འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་མདོ་སྨད་ལྷོ་རྒྱུད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་རའི་སྤེལ་ལུང་སྡེ་བའི་ཕ་བན་དེ་མཁར་དང་། མ་སྒྲོལ་དཀར་སྐྱིད་གཉིས་ལ་བུ་ཆེ་བ་དགེ་འདུན་པ་བརྩོན་འགྲུས་རྒྱ་མཚོ། འབྲིང་བ་དཀོན་མཆོག་བཀྲ་ཤིས། ཆུང་བ་རྡོ་རྗེ་ཚེ་བརྟན་གསུམ་ཡོད་པ་ལས། ཆུང་བ་རྡོ་རྗེ་ཚེ་བརྟན་ད་ལོ་རང་ལོ་ ༡༩ ཡིན་པ་ཁོང་གིས་ཁ་སང། ༢༠༡༢ལོའི་ཟླ་༥བའི་ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་ནས་ཁོང་གི་གྲོགས་རྔ་བའི་ན་གཞོན་རང་ལོ་༢༥ ཅན་ཞིག་དང་མཉམ་དུ་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་འདུག
ཁོང་གཉིས་ཀྱིས་ཁ་སང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ པའི་སྟེང་ཇོ་ཁང་གཡོན་ངོས་ཀྱི་སྟག་གཤམ་མགྲོན་ཁང་ནས་ཁང་མིག་གཅིག་བླངས་ཏེ་དེར་གྲ་སྒྲིག་བྱས། ཆུ་ཚོད་༢ དང་སྐར་ ༡༥ ་ཐོག ཁོང་གཉིས་མགྲོན་ཁང་ནས་སྔ་གཞུག་ཏུ་ཕྱི་ལ་ཐོན་སྟེ་ཁྲོམ་ནས་ཀི་རིང་གསུམ་བཏབ་སྟེ་སྐུ་ལུས་མེར་སྒྲོན་འདུག དེ་ནས་གཅིག་གིས་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་ལྕེ་དམར་ལམ་ལམ་འབར་བཞིན་པའི་ཁྲོད་སྐད་འབོད་དང་བཅས་རྒྱུགས་པ་དང་། གཅིག་གོམ་པ་བཅུ་ལྷག་རྒྱུགས་ཏེ་ཐང་ལ་འགྱེལ་མ་ཐག་ནམ་རྒྱུན་དེར་ཡོད་དམར་དམག་གིས་བསྐོར་སྟེ་མེ་བསད་ནས་ཁོང་གཉིས་ཁྱེར་ཚར་འདུག
དངོས་སུ་མཐོང་མཁན་ཚོས་བཤད་པ་ལྟར་ན་ཕལ་ཆེར་ཇོ་ཁང་མདུན་དུ་རྒྱུག་མཁན་དེ་གྲོངས་ཡོད་ཚུལ་བརྗོད་བཞིན་འདུག ད་ནིང་ཞོགས་པར་ས་གནས་ཉེན་རྟོག་པ་རྡོ་རྗེ་ཚེ་བརྟན་གྱི་ཕ་ཡུལ་དུ་ཞིབ་དཔྱོད་བྱེད་དུ་ཡོང་བ་དང་། གྲོངས་ཡོད་མེད་སོགས་ཀྱི་གནས་ཚུལ་ཡུལ་མི་ཚོས་ཉེན་རྟོག་པར་དྲིས་སྐབས་བཤད་པ་ལྟར་ན་གྲོངས་ཡོད་ས་རེད་ཟེར་བ་ཙམ་ལས་གསལ་བཤད་ཅི་ཡང་བྱས་མི་འདུག
