*ལས་གཞི་འདིའི་ངོ་བོ།*
ལྷག་དཀར་དམ་བཅའ།
ཞེས་བའི་ལས་གཞི་ཆུང་ཆུང་འདི་ནི་བོད་ཕྱི་ནང་གཉིས་ནས་མ་སྐུལ་དང་བླང་གི་བྱུང་བའི་།
ང་བོད་ཡིན།
ཞེས་པའི་སྒྲུབ་བྱེད་ལས་འཕྲོས་བའི་ཉིན་རེ་འཚོ་བའི་ནང་དུ་རང་ཉིད་བོད་རིགས་གཙང་མ་ཞིག་ཡིན་པའི་དྲན་ཐོ་ལྟ་བུ་ཡིན་ལ།
ལས་འཆར་ཆུང་ཆུང་འདི་རྒྱུད་ནས།
ད་ལྟའི་ཆར་རང་ཉིད་ལ་བོད་མིའི་ངོ་དང་ཁྱད་ཆོས་གང་ཡོད་པ་།
ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རང་གི་མི་རབས་ཚ་རྒྱུད་དང་བཅས་པའི་བོད་གངས་ཅན་པས་ངོ་བོ་སྐལ་བའི་བར་ཏུ་སྐྱོང་བའི་ཐབས་ལམ།
ལས་སླ་དོན་ལྡན་ཞིག་ཡིན།
*རེ་བ།***
གཞི་ལུས་རྒྱ་ཆེ་མི་དམངས་གི་རེ་འདུན་དྲག་པོ་ལྟར་དུ།
ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་སྤུན་རྣམས་དང་རྒྱ་ནང་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་དུ་དགོང་ནས་ལྷག་དཀར་གྱི་ལས་གཞི་འདི་དབུ་བརྙེས་བ་ཡིན་ལ།
བོད་མི་སྤུན་ཟླ་གང་མང་ལས་འཆར་འདི་ནང་དང་བླང་གིས་འཛུལ་ཞུགས་གནང་རྒྱུ་དང་།
གཞུང་སྒེར་གཉིས་ཕན་གྱི་དམ་བཅའ་བདུན་ཡོངས་སུ་སྲུང་བའམ།
ཡང་ན་སྣ་གཅིག་ཙམ་ཡིན་ཡང་གཙིགས་སུ་བཟུང་ནས་དང་ལེན་བྱེད་རྒྱུར།
ངས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་འདུན་གྲང་མེད་བྱེད་ཀྱིན་ཡོད
http://iamtibetan.wordpress.com/
བོད་རྒྱལ་ལོ།
ཡག་པོ་རེད། བཀའ་དྲིན་ཆེ། རྗེས་སུ་ཡི་རིངས་ཡོད།
ལྷ་དཀར་དམ་བཅའ་གོང་འཕེལ་གྱི་ཆེད་དུ་སླར་ཡང་འདིར་ཕུལ་བ།
ང་ཚོ་བོད་མིའི་བོད་ སྐད།
ང་བོད་མི་ཡིན།
ང་སྐྱེས་ས་བོད་ཡིན།
ང་འཚོ་ས་བོད་ཡིན།
ང་འཆི་ས་བོད་ཡིན།
ང་བོད་པ་ཡིན།
ངའི་ཕ་བོད་པ་རེད།
ངའི་ཕ་ཡུལ་བོད་རེད།
ངའི་ཡུལ་སྐད་བོད་སྐད་རེད།
ང་རྩམ་ཟན་པ་ཅིག་ཡིན།
ང་འབྲོག་ལས་བྱེད་མཁན་ཅིག་ ཡིན།
ང་ཞིང་ལས་བྱེད་མཁན་ཅིག་ ཡིན།
ང་བོད་སྐད་རྒྱག་མཁན་ཅིག་ ཡིན།
ང་གངས་ཅན་པ་ཡིན།
ངའི་ཨ་མ་བོད་མི་རེད།
ངའི་མ་ཡུལ་བོད་རེད།
ངའི་མ་སྐད་བོད་སྐད་རེད།
