༼༣༽
ལྷོ་ཁ་རྒྱ་ཆེ་མང་ཚོགས་ཀྱི་མཐུན་འགྱུར་འོག་བསྟན་སྲུང་དྭང་བླངས་དམག་གི་མི་རྟའི་འཚོ་རྟེན་གོ་སྒྲིག་བྱས་པ།
གོང་གསལ་ནང་མཐུན་སྒྲིག་སྤྱོད་དང་དམག་དོན་འཆར་འགོད་དེ་དག་གཞི་བཟུང་གི་ཐོག་ནས། ཨ་འབྲུག་ཚང་གིས་སྣེ་ཁྲིད་པའི་བྱང་བསྐྱོད་དམག་དཔུང་ཤོངས་དགའ་ལྡན་ཆོས་གླིང་ལ། དམག་འཐབ་ཀྱི་ཆ་རྐྱེན་དུ་སྐུ་ངོ་ཕ་ལྷ་མགྲོན་གཉེར་ཆེན་མོ་བརྒྱུད་ནས་རང་གཞུང་དང་ཕན་ཚུན་གསང་བའི་ཡིག་འབྲེལ་གཏོང་ལེན་བྱས་དོན་ལྟར། གཞུང་གི་གོ་ལག་ལེན་པར་ཕེབས་ཏེ། ཤངས་ནས་གོ་ལག་རྩིས་ལེན་བྱས་པ་དང། སྙེ་མོ་རྡོ་དཀར་གསུམ་མདོ་དང༌། འོད་ཡུག་འཛོམ་ཐང༌། སྙེ་མོ་སྟག་གྲུ་ཁ། བཀར་ཁོངས་རི་བརྒྱུད། ཡངས་པ་ཅན། འདམ་གཞུང༌། འབྲི་གུང་མཁའ་སྒང་ལ། རྨ་གཞུང༌། ཨ་ཕུར། ཨ་ཙ་མཚོ་འགྲམ། རྨེ་གཞུང་བྱང་ཐང༌། སྤོ་བོ་སྤྲ་མོག རོང་པོ་ཁུལ། ཁྱུང་པོ་སོགས་སུ་སྔ་ཕྱི་རིམ་བརྒྱུད་ཀྱིས་རྒྱ་དམག་དང་དམར་འཛིང་དྲག་པོས་སྙན་གྲགས་འཛམ་གླིང་ཐོག་བསུབ་ཐབས་མེད་པ་ཞིག་བཞག་པ་དང༌། ཕ་ལྷ་མགྲོན་གཉེར་ཆེན་མོ་དང༌། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གཉིས་ཀྱིས་གསང་བའི་བཀའ་ཁྲོལ་བཞིན། ཚ་བ་དཔའ་ཤོད་ཀྱི་གོ་ལག་ལེན་མཁན་ཕེབས་པ་སོགས་ཀྱི་སྐབས་སུ༌། གཞིས་སྡོད་ལྷོ་ཁ་དམག་སྒར་ཨ་མའི་ནང་ལྷའི་ལུང་བསྟན་དང་ཨ་འབྲུག་སྦྱིན་བདག་གི་བཀོད་འདོམས་ལྟར། འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲ་ཤིས ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང༌། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ། ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད། ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ། ཚ་རོང་གཙོ་འཛིན་དམ་པ་བློ་གྲོས། གོ་འཇོ་གཙོ་འཛིན་ཆོས་དྲུག་བུ། ཆབ་མདོ་གཙོ་འཛིན་རྡོ་ཚེ། ཆབ་མདོ་གཙོ་འཛིན་བློ་ཉི། སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། སྒ་པ་གཙོ་འཛིན་དབང་ཆེན་ལྷ་མགོན། བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན་དང༌། ཨ་མདོ་དམག་སྤྱི་ལེགས་བཤད། ཆ་ཕྲེང་དམག་སྤྱི་སྲས་དགེ་སློང༌། དར་དགོན་དམག་སྤྱི་གསེ་གསེ། ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ། སྡེ་དགེ་དམག་སྤྱི་ཕུར་མ་རི་རྣམ། སྡེ་དགེ་དམག་སྤྱི་འབའ་ཆུང་དཔོན་མཐུ་སྟོབས་མགོན་པོ་སོགས་འདུ་འཛོམ་གྱིས།