འདིར་ཁོང་གི་ལོ་རྒྱུས་ཉུང་ཙམ་བྲིས་ན། ཁོང་ཆུང་དུས་ལོ་ཤས་རིང་ས་གནས་འབོ་ར་སློབ་ཆུང་འགྲིམས་མྱོངས་པ་དང་། ལོ་ཤས་གོང་ནས་རྒྱལ་ས་ལྷ་སར་ཡོང་སྟེ་ཁྲོམ་གཟིགས་སྒང་གི་ཉི་མའི་གླིང་ཟེར་བའི་བོད་པའི་ཟ་ཁང་ཞིག་ཏུ་མ་བྱན་གྱི་ལས་ཀ་བྱེད་མྱོང་བ་དང། སྔ་ལོར་ཕ་ཡུལ་དུ་སོང་ཞིང་ད་ལོའི་ལོ་འགོར་ཕྱིར་ལྷ་སར་ཡོང་སྟེ་ད་ལྟའི་བར་མ་ཆེན་གྱི་ལས་ཀ་བྱེད་བཞིན་ཡོད་འདུག སྤྱིར་བཏང་ཁོང་མི་གཤིས་ཀ་འཇམ་པོ་དང་ཉམས་ཆུང་ཞིག་རེད་ཟེར། ཁོང་གི་ལས་འགུལ་སྤེལ་རོགས་དེ་གོང་གི་ཟ་ཁང་དེའི་ནང་གི་དངུལ་ལེན་མཁན་དང་རང་ལོ་ ༢༥ རེད་ཟེར། ཁོང་གི་སྐོར་ལ་གནས་ཚུལ་གང་ཐུབ་ཀྱིས་རྒྱུས་ལོན་བྱས་ཀྱང་གསལ་བོ་ཞིག་རག་མ་སོང་། ད་ལྟ་ཟ་ཁང་ནང་གི་སྤྱིན་བདག་དང་ལས་རོགས་ཚང་མ་བཙན་ཁྲིད་བྱས་ཚར་བ་དང་། ཟ་ཁང་ནང་མི་གཞན་གཅིག་ཀྱང་གཏོང་གི་མི་འདུག་ཟེར།
གནས་ཚུལ་མཁོ་སྤྲོད་པར་འབྲེལ་བ་བྱ་འདོད་ན། borso2250@gmail.com ཁ་པར། ༠༩༩༠༠༩༧༡༩༣༡
ཇོ་བོ་ཡིད་བཞིན་ནོར་བུ་མཁྱེན། ཇོ་བོ་ཡིད་བཞིན་ནོར་བུ་མཁྱེན། ཇོ་བོ་ཡིད་བཞིན་ནོར་བུ་མཁྱེན།
དཔའ་བོ་ཁྱེད་ནི་མི་རིགས་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་དུ་དལ་འབྱོར་རྟེན་བཟང་མི་ལུས་རིན་པོ་ཆེ་གཞན་དོན་དུ་རང་ལུས་སྦྱིན་པའི་ཚོགས་ཆེན་ཕུལ་བའི་རྒྱལ་སྲས་སེམས་དཔའི་ཐུགས་བསྐྱེད་རླབས་པོ་ཆེ་རུ་གྱུར་ཏེ། མི་རིང་བར་བར་དོའི་འཕྲང་ལས་གྲོལ་ཏེ་སླར་ཡང་གངས་ཅན་བོད་ཀྱི་ཞིང་དུ་དལ་རྟེན་རྙེད་དེ་སྔར་གྱི་ལས་ཀྱི་འཕྲོ་བཟང་དག་མུ་འཐུད་སྐྱོངས་བའི་སྨོན་ལམ་དང་བསྔོ་བ་ཞུ་བཞིན་ཡོད།
ཀ་ལུ་རིན་པོ་ཆེ་མཁྱེན།
ཀ་ལུ་རིན་པོ་ཆེ་མཁྱེན་་་་སྤྱིན་བདག་མ་རིན་པོ་ཆེ་མཁྱེན་་་
སྙིང་རྗེ་རང་གཟུགས་འཕགས་མཆོག་༧བླ་མ་ཡིས།།
