ཆབ་མདོ་ངག་ཕུན།
ལྷག་དཀར་༧རྒྱལ་བའི་སྐུ་ཚེ་ཡུན་རིང་བརྟན།།
ལྷག་དཀར་མཛད་འཕྲིན་ཕྱོགས་ཀུན་རྒྱས་པར་ཤོག །
ལྷག་དཀར་འཛམ་གླིང་འཚེ་མེད་ཞི་བདེ་དང་།།
ལྷག་དཀར་བོད་ཀྱི་ཤེས་རིག་དར་རྒྱས་ཤོག །
ལྷག་དཀར་ཚེ་དང་བསོད་ནམས་གོང་དུ་འཕེལ།།
ལྷག་དཀར་ཆོས་ཀྱི་ཆར་པ་འབབ་པར་ཤོག །
ལྷག་དཀར་བྱམས་དང་བརྩེ་བ་གོང་འཕེལ་ནས།།
ལྷག་དཀར་འགྲོ་རྣམས་བདེ་ལ་འགོད་པར་ཤོག །
ལྷག་དཀར་བོད་སྐད་ལྷད་མེད་གཙང་མ་སྐྱོན།།
ལྷག་དཀར་བོད་ཆས་གཙང་ཞིང་དག་མ་གྱོན།།
ལྷག་དཀར་བོད་ཡིག་ལྟ་ཀློག་སྦྱོང་གསུམ་བྱོས།།
ལྷག་དཀར་དཀར་ཟས་གཙང་མའི་མཆོད་པ་ཕུལ།།
ལྷག་དཀར་དམར་ཟས་ཡོངས་སུ་སྤང་ན་བཟང་།།
ལྷག་དཀར་སྦྲང་དཀར་རྩམ་པ་རྒྱུན་དུ་མཆོད།།
ལྷག་དཀར་བྲོ་ལྡན་འབྲི་མར་བསུས་ཇ་བཞེས།།
ལྷག་དཀར་དྲི་ཞིམ་འབྲི་ཞོ་དཀར་པོ་མཆོད།།
ལྷག་དཀར་གཙུག་ལག་ཁང་དང་མཆོད་རྟེན་ལ།།
ལྷག་དཀར་ཕྱག་དང་སྐོར་བ་ཡང་ཡང་མཛོད།།
ལྷག་དཀར་ང་རྒྱལ་ཕྲག་དོགས་ཡོངས་སུ་སྤོངས།།
ལྷག་དཀར་རྟག་ཏུ་ཆོག་ཤེས་བག་ཡོད་མཛོད།།
ལྷག་དཀར་སྤྱི་སེམས་བྱ་བ་གཙུག་ཏུ་བཀུར།།
ལྷག་དཀར་རང་དོན་ཞོར་ལ་ཡོང་བ་ཡིན།།
ལྷག་དཀར་གཞན་ཕན་བྱ་བ་རྟག་ཏུ་བསྒྲུབ།།
ལྷག་དཀར་གཞན་ལ་གནོད་པའི་ལས་མ་བྱེད།།
ལྷག་དཀར་ཡ་རབས་བཟང་སྤྱོད་གཅེས་སུ་ཟུངས།།
ལྷག་དཀར་མ་རབས་བྱ་བ་གཏན་དུ་སྤོངས།།
ལྷག་དཀར་གངས་ལྗོངས་མི་རིགས་ཡོངས་རྫོགས་ལ།།
ལྷག་དཀར་ཕན་ལས་གནོད་པའི་ལས་མ་བྱེད།།
ལྷག་དཀར་༧རྒྱལ་བའི་བཀའ་དྲིན་ལས་ལྷག་མེད།།
ལྷག་དཀར་གངས་ཅན་པ་ལ་གསོན་དབུགས་སྦྱིན།།
ལྷག་དཀར་ཁོང་ལ་བཀའ་དྲིན་བསམ་ཤེས་མཛོད།།
ལྷག་དཀར་བཀའ་དྲིན་སྙིང་ནས་ཞུ་དགོས་སོ།།
ལྷག་དཀར་གངས་ཅན་པ་རྣམས་ཤེས་པར་མཛོད།།
ལྷག་དཀར་ཉིན་མོར་འདི་ཉིད་བྲིས་པ་ཡིན།།
ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས། ༢༠༡༥/༥/༢༠ ཉིན་མོར།
ལྷག་དཀར་མཛད་འཕྲིན་ཕྱོགས་ཀུན་རྒྱས་པ་ཤོག།།
ལྷག་དཀར་ཆོས་ཀྱི་ཆར་པ་འབབ་པ་ཤོག།
ལྷག་དཀར་འགྲོ་རྣམས་བདེ་ལ་འགོད་པ་ཤོག།
་
འདི་དག་ལ་ཁ་ནས་མ་འཐོན་པ་གཙོ་བོ་མ་ཡིན་པར་མཁས་པའི་ཡིག་སྡེབས་དང་མཐུན་པར་བྱས་ཏེ།
་
ལྷག་དཀར་མཛད་འཕྲིན་ཕྱོགས་ཀུན་རྒྱས་པར་ཤོག།།
ལྷག་དཀར་ཆོས་ཀྱི་ཆར་པ་འབབ་པར་ཤོག།
ལྷག་དཀར་འགྲོ་རྣམས་བདེ་ལ་འགོད་པར་ཤོག།
་
ཅེས་དགོད་ན་མི་ལེགས་སམ།
་
ལྷག་དཀར་གཞན་ཕན་བྱ་བ་རྟག་ཏུ་བསྒྲུབ།། བསྒྲུབ་ཅེས་མ་འོངས་་ལས་ཡིག་འཕྲེང་གཞན་ཀུན་དང་མཐུན་པར་སྒྲུབས་ཞེས་སྐུལ་ཚིག་བཀོལ་ན། གང་འདྲ་འདུག་གམ།
ལ་དགས་བློ་བཟང་ལགས་དག་བཅོས་གནང་བར་བཀའ་དྲིན་ཆེ་གནང་།
ཡག་པོ་བྲིས་བདུག་་ཡིན་ན་ཡང་འདྲི་བ་ཁ་ཤས་འདུག་།
ལྷ་དཀར་ལ་མ་རྟོགས་བོད་ཆས་དང་བོད་ཡིག་བོད་སྐད་སོགས་རྒྱུན་དུ་བེད་
སྤྱོད་མི་དགོས་པ་ཡིན་ནམ།།
འབྲི་མར་དང་ཞོ་སོགས་དུད་་འགྲོའི་ཤ་ཁྲག་མིན་པ་ཡིན་ནམ་།
མར་དང་འོ་མ་ཤ་ཁྲག་ག་ལ་ཡིན། དེ་ཡིན་ན། ཁྱོད་ཀྱིས་རང་གི་ཨ་མའི་འོ་མ་བཏུང་བས། ཨ་མའམ། མིའི་ཁྲག་འཐུང་མཁན་དུ་ཐལ་ལོ།།
འོ་ཆོས་བྱས་དུད་འགྲོའི་ལུས་ནས་ཡོང་གི་མེད་པ་ཐལ་།
མར་དང་འོ་མ་ཆོས་བྱས་དུད་འགྲོའི་ལུས་ནས་ཡོང་གི་མེད་པ་ཐལ་།