ལྷོ་ཁུལ་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་མཁན། ཉིན་རེ་ནས་ཉིན་རེར་ཇེ་མང་དུ་སོང་སྟེ་ད་ཆར་དམག་འབོར་ཧ་ལམ་ཁྲི་ཕྲག་ལ་ཉེ་བར་གྱུར་ནའང༌། དྭངས་བླངས་དམག་མི་མང་ཆེ་བ་ནི་གོ་མཚོན་དང་གྱོན་གོས་མ་གཏོགས། གཞན་ཤ་མར་རྩམ་པ་སོགས་ཟ་ཆས་རིགས་གཏོས་ཆེན་ཁུར་མཁན་ཕལ་ཆེར་མེད་ལ། ལྟོ་ཆས་མེད་པའི་དམག་སྒར་ནི་ལྟག་ཆུ་མེད་པའི་ཆུ་འཁྱིལ་ལྟ་བུ་ཡིན་པས། ཐོག་མར་དམག་འཐབ་ཀྱི་ཆ་རྐྱེན་དུ་དམག་ཕོགས་ཆེད། ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་རིགས་དང་ཤ་མར་སོགས་ཐོ་འཛིན་ཐོག་བླངས་ནས། རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་སུ། ཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་པའི་བླང་བྱ་འདོན་རྒྱུའི་ཐག་བཅད་བྱུང༌།
གོང་གསལ་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་དང༌། ཆབ་མདོ་གཙོ་འཛིན་བློ་ཉི་གཉིས་ཀྱིས་འབོད་བསྐུལ་ཞུས་དོན་ལྟར། ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་རིགས་དང་། ཤ་མར་སོགས་དང་འབུལ་བྱུང་རིགས་ཐོ་འཛིན་ཐོག་བླངས་ནས། རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་སུ་ཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་པའི་བླང་བྱའི་བཀའ་མངགས་གནང་དོན་ལྟར།
ལྷོ་ཁ་ཁུལ་གྱི་སྒེར་གཞིས་དང༌། མི་དམངས། དགོན་སྡེ་ཁག་བཅས་ཀྱིས་དང་བ་ཆེན་པོའི་ཐོག་ནས༌། གྲོ་ནས་སྲན་གསུམ་དང༌། ཤ་མར་རྩམ་པ་སོགས་རིམ་འབུལ་ཞུ་ཆོག་པའི་སྙན་ཞུའི་ནང་གསལ་སྙིང་དོན།
༡༽ ཐོན་པ་ངོ་བོ་ནས་གྲོ་ཁལ་ ༤༥༠ འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་ ༢༠༠
༢༽ གཟིམ་བལྟ་ངོ་འཕངས་དས་གྲོ་ནས་སྲན་གསུམ་ཁལ་ ༦༠༠ འདོན་ཁོངས་མི་སེར་འཁྱེར་བཟངས་སྤྱི་དས་འབྲུ་ཁལ་ ༤༠༠
༣༽ སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ ༥༠
༤༽ རྡེ་དགོན་ངོ་བོ་དས་འབྲུ་ཁལ་ ༥༠ འདོན་ཁོངས་མི་སེར་དས་འབྲུ་ཁལ་ ༣༠
༥༽ སྒེར་མདོ་མཁར་ངོ་བོ་ནས་འབྲུ་ཁལ་ ༡༠ མི་སེར་འདོན་ཁོངས་ནས་འབྲུ་ཁལ་ ༥
༦༽ བརྒྱུགས་ཕུག་པ་སྤྱི་ནས་འབྲུ་ཁལ་ ༡༥
༧༽ བདེ་གླིང་ངོ་བོ་ནས་འབྲུ་ཁལ་ ༣༠༠ གཞིས་སྡོད་ནས་འབྲུ་ཁལ་ ༥༠
༨༽ རི་དགོན་འདུས་སྤྱི་ནས་འབྲུ་ཁལ་ ༥ གྲྭ་བློ་རྒྱན་ནས་འབྲུ་ཁལ་ ༥
༩༽ རྡོ་བྲག་ཆོས་གཞིས་ནས་འབྲུ་ཁལ་ ༥༠
༡༠༽ གཞུ་བསྲོད་པ་ཤོང་གཞིས་དས་འབྲུ་ཁལ་ ༡༥༠ མི་དམངས་ནས་འབྲུ་ཁལ་ ༢༠
༡༡༽ སྒེར་ཧོར་ཟུར་ངོ་བོ་ནས་འབྲུ་ཁལ་ ༥
