རྫ་ཚེ་རིང་བཀྲ་ཤིས།
དེ་རིང་ངས་དོ་སྣང་བྱེད་བཞིན་པའི་གསར་འགྱུར་གོ་གུང་ཏང་ཚོགས་གཉིས་ཀྱི་མགོ་ཁྲིད་གཉིས་པེ་ཅིན་ཏུ་ཐུག་འཕྲད་བྱེད་བཞིན་པ་དང་། ཐའེ་ཝན་གྱི་གྲགས་སྐར་བུ་མོ་ཞིག་དང་གླ་འཁོར་ཁ་ལོ་བ་ཞིག་བར་རྒྱག་རེས་བརྒྱབ་པ་སོགས་ཆེ་མ་ཆུང་གི་གསར་འགྱུར་འགའ་ཞིག་ཡོད། དེ་དག་གི་ནང་ནས་ཧྥི་ལི་པེན་གྱི་སྲིད་འཛིན་དང་། ཨ་རིའི་སྒྲོ་ནར་ཁྲོམ་གྱི་སྐད་ཆ་ཆོབ་ཚ་བོ་དེ་ཚོ་ཡང་ཉམས་དོད་པོ་ཞེ་དྲགས་འདུག
འོན་ཀྱང་། ནགས་ལ་མེ་ཆེན་བཞིན་མཆེད་བཞིན་པའི་ཨེ་ཤ་ཡའི་གསར་འགྱུར་གལ་ཆེ་ཤོས་ཤིག་ནི་ལྷོ་ཀོ་རེ་ཡའི་བུད་མེད་སྲིད་འཛིན་ཐོག་མ་ལྕམ་པཱར་ཀིའི་སྐོར་ཡིན་པ་འདྲ། མོ་སྲིད་འཛིན་བྱས་ནས་ལོ་བཞི་ཟིན་ཡོད་ཅིང་། ཉེ་ཆར་མོས་གྲོས་ཚོགས་སུ་ལྷོ་ཀོ་རེ་ཡས་སྲིད་འཛིན་ལས་ཁུར་ཐེངས་གཅིག་རེ་ལས་མི་ཆོག་པའི་ལུགས་སྲོལ་ལ་འགྱུར་བ་མ་བཏང་ན་ལས་ཀ་ཡོང་གི་མི་འདུག་པས་ཁྲིམས་ལུགས་བཟོ་བཅོས་དགོས་པའི་འབོད་སྐུལ་ཡང་བྱས་སོང་། དེང་སྐབས་མོའི་ཕ་དམ་པ་ཀོ་རེ་ཡའི་འདས་པའི་དུས་ཀྱི་སྲིད་འཛིན་ཡིན་པ། མོ་ཡང་ཆུང་དུས་ནས་དཀའ་ངལ་མང་པོ་གདོང་ལེན་བྱེད་དགོས་བྱུང་བ། ཕ་ཡང་གཞན་གྱིས་ལྐོག་གསོད་བཏང་བ་ཡིན་པ་སོགས་ཀྱིས་མི་རྣམས་ཀྱི་སེམས་སུ་མོ་ནི་རྒྱལ་ཁབ་ཀྱི་གཅེས་ཕྲུག་དང་ཡང་ན་དཔའ་མོ་ཞིག་ཏུ་བསམ་ཡོད།
ད་ཆ་མོ་རང་གི་ལོ་དུས་ཡག་པོ་ཞིག་མཇུག་སྐྱོང་ཐུབ་མིན་ཡང་ཧ་ཅང་བཤད་དཀའ་བའི་དཀའ་ངལ་གྱི་ནང་དུ་ལྷུང་འདུག དཀའ་རྙོག་དེ་ནི་གཏིང་ཟབ་ཏུ་དང་། མགོ་ཉོག་ཚ་རུ་འགྲོ་བཞིན་འདུག མི་ཚོགས་ཁྲི་སྟོང་མང་པོས་ཡིད་ཆེས་དང་རེ་བ་བཅངས་ཏེ་སྒང་ལ་བཞག་པ་དེར་མདང་ནུབ་ཡང་བསྐྱར་མི་ཁྲི་ཚོ་མང་པོ་སྲང་ལམ་ཁྲོམ་གཞུང་དུ་ཐོན་ནས་སྲིད་སྟེགས་ལས་མ་བབས་བར་དུ་ལས་འགུལ་མཚམས་མི་འཇོག་ཟེར་ནས་ངོ་རྒོལ་བརྔམས་སྟོན་བྱེད་ཀྱིན་གདའ། མོའི་ཡིད་ཆེས་བློས་འགེལ་བྱ་ཡུལ་གྱི་བུད་མེད་གཞན་ཞིག་རྩིས་འཕྲུལ་དུ་སྲིད་འཛིན་ལས་ཁུངས་ཀྱི་གསང་བའི་ཡིག་ཚགས་ཐོན་པ་དང་། བུད་མེད་དེས་རང་གིས་ཐེབས་རྩ་ཚོགས་པ་ཞིག་བཙུགས་ནས་ཞལ་འདེབས་འབོར་ཆེན་བསྡུས་པ། རང་གི་བུ་མོ་ལ་དམིགས་བསལ་དབང་ཆ་བེད་སྤྱོད་ཀྱིས་སློབ་གྲྭར་ཚུད་ཐབས་བྱས་པ་སོགས་ལས་མཆེད་དེ། ད་ནི་སྲིད་འཛིན་པཱར་ཀི་དང་མོའི་པཱ་ལགས་བར་སྒེར་གྱི་ཕྲུ་གུ་ཞིག་ཡོད་མེད།
