ལྷ་སར་རྒྱ་དམག་གིས་འཇིགས་སྐུལ་དྲག་ཤུགས་ངོམ་པ།༼པཪ༽ Posted on 2014-03-152014-03-15 By ཁ་བརྡ་ 22 Comments on ལྷ་སར་རྒྱ་དམག་གིས་འཇིགས་སྐུལ་དྲག་ཤུགས་ངོམ་པ།༼པཪ༽ ༼མཐོང་མི་ཐུབ་པའི་བོད་༽ཀྱི་དྲ་རྒྱ་ནས་དྲངས། པར།
ཕྱི་ཟླ༣ཚེས༦ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྟེ། དྲག་ཆས་ཉེན་རྟོག་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཞོའུ་གོ་ཆང་གིས་པེ་ཅིན་ནས་བརྗོད་དོན། ཀྲུང་གོའི་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་རྫོང་རིམ་པ་བར་དུ་བཀོད་བསྒྲིགས་བྱས་ཡོད། འདི་ནི་རྒྱ་དམར་གཞུང་གིས་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་བཀོད་སྒྲིག་བྱེད་སྟངས་ཐེངས་དང་པོར་ཕྱི་བསྒྲགས་བྱས་པ་རེད། ད་དུང「བཅིངས་གྲོལ་ཚགས་པར報」ནང་བཀོད་དོན། ཞོའུ་གོ་ཆང་གིས་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་ལ་དབྱེ་ན། (གསའ)མྱུར་རྒོལ་རུ་ཁག གནམ་གྲུ་འཕྲོག་རྒོལ་དམིགས་བསལ་རུ་ཁག ཞིང་ཆེན་རིམ་པའི་དམིགས་བསལ་རུ་ཁག་འབྲིང་བ། ཁུལ་རིམ་པར་དམིགས་བསལ་(ཕེ)སྟོང་ཤོག རྫོང་རིམ་པར་དམིགས་བསལ་བརྒྱ་ཤོག་བཅས་འདུག འོ་ན། ང་ཚོས་ག་རེ་ཤེས་དགོས་པ་རེད་དམ། ༡ ཉེ་སྔོན་རྒྱ་དམར་གཞུང་གིས༼རྒྱལ་ཁབ་བདེ་འཇགས་ལྷན་ཚོགས༽བཙུགས་པ་ནི་རྒྱ་ནག་ནང་ཡར་ལངས་བྱུང་སྲིད་པའི་ཁ་གཏད་ལ་དམིགས་ཡོད་པར་མ་ཟད། ད་རེས་ཁུང་མེན་ནས་མི་གསོད་དོན་རྐྱེན་ལ་ཁ་གཡར་ནས་རྒྱ་ནག་རྒྱལ་ཡོངས་དུ་དམིགས་བསལ་དམག་དཔུང་འགྲེམས་འཇོག་བྱས་པ་ཡིན་པས། དམག་མིས་ཡོངས་སུ་དབང་བསྒྱུར་བྱེད་པའི་གོམ་པ་དང་པོ་སྤོས་ཚར་བ་རེད། ༢ ལྷ་སའི་དམག་དཔུང་ངོམས་སྟོན་ཡང་གོང་དུ་བཀོད་པའི་གནས་ཚུལ་གྱི་ཆ་ཤས་ཤིག་ཡིན་པར་མ་ཟད། བོད་དང་ཡུ་གུར་ལ་དེ་བས་ཀྱང་དྲག་གནོན་བྱེང་པར་གྲ་སྒྲིག་ཨང་གསར་ཡོད་པ་མཚོན་ཡོད། ༣ བོད་ཀྱི་གཏམ་དཔེར། ༼རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ༽ཟེར་བའི་ཚུར་མངོན་ཡིན་པས། ཚང་མས་གྲ་སྒྲིག་ཨང་གསར་བྱེད་དགོས་པའི་དུས་ལ་སླེབས་ཟིན་པའང་མཚོན་བཞིན་ཡོད།
གནས་ཚུལ་འདེ་འདྲ་འདུག ཡིན་ན་ཡང་། དམག་མི་མང་པོ་འཇོག་པ་དང་། དམག་ངོམ་བྱེད་པ། མཚོན་ཆ་འགྲེམ་སྟོན་སོགས་ཀྱིས་ང་ཚོ་བོད་མིའི་འཐབ་རྩོད་ལ་གྱོང་སྤྲད་ཐུབ་གི་མ་རེད་བསམ་གི གང་ལྟར་ཡང་བོད་མིས་རྒྱ་མི་ལ་དྲག་པོའི་སྒོ་ནས་ཁ་གཏད་མི་ཆོག་པ་དེ་སྔ་མོ་ནས་ཤེས་ཡོད་པ་ཞིག་དང་མཚམས་བཞག་ཟིན་པ་ཞིག་རེད། དེ་ཡིན་དུས། རྒྱ་དམར་གྱི་དགམག་གི་དྲག་ཤུགས་དེ་དང་ང་ཚོའི་འཐབ་རྩོད་དེ་གཏོང་ཐུག་གི་མེད་པས་བོད་མིའི་འཐབ་རྩོད་དེ་སེམས་ཁམས་དང་རིག་གཞུང་དང་འདྲེས་ནས་གནས་རྒྱུ་ཞིག་རེད། དམག་མིའི་ཟང་ཟིང་དེ་ག་ཚོད་མང་བ་དེ་ཙམ་གྱིས་མི་མང་གིས་བོད་དོན་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་དང་། འཐབ་རྩོད་བྱ་རིན་ཡོད་པ་ཞིག འཐབ་རྩོད་བྱས་པ་དེ་ལ་རྒྱ་དམར་གཞུང་གིས་དོ་སྣང་དང་ཞེད་སྣང་དེ་འགུགས་ཐུབ་གི་ཡོད་པ་དེ་ཤེས་ནུས་པས་འདི་བོད་མིའི་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་རེད་ཟེར་ནས་བཤད་མི་ཐུབ་ན་ཡང་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་དེ་གསལ་སྟོན་བྱས་པ་རེད་བསམ་གི། དམག་མི་ག་ཚོད་མང་པོ་འགྲེམ་འཇོག་དང་གྲ་སྒྲིག་བྱེད་དགོས་པ་དེའི་ཚོད་ཀྱིས་རྒྱ་དམར་གཞུང་གི་མི་ཤུགས་རྒྱུ་ཤུགས་ལ་གྱོང་རག་གི་ཡོད་པས་ལྟད་མོ་བལྟས་ནས་འདུག་རྒྱུ་རེད། ང་ནིང་ལོར་ཤིང་ཅང་གི་ངོ་རྒོལ་སྐབས་སུ་བཅིངས་འགྲོལ་དམག་མི་སྒྲིག་ཆས་དང་ལག་ཆ་སྣེ་འཛོམ་གྲལ་བསྒྲིགས་པའི་མདུན་ན་ཤིང་ཅང་གི་སྲོལ་རྒྱུན་ཆ་ལུགས་ཅན་གྱི་རྒན་མོ་ཞིག་གིས་ཁུ་ཚུར་གནམ་ལ་འཕྱར་ནས་ངོ་རྒོལ་རྒྱག་གི་འདུག ངས་ནི་གཟི་བརྗིད་ཆེན་པོ་འདྲ་བོ་ཞིག་ཏུ་མཐོ་སོང་། ན་ནིང་འབྲི་རུར་གཏེར་ཁ་སྔོགས་འདོན་ལ་ཡུལ་མིས་ངོ་རྒོལ་བྱེད་དུས་སུ་དང་དམག་མི་ཚོས་ལག་ཆ་དང་སྒྲིག་ཆས་གྲ་འགྲིག་ཅན་མང་པོ་གྲལ་བསྒྲིགས་ནས་བསྡད་པའི་ཚུར་ཕྱོགས་ན་བོད་མི་སྲོལ་རྒྱུན་ཆ་ལུགས་ཅན་སྐྲ་འདོགས་དམར་པོ་ཅན་ཁ་ཤས་ཤིག་ལྷོད་ཤིག་གེར་ཉམས་ང་བག་ཚ་མེད་པར་བསྡད་འདུག ང་དམག་མི་དེ་ཚོའི་གྲས་ཀྱི་གཅིག་ཡིན་ན་ངོ་ཡང་ཚ་ས་རེད་བསམ་པ་ཞིག་འདུག