༡༢༽ མཚུར་ཆོས་འདོན་ཁངས་བྲག་ཕག་གཞི་འོག་ནས་འབྲུ་ཁལ་ ༡༠
༡༣༽ སྙེམ་མོ་རྒྱལ་བྱེད་དགོན་ནས་འབྲུ་ཁལ་ ༥༠ འཇུན་གཞིས་ནས་འབྲུ་ཁལ་ ༣༠ མི་སེར་སྤྱི་ནས་འབྲུ་ཁལ་ ༡༠
༡༤༽མཚུར་ཆོས་འདོན་ཁོངས་བྲངས་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཁྲུལ་གྱི་བུན་འབྲུ་བལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ཞུས
༡༥༽ རྟ་འུ་དགོན་གྲྭ་ནས་འབྲུ་ཁལ་ ༥
༡༦༽ བསམ་བློ་གཞིས་འབངས་ནས་ལུག་ ༥
༡༧༽ མཚུར་སྒར་འདོན་ཁོངས་ནས་གཡག་ ༡
༡༨༽ མཚུར་ཆོས་འདོན་ཁོངས་འོག་གླིང་གཞིས་འོག་ནས་རྗེས་འབུལ་དམ་བཅའ་བྱས།
༡༩༽ སྐྱིད་རྒྱུ་བ་ནས་འབྲུ་ཁལ་ ༡༣༦༠
༢༠༽ ཆུ་ཤུར་གཞིས་ནས་འབྲུ་ཁལ་ ༥
༢༡༽ ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་ ༦
༢༢༽ འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ ༥
༢༣༽ གཞུང་རབ་གླིང་དགོན་ནས་འབྲུ་ཁལ་ ༤
༢༤༽ སྒེར་རྨ་ལམ་གཞིས་ནས་འབྲུ་ཁལ་ ༡༠༠༠
༢༥༽ གཟིམས་ཐོག་བསྐྱིད་འཚངས་ངོ་འབངས་ནས་འབྲུ་ཁལ་ ༦༠
༢༦༽ གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་ ༡༠
༢༧༽ ལྕང་ཇི་འདོན་ཁོངས་ནས་བདེ་སྐྱིད་གླིང་པས་འབྲུ་ཁལ་ ༢ ཁང་ཞེལ་ནས་འབྲུ་ཁལ་ ༡ དོན་འགྲུབ་གླིང་ནས་འབྲུ་ཁལ་ ༡
དེ་བཞིན་ལྷུན་གྲུབ་རྩེ་རྫོང་གཞིས་ནས་ངག་དབང་ཆོས་བཟང་གི་རོགས་སྐྱོར་འོག་འབྲུ་ཁལ་ ༦༠༠
གཉལ་ཁུལ་བསམ་ཕོ་འབྲུ་ཁང་དྲུག་བདུན་ཙམ་ལ་སྒོ་ཐེལ་བརྒྱབ་སྟེ་རིན་གོང་རྗེས་སུ་གཙང་འབུལ་ཞུ་ཆོག་པའི་ཤོག་འཛིན་སྤྲད།
གོང་གསལ་ཤོག་འཛིན་ཐོག་ནས་སྔ་བུན་བྱས་པའི་འབྲུ་ཁལ་སྤྲོད་ལེན་བྱས་པ་རྣམས་གཞིས་ཀ་དང་རྫོང་གཞིས་མི་སེར་དེ་དང་དེ་དག་གིས་རྒྱལ་སྲུང་བཙན་རྒོལ་གྱི་ཆེད་དུ་དང་བ་ཆེན་པོས་སྤྲོད་རྒྱུ་ཁས་ལེན་བྱས་པ་མ་གཏོགས་དྲག་གནོན་དང་བཙན་དབང་གིས་འཕྲོག་བཅོམ་བྱས་པ་མ་ཡིན་པའི་དཔང་རྟགས་ལྟ་བུར་དོ་བདག་སོ་སོས་ཕུལ་བའི་སྙན་ཞུ་ཡིག་ཆ་ཁག་རིམ་པ་བཞིན་བཀོད་ན།
༡༽
༈ ཞི་དྲག་ལས་ཁུངས་ཀྱི་བཀའ་དོན་གུས་འབངས་ཐོན་པ་ངོ་འབངས་ནས་དམག་ཕོགས་མཐུན་རྐྱེན་འབྲུ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་ཞུ་དགོས་ཕེབས་དོན། ཐོན་པ་ངོ་བོ་ནས་གྲོ་ཁལ་བཞི་བརྒྱ་ལྔ་བཅུ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་བརྒྱ་ཐམ་པ་བཅས་ནམ་བཞཻས་མཚམས་འབུལ་ལམ་ཞུས་ཆོག་པ་མ་ཟད། ད་དུང་ངོ་འབངས་རྣམས་ཀྱི་སྟོན་སོན་དགོས་མཁོ་བཏང་ལྷག་བསྡད་ཚེ་རིམ་བཞིན་༧སྙན་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༽