སྲིད་གསུམ་སྟོང་ཡང་སྐྱེ་འགྲོའི་སྡུག་བསྔལ་ཆེད།།
ཐུགས་བསྐྱེད་དམ་བཅའ་ནམ་ཡང་ལྷོད་མེད་ཀྱིས།།
རང་རེས་གཙོ་བའི་འགྲོ་བ་མི་རྣམས་སྐྱོང་།།
དེ་ཕྱིར་ཁྱེད་གཉིས་བདེ་ལྡན་ཞིང་མཆོག་ཞིག།
རྙེད་པར་བདག་གིས་སྨོན་ལམ་ཤུགས་དྲགས་ཡོད།།
བོད་མི་ས་ཡ་དྲུག་གི་དོན་དུ་དཔའ་བོ་དཔའ་མོ་
འདི་ལྟར་མང་ནས་མང་དུ་གཤེགས་སོང་།
འདི་ལྟར་སོང་ཤུལ་ནས་རྡར་མ་ཚོ་མ་གཏོགས་ད་་་་་་་་་་་་་་་་་་་
དཔལ་རྟུལ་གཉིས་པོར་གུས་བཏུད་ཞུ།་་་་་བོད་ལ་སྐྱིད་པའི་ཉི་མ་གང་མྱུར་འཆར་བ་ཤོག
སྔར་གྱི་བོད་མདོ་སྨད་ཕྱོགས་ཀྱི་ལང་པ་ཁུག་དཀྱོག་དག་ན་རང་ལུས་མེར་བསྲེགས་བཏང་མཁན་དེ་ཚོ། བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་ནས་ལས་འགུལ་སྤེལ་ཡོད་ན་འདི་ལས་ལྷག་ཙམ་ཞིག་བྱུང་ཡོད་ན་ཐང་།
མེ་ཏོག་དཀར་བོ་དང་གཉན་རྒོད་གཉིས་ལགས། ཁྱེད་གཉིས་ཀྱིས་བོད་ཀྱི་དཔའ་རྟུལ་གཉིས་རྩེད་མོ་རྩེད་བྱས་མ་བྱེད་རོགས།ཀ་ལུ་བླུན་ཕྲུག་དེ་རྩེད་མོ་རྩེད་གི་ཡོད་ན་འགྲིག དེ་མིན་བོད་དཔའ་རྒོད་འདི་ཚོ་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་བ་ཤེས་བར་གྱིས།ཀ་ལུ་ལྟ་བུ་རང་མགོ་མི་ཐོན་དེ་མཁྱེན་ཟེར་སྟངས་ལ་དཔའ་རྟུལ་རྣམ་གཉིས་མཐོང་ཆུང་མཐོང་སོང་།
མདོ་སྨད་ནས་མེ་ལྕེ་མཆེད་ཀྱིན་མཆེད་ཀྱིན་སྟོད་ཉི་མ་ལྷ་སར་སླེབས་སོང་ཡ།
དངོས་གནས་བོད་མི་རིགས་དང་བོད་ཀྱི་རྒྱལ་ཁབ་བོད་ཀྱི་ཤེས་རིག་གོམས་སྲོལ་སོགས་ཀྱི་ཆེད་དུ་རླབས་ཆེན་གྱི་མཛད་པ་སྟེ་ལུས་སྲོག་འཕང་མེད་དུ་མེར་བསྲེགས་བཏང་བའི་རྒྱལ་གཅེས་ཀྱི་དཔའ་བོ་ཁོང་རྣམ་པར་ཡི་རངས་དང་གུས་བཀུར་ཞུ་དགོས་པ་མ་ཟད་་་་་་་ཁོང་རྣམ་པའི་མཛད་རྗེས་ང་ཚོས་བསྐྱང་དགོས་པས་ཁོང་རྣམ་པའི་བཞེད་དོན་གྱི་ཆེད་དུ་ང་ཚོའི་ལུས་སེམས་ལོངས་སྤྱོད་ཅི་ལའང་ཕོངས་སེམས་མེད་པའི་སྒོ་ནས་བློས་གཏོང་གི་གྲ་སྒྲིག་གནང་དགོས་གལ་ཆེ།
