ལ་གསོལ་བ་འདེབས་་་་་་་་་་་་་་་་་་་སྒོམ་པའི་བླ་མའི་ཞལ་རས། ཡིད་ལ་འཆར་རྒྱུ་མིན་འདུག མ་སྒོམ་བདེན་ཆེན་དབང་མོ། ཡིད་ལ་ཝ་ལེར་ཝ་ལེར་་་་་་་་་་་་་་
དཀོན་མཆོག་མཁྱེན། ཀླུ་སྨྱོན་ཚང་དང་མགོན་ཕྱག་གཉིས་པ། དགེ་བཤེས་བེ་རི་སོགས་ཀྱིས་ཁོང་མ་མཐོང་བ་འདིས་ང་རང་ཁོང་གསུམ་ལས་བསོད་ནམས་ལྡབ་ཁ་ཤས་ཀྱིས་ཆེ་བ་འདུག་སྙམ།
བསྐྱར་དུ་ཚིག་འགའ་ཞུ་གི་ཡིན།
བོད་ཀྱི་སྦྲགས་རྟགས་འགྲེམས་སྟོན་གྱི་སྐོར་ནས་པད་མ་འབུམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དེར་ལན་ཁ་གསལ་ཞིག་གནང་འདུག
གཞན། ང་ཚོས་འདི་རུ་ཁ་བརྡར་ན་མ་བརྡར་ན། གཙོ་བོ་ལ་རྩེའི་འགྲེམས་སྟོན་དེ་རྗེས་སུ་དྲ་ཐོག་ནས་ྐློག་རྒྱུའམ་བལྟ་རྒྱུ་གང་རུང་ཞིག་ཡོད་དགོས་རྒྱུ་དེ་གལ་ཆེ་གི
འདི་ལ་ལ་རྩེའི་ངོས་ནས་ཐུགས་བསམ་བཞེས་རོགས་གནང་། དེ་ནས། ལ་རྩེའི་ལོ་དེབ་དེ་ཡང་༢༠༠༦གི་རྗེས་ནས་ཆད་འདུག དགའ་འོས་བ་ཞིག་ལ་ད་ལོའི་འདོན་ཐེངས་དེ་སླེབས་འདུག་ཟེར། དེ་ལ་རྗེས་སུ་ཡི་རངས་སོ། དེ་ཙམ་ཞུ།
ཕོ་གསར་ལགས།
ཁྱེད་དེ་རིང་ལ་རྩེ་ལ་བཅར་ཡོད་ན། བདེ་ཆེན་དབང་མོའི་སྐོར་མ་གཏོགས་འགྲེམས་སྟོན་གྱི་སྐོར་གསུང་རྒྱུ་མེད་ནོ་ཅི་རེད།
འགྲེམས་སྟོན་གྱི་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཞིག་དྲ་ཐོག་ལ་འཇོག་མི་ཐུབ་བམ། ྐློག་མཁན་ཚོའི་སེམས་པའི་ཟས་སུ་འགྲོ་གི་རེད།
གཞན། བདེ་ཆེན་དབང་མོའི་སྐོར་གྱི་གནས་ཚུལ་མི་དགོས་ལགས།
ཕོ་གསར་སྐྱ་སྟོང་མགོ་སྟོང་ཟེར་ནོ་རེད་ཡ། བདེ་ཆེན་དབང་མོ་ལ་རྩམ་པ་གཏོར་ནས་དཀར་པོ་དཀར་རྐྱང་བཟོས་འདུག ཁོ་རང་བདེ་ཆེན་དབང་མོ་ལ་ཐུག་ཁོ་རང་མི་འདུག འདིའི་ཞིབ་འབྲི་ལ་ལྟོས་དང་། བདེ་ཆེན་དབང་མོ་འདི་རེད།
http://www.youtube.com/watch?v=X87Ntm3SddU ཡག་པོ་ལྟོས་འ།
ཕོ་གསར་ལགས། ཁྱོད་ངོ་མ་སྐལ་བ་བཟང་འདུག བདེ་ཆེན་དབང་མོའི་གཞས་ཐོག་མ་སྨན་བླ་སྐྱབས་སོགས་ཀྱིས་ཚིག་བརྩམས་པ་ཁྱོད་ནི་གངས་རིའི་ཕ་རོལ།།ང་ནི་གངས་རིའི་ཚུ་རོལ་སོགས་ཀྱི་སྒྲ་ཐག་དེས་ངའི་བླ་ཚེ་སྲོག་གསུམ་དུས་གཅིག་ཏུ་ཐེངས་འགར་བཅད་མྱོང་། ངས་སྒྲ་ཐག་དེ་ཉོ་བའི་ཆེད་དུ་དབེན་དགོན་ནས་དགུན་གསུམ་གྱི་རླུང་དམར་དྲག་པོ་ཞིག་གི་དཀྱིལ་གཤགས་ནས་སྤྱི་ལེ་བཅོ་ལྔའི་ས་རུ་ཡོད་པའི་རྫོང་མཁར་དུ་ཐེངས་གཅིག་སྨྱོ་རྒྱུགས་བྱས་པ་ད་དུང་དྲན་ངོ་ན་ཡོད་ཀི ཞི་མོ་དེ་ད་དུང་དེ་འདྲའི་མཛེས་མ་ཞིག་ཨེ་རེད། ཨཨཨ། མཛེས་མ་ལ་རྒས་རྒྱུ་མེད་པར་བལྟས་ན་མིག་དབང་འཛིན་པ། གསུང་གཞས་ལ་སུན་རྒྱུ་མེད་པར་ཉན་ན་རྣ་དབང་འཛིན་པ། དྲི་ཞིམ་ལ་ཡལ་རྒྱུ་མེད་པར་བསྣམས་ན་སྣ་དབང་འཛིན་པ། བརྩེ་དུང་ལ་ར་རི་མེད་པར་འགྲོགས་ན་ཡིད་དབང་འཛིན་པ་ཞིག་རེད་འདུག་པས། ད་དུང་སྐྱེས་ཕོ་བརྒྱའི་སེམས་པ་ཤོར་ལེ། སྨན་མོ་བརྒྱའི་ཕྲག་དོག་འགུག་ལེ་ཞིག་རེད་འདུག་པས།
ཡ་ཡ་། ད་འགྲོ་གི་ཡིན་།
ང་གཡག་རྒན་ན་འདི་ན་ལས་ཀ་མེད་ཁུ་། དེ་རིང་གཟའ་ཉི་མ་རེད་། རྩྭ་ཆུ་འཛོམས་ས་ཞིག་ལ་སོང་ནས་ངལ་ཞིག་གསོ་གི་ཡིན། ཨ་ཁུ་པདྨ་འབུམ་ལ་ཐུགས་རྗེས་ཆེ་ཞུ་། ཁྱེད་སྐུ་དངོས་སུ་འཇལ་མ་མྱོོང་ཡང་། ཁྱེད་ཀྱི་ ་་དྲན་ཐོ་སྨི་དྲུག་སྐེ་འཁྱོག་་ འཇལ་བའི་ཁྱེད་དངོས་སུ་འཇལ་དང་ཁྱེད་མེད་། དངོས་ནས་དྲང་ནས་མི་སྣ་རླབས་ཆེན་རེད་། རིན་པོ་ཆེ་དགྲ་ཁྱེད་ཀྱི་ཕུང་བོ་སེམས་ཆུང་བྱོས་།