གོང་དུ་མཀྱེན་དཔྱོད་ཅན་ལྷ་སྡེ་གནམ་ལོ་ཡག་མཆོག་གིས་གྲི་སྒྲིག་ཨང་གསར་བྱེད་དགོས་པ་མཚོན་གྱིན་ཡོད་གསུངས་འདུག ངའི་བསམ་ཚུལ་ལྟར་ན་བོད་དོན་འཐབ་རྩོད་འདི་བོད་ཀྱི་རིག་གཞུང་དང་དབྱེར་མེད་པར་འདྲེས་ནས་འདུག་རྒྱུ་ཡིན་སྟབས་འདི་ལ་བཅིངས་འགྲོལ་དམག་མི་མང་པོ་འགྲེམ་འཇོག་བྱས་པར་ང་ཚོའི་ཕྱོགས་ནས་གྲ་སྒྲིག་ཅིག་བྱེད་ཡོང་རྒྱུ་མི་འདུག་བསམ་གི། ཁོ་རང་ཚོ་བཅིངས་འགྲོལ་དམག་མི་བྱས་ནས་ཡར་འགྲོ་མར་འགྲོ་བྱེད་བཅུག ང་རང་ཚོ་བོད་མི་བྱས་ནས་བོད་ཀྱི་རིག་གཞང་རྒྱུན་འཛིན་བྱེད། ང་ཚོས་འདི་ཚོ་འགོག་ཐུབ་གི་མ་རེད་ལ་འགོག་དགོས་པ་ཞོག་ཀྱང་མ་རེད་བསམ་གི དེ་ལ་བོད་མི་ཚོས་ཞེ་སྡང་དང་སེམས་ཁྲལ་མི་བསག་པར་ཁོ་ཚོའི་དགོས་ཕན་མེད་པའི་འཁྲབ་སྟོན་ཞིག་ལ་བརྩིས་ནས་ལྟད་མོ་བལྟས་ནས་འདུག་རྒྱུ་མེད་བསམ་གི།
༣ བོད་ཀྱི་གཏམ་དཔེར། ༼རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ༽ཟེར་བའི་ཚུར་མངོན་ཡིན་པས། ཚང་མས་གྲ་སྒྲིག་ཨང་གསར་བྱེད་དགོས་པའི་དུས་ལ་སླེབས་ཟིན་པའང་མཚོན་བཞིན་ཡོད། ལྷ་སྡེ་གནམ་ལོས་བཤད་པ་འདི་ལ་ཉན་རྒྱུ་ཡོད། དགྲ་པོ་གཅིག་ཡིན་ན་ཡང་ཇེ་ཉུང་དུ་གཏོང་བའི་ཐབས་ཇུས་དགོས། བོད་མི་ས་ཡ་དྲུག་གི་དམངས་དམག་གིས་དགྱ་དམག་ལ་ཅི་ལྟར་རྒོལད་དམ། ང་ཚོར་མ་འདང་བ་ནི་གྲངས་འབོར་མིན། ང་ཚོར་མ་འདང་བ་ནི་བདེན་པ་མིན། ང་ཚོར་མ་འདང་བ་ནི་བློ་ཁག་མིན། ང་ཚོར་དགོས་བ་དེ། ང་ཚོར་མཚན་མོར་མཐོང་མྱིག་ར་དགོས་ཡོད། ང་ཚོར་གསང་བ་གསན་ནིའི་ཨ་མཆོག་དགོས་ཡོད། ང་ཚོར་མ་འོངས་མཁྱེན་ནི་ཤེས་སྟོབས་དགོས་ཡོད། དགྲ་བོ་སྐྱབས་སུ་འཛིན་པའི་སྲིད་ཇུས་མི་དགོས། རྒྱུ་འབྲས་ཡང་ཡང་རྣོག་པའི་གྲོགས་པོ་མི་དགོས། ཐབས་ཟད་རེ་བ་མྱི་ལ་མི་རེ། བདེན་པའི་མགོ་ཁུང་དེབ་ལ་མི་བཅོལ། བྱིས་བ་སྣབ་བླུགས་ཚོས་རལ་བ་གཅོད་རེ་བྱེད་རན། གསར་བུ་དར་མ་ཚོས་མཚོན་ཆ་རྩོད་རན། རྒན་པོ་རྒོད་པོ་ཚོས་རྒྱུ་ནོར་གཏོང་རན། མི་ལོ་ལྔ་བཅུའི་ཚུན་གྱི་རུ་ཡོང་འདི་ཚོར། སྡོད་སའི་ས་ཞིག་དང་། སྐྱིད་པའི་གཞིག་ཞིག་མེད་པ་ཤེས་སུ་འཇུག་དགོས། ཕྱི་འཁྱམས་པ་ཚོ། བོད་ལ་བདེ་བའི་བདེན་མཐའ་ཞིག་ཅི་ལྟར་ལེན་རོགས་བྱེད། ང་ཚོས་རང་ཚོ་རྔ་བྱེད་དམ་རྔ་དབྱུག་བྱེད། རྔ་དབྱུག་བྱེད་ན་མཆོང་རན་ོང་། རྔ་བྱེད་ན་ངུས་ནས་འདུག། སྐྱེས་གཟེར་མེད་པའི་བུ་ཞིག་མི་རག་ཤེས་ཡོད་རུང་། གཟེར་དེའི་འཕྲོ་ན་བུ་ཞིག་ཡོད་པ་ཡང་ཤེས་དགོས། རྫིག་རྫིག་འཇིགས་འཇིགས་ཀྱི་དཔར་རེ་རེ་མཐོང་ན། སྐྲག་རྒྱུ་མ་དགོས་དགོད་རྒྱུ་ཡོང་ནིའི་དཔའ་བོ་ཨེ་ཡོད།
བཙན་བྱོལ་གྱི་ལས་སྣེ་ཚོའི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་ལྟར་ན། གོང་གི་པར་རིས་ནང་གསལ་ལྟར་གྱི་དགྱ་དམག་ཚོ་རྒྱ་ནག་སྐམ་ས་ཙམ་དུ་མ་ཟད། མ་འོངས་པའི་བོད་ཀྱི་དམག་མིར་ཡང་འགྱུར་འཇུག་རྒྱུ་ཡིན་པར་འབད་བརྩོན་གནང་བསྡད་ཡོད་པ་རེད། གལ་སྲིད་༼རྡ་སའི་ལས་སྣེ་ཚོའི་མངོན་འདོད་༽བོད་མིར་དགྱ་འོག་གི་ཐོང་ཐང་ཙམ་པོ་དེ་རེག་དབང་དུ་བཏང་ན། བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཆོས་མེད་ཀྱི་དམར་དམག་ཚོར་ལས་འགན་གང་གང་ཡོད་པ་ཡིན་ནམ། སྐབས་དེར་ཡང་ཆོས་མེད་དམར་དམག་ཚོ་བོད་དུ་རང་སོར་གནས་རྒྱུར་སོང་ཙང་། བོད་དེ་ཞི་བདེའི་བསྟི་གནས་ཤིག་མི་ཡོང་བ་ནི་མངོན་གསལ་རེད།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། ངས་གྲ་སྒྲིག་ཨང་གསར་བྱེད་དགོས་འདུག་ཅེས་པ་ནི་འཐབ་དགོས་ཀྱི་འདུག་ཟེར་གྱི་མེད། གལ་སྲིད་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་ཡིན་ན། སྐབས་དེར་བོད་མི་ཚོར་གོ་སྐབས་ཟིན་པའི་གྲ་སྒྲིག་དགོས་ཀྱི་འདུག་ཅེས་པའི་དོན་ཡིན། ཞིབ་ཕྲ་གྲ་སྒྲིག་ག་འདྲ་ཞིག་དགོས་ཀྱི་འདུག་གམ། ཚང་མས་དགོངས་ཚུལ་གསུང་རོགས།
འཐབ་མ་དགོས་བའི་རེ་བ་སྐྱིད་པོ་སྐྱིད་པོ་དེ་མི་ལོ་མང་པོ་ལ་བརྒྱབས་ཚར་བ་རེད། གུང་གྲན་ཏང་གི་རྒྱལ་སྲིད་དབང་བསྒྱུར་ནི། འཐབ་མི་དགོས་བར་འཐོར་འགྲོ་བ་ཞིག་ཡིན་ན་སྐྱིད་པ་ལ། ཧ་ཧ་ཧ། དགྱ་ནག་གི་སྲིད་ལ་འགྱུར་འགྲོས་ཆེན་པོ་ཞིག་བྱུང་ན། འགྱུར་སའི་སྲིད་ཇུས་གསར་བ་ཞིག་དགོས་བ་རེད། དེ་འདྲ་མེད་པ་ཨ། དེ་འདྲ་མེད་བཞིན་དུ་འགྱུར་ན་སིལ་བུར་རེད། སིལ་བུར་གྱུར་བ་རྣམས་ཅི་ལྟར་དབང་བསྡུ་བྱེད། ཡང་སྟོབས་ཤུགས་ཀྱི་འཐབ་དགོས་བ་མ་རེད་དམ།
དེ་དུས་བོད་མིར་གྲ་སྒྲིག་དམིགས་བསལ་བ་ཞིག་ཅང་བྱ་རྒྱུ་ལྷག་ཡོད་པ་མ་རེད་ལ། བོད་མིའི་མངོན་འདོད་དང་ཡོངས་སུ་མཐུན་པ་ཞིག་ནམ་ཡང་བྱེད་འཇུག་གི་མ་རེད། དེ་སྐབས་ཀྱང་དགྱ་གཞུང་ལ་མཚོན་ན་རྒྱ་ནག་གཅིག་དང་། མི་རིགས་ཆེན་པོའམ་མི་རིགས་གཅིག་གི་འདུ་ཤེས་དེ་ཤུགས་ཆེན་ཞིག་འཁྱེར་སྡོད་ངེས་རེད། དེ་འབྲེལ་བོད་སྤྱིའི་བདག་དབང་དང་། དམག་དོན། ཕྱི་འབྲེལ། དཔལ་འབྱོར་སོགས་མང་པོ་ཞིག་ཀྱང་དགྱ་ནག་དབུས་གཞུང་ལ་ངེས་པར་སྟབས་བསྟུན་ངང་རེ་ལྟོས་བྱ་དགོས་པ་ཞིག་རེད། ཤུལ་དུ་བོད་མི་ཚོ་ལ་གྲ་སྒྲིག་ལྷག་ལུས་གཙོ་བོ་འགའ་ཡོད་པ་ནི་རང་གི་སྐད་ཡིག་རྒྱུན་འཛིན་དང་འབྲེལ་ནས་རིག་གཞུང་སྲུང་སྐྱོབ་དང་། ཆོས་དད་རང་མོས། ནང་ཁུལ་གྱི་ཐག་གཅོད་ཕྲན་ཚེགས་རིགས་བཅས་རེད། དེ་ཙམ་གྱི་གྲ་སྒྲིག་ནི་བཙན་བྱོལ་བོད་མི་ཚོ་དང་ཐོག་གཞིས་བཞུགས་བོད་མི་དང་མཉམ་བསྡེབས་བྱས་ནས་མ་གཏོགས། བཙན་བྱོལ་ནང་ནས་འདི་དང་དེ་ཞེས་གྲ་སྒྲིག་བྱེད་པའི་ནུས་པས་འདང་གི་མ་རེད།