ང་ནི་བསམ་བཞིན་བསམ་བཞིན་མིག་ཆུ་ལས་མ་འདས་་་་་་ཅི་བྱེད་དགོས་རེད་སྤུན་ཟླ་ཚོ་་་ང་ཚོའི་ཆེད་དུ་ཁོང་རྣམ་པའི་སྐུ་སྲོག་འཕང་མེད་དུ་མེར་བསྲེགས་བཏང་འདུག་་་་་ད་ང་ཚོས་ཅི་བྱེད་དགོས་་་་ཅི་བསམ་དགོས་རེད་་་་་་སྤུན་ཟླ་ཚོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤུན་ཟླ་ཚོ་་་སྤུན་ཟླ་སོ་བདུན་ཙམ་གྱི་སྐུ་སྲོག་འཕང་མེད་དུ་ང་ཚོའི་ཆེད་དུ་མེར་བསྲེགས་བཏང་འདུག་་་་་་་་་་་ང་ཚོས་ད་དུང་སྐྱིད་པོ་གཏོང་གི་ཡིན་པས་་་་ཐུགས་བསམ་བཞེས་རོགས་་་་་་་་་་་་་་
རང་ལུས་མེར་བསྲེགས་སྤར་སའི་ས་གནས་ནོར་མིན་འདུག །གལ་སྲིད་མེར་བསྲེགས་༣༠ལྷག་ཙམ་དེ་བོད་ཀྱི་རྒྱལ་ས་ལྷ་སའམ་ཡང་ན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བྱུང་ཡོད་ན་ད་ཚོད་རྒྱལ་སྤྱིའི་ལྟ་ཚུལ་གཞན་ཞིག་ཏུ་འགྱུར་ཡོད་ངེས་རེད། དེང་སང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་རྒྱལ་ས་ལྷ་སར་ཡོང་བའི་དུས་ཤིག་ཡིན་པས་དུས་ཚོད་འདེམས་སྟངས་ནོར་མི་འདུག །ཨ་ཁ། གསོན་པོ་དེ་ད་ལྟ་སྡུག་པོ་ག་ཚོད་མྱོང་གི་ཡོད་ན། ང་ནི་སེམས་འཕྲལ་ལྷག་པར་དུ་ཡོང་གི །
ད་ནི་མེ་མཆོད་ཕུལ་སྟངས་ལ་ཐབས་ཤེས་བཏང་དགོས་འདུག སྐུ་ལུས་མེ་ལ་ཕུལ་དང་་མཉམ་དུ་དུག་ཟ་དགོས་འདུག དེ་ལྟར་བྱས་ན་རྒྱ་ནག་གི་ལག་ཏུ་ཤོར་བའི་ཉེན་ཁ་ལས་སྐྱོབ་ཐུབ་་མ་ཟད། མེ་སྲེག་གི་རྒྱབ་ལྗོགས་ཞིབ་གཤེར་བྱེད་མི་ཐུབ་པ་ཕན་ཐོགས་ཡོད་པལ། རྒྱ་འོག་ཏུ་སྡུག་ངལ་མི་མཐོང་བ་ཕན།
དཔའ་རྒོད་གཉིས་དེ་ལྟར་གཤེགས་པ་མིག་ཆུ་ཤོར། ང་ཚོའི་ཁྱེད་ཀྱི་ཐུགས་རེ་ཆུ་ཟོས་སུ་མི བཏང་བ་ཐབས་ཤེས་ཡོད་ཚད་འཐེན་ནས་བོད་ལ་རང་དབང་ཐོབ་ཏུ་འཇུག་རྒྱུའི་དམ་བཅའ་ཡོད།