ང་ཁ་བ་ཅན་པ་ཞིག་ཡིན།
ངའི་ཕ་མ་ཁ་བ་ཅན་ནས་རེད།
ངའི་སྤུན་གཉེན་ཁ་བ་ཅན་ནས་ རེད།
ངའི་ཁ་སྐད་དེ་བོད་སྐད་ འདི་རེད།
ང་ཚོ་བོད་རིགས་ཤིག་ ཡིན།
ང་ཚོ་ཏྰ་ལའི་རྗེས་འབྲངས་ ཤིག་ཡིན།
ང་ཚོ་མདོ་དབུས་ཁམས་གསུམ་ ནས་ཡིན།
ང་ཚོའི་སྐད་དེ་བོད་སྐད་ འདི་ཡིན།
ང་ཚོ་བོད་ལ་སྡོད་མཁན་ ཅིག་ཡིན།
ང་ཚོ་ཁག་ཅིག་བཙན་བྱོལ་བ་ ཡིན།
ང་ཚོ་ཁག་ཅིག་ཚོང་རྒྱག་ མཁན་ཡིན།
ང་ཚོའི་ཚོང་སྐད་དེ་བོད་ སྐད་འདི་ཡིན།
ང་ཚོ་གྲངས་ཉུང་མི་ རིགས་ཅིག་ཡིན།
ང་ཚོ་ཞི་བའི་འཐབ་རྩོད་པ་ ཅིག་ཡིན།
ང་ཚོ་དྲང་བདེན་འཐབ་རྩོད་ པ་ཅིག་ཡིན།
ང་ཚོའི་འབོད་སྒྲ་དེ་བོད་ སྐད་འདི་ཡིན།
ལྷ་ དཀར་ དམ་ བཅའ།
ལྷག་པའི་གཟའ་འདི་༧རྒྱལ་བའི་བླ་གཟའ་དང་། །
དཀར་པོའི་ཆོས་རྣམས་བོད་དོན་གཅིག་ཡིན་པ། །
དམ་པ་དགོངས་མས་ཞལ་ནས་ཐོས་བྱུང་བས། །
བཅའ་དགོས་ཁྲིམས་ཤིག་ད་ནི་བཅའ་རན་འདུག །
ལྷ་དཀར་དམ་བཅའ་ཕྱོགས་ཀུན་འཕེལ་གྱུར་ཅིག །
ལྷག་དཀར་དམ་བཅའ་དང་། འདི་དང་འབྲེལ་བའི་ལས་འགུལ་འདི་འཛམ་གླིང་ཕྱོགས་ཀུན་ཏུ་སྤེལ་ཐུབ་བའི་རེ་བ་བྱེད་བཞིན་ཡོད།
འདི་ལྟར་བྲིས་ན་འདི་བཞིན་བསྒྲུབ་དགོས།
ལྷ་དཀར་དམ་བཅའ་འདི་བཞིན་ང་ཚོས་རྡོག་སྣེ་གཅིག་གཏད་ནས། ང་ཚོས་བསམ་འདུན་གཅིག་ལ་སྒྲིལ་ནས། ང་ཚོས་ཐོབ་བྱ་གཅིག་གི་ཆེད་དུ། འདི་ལྟར་བགྲོད་དགོས།
ནམ་ཞིག་ལོ་ཟླ་ཚེས་གྲངས་གཏན་འབེབས་ཀྱིས་གཟའ་ལྷག་པ་ཅིག་ལ་བོད་མིས་བྱེ་དགོས་པ་ཅིག་ནི།
ཕྱི་ནང་གཉིས་ཀྱི་བོད་མི་ བརྒྱ་ཆ་ ༥༡ གིས་སྤྱི་དོན་ཆེད་དུ་བཙོན་ཁང་ལ་འགྲོ་བགྱི་ཡིན་པའི་སེམས་ཐག་མ་བཅད་བར་དུ་བོད་ ཀྱི་བདེན་དོན་དེ་སེལ་དཀའ་སྙམ། མི་དམངས་གྲང་མང་ཞིག་བཙོན་ལ་དུས་མཉམ་དུ་བསླེབས་ཐུབ་ན། བཙོན་ཁང་ནང་གི་རང་དབང་དང་ཁྲིམས་ཀྱི་དབང་ཚད་དེ་ང་ཚོར་ཐོབ་བགྱིད་རེད། འཚེ་མེད་ཞི་བའི་ལམ་པ་ཚོས་དེའི་ཐོག་དགོངས་པ་བཞེས་དང་། ཏང་འུ་ཐུག་ཐབས་ཟད་བཟོ་ཡ་ཡི་ཐབས་ཤེས་ཡོད་རེད་དོ།
ཞི་བའི་འཐབ་རྩོད་དང་བདེན་པའི་ཨུ་ཚུགས་རྒྱལ་གྱུར་ཅིག །
ལས་གཞི་འདི་དཔེ་ཡག་པོ་འདུག་ཐུགས་རྗེ་ཆེ།