འདི་ལྟར་གྲ་འགྲིག་ཞིང་སྒྲིག་གཞི་དམ་པ་སྒྲིག་ཆས་མཛེས་བ་དཔའ་མཛངས་མེད་རུང་མཛེས་ཉམས་ཀྱིས་སྤུད་པ་གཟི་བརྗིད་མེད་རུང་འདྲ་ཆགས་ཀྱིས་མངོན་པ་ཁོང་ཚོ་དང་ཁ་གཏད་དུ་ཡོད་པའི་དམག་མི་ལག་སྟོང་སྤྲང་བོ་དེ་དག་སྙིང་རེ་རྗེ་འདི་འདྲའི་ཧེ་བག་འདི་འདྲའི་སྟོང་ཆ་ཞིག་་་སུ་ཞིག་གིས་ཁོང་གཉིས་ཁ་གཏད་དུ་བཞག་པ་ཡིན་ནམ་ཡང་གཅིག་བཤད་ན་ལས་དབང་རེད་ཟེར་ཉེན་ཆེ་མ་གཞི་ཁ་གཏད་དུ་ཡོད་པའི་ལག་སྟོང་དམག་དག་གིས་ལས་ངན་པ་ཞིག་བསགས་ཡོད་པ་ཐེ་ཚོམ་མེད་གང་ལྟར་ལམ་ལ་ཆས་དགོས་སོང་ནི་རེད་ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་རེ་བ་ཆེ་ས་དང་ཚོར་ཤུགས་རྣོ་ས་མཐུན་རྐྱེན་ཚང་ས་ན་གནས་སྡོད་བྱས་བའི་བོད་མི་དག་གི་འདས་མ་ལྟ་གསུམ་ལ་ཕྱི་མིག་གིས་ཐེངས་གཅིག་རྒྱང་བལྟ་ཞིག་བྱས་དུས་ཡིད་སེམས་གཉིས་ཡང་ན་བློ་སྙིང་གཉིས་ཁ་ཁར་ཕྱེ་བའི་ཚོར་སྣང་ཞིག་གིས་ངའི་ལས་གཟུགས་ཡོངས་ཁྱབ་འཇུག་སོང་རྒྱུ་མཚན་ཧ་ཅང་མང་འོན་ཀྱང་ཐུང་ངུ་ཞིག་འདི་ལྟར་བཤད་འདོད་སོང་་་་་་་རང་བཙན་དང་དབུ་མའི་རྩོད་ཉོག་གི་ས་བོན་འདི་ནས་འགོ་རྩམ་སོང་་་་སྐད་ཡིག་དང་ཕ་སྐད་བརྗེད་པ་འདི་ནས་འགོ་རྩམ་སོང་་་་ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་འདི་ནས་འགོ་རྩམ་སོང་་་་བོད་དོན་ལ་ཁག་བཞག་ནས་རང་དོན་གྱི་ཕུགས་བསམ་འདི་ནས་བསྙེག་སོང་་་མེ་སྲག་་གི་དོན་རྐྱེན་རེ་ལ་དགོངས་ཚོགས་ཀྱི་སྤྲོ་སྐྱིད་རེ་་་ལུས་འགུལ་གྱི་བར་གསེང་རེ་ན་ཞལ་འདེབས་ཀྱི་སྐུ་ཡོན་རེ་་་་གཞིས་མི་ལ་ཁག་རེ་བཞག་ནས་ཕྱི་ལུང་གི་སྤྲོ་སྐྱིད་རོལ་་་་་ཕྱི་ལུང་ལ་འགྲོ་དུས་ཐམས་ཅད་གསར་འབྱོར་བརྫུས་་་་ནང་ལོག་ན་བསྡད་དུས་གསར་རྙིང་རྩོད་་་་ཧ་ཅང་མང་པོ་ཡོད་འོན་ཀྱང་དུས་ཚོད་ཀྱིས་ཁོམ་གལ་བྱུང་མ་སོང་བར་གསེང་ཞིག་ལ་ཤར་མར་བྲིས་བ་ཡིན།
དགའ་བ་སྒོམས། དགའ་བ་སྒོམས། ཕ་རོལ་པོས་དམག་མི་གྲ་སྒྲིག་བྱེད་དུས། བཞེད་སྣང་གི་རྟགས་སྟོན་ཡོང་གི་ཡོད། གཉིད་ཁུག་གི་མེད། དངངས་སྐྲག་སྐྱེ་བཞིན་ཡོད། སེམས་འཁྲུག་གི་ཡོད། མདོར་ན་བདེ་བ་ཞིག་ཡོད་ནེ་མེད། སྡུག་བསྔལ་འབའ་ཞིག་གིས་གནོན་ཡོང་དུས། དེའི་རྟགས་སྟོན་གྱི་ཡོད། སྙིང་རྗེ་བསམ་ནས་སྡོད། རྒྱ་དམར་གྱིས་དམག་མི་ཚང་མ་ཕྱིར་ཐེན་བྱས། སྐྱིད་པོ་བཏང་། ཟས་སྐྱིད་པོ་ཟས། འུར་ཤོབ་བཤད། ད་དུང་བོད་པ་ཁྱོད་ཚོ་ག་རེ་བྱེད་ཀྱང་བྱོས། གང་ལྟར་ནུས་པ་མི་ཐོན་ཟེར་དུས་ང་ཚོ་སེམས་ཁྲལ་བྱེད་དགོས། ད་ལྟ་ཕ་རོལ་པོ་སྡུག་པོ་མྱོང་བཞིན་ཡོད། མུ་མཐུད་ད་ལྟ་གང་བྱེད་པ་འདི་ལག་བསྟར་གཏོང་དང་། ཕ་རོལ་པོར་གནོད་ཀྱི་ཡོད་པ་ངོ་མ་རེད། མ་ཧ་མ་གན་དྷིས། དགྲ་བོས་ཁུ་འཚུར་སྒྲེང་དུས་འཇིགས་སྣང་སྟོན་གྱི་ཡོད། དགྲ་བོས་ཁ་ཡ་མི་བྱེད་པའི་སྐབས་ང་ཚོར་ནུས་པ་མེད་པའི་རྟགས་ཟེར་བ་ཅིས་མ་བདེན། ཁ་སང་རྒྱ་གཅིག་གིས་སྐད་ཆ་སྙན་མོ་ཞིག་བཤད་བྱུང་། ང་དགའ་ནས་ཡོད། ཁོ་ན་རེ། སྔོན་མ་རྒྱ་གཞུང་གིས་བོད་ཀྱི་གསེར་དང་གཏེར་ཁ་བཅོམས་པ་ཚང་མ་ད་ལྟ་བོད་ནང་ལ་དམག་མིའི་འགྲོ་གྲོན་སོགས་ལ་བཏང་ནས། ལོ་བཅུ་གྲངས་ཤིག་གི་རྗེས་ལ། བོད་ནས་ཐོབ་པའི་ཡོང་བབ་ཚང་མ་བོད་མི་སྲུང་བར་ཤོར་རྒྱུ་རེད་ཟེར། ངོ་མ་ཅིས་མི་བདེན། ལྷ་བླ་མའི་བྱིན་རླབས་ཟེར་ན་འདི་རེད། རྒྱ་གཞུང་གི་དམག་མི་བསྡུ་བའི་ཉིན་མོ་དེར་ང་ཚོ་སེམས་ཁྲལ་རེད།
ད་དུང་གཅིག་ལུས་འདུག དཔེར་ན། ཤར་ཁུག་གིས་རྙོག་ཁྲ་ཇི་ལྟར་ཤོད་རུང་བློ་སེང་གིས་ཁ་ཡ་མི་བྱེད་པའི་སྐབས་ལ། ཤར་ཁུག་ལ་ནུས་པ་མེད་པ་མཚོན་གྱི་འདུག གལ་ཏེ་ཤར་ཁུག་གིས་རྩོམ་ལ་བོད་ནང་དང་བོད་ཕྱི་ལ་བོད་མི་མང་པོ་བདག་པོ་བརྒྱབ། བཀའ་ཤག་ཕྱི་ལ་ངོ་རྒོལ་བྱས་ན། བློ་སེང་སྐྲག་ནས་ལན་སྣ་ཚོག་དང་སྡིག་མོ་དང་རྡེག་རྡུང་འགོ་འཛུགས་པ་སོགས་བྱས་ཚེ། ཤར་ཁུག་ལ་ནུས་པ་ཡོད་པ་མཚོན་པས་རེད། དགྲ་ནག་གིས་དམག་འདི་འདྲ་བོད་ལ་འདྲེན་དུས་ང་ཚོའི་སྟོབས་ཤུགས་ལ་ནུས་པ་ཡོད་པ་དང་། གྲ་སྒྲིག་འདི་འདྲ་བྱེད་དགོས་པའི་རིན་ཐང་སྤྲོད་ཀྱི་ཡོད། དགའ་བ་སྒོམས། སྒོམས། སྒོམས་ཤིག
