ཨེ་མ་ཧོ།
ན་མོ་གུ་རུ་པུནྱེ་ཛྙྰ་ན་ཡེ།
མི་བརྗེད་ཞིང་གི་མགོན་པོ་ཤཱཀྱའི་རྒྱལ།།
མདོ་སྔགས་བསྟན་པའི་བདག་པོ་པདྨ་འབྱུང་།།
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆོས་ཀྱི་རྗེ།།
ཀུན་འདུས་ཀུན་མཁྱེན་བླ་མས་དུས་ཀུན་སྐྱོང་།།
བསོད་ནམས་ཡེ་ཤེས་རྒྱ་མཚོ་མཐར་ཕྱིན་ནས།།
མཚན་དཔེ་ལང་ཚོ་སྟོང་གི་མངོན་མཐོ་བའི།།
ཟབ་རྒྱས་གདམས་པའི་བརྒྱུད་འཛིན་རིན་པོ་ཆེ།།
ངེས་དོན་དགེ་བའི་བཤེས་གཉེན་རྒྱལ་གྱུར་ཅིག།
སྙིགས་ལྔའི་མུན་ནག་འཇོམས་པའི་ཡེ་ཤེས་གར།།
རྒྱལ་དབང་པདྨ་ཀ་རའི་ཕྲིན་ལས་མཆོག།
ཡང་གསང་རྫོགས་པ་ཆེན་པོ་བསྟན་པ་ཉིད།།
འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་གྱུར་ཅིག།
ལྷ་སྲས་རྒྱལ་བའི་གདུང་འཛིན་ཚེ་དབང་རྗེ།།
འཛམ་གླིང་སྤྱི་སྐད་སྨྲ་བའི་སེམས་དཔའ་ཆེ།།
འཇིག་རྟེན་རྒུད་པ་བསལ་བའི་རྒྱལ་བའི་སྲས།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་ལྷ་བབས་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ལྕགས་ལྷ་སྲས་སམ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་ཚ་ཚེ་དབང་མཆོག་གི་ཞལ་པར་ཐོས་པའི་མོད་ལ་ཆོས་མཆེད་དམ་པ་བརྒྱུད་པའི་དད་གུས་ལ་འགྱུར་བ་མེད་པའི་ཤྲྰིཿསྨྱོན་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།། །།