ལྷ་ས་ནས་བཏང་ན་གཅིག་པ་རེད། དེ་ལས་ཟློག་སྟེ་རྒྱ་མིས་བཏང་འཛིན་བྱེད་བདེ་ཆགས་པ་རེད། རྒྱས་དམག་མི་ལྷ་ས་ན་ཡོད་པས་སྲུང་སྐྱོབ་བྱེད་རྒྱུ་སླ་ལ་འགྲོ་སོང་ཡང་རྒྱ་ནག་གཞུང་ལ་ཡོད་པ་མ་རེད། བོད་ས་ཀུན་ཏུ་ངོ་རྒོལ་སྤེལ་དགོས་བ་ལས་ལྷ་གྲོང་ཁྱེར་གཅིག་བུས་ག་ལ་འགྲིག དེ་སྔོན་ནས་ལྷ་ས་ནས་ངོ་རྒོལ་རིམ་པ་བྱས་ཀྱང་གཅིག་བྱས་འབྲས་གཅིག་མཚུངས་རེད། མེ་སྲེགས་ལ་ནུས་ཙ་ཐོན་མིན་ནི་བོད་ཡོངས་ཀྱིས་གནད་དོན་དེ་རྒྱབ་སྐྱོར་བྱེད་མིན་ལ་རེག་ལས་བ་ལས་མི་ཁ་ཤས་ཀྱིས་དེ་ཙམ་ག་ལ་ཕན། ད་ལྟའང་མདོ་སྨད་ཀྱི་མི་སྣ་ལས་དབུས་གཙང་མཉམ་ཞུགས་བྱེད་ཐུབ་མེད། དེ་ནི་རྒྱ་ནག་གི་འདོད་ཐོག་གི་ལྟ་ལོས་ཡིན།
རྩ་ཆེའི་ལུས་སྲོག་འབྱོར་བ་དུས་ཚོད་བཅས།
རང་གི་རྩ་ཆེ་ཡོད་རྒུ་རྒྱབ་བསྐྱུར་ཏེ།
ཆོལ་གསུམ་བོད་མིའི་མ་འོངས་རྩ་དོན་དུ།
གོམ་བགྲོད་སོང་བའི་གླིང་ཚང་མ་བུ་ལ།
ཆེ་བསྟོད་ངག་གི་ལེགས་གསོལ་མི་བརྗོད་ཁར།
གང་བྱུང་མཆན་དུ་བཏབ་པའི་མཁས་རློམ་ཚོ།
དཀའ་མེད་ཁ་བཤད་རྐྱང་པ་ཁོ་ན་ཡིས།
མི་ཚེ་སྟོང་སོང་སྐྱེལ་ནས་མི་སྡོད་པར།
སེམས་ཤུགས་ཡོད་ན་རང་ཉིད་སྲོག་བཏང་སྟེ།
བོད་དོན་ཆེད་དུ་གོམ་བགྲོད་ཅིག་སོང་དང་།
ད་གཟོད་སེམས་ཚོར་ཇི་ཡོད་ཤེས་པར་ངེས།
ཁྱེད་ཚོ་ནི་ནམ་ཡང་ནུབ་པ་མེད་པའི་སེམས་ཁོངས་ཀྱི་མཆོད་མེ་རྐང་གཅིག་སྟེ་ངའི་འཇིག་རྟེན་ན་རིན་ཐང་བྲལ།
དཔའ་བོ་ཁོང་སླར་སྐྱེ་བར་གྱུར་ཅིག་སངས་རྒྱས་པར་གྱུར་ཅིག།།།།
རྒྱལ་གཅེས་བ་གཉིས་ལ་གུས་འདུད་དང་བཅས་ཁྱེད་ཅག་གི་བསམ་དོན་རྒྱལ་བ་ཤོག གནས་ཚུལ་འདི་ལ་སྐུ་ཞབས་གང་མང་ཞིག་གིས་སྐུ་ངལ་འཛེམས་མེད་ཐོག་ཕྱག་ལས་གནང་བ་དེ་མེས་རྒྱལ་དང་སྐུ་གཤེགས་དཔའ་བོ་དག་ལ་ནོར་བུ་དང་གཟི་བརྗིད་བྱིན་ནི་རེད། འབྱུང་འགྱུར་ང་ཚོ་སུ་ཡིན་ནའང་རང་གི་ལུང་པ་དང་རང་གི་སྤུན་ཉེ་རིང་སུ་ཞིག་གིས་ལས་འགུལ་གང་ཞིག་སྤེལ་སྐབས་རང་ནུས་ཀྱིས་ལྕོགས་པའི་ཁྱབ་བསྒྲག་འབད་འབུངས་བྱེད་དགོས་པ་འཐབ་རྩོད་ཀྱིས་གནད་ཀྱི་དོན་པོ་ཞིག་རེད་བསམ།