ཡ་ཡ། བསམ་ཚུལ་མང་བོ་སླེབས་འདུག དེའི་ཁྲོད་ནས་རྒྱ་མི་ཞིག་གིས་རྒྱ་དམར་གཞུང་གིས་སྔར་བོད་ཀྱི་གསེར་དང་གཏེར་ཁ་བཅོམས་པ་ཚང་མ་ད་ལྟ་དམག་མིའི་འགྲོ་གྲོན་སོགས་ལ་བཏང་ཟེར་བ་ནི་ཡང་དག་ཅིག་མ་རེད། རྒྱུ་མཚན་ནི་བོད་ནས་བཅོམས་པའི་གཏེར་ཁར་རིན་གོང་རྒྱག་ཐབས་ཡོད་པ་མ་རེད། དཔེར་མཚོན་ཙམ་ཞུས་ན། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་ནང་། མཚོ་སྔོན་གཅིག་པུ་ནས་གཏེར་ཁའི་མ་གནས་རྒྱ་སྒོར་དུང་ཕྱུར་འབུམ་གཅིག་དང་ཁྲི་བརྒྱད་རེད། དེ་བས། བོད་རང་སྐྱོང་ལྗོངས་ལ་མ་དངུལ་འབོར་ཆེན་བཏང་ཟེར་བཞིན་མང་ཤོས་རྒྱ་སྷོར་དུང་ཕྱུར་རེ་འགའ་རེད་ལ། ད་ལྟའི་བར་དུ་ཆེས་མང་ན་དུང་ཕྱུར་ཁྲི་རེ་གཉིས་ཡིན་པས། མཚོ་སྔོན་ནས་གཏེར་ཁ་བརྐོས་པའི་བརྒྱ་ཆའི་བཅུའང་ཟིན་མེད་ལ། དེའི་ལྷག་འཕྲོས་རྒྱ་དམར་གཞུང་གིས་ཁུར་ཡོད་པར་མ་ཟད། བོད་ཁུལ་ཡོངས་སུ་རིན་ཐང་བྲལ་བའི་གཏེར་ཁ་སྣ་མངབམུ་མཐུད་དུ་བསྔོག་གིན་ཡོད། ང་ཚོས་ད་དུང་དེ་ལའང་རྩིས་ཡག་པོ་ཞིག་རྒྱག་ཐུབ་ཡོད་པ་མ་རེད།
ལྷ་སྡེ་གནམ་ཡག་ལོ་ལགས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་མང་བཤད་ཀྱི་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྤྱི་ཚོགས་ནང་ནས་ཁ་རྡུང་དང་ཚིག་རྡུང་ཟད་དགོས་མིན་ལ་མ་བལྟས་ན་པར་་་ཤེས་ཡོན་ཅན་ཞིག་གིས་ཁ་གྲགས་པ་ལ་རྗེས་སུ་ཡི་རང་ཡོད། གུན་ཁྲན་གྱི་ཇག་དམག་འདི་ཚོས་བྱེའུ་ཆུང་ཐོག་ཏུ་ལྕགས་གཞུ་གུག་པ་དང་། ཉམ་ཆུང་བོད་མིའི་ཐོག་ཏུ་དྲག་གནོན་བྱས་པ་མ་གཏོགས་་་སིང་ཁ་གྷོང་གླིང་ཕྲན་འཕྲོག་ཐུབ་ཀྱི་མེད་པ་རེད། འཇར་པན་དང་ཨ་རི་ཁ་གཏོད་ལང་ཕོད་ཀྱི་མི་འདུག་ག ཉམ་ཆུང་གཅིག་པོའི་ཐོག་ཏུ་དབང་ཡོད་བྱས་བསྡད་མཁན་ཀྱི་ཚོགས་པ་དང་མི་སྒེར་སུ་ཡིན་ནའང་འགྲོ་བ་མི་རིགས་ཀྱི་གད་སྙིགས་རེད།
རྒྱ་གུང་ཁྲན་གྱི་སྲིད་དབང་བཙུགས་ནས་ད་ལྟ་བར་གྱི་འགྲོ་སྟངས་དེ་ནི་དམག་མིས་དབང་བསྒྱུར་གྱི་ལམ་ལུགས་རེད། སུས་དམག་དབང་ཡོངས་སུ་བཟུང་ན་སུ་རྒྱལ་བོ་རེད། སྲིད་འཛིན་གྱི་ལས་གནས་ནས་རྒན་ཡོལ་བྱས་ཀྱང་དམག་གི་གོ་གནས་ཤི་བར་དུ་མི་གཏོང་བ་དང་གཏོང་མི་སྲིད་པ་ཞིག་ཡིན། དེའི་ཕྱིར་རག་རྡུ་དང་རྒྱལ་མཚན་ནོར་བུ་དང་བསྟན་འཛིན་སོགས་པེ་ཅིན་ལ་འགྲོ་དུས་དམག་དོན་ལྷན་ཁང་མ་གཏོགས་ལས་ཁུངས་གཞན་དུ་མི་འགྲོ་བའི་དཔེ་ཡོད་པ་རེད། བོད་ན་རྒྱ་ནག་གི་མི་མངོན་པའི་དམག་དཔུང་གནའ་སྔ་མོ་གནས་བཀྲམ་འཇོག་བྱས་ཚར་རེད།
གཟིགས་དང་སྟོབས་ཆེན་རྒྱལ་ཁབ་གཅིག་གི་རང་མདོག་ངོམས་སྟངས་དེ། ཇི་འདྲ་ཐབས་སྐྱོ་ལ་ཨང་། བྱེད་སྟངས་དེ་ཀླད་པ་མེད་པའི་དུད་འགྲོ་རང་རེད། དུད་འགྲོ་ནི་དོན་མི་གོ་ལ་རྣམ་དཔྱོད་མེད་པས་ལུས་ཤུགས་ངོམས་པ་དེ་དང་ཅིས་མི་མཚུངས་སྙམ། མར་མེ་འཆི་ཁར་གསལ། ཞེས་པའི་དཔེ་དེ་རང་རེད། དེར་བརྟེན་ང་ཚོ་སེམས་ཤུགས་ཆག་མི་ཉེན་ལ། སྣང་མེད་ལྷོད་གཡེང་ཡང་ཤོར་མི་ཉེན་ནོ། སྤུན་ཟླ་ཚོ།
འདི་ནི་རྒྱ་རྒན་ཚང་འཆི་ཁའི་འཕག་ཚག་རེད། ཁོང་ཚོ་ལ་མེ་མདའི་སྟོབས་ཤུགས་ཡོད་ཀྱང་ང་ཚོ་ལ་བདེན་པའི་སྟོབས་ཤུགས་ཡོད། བདེན་ལུ་པ་གཉིས་དེ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཞེས་པའི་དཔེ་ལྟར། གནས་སྐབས་མེ་མདའ་བཙན་ཡང་ཐ་མ་དྲང་བདེན་རྒྱལ་བ་དེ་འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟས་ན་ཤེས།
སྤྱིར་ཚིག་རྩུབ་བརྗོད་པ་ལས་ཀྱང་གལ་ཤིན་ཏུ་ཆེ་བ་ནི། གལ་སྲིད་རྒྱ་ནག་ལ་ཧོབ་ཏུ་ཁ་ལ་འགྱུར་བ་ཐེབས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅས་པ་མེད་པར་གྱུར་ཏེ་ཟིང་ཆ་བྱུང་ན། སྐབས་དེར་ཇི་ལྟར་གདོང་ལེན་བྱེད་དགོས་ཀྱི་འདུག་གམ། རྒྱ་ནག་མི་དམངས་ཀྱི་དམངས་གཙོའི་དགོས་འདུན་ལ་རྒྱབ་འགལ་མ་ཆགས་པའི་ངོས་ལེན་ཡོང་སྲིད་པའི་འཆར་གཞི་ཞིག་ཡོད་དམ།
ཧ་ཧ་ཧ་ད་དངོ་ནས་འཇིགས་སྐུལ་རིང་ལུགས་པའི་རྟགས་བསལ་པོ་བསྟོན་འདུག་བོད་མི་མཚོ་ནམ་ཡང་སེམས་ཤུགས་ཆགས་མི་ཉན་ཨ་ཕ་གི་བཟང་བུ་རྒོད་མཚོ་།
སྐབས་དེར། དགྱ་མགོ་མཐོ་ན་དགྱ་མགོ་རེད། བོད་མགོ་མཐོ་ན་བོད་མགོ་རེད། དགྱ་ནག་དམངས་གཙོར་ཆགས་ན་བོད་ལ་རེ་བ་ཞིག་ཤར་བར་སྨོན་པ་ལས། དགྱ་ནག་དམངས་གཙོར་ཆགས་པའི་རྒྱུ་མཚན་གྱིས་བོད་དགྱ་ནག་ལ་བདག་དགོས་བ་དེ་འདྲ་ཞིག་ཡོད་པ་མ་རེད། བོད་དང་དགྱ་ནག་ཁ་ཁ་སོ་སོ་རེད། ཚུར་བདག་དུ་འཛིན་ཐུབ་ན་གོ་སྐབས་རེད། སྦྲ་ནག་ཕུབ་ནས། ནོར་ལུག་འཚོས་ན། ཁ་སེམས་སྐྱིད་ནི་རེད། དེ་མིན། དགྱའི་ཅ་དངོས་སྤོས་མེད། རྒྱུ་མེད། འཇིག་རྟེན་གསར་བའི་རེ་བ་སྐོང་མི་ཐུབ་པའི་ལག་ཤེས་དང་ཤེས་རིགས་གཏིང་མེད་པ་ཞིག་ལ་སྐྱབས་བཅོལ་ནས། འགྲོ་འདོད་པ་ནི་རང་མགོར་རང་གིས་ཆུ་བླུགས་པ་དང་གཅིག་པ་རེད། དགྱའི་གད་སྙིགས་ལ་རིན་ཐང་མེད་པར་སྒོར་གཅིག་ལས་མི་སྟེར་བའི་དུས་ཤར་ཡོད།
