བར་ཕུ་ཕུན་ཚོགས།
ང་ནི་མིའི་སྤྱི་ཚོགས་སུ་གསོན་
ཉི་ཟེར་ས་ལ་འཕོག་ཀྱང་གྲང་ཤུར་ཤུ
བཅོ་ལྔའི་ཟླ་བ་ཚེས་ཀྱང་མུན་འཐི
ཤོག་དངུལ་དཔལ་ཡོན་མཐོང་རུང་སྟོ
ཉེ་འཁོར་མི་ཚོགས་ཆེ་ཡང་ཅང་ཤིག་
ངོ་མ་འདི་ནི་དྲིན་ཆེ་བའི་ཨ་མ་
ང་ལ་གཏན་ནས་མ་བརྙེད་ཅིང་།
རྟག་ཏུ་མ་ཐོབ་ལ།
སུས་ཀྱང་མི་སྟེར་བའི་
དྲོ་སོབ་སོབ་ཀྱི་བརྩེ་དུང་།
འོད་འཚེར་འཚེར་གྱི་བཞིན་འཛུམ།
ལྷད་མེད་ཀྱི་བརྩེ་བ་ཡོད་པའི་ཨ་
ང་ནི་ཡུལ་ལུང་སྣ་ཚོགས་འགྲིམས་མྱ
མིག་ལོང་བ་བཞིན་བྱམས་པའི་འོད་
རྣ་བ་འོན་པ་ལྟར་བརྩེ་བའི་བསླབ་
ལུས་གྲང་བས་རྡུང་བཞིན་འཁྱགས་ནས་
ཕོ་བ་བཀྲེས་སྐོམ་གྱིས་མནར་བཞིན་
མཁོ་དགུ་ཡོད་ཚད་ཤོར་བཞིན་བདེ་བ་
འདི་ནི་གང་དུ་མེད་ལ།
སུས་ཀྱང་མི་སྦྱིན་པའི།
ངོ་ལྐོག་མེད་པའི་བྱམས་བརྩེ་།
ཕན་རླབས་ཆེ་བའི་སྙིང་རྗེ།
དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།
ལྷད་མེད་ཀྱི་བརྩེ་བ་ཡོད་པའི་ཨ་
ང་ནི་མི་རིགས་སྣ་ཚོགས་ཐུག་མྱོང་
རྐང་པ་ཡོད་ཀྱང་འགྲོ་མ་ཤེས་ནས་
ལག་པ་ཡོད་ཀྱང་ལས་མ་ཐོབ་སྟེ་ཞ་
དབང་ཤེས་ཚང་ཡང་གོ་སྐབས་ཤོར་ནས་
སྟོངས་ལྷང་ལྷང་གི་ཚོར་བས་ངའི་ཡོ
བྲེལ་ཤིག་ཤིག་གི་འདོད་རྔམས་ཀྱི
ཕྱོགས་རེས་ཆེ་བའི་ཁོར་ཡུག་གིས་
ཨ་མ་ལགས།
ཁྱེད་དང་བྲལ་ནས་ང་ནི་འདི་ལྟར་
ཨ་མ་ལགས།
ཁྱེད་དང་བྲལ་ནས་ང་ནི་འདི་ལྟར་མྱ
ཨ་མ་ལགས།
ཁྱེད་མེད་ནས་ང་ནི་འདི་ལྟར་མྱུལ་
དྲིན་ཆེ་བའི་ཨ་མ་ལགས།
༢༠༡༥/༣/༨ འཛམ་གླིང་བེུད་དུས་ཆེན་ཉིན།