ལྷོ་ཁ་རུ་གསར་རྙེད་བྱུང་བའི་བྲག་ཕུག Posted on 2013-04-042013-04-04 By ཁ་བརྡ་ 2 Comments on ལྷོ་ཁ་རུ་གསར་རྙེད་བྱུང་བའི་བྲག་ཕུག བྲག་ཕུག བྲག་ཕུག བྲག་ཕུག་གི་ལྡེབས་རིས། བྲག་ཕུག་ངོས་ཀྱི་ལྡེབས་རིས། བྲག་ཕུག་ངོས་ཀྱི་ལྡེབས་རིས། _____མཚོ་སྔོན་པོ་དྲ་བ་ལས་བཏོན། པར།
བོད་རང་ཡུལ་རང་སར་བྲག་ཕུག་ངོ་མཚར་ཅན་འདི་འདྲ་མཐོང་ཡ་ཡོད་པ་འདིས། གདོད་མའི་བོད་མི་རྣམས་ལ་ལག་རྩལ་དང་ཐབས་ཤེས་ཡག་པོ་ཡོད་པའི་བདེན་པའི་ཁུངས་སྐྱེལ་བྱེད་ཀྱི་ཡོད་པ་རེད། བྲག་ཕུག་འདི་ཚོ་མཐོང་ཚོད་ལ་གཞིགས་ན་མིས་ལག་པས་བརྐོས་བཞག་པའི་བཟོ་འདུག། ཕྲག་ཕུག་འདི་འདྲ་བ་ལོ་ཤས་སྔོན་གློ་སྨན་ཐང་ཕྱོགས་ནས་ཀྱང་མང་པོ་ཐོན་འདུག། གང་ལྟར་འདི་ཚོའི་སྐོར་ང་ཚོའི་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་དང་བོད་མི་རིགས་ཀྱི་རང་སའི་རིག་གནས་དར་སྤེལ་དང་སྲུང་སྐྱོབས་ལེགས་པར་བྱེད་ཤེས་དགོས་སོ། ཕྱི་ནས་དྲངས་ཡོང་བའི་རིག་གནས་རྣམས་དུས་ནམ་ཡང་རང་མི་རིགས་ཀྱི་སྐྱེས་སྟོབས་ཀྱི་ཁྲག་དྲོན་ལས་བྱུང་བའི་རིག་གནས་ཅིག་མིན་པར་ཤེས་པའི་ཐོག་ནས། རིག་གནས་གཞན་ལའང་མཐོང་དང་གུས་བཀུར་བྱེད་རྒྱུ་ནི་རང་སའི་རིག་གནས་དར་སྤེལ་དང་སྲུང་སྐྱོབས་ཡར་རྒྱས་བཅས་ལ་བློ་རིག་གསར་པ་རྙེད་པའི་ཐབས་ལ་ཕན་པ་ཆེན་པོ་ཡོད་པ་ཞིག་ཡིན། གང་ལྟར་འདི་ནས་ལོ་ངོ་སྟོང་ལྷག་གི་བར་བོད་ཡུལ་རང་སའི་རིག་གནས་རྣམས་ལ་མཐོང་དང་གོ་གནས་མེད་པར་བཟོས་ནས། ཕྱི་མིའི་རིག་གནས་ཀྱི་དབང་བསྒྱུར་འོག་ལ་འཚུད་ཅིང་རང་མི་རིགས་ཀྱི་རང་སའི་རིག་གནས་རྣམས་བརྩིས་མེད་དུ་གཏོང་རྐྱང་བྱས་ཡོད་པ་རེད། ད་ལྟའི་བར་འདི་མུར་ལུས་ཡོད། འདི་ལ་བསྒྱུར་བ་ངེས་ཅན་ཞིག་རང་ངོ་རང་གིས་ཤེས་པའི་ཐོག་ནས་མ་བཏང་ན། མ་འོངས་པར་བོད་གངས་ཅན་མཐོ་སྒང་གི་མི་རིགས་ཟེར་གོ་ཡོང་དུས་ཕྱི་མིའི་རིག་གནས་ཀྱི་སྐྱབས་འོག་ལ་དུས་གཏན་དུ་འཚུད་པའི་རྗེས་ལུས་གྱི་ན་བའི་མི་རིགས་ཤིག་ཏུ་འགྱུར་ཉན་ཁ་ཆེའོ། །
དངོས་པོ་རྩ་ཆེན་ཡོད་པ་དག་རྒྱ་ནག་གཞུང་གི་འཁྱེར་ཚར་ཡོད་རྒྱུ་རེད་་་