ཕྱི་ཟླ༣ཚེས༦ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྟེ། དྲག་ཆས་ཉེན་རྟོག་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཞོའུ་གོ་ཆང་གིས་པེ་ཅིན་ནས་བརྗོད་དོན། ཀྲུང་གོའི་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་རྫོང་རིམ་པ་བར་དུ་བཀོད་བསྒྲིགས་བྱས་ཡོད། འདི་ནི་རྒྱ་དམར་གཞུང་གིས་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་བཀོད་སྒྲིག་བྱེད་སྟངས་ཐེངས་དང་པོར་ཕྱི་བསྒྲགས་བྱས་པ་རེད། ད་དུང「བཅིངས་གྲོལ་ཚགས་པར報」ནང་བཀོད་དོན། ཞོའུ་གོ་ཆང་གིས་དྲག་སྤྱོད་པར་རྒོལ་བའི་སྟོབས་ཤུགས་ལ་དབྱེ་ན། (གསའ)མྱུར་རྒོལ་རུ་ཁག གནམ་གྲུ་འཕྲོག་རྒོལ་དམིགས་བསལ་རུ་ཁག ཞིང་ཆེན་རིམ་པའི་དམིགས་བསལ་རུ་ཁག་འབྲིང་བ། ཁུལ་རིམ་པར་དམིགས་བསལ་(ཕེ)སྟོང་ཤོག རྫོང་རིམ་པར་དམིགས་བསལ་བརྒྱ་ཤོག་བཅས་འདུག
འོ་ན། ང་ཚོས་ག་རེ་ཤེས་དགོས་པ་རེད་དམ།
༡ ཉེ་སྔོན་རྒྱ་དམར་གཞུང་གིས༼རྒྱལ་ཁབ་བདེ་འཇགས་ལྷན་ཚོགས༽བཙུགས་པ་ནི་རྒྱ་ནག་ནང་ཡར་ལངས་བྱུང་སྲིད་པའི་ཁ་གཏད་ལ་དམིགས་ཡོད་པར་མ་ཟད། ད་རེས་ཁུང་མེན་ནས་མི་གསོད་དོན་རྐྱེན་ལ་ཁ་གཡར་ནས་རྒྱ་ནག་རྒྱལ་ཡོངས་དུ་དམིགས་བསལ་དམག་དཔུང་འགྲེམས་འཇོག་བྱས་པ་ཡིན་པས། དམག་མིས་ཡོངས་སུ་དབང་བསྒྱུར་བྱེད་པའི་གོམ་པ་དང་པོ་སྤོས་ཚར་བ་རེད།
༢ ལྷ་སའི་དམག་དཔུང་ངོམས་སྟོན་ཡང་གོང་དུ་བཀོད་པའི་གནས་ཚུལ་གྱི་ཆ་ཤས་ཤིག་ཡིན་པར་མ་ཟད། བོད་དང་ཡུ་གུར་ལ་དེ་བས་ཀྱང་དྲག་གནོན་བྱེང་པར་གྲ་སྒྲིག་ཨང་གསར་ཡོད་པ་མཚོན་ཡོད།
༣ བོད་ཀྱི་གཏམ་དཔེར། ༼རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ༽ཟེར་བའི་ཚུར་མངོན་ཡིན་པས། ཚང་མས་གྲ་སྒྲིག་ཨང་གསར་བྱེད་དགོས་པའི་དུས་ལ་སླེབས་ཟིན་པའང་མཚོན་བཞིན་ཡོད།
གནས་ཚུལ་འདེ་འདྲ་འདུག ཡིན་ན་ཡང་། དམག་མི་མང་པོ་འཇོག་པ་དང་། དམག་ངོམ་བྱེད་པ། མཚོན་ཆ་འགྲེམ་སྟོན་སོགས་ཀྱིས་ང་ཚོ་བོད་མིའི་འཐབ་རྩོད་ལ་གྱོང་སྤྲད་ཐུབ་གི་མ་རེད་བསམ་གི གང་ལྟར་ཡང་བོད་མིས་རྒྱ་མི་ལ་དྲག་པོའི་སྒོ་ནས་ཁ་གཏད་མི་ཆོག་པ་དེ་སྔ་མོ་ནས་ཤེས་ཡོད་པ་ཞིག་དང་མཚམས་བཞག་ཟིན་པ་ཞིག་རེད། དེ་ཡིན་དུས། རྒྱ་དམར་གྱི་དགམག་གི་དྲག་ཤུགས་དེ་དང་ང་ཚོའི་འཐབ་རྩོད་དེ་གཏོང་ཐུག་གི་མེད་པས་བོད་མིའི་འཐབ་རྩོད་དེ་སེམས་ཁམས་དང་རིག་གཞུང་དང་འདྲེས་ནས་གནས་རྒྱུ་ཞིག་རེད། དམག་མིའི་ཟང་ཟིང་དེ་ག་ཚོད་མང་བ་དེ་ཙམ་གྱིས་མི་མང་གིས་བོད་དོན་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་དང་། འཐབ་རྩོད་བྱ་རིན་ཡོད་པ་ཞིག འཐབ་རྩོད་བྱས་པ་དེ་ལ་རྒྱ་དམར་གཞུང་གིས་དོ་སྣང་དང་ཞེད་སྣང་དེ་འགུགས་ཐུབ་གི་ཡོད་པ་དེ་ཤེས་ནུས་པས་འདི་བོད་མིའི་འཐབ་རྩོད་ཀྱི་རྒྱལ་ཁ་ཞིག་རེད་ཟེར་ནས་བཤད་མི་ཐུབ་ན་ཡང་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་དེ་གསལ་སྟོན་བྱས་པ་རེད་བསམ་གི། དམག་མི་ག་ཚོད་མང་པོ་འགྲེམ་འཇོག་དང་གྲ་སྒྲིག་བྱེད་དགོས་པ་དེའི་ཚོད་ཀྱིས་རྒྱ་དམར་གཞུང་གི་མི་ཤུགས་རྒྱུ་ཤུགས་ལ་གྱོང་རག་གི་ཡོད་པས་ལྟད་མོ་བལྟས་ནས་འདུག་རྒྱུ་རེད།
ང་ནིང་ལོར་ཤིང་ཅང་གི་ངོ་རྒོལ་སྐབས་སུ་བཅིངས་འགྲོལ་དམག་མི་སྒྲིག་ཆས་དང་ལག་ཆ་སྣེ་འཛོམ་གྲལ་བསྒྲིགས་པའི་མདུན་ན་ཤིང་ཅང་གི་སྲོལ་རྒྱུན་ཆ་ལུགས་ཅན་གྱི་རྒན་མོ་ཞིག་གིས་ཁུ་ཚུར་གནམ་ལ་འཕྱར་ནས་ངོ་རྒོལ་རྒྱག་གི་འདུག ངས་ནི་གཟི་བརྗིད་ཆེན་པོ་འདྲ་བོ་ཞིག་ཏུ་མཐོ་སོང་།
ན་ནིང་འབྲི་རུར་གཏེར་ཁ་སྔོགས་འདོན་ལ་ཡུལ་མིས་ངོ་རྒོལ་བྱེད་དུས་སུ་དང་དམག་མི་ཚོས་ལག་ཆ་དང་སྒྲིག་ཆས་གྲ་འགྲིག་ཅན་མང་པོ་གྲལ་བསྒྲིགས་ནས་བསྡད་པའི་ཚུར་ཕྱོགས་ན་བོད་མི་སྲོལ་རྒྱུན་ཆ་ལུགས་ཅན་སྐྲ་འདོགས་དམར་པོ་ཅན་ཁ་ཤས་ཤིག་ལྷོད་ཤིག་གེར་ཉམས་ང་བག་ཚ་མེད་པར་བསྡད་འདུག ང་དམག་མི་དེ་ཚོའི་གྲས་ཀྱི་གཅིག་ཡིན་ན་ངོ་ཡང་ཚ་ས་རེད་བསམ་པ་ཞིག་འདུག
གོང་དུ་མཀྱེན་དཔྱོད་ཅན་ལྷ་སྡེ་གནམ་ལོ་ཡག་མཆོག་གིས་གྲི་སྒྲིག་ཨང་གསར་བྱེད་དགོས་པ་མཚོན་གྱིན་ཡོད་གསུངས་འདུག ངའི་བསམ་ཚུལ་ལྟར་ན་བོད་དོན་འཐབ་རྩོད་འདི་བོད་ཀྱི་རིག་གཞུང་དང་དབྱེར་མེད་པར་འདྲེས་ནས་འདུག་རྒྱུ་ཡིན་སྟབས་འདི་ལ་བཅིངས་འགྲོལ་དམག་མི་མང་པོ་འགྲེམ་འཇོག་བྱས་པར་ང་ཚོའི་ཕྱོགས་ནས་གྲ་སྒྲིག་ཅིག་བྱེད་ཡོང་རྒྱུ་མི་འདུག་བསམ་གི། ཁོ་རང་ཚོ་བཅིངས་འགྲོལ་དམག་མི་བྱས་ནས་ཡར་འགྲོ་མར་འགྲོ་བྱེད་བཅུག ང་རང་ཚོ་བོད་མི་བྱས་ནས་བོད་ཀྱི་རིག་གཞང་རྒྱུན་འཛིན་བྱེད། ང་ཚོས་འདི་ཚོ་འགོག་ཐུབ་གི་མ་རེད་ལ་འགོག་དགོས་པ་ཞོག་ཀྱང་མ་རེད་བསམ་གི དེ་ལ་བོད་མི་ཚོས་ཞེ་སྡང་དང་སེམས་ཁྲལ་མི་བསག་པར་ཁོ་ཚོའི་དགོས་ཕན་མེད་པའི་འཁྲབ་སྟོན་ཞིག་ལ་བརྩིས་ནས་ལྟད་མོ་བལྟས་ནས་འདུག་རྒྱུ་མེད་བསམ་གི།