པཱ་ལགས་དེ་དང་པོ་ནང་པའི་གྲྭ་པ། དེ་ནས་ཡེ་ཤུའི་ཆོས་དཔོན། དེ་ནས་པཱར་ཀི་ཡི་བླ་མ། ཆང་ས་ཐེངས་དྲུག་ལ་བརྒྱབ་པ། ཆོས་ལུགས་གསར་པ་གཏོད་བྱས་པ། བསྔོགས་འདོན་བྱས་ན་ཇེ་མང་མང་། དོགས་པ་བྱས་ན་ཇེ་རྩོག་རྩོག་གི་སར་བསླེབས་འདུག བུད་མེད་དེ་ཡང་ཡོ་རོབ་ནས་ད་ནང་ལྷོ་ཀོ་རེ་ཡར་ཕྱིར་ལོག་རྗེས་འཇུ་བཟུང་བྱས་ཚར་སོང་། སྲིད་འཛིན་གྱིས་དགོངས་དག་ཐུགས་བདེན་གྱི་གསར་འགོད་གསར་བསྒྲགས་རེ་སྤེལ་སོང་སྟེ་ཇེ་སྡུག་སྡུག་རེད། གསར་འགྱུར་རྒྱས་པ་གསར་འགྱུར་ལས་ཁུངས་དག་གིས་བཤད་པར་གཟིགས་རོགས།
འདི་ཚོར་བལྟས་ན་ཡང་ཀུན་བཟང་བླ་མའི་ཞལ་ལུང་ནང་ལ་སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་ཞེས་གསུངས་པ་དེ་ཚོ་དྲན་ལ་ཁད་བྱེད་གི། མདོར་ན་འཇིག་རྟེན་ཟེར་བ་འདིར་རྟག་པ་བརྟན་པ་དངོས་གནས་མི་འདུག
ཕྱོགས་གཞན་ཞིག་ནས། ཉེ་ཆར་ཧྥི་ལི་པེན་གྱི་སྲིད་འཛིན་དྷུ་ཊར་ཊེས་ཀྱིས་གཏམ་བཤད་བྱེད་སྐབས། ལས་ཀ་ལ་ནོར་འཁྲུལ་ཤོར་ནས་དུས་མ་ཡིན་པར་སྲིད་སྟེགས་ལས་འབབ་དགོས་ཁེལ་བ་ནི་སྲིད་འཛིན་ཞིག་གི་ལས་དབང་གི་ཆ་ཤས་རེད་ཅེས་པའི་སྐད་ཆ་དེ་ཡང་སྐྱེས་པ་ཕོོའི་སྐད་ཆ་རེད་འདུག་ཨང་སྙམ་བྱུང་། སློབ་གྲྭ་ལས་ནང་དུ་ལོག་རྗེས་ལག་པ་འདུག་མ་ཐུབ་པར་ཡི་གེར་བཏགས་པ་ཙམ་ཡིན། བདེ་མོ།
(2016\11\1)
ཧཧཧཧ་་་་འཁོར་བའི་བྱ་བཞག་ལ་སྙིང་པོ་མེད་པར་མཁྱེན་འདྲ་་་་་་་
་་་་་་་་ པཱ་ལགས་དེ་དང་པོ་ནང་པའི་གྲྭ་པ། དེ་ནས་ཡེ་ཤུའི་ཆོས་དཔོན། དེ་ནས་པཱར་ཀི་ཡི་བླ་མ། ཆང་ས་ཐེངས་དྲུག་ལ་བརྒྱབ་པ། ཆོས་ལུགས་གསར་པ་གཏོད་བྱས་པ། བསྔོགས་འདོན་བྱས་ན་ཇེ་མང་མང་། དོགས་པ་བྱས་ན་ཇེ་རྩོག་རྩོག་གི་སར་བསླེབས་འདུག ་་་་་་་་
༅༅། རང་གི་བྱུས་གཏོགས་བྱེད་་་་མིའི་བྱུས་གཏོགས་ཕར་བཞག་ཤོག་
ཆང་ས་ཐེངས་དྲུག་བརྒྱབ་པ་ནི་ཧང་སངས་སོང། ང་ཆང་ས་ཐེངས་གཅིག་པུ་དེ་ཡང་མགོ་ཐོན་གྱི་
མི་འདུག་ མ་གཞི་ད་དཔལ་འབྱོར་ལ་རག་ལུས་པ་རེད། དཔལ་འབྱོར་ཡོད་ན་ཨ་ཅེ་ག་ཚོད་དགོས་
དགོས་རེད། མཇེ་ག་དུས་ལངས་་་ལངས་རེད།
དབྱིན་ཇིའི་སྐད་དུ། When there is money,there is honey ( girl)