ཁ་བ་འཚོ། ཁྱོད་བདེན། ངའི་མཆན་གོང་དུ་ཀརྨ་པ་མཁྱེན་བྲིས་འདུག་པར་ངས་ཀ་ལུ་མཁྱེན་ཞེས་བྲིས། དཔའ་བོ་རྣམ་གཉིས་ལ་མཐོང་ཆུང་ག་ལ་བྱེད། ཁོང་གཉིས་ལ་ཚད་མེད་པའི་གུས་འདུད་ཡོད།
བོད་རང་དབང་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་ཆེད་བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་ཕྱིར་དུ་”མེར་སྲེགས”བཏང་བའི་”མེ་ལྕེ་”འདི་ལ་བཞིགས་ན་”མེ་ལྕེ”འདི་ནི་ཡར་ནས་ཡར་དུ་མཆེད་ཀྱིན་ད་་་མདོ་སྨད་ནས་མདོ་སྟོད། མདོ་སྟོད་ནས་སྟོད་ཉི་མ་ལྷ་ས་དབུས་ཀྱི་སར་མཆེད་པ་འདི་ནི་ཆེས་འབུར་དུ་མཐོན་པའི་མེ་ལྕེའི་ནང་གི་མེ་ལྕེ་རང་རེད་འདུག་སྙམ་པ་བྱུང། འདི་ནི་བོད་མིའི་ཚོའི་ཆེས་མཐའ་མའི་ལས་འགུལ་ཞིག་ཡིན་ལ་དམར་པོའི་ཏང་གི་སྲིད་གཞུང་གི་ངོས་ནས་དེར་མནོ་བསམ་ལེགས་པར་གཏོང་རན་གྱི་དུས་ལ་བབ་པར་སེམས།
བདེན་པ་ཉིད་རྣམ་པར་རྒྱལ་གྱུརཅིག། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།།
ཞི་བདེའི་འཐབ་རྩོད་འཕགས་པའི་ཡུལ་ནས་དར།། དཔའ་བོའི་མེ་ལྕེ་མདོ་ཁམས་སྨད་ནས་མཆེད།། རྒྱལ་ས་ལྷ་སའི་ལྷིང་འཇགས་དཀྲོགས་རན་པས།། དཔའ་བོའི་འབོད་སྐུལ་ཇོ་བོའི་གསན་པར་སྨོན།། འཛམ་གླིང་རྒྱལ་ཚོགས་དངུལ་གྱི་བྲན་དུ་གྱུར།། མི་རིགས་རྩོད་གླེང་ལོ་རེར་ཉེན་ཁར་ལྷུང།། གུང་ཁྲན་སྲིད་གཞུང་རྩ་བ་རྫོགས་རན་པས།། ཁ་བའི་རེ་འབོད་དམངས་ཀྱིས་དཔུང་གྲོགས་མཛོད།།
བདེན་པ་ཉིད་རྒྱལ་གྱུར་ཅིག
དྲ་གྲོགས་ཚོ། དེང་སང་མི་ཁ་ཤས་ཀྱི་ཁ་ནས་བོད་དོན་ཡང་ཡང་གླེང་ཡང་ལྐོག་ཏུ་སྤྱི་ཚོགས་རྡབ་གསིག་གཏོང་བར་གྲབས་གཤོམ་བྱེད་ཀྱི་འདུག་ཟེར་བ་བདེན་ནམ།
ཐ་ཤལ་གྱི་སྤྱོད་ངན་འདིའི་རིགས་སྤེལ་མཁན་ཡོད་ན་རྒྱ་མིས་ལབ་པ་བཞིན་རྡུང་རྡེག་ཚ་ནན་གཏོང་དགོས།