དགོངས་དག ངའི་གློག་ཀླད་གསར་པའི་ནང་དུ་ཡི་གེ་གཏགས་སྟངས་གཞན་ཞིག་འདུག་པས་ཡིག་ནོར་མང་པོ་ཤོར་སོང་འདུག
༣ བོད་ཀྱི་གཏམ་དཔེར། ༼རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ༽ཟེར་བའི་ཚུར་མངོན་ཡིན་པས། ཚང་མས་གྲ་སྒྲིག་ཨང་གསར་བྱེད་དགོས་པའི་དུས་ལ་སླེབས་ཟིན་པའང་མཚོན་བཞིན་ཡོད།
ལྷ་སྡེ་གནམ་ལོས་བཤད་པ་འདི་ལ་ཉན་རྒྱུ་ཡོད། དགྲ་པོ་གཅིག་ཡིན་ན་ཡང་ཇེ་ཉུང་དུ་གཏོང་བའི་ཐབས་ཇུས་དགོས། བོད་མི་ས་ཡ་དྲུག་གི་དམངས་དམག་གིས་དགྱ་དམག་ལ་ཅི་ལྟར་རྒོལད་དམ། ང་ཚོར་མ་འདང་བ་ནི་གྲངས་འབོར་མིན། ང་ཚོར་མ་འདང་བ་ནི་བདེན་པ་མིན། ང་ཚོར་མ་འདང་བ་ནི་བློ་ཁག་མིན། ང་ཚོར་དགོས་བ་དེ། ང་ཚོར་མཚན་མོར་མཐོང་མྱིག་ར་དགོས་ཡོད། ང་ཚོར་གསང་བ་གསན་ནིའི་ཨ་མཆོག་དགོས་ཡོད། ང་ཚོར་མ་འོངས་མཁྱེན་ནི་ཤེས་སྟོབས་དགོས་ཡོད། དགྲ་བོ་སྐྱབས་སུ་འཛིན་པའི་སྲིད་ཇུས་མི་དགོས། རྒྱུ་འབྲས་ཡང་ཡང་རྣོག་པའི་གྲོགས་པོ་མི་དགོས། ཐབས་ཟད་རེ་བ་མྱི་ལ་མི་རེ། བདེན་པའི་མགོ་ཁུང་དེབ་ལ་མི་བཅོལ། བྱིས་བ་སྣབ་བླུགས་ཚོས་རལ་བ་གཅོད་རེ་བྱེད་རན། གསར་བུ་དར་མ་ཚོས་མཚོན་ཆ་རྩོད་རན། རྒན་པོ་རྒོད་པོ་ཚོས་རྒྱུ་ནོར་གཏོང་རན། མི་ལོ་ལྔ་བཅུའི་ཚུན་གྱི་རུ་ཡོང་འདི་ཚོར། སྡོད་སའི་ས་ཞིག་དང་། སྐྱིད་པའི་གཞིག་ཞིག་མེད་པ་ཤེས་སུ་འཇུག་དགོས། ཕྱི་འཁྱམས་པ་ཚོ། བོད་ལ་བདེ་བའི་བདེན་མཐའ་ཞིག་ཅི་ལྟར་ལེན་རོགས་བྱེད། ང་ཚོས་རང་ཚོ་རྔ་བྱེད་དམ་རྔ་དབྱུག་བྱེད། རྔ་དབྱུག་བྱེད་ན་མཆོང་རན་ོང་། རྔ་བྱེད་ན་ངུས་ནས་འདུག། སྐྱེས་གཟེར་མེད་པའི་བུ་ཞིག་མི་རག་ཤེས་ཡོད་རུང་། གཟེར་དེའི་འཕྲོ་ན་བུ་ཞིག་ཡོད་པ་ཡང་ཤེས་དགོས།
རྫིག་རྫིག་འཇིགས་འཇིགས་ཀྱི་དཔར་རེ་རེ་མཐོང་ན། སྐྲག་རྒྱུ་མ་དགོས་དགོད་རྒྱུ་ཡོང་ནིའི་དཔའ་བོ་ཨེ་ཡོད།
བཙན་བྱོལ་གྱི་ལས་སྣེ་ཚོའི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་ལྟར་ན། གོང་གི་པར་རིས་ནང་གསལ་ལྟར་གྱི་དགྱ་དམག་ཚོ་རྒྱ་ནག་སྐམ་ས་ཙམ་དུ་མ་ཟད། མ་འོངས་པའི་བོད་ཀྱི་དམག་མིར་ཡང་འགྱུར་འཇུག་རྒྱུ་ཡིན་པར་འབད་བརྩོན་གནང་བསྡད་ཡོད་པ་རེད།
གལ་སྲིད་༼རྡ་སའི་ལས་སྣེ་ཚོའི་མངོན་འདོད་༽བོད་མིར་དགྱ་འོག་གི་ཐོང་ཐང་ཙམ་པོ་དེ་རེག་དབང་དུ་བཏང་ན། བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཆོས་མེད་ཀྱི་དམར་དམག་ཚོར་ལས་འགན་གང་གང་ཡོད་པ་ཡིན་ནམ། སྐབས་དེར་ཡང་ཆོས་མེད་དམར་དམག་ཚོ་བོད་དུ་རང་སོར་གནས་རྒྱུར་སོང་ཙང་། བོད་དེ་ཞི་བདེའི་བསྟི་གནས་ཤིག་མི་ཡོང་བ་ནི་མངོན་གསལ་རེད།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། ངས་གྲ་སྒྲིག་ཨང་གསར་བྱེད་དགོས་འདུག་ཅེས་པ་ནི་འཐབ་དགོས་ཀྱི་འདུག་ཟེར་གྱི་མེད། གལ་སྲིད་རྒྱ་ནག་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་ཡིན་ན། སྐབས་དེར་བོད་མི་ཚོར་གོ་སྐབས་ཟིན་པའི་གྲ་སྒྲིག་དགོས་ཀྱི་འདུག་ཅེས་པའི་དོན་ཡིན། ཞིབ་ཕྲ་གྲ་སྒྲིག་ག་འདྲ་ཞིག་དགོས་ཀྱི་འདུག་གམ། ཚང་མས་དགོངས་ཚུལ་གསུང་རོགས།
འཐབ་མ་དགོས་བའི་རེ་བ་སྐྱིད་པོ་སྐྱིད་པོ་དེ་མི་ལོ་མང་པོ་ལ་བརྒྱབས་ཚར་བ་རེད། གུང་གྲན་ཏང་གི་རྒྱལ་སྲིད་དབང་བསྒྱུར་ནི། འཐབ་མི་དགོས་བར་འཐོར་འགྲོ་བ་ཞིག་ཡིན་ན་སྐྱིད་པ་ལ། ཧ་ཧ་ཧ།
དགྱ་ནག་གི་སྲིད་ལ་འགྱུར་འགྲོས་ཆེན་པོ་ཞིག་བྱུང་ན། འགྱུར་སའི་སྲིད་ཇུས་གསར་བ་ཞིག་དགོས་བ་རེད། དེ་འདྲ་མེད་པ་ཨ། དེ་འདྲ་མེད་བཞིན་དུ་འགྱུར་ན་སིལ་བུར་རེད། སིལ་བུར་གྱུར་བ་རྣམས་ཅི་ལྟར་དབང་བསྡུ་བྱེད། ཡང་སྟོབས་ཤུགས་ཀྱི་འཐབ་དགོས་བ་མ་རེད་དམ།
དེ་དུས་བོད་མིར་གྲ་སྒྲིག་དམིགས་བསལ་བ་ཞིག་ཅང་བྱ་རྒྱུ་ལྷག་ཡོད་པ་མ་རེད་ལ། བོད་མིའི་མངོན་འདོད་དང་ཡོངས་སུ་མཐུན་པ་ཞིག་ནམ་ཡང་བྱེད་འཇུག་གི་མ་རེད། དེ་སྐབས་ཀྱང་དགྱ་གཞུང་ལ་མཚོན་ན་རྒྱ་ནག་གཅིག་དང་། མི་རིགས་ཆེན་པོའམ་མི་རིགས་གཅིག་གི་འདུ་ཤེས་དེ་ཤུགས་ཆེན་ཞིག་འཁྱེར་སྡོད་ངེས་རེད། དེ་འབྲེལ་བོད་སྤྱིའི་བདག་དབང་དང་། དམག་དོན། ཕྱི་འབྲེལ། དཔལ་འབྱོར་སོགས་མང་པོ་ཞིག་ཀྱང་དགྱ་ནག་དབུས་གཞུང་ལ་ངེས་པར་སྟབས་བསྟུན་ངང་རེ་ལྟོས་བྱ་དགོས་པ་ཞིག་རེད།
ཤུལ་དུ་བོད་མི་ཚོ་ལ་གྲ་སྒྲིག་ལྷག་ལུས་གཙོ་བོ་འགའ་ཡོད་པ་ནི་རང་གི་སྐད་ཡིག་རྒྱུན་འཛིན་དང་འབྲེལ་ནས་རིག་གཞུང་སྲུང་སྐྱོབ་དང་། ཆོས་དད་རང་མོས། ནང་ཁུལ་གྱི་ཐག་གཅོད་ཕྲན་ཚེགས་རིགས་བཅས་རེད། དེ་ཙམ་གྱི་གྲ་སྒྲིག་ནི་བཙན་བྱོལ་བོད་མི་ཚོ་དང་ཐོག་གཞིས་བཞུགས་བོད་མི་དང་མཉམ་བསྡེབས་བྱས་ནས་མ་གཏོགས། བཙན་བྱོལ་ནང་ནས་འདི་དང་དེ་ཞེས་གྲ་སྒྲིག་བྱེད་པའི་ནུས་པས་འདང་གི་མ་རེད།
འདི་ལྟར་གྲ་འགྲིག་ཞིང་སྒྲིག་གཞི་དམ་པ་སྒྲིག་ཆས་མཛེས་བ་དཔའ་མཛངས་མེད་རུང་མཛེས་ཉམས་ཀྱིས་སྤུད་པ་གཟི་བརྗིད་མེད་རུང་འདྲ་ཆགས་ཀྱིས་མངོན་པ་ཁོང་ཚོ་དང་ཁ་གཏད་དུ་ཡོད་པའི་དམག་མི་ལག་སྟོང་སྤྲང་བོ་དེ་དག་སྙིང་རེ་རྗེ་འདི་འདྲའི་ཧེ་བག་འདི་འདྲའི་སྟོང་ཆ་ཞིག་་་སུ་ཞིག་གིས་ཁོང་གཉིས་ཁ་གཏད་དུ་བཞག་པ་ཡིན་ནམ་ཡང་གཅིག་བཤད་ན་ལས་དབང་རེད་ཟེར་ཉེན་ཆེ་མ་གཞི་ཁ་གཏད་དུ་ཡོད་པའི་ལག་སྟོང་དམག་དག་གིས་ལས་ངན་པ་ཞིག་བསགས་ཡོད་པ་ཐེ་ཚོམ་མེད་གང་ལྟར་ལམ་ལ་ཆས་དགོས་སོང་ནི་རེད་ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་རེ་བ་ཆེ་ས་དང་ཚོར་ཤུགས་རྣོ་ས་མཐུན་རྐྱེན་ཚང་ས་ན་གནས་སྡོད་བྱས་བའི་བོད་མི་དག་གི་འདས་མ་ལྟ་གསུམ་ལ་ཕྱི་མིག་གིས་ཐེངས་གཅིག་རྒྱང་བལྟ་ཞིག་བྱས་དུས་ཡིད་སེམས་གཉིས་ཡང་ན་བློ་སྙིང་གཉིས་ཁ་ཁར་ཕྱེ་བའི་ཚོར་སྣང་ཞིག་གིས་ངའི་ལས་གཟུགས་ཡོངས་ཁྱབ་འཇུག་སོང་རྒྱུ་མཚན་ཧ་ཅང་མང་འོན་ཀྱང་ཐུང་ངུ་ཞིག་འདི་ལྟར་བཤད་འདོད་སོང་་་་་་་རང་བཙན་དང་དབུ་མའི་རྩོད་ཉོག་གི་ས་བོན་འདི་ནས་འགོ་རྩམ་སོང་་་་སྐད་ཡིག་དང་ཕ་སྐད་བརྗེད་པ་འདི་ནས་འགོ་རྩམ་སོང་་་་ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་འདི་ནས་འགོ་རྩམ་སོང་་་་བོད་དོན་ལ་ཁག་བཞག་ནས་རང་དོན་གྱི་ཕུགས་བསམ་འདི་ནས་བསྙེག་སོང་་་མེ་སྲག་་གི་དོན་རྐྱེན་རེ་ལ་དགོངས་ཚོགས་ཀྱི་སྤྲོ་སྐྱིད་རེ་་་ལུས་འགུལ་གྱི་བར་གསེང་རེ་ན་ཞལ་འདེབས་ཀྱི་སྐུ་ཡོན་རེ་་་་གཞིས་མི་ལ་ཁག་རེ་བཞག་ནས་ཕྱི་ལུང་གི་སྤྲོ་སྐྱིད་རོལ་་་་་ཕྱི་ལུང་ལ་འགྲོ་དུས་ཐམས་ཅད་གསར་འབྱོར་བརྫུས་་་་ནང་ལོག་ན་བསྡད་དུས་གསར་རྙིང་རྩོད་་་་ཧ་ཅང་མང་པོ་ཡོད་འོན་ཀྱང་དུས་ཚོད་ཀྱིས་ཁོམ་གལ་བྱུང་མ་སོང་བར་གསེང་ཞིག་ལ་ཤར་མར་བྲིས་བ་ཡིན།
དགའ་བ་སྒོམས། དགའ་བ་སྒོམས། ཕ་རོལ་པོས་དམག་མི་གྲ་སྒྲིག་བྱེད་དུས། བཞེད་སྣང་གི་རྟགས་སྟོན་ཡོང་གི་ཡོད། གཉིད་ཁུག་གི་མེད། དངངས་སྐྲག་སྐྱེ་བཞིན་ཡོད། སེམས་འཁྲུག་གི་ཡོད། མདོར་ན་བདེ་བ་ཞིག་ཡོད་ནེ་མེད། སྡུག་བསྔལ་འབའ་ཞིག་གིས་གནོན་ཡོང་དུས། དེའི་རྟགས་སྟོན་གྱི་ཡོད། སྙིང་རྗེ་བསམ་ནས་སྡོད།
རྒྱ་དམར་གྱིས་དམག་མི་ཚང་མ་ཕྱིར་ཐེན་བྱས། སྐྱིད་པོ་བཏང་། ཟས་སྐྱིད་པོ་ཟས། འུར་ཤོབ་བཤད། ད་དུང་བོད་པ་ཁྱོད་ཚོ་ག་རེ་བྱེད་ཀྱང་བྱོས། གང་ལྟར་ནུས་པ་མི་ཐོན་ཟེར་དུས་ང་ཚོ་སེམས་ཁྲལ་བྱེད་དགོས། ད་ལྟ་ཕ་རོལ་པོ་སྡུག་པོ་མྱོང་བཞིན་ཡོད།
མུ་མཐུད་ད་ལྟ་གང་བྱེད་པ་འདི་ལག་བསྟར་གཏོང་དང་། ཕ་རོལ་པོར་གནོད་ཀྱི་ཡོད་པ་ངོ་མ་རེད།
མ་ཧ་མ་གན་དྷིས། དགྲ་བོས་ཁུ་འཚུར་སྒྲེང་དུས་འཇིགས་སྣང་སྟོན་གྱི་ཡོད། དགྲ་བོས་ཁ་ཡ་མི་བྱེད་པའི་སྐབས་ང་ཚོར་ནུས་པ་མེད་པའི་རྟགས་ཟེར་བ་ཅིས་མ་བདེན།
ཁ་སང་རྒྱ་གཅིག་གིས་སྐད་ཆ་སྙན་མོ་ཞིག་བཤད་བྱུང་། ང་དགའ་ནས་ཡོད། ཁོ་ན་རེ། སྔོན་མ་རྒྱ་གཞུང་གིས་བོད་ཀྱི་གསེར་དང་གཏེར་ཁ་བཅོམས་པ་ཚང་མ་ད་ལྟ་བོད་ནང་ལ་དམག་མིའི་འགྲོ་གྲོན་སོགས་ལ་བཏང་ནས། ལོ་བཅུ་གྲངས་ཤིག་གི་རྗེས་ལ། བོད་ནས་ཐོབ་པའི་ཡོང་བབ་ཚང་མ་བོད་མི་སྲུང་བར་ཤོར་རྒྱུ་རེད་ཟེར། ངོ་མ་ཅིས་མི་བདེན། ལྷ་བླ་མའི་བྱིན་རླབས་ཟེར་ན་འདི་རེད།
རྒྱ་གཞུང་གི་དམག་མི་བསྡུ་བའི་ཉིན་མོ་དེར་ང་ཚོ་སེམས་ཁྲལ་རེད།
ད་དུང་གཅིག་ལུས་འདུག དཔེར་ན། ཤར་ཁུག་གིས་རྙོག་ཁྲ་ཇི་ལྟར་ཤོད་རུང་བློ་སེང་གིས་ཁ་ཡ་མི་བྱེད་པའི་སྐབས་ལ། ཤར་ཁུག་ལ་ནུས་པ་མེད་པ་མཚོན་གྱི་འདུག གལ་ཏེ་ཤར་ཁུག་གིས་རྩོམ་ལ་བོད་ནང་དང་བོད་ཕྱི་ལ་བོད་མི་མང་པོ་བདག་པོ་བརྒྱབ། བཀའ་ཤག་ཕྱི་ལ་ངོ་རྒོལ་བྱས་ན། བློ་སེང་སྐྲག་ནས་ལན་སྣ་ཚོག་དང་སྡིག་མོ་དང་རྡེག་རྡུང་འགོ་འཛུགས་པ་སོགས་བྱས་ཚེ། ཤར་ཁུག་ལ་ནུས་པ་ཡོད་པ་མཚོན་པས་རེད། དགྲ་ནག་གིས་དམག་འདི་འདྲ་བོད་ལ་འདྲེན་དུས་ང་ཚོའི་སྟོབས་ཤུགས་ལ་ནུས་པ་ཡོད་པ་དང་། གྲ་སྒྲིག་འདི་འདྲ་བྱེད་དགོས་པའི་རིན་ཐང་སྤྲོད་ཀྱི་ཡོད། དགའ་བ་སྒོམས། སྒོམས། སྒོམས་ཤིག
ཡ་ཡ། བསམ་ཚུལ་མང་བོ་སླེབས་འདུག དེའི་ཁྲོད་ནས་རྒྱ་མི་ཞིག་གིས་རྒྱ་དམར་གཞུང་གིས་སྔར་བོད་ཀྱི་གསེར་དང་གཏེར་ཁ་བཅོམས་པ་ཚང་མ་ད་ལྟ་དམག་མིའི་འགྲོ་གྲོན་སོགས་ལ་བཏང་ཟེར་བ་ནི་ཡང་དག་ཅིག་མ་རེད། རྒྱུ་མཚན་ནི་བོད་ནས་བཅོམས་པའི་གཏེར་ཁར་རིན་གོང་རྒྱག་ཐབས་ཡོད་པ་མ་རེད། དཔེར་མཚོན་ཙམ་ཞུས་ན། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་ནང་། མཚོ་སྔོན་གཅིག་པུ་ནས་གཏེར་ཁའི་མ་གནས་རྒྱ་སྒོར་དུང་ཕྱུར་འབུམ་གཅིག་དང་ཁྲི་བརྒྱད་རེད། དེ་བས། བོད་རང་སྐྱོང་ལྗོངས་ལ་མ་དངུལ་འབོར་ཆེན་བཏང་ཟེར་བཞིན་མང་ཤོས་རྒྱ་སྷོར་དུང་ཕྱུར་རེ་འགའ་རེད་ལ། ད་ལྟའི་བར་དུ་ཆེས་མང་ན་དུང་ཕྱུར་ཁྲི་རེ་གཉིས་ཡིན་པས། མཚོ་སྔོན་ནས་གཏེར་ཁ་བརྐོས་པའི་བརྒྱ་ཆའི་བཅུའང་ཟིན་མེད་ལ། དེའི་ལྷག་འཕྲོས་རྒྱ་དམར་གཞུང་གིས་ཁུར་ཡོད་པར་མ་ཟད། བོད་ཁུལ་ཡོངས་སུ་རིན་ཐང་བྲལ་བའི་གཏེར་ཁ་སྣ་མངབམུ་མཐུད་དུ་བསྔོག་གིན་ཡོད། ང་ཚོས་ད་དུང་དེ་ལའང་རྩིས་ཡག་པོ་ཞིག་རྒྱག་ཐུབ་ཡོད་པ་མ་རེད།
ལྷ་སྡེ་གནམ་ཡག་ལོ་ལགས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་མང་བཤད་ཀྱི་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྤྱི་ཚོགས་ནང་ནས་ཁ་རྡུང་དང་ཚིག་རྡུང་ཟད་དགོས་མིན་ལ་མ་བལྟས་ན་པར་་་ཤེས་ཡོན་ཅན་ཞིག་གིས་ཁ་གྲགས་པ་ལ་རྗེས་སུ་ཡི་རང་ཡོད།
གུན་ཁྲན་གྱི་ཇག་དམག་འདི་ཚོས་བྱེའུ་ཆུང་ཐོག་ཏུ་ལྕགས་གཞུ་གུག་པ་དང་། ཉམ་ཆུང་བོད་མིའི་ཐོག་ཏུ་དྲག་གནོན་བྱས་པ་མ་གཏོགས་་་སིང་ཁ་གྷོང་གླིང་ཕྲན་འཕྲོག་ཐུབ་ཀྱི་མེད་པ་རེད། འཇར་པན་དང་ཨ་རི་ཁ་གཏོད་ལང་ཕོད་ཀྱི་མི་འདུག་ག ཉམ་ཆུང་གཅིག་པོའི་ཐོག་ཏུ་དབང་ཡོད་བྱས་བསྡད་མཁན་ཀྱི་ཚོགས་པ་དང་མི་སྒེར་སུ་ཡིན་ནའང་འགྲོ་བ་མི་རིགས་ཀྱི་གད་སྙིགས་རེད།
རྒྱ་གུང་ཁྲན་གྱི་སྲིད་དབང་བཙུགས་ནས་ད་ལྟ་བར་གྱི་འགྲོ་སྟངས་དེ་ནི་དམག་མིས་དབང་བསྒྱུར་གྱི་ལམ་ལུགས་རེད། སུས་དམག་དབང་ཡོངས་སུ་བཟུང་ན་སུ་རྒྱལ་བོ་རེད། སྲིད་འཛིན་གྱི་ལས་གནས་ནས་རྒན་ཡོལ་བྱས་ཀྱང་དམག་གི་གོ་གནས་ཤི་བར་དུ་མི་གཏོང་བ་དང་གཏོང་མི་སྲིད་པ་ཞིག་ཡིན། དེའི་ཕྱིར་རག་རྡུ་དང་རྒྱལ་མཚན་ནོར་བུ་དང་བསྟན་འཛིན་སོགས་པེ་ཅིན་ལ་འགྲོ་དུས་དམག་དོན་ལྷན་ཁང་མ་གཏོགས་ལས་ཁུངས་གཞན་དུ་མི་འགྲོ་བའི་དཔེ་ཡོད་པ་རེད། བོད་ན་རྒྱ་ནག་གི་མི་མངོན་པའི་དམག་དཔུང་གནའ་སྔ་མོ་གནས་བཀྲམ་འཇོག་བྱས་ཚར་རེད།
གང་དུ་བཙན་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད། ངོ་རྒོལ་ཡོད། ངོ་རྒོལ་ཡོད།
གཟིགས་དང་སྟོབས་ཆེན་རྒྱལ་ཁབ་གཅིག་གི་རང་མདོག་ངོམས་སྟངས་དེ། ཇི་འདྲ་ཐབས་སྐྱོ་ལ་ཨང་། བྱེད་སྟངས་དེ་ཀླད་པ་མེད་པའི་དུད་འགྲོ་རང་རེད། དུད་འགྲོ་ནི་དོན་མི་གོ་ལ་རྣམ་དཔྱོད་མེད་པས་ལུས་ཤུགས་ངོམས་པ་དེ་དང་ཅིས་མི་མཚུངས་སྙམ།
མར་མེ་འཆི་ཁར་གསལ། ཞེས་པའི་དཔེ་དེ་རང་རེད། དེར་བརྟེན་ང་ཚོ་སེམས་ཤུགས་ཆག་མི་ཉེན་ལ། སྣང་མེད་ལྷོད་གཡེང་ཡང་ཤོར་མི་ཉེན་ནོ། སྤུན་ཟླ་ཚོ།
འདི་ནི་རྒྱ་རྒན་ཚང་འཆི་ཁའི་འཕག་ཚག་རེད། ཁོང་ཚོ་ལ་མེ་མདའི་སྟོབས་ཤུགས་ཡོད་ཀྱང་ང་ཚོ་ལ་བདེན་པའི་སྟོབས་ཤུགས་ཡོད། བདེན་ལུ་པ་གཉིས་དེ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཞེས་པའི་དཔེ་ལྟར། གནས་སྐབས་མེ་མདའ་བཙན་ཡང་ཐ་མ་དྲང་བདེན་རྒྱལ་བ་དེ་འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟས་ན་ཤེས།
སྤྱིར་ཚིག་རྩུབ་བརྗོད་པ་ལས་ཀྱང་གལ་ཤིན་ཏུ་ཆེ་བ་ནི། གལ་སྲིད་རྒྱ་ནག་ལ་ཧོབ་ཏུ་ཁ་ལ་འགྱུར་བ་ཐེབས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅས་པ་མེད་པར་གྱུར་ཏེ་ཟིང་ཆ་བྱུང་ན། སྐབས་དེར་ཇི་ལྟར་གདོང་ལེན་བྱེད་དགོས་ཀྱི་འདུག་གམ། རྒྱ་ནག་མི་དམངས་ཀྱི་དམངས་གཙོའི་དགོས་འདུན་ལ་རྒྱབ་འགལ་མ་ཆགས་པའི་ངོས་ལེན་ཡོང་སྲིད་པའི་འཆར་གཞི་ཞིག་ཡོད་དམ།
ཧ་ཧ་ཧ་ད་དངོ་ནས་འཇིགས་སྐུལ་རིང་ལུགས་པའི་རྟགས་བསལ་པོ་བསྟོན་འདུག་བོད་མི་མཚོ་ནམ་ཡང་སེམས་ཤུགས་ཆགས་མི་ཉན་ཨ་ཕ་གི་བཟང་བུ་རྒོད་མཚོ་།
སྐབས་དེར། དགྱ་མགོ་མཐོ་ན་དགྱ་མགོ་རེད། བོད་མགོ་མཐོ་ན་བོད་མགོ་རེད། དགྱ་ནག་དམངས་གཙོར་ཆགས་ན་བོད་ལ་རེ་བ་ཞིག་ཤར་བར་སྨོན་པ་ལས། དགྱ་ནག་དམངས་གཙོར་ཆགས་པའི་རྒྱུ་མཚན་གྱིས་བོད་དགྱ་ནག་ལ་བདག་དགོས་བ་དེ་འདྲ་ཞིག་ཡོད་པ་མ་རེད། བོད་དང་དགྱ་ནག་ཁ་ཁ་སོ་སོ་རེད། ཚུར་བདག་དུ་འཛིན་ཐུབ་ན་གོ་སྐབས་རེད།
སྦྲ་ནག་ཕུབ་ནས། ནོར་ལུག་འཚོས་ན། ཁ་སེམས་སྐྱིད་ནི་རེད། དེ་མིན། དགྱའི་ཅ་དངོས་སྤོས་མེད། རྒྱུ་མེད། འཇིག་རྟེན་གསར་བའི་རེ་བ་སྐོང་མི་ཐུབ་པའི་ལག་ཤེས་དང་ཤེས་རིགས་གཏིང་མེད་པ་ཞིག་ལ་སྐྱབས་བཅོལ་ནས། འགྲོ་འདོད་པ་ནི་རང་མགོར་རང་གིས་ཆུ་བླུགས་པ་དང་གཅིག་པ་རེད། དགྱའི་གད་སྙིགས་ལ་རིན་ཐང་མེད་པར་སྒོར་གཅིག་ལས་མི་སྟེར་བའི་དུས་ཤར་ཡོད།
རྒྱ་ཁྱི་ཚང་གི་འཕགས་ཚག་རྒྱག་སྟངས་འདི་ངོ་ཚ་དགོས་རེད ། འདི་ནས་དགྲ་དང་གྲོགས་གསལ་བོ་ཤར་འདུག