༈ ཞི་དྲག་བསྟན་སྲུང་དམག་སྒར་གྱི་བཀའ་དགོངས། གུས་འབངས་གཟིམ་བཤད་ངོ་འབངས་ནས་དམག་སྒར་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བྱང་སྒོ་ངོ་བོ་ནས་གྲོ་ནས་སྲན་གསུམ་ཁྱོན་འབྲུ་ཁལ་དྲུག་བརྒྱ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་བཞི་བརྒྱ་ཐམ་པ་བཅས་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོངས་ལྟོ་སོན་དགོས་མཁོ་ཕུད་པས་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་གསན་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༣༽
༈ བསྟན་བསྲུང་དམག་སྒར་གྱི་བཀའ་དགོངས་སྙེ་འདུ་སྒེར་ཆོས་ཁག་ནས་ལོ་འཁོར་ལྟོ་སོན་དང༌། མི་སེར་འཁྱེར་དམན་ཁག་ལ་ལྟོ་སོན་བཏང་ལྷགས་ཇི་ཡོད་དམག་སྒར་གསོལ་ཕོགས་མཐུན་རྐྱེན་དུ་འབུལ་དགོས་སྤྱི་ཕེབས་བཞིན་གུས་འབངས་སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ལྔ་བཅུ་ཐམ་པ་གཤོས་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༤༽
༈ བསྟན་སྲུངས་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་རྡོ་དགོན་ངོ་བོ་ནས་འབྲུ་ཁལ་ལྔ་བཅུ་ཐམ་པ་དང༌། མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་སུམ་ཅུ་ཐམ་པ་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་ངོ་འབངས་བཟའ་སོན་ཁ་ལྷག་བསྡད་ཚེ་རིམ་བཞིན་སྙན་སེང་འབུལ་ལམ་ཞུས་ཆོག་པ་ཞུ་ཤོག་ཏུ་ཕུལ།
༧༽
༈ བཀའ་དགོངས། གུས་འབངས་སྙེར་མདོ་མཁར་ངོ་བོ་ནས་འབྲུ་ཁལ་བཅུ་ཐམ་པ་དང༌། མི་སེར་འཁྱེར་དྲག་ཐེམས་གཉིས་ནས་འབྲུ་ཁལ་ལྔ་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་བཟའ་སོན་བཏང་ལྷགས་བསྡད་ཚེ་རིམ་གསོལ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༨༽
༈ བསྟན་དོན་སྲུང་དམག་ཀྱི་བཀའ་དགོངས། གཞུང་བརྒྱུག་ཕུག་པ་སྤྱི་ནས་ལྟོ་སོན་ཁ་ལྷག་གཏོན་གཏེང་འབྲུ་ཁལ་བཅོ་ལྔ་འབུལ་ལམ་ཞུས་མཆོག་པ་བཅས་ཀྱི་ཤོག་ལྷེར་གུས་ཕུལ།
༩༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས། གུས་འབངས་གཟིམ་གཡུ་ངོ་འབངས་ནས་དམག་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བདེ་གླིང་ངོ་བོ་ནས་འབྲུ་རྒྱུའི་ཁལ་གསུམ་བརྒྱ་ཐམ་པ་དང༌། གཞིས་སྡོད་ནས་འབྲུ་རྒྱུའི་ཁལ་ལྔ་བཅུ་ཐམ་པ་བཅས་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོངས་ནས་ལྟོ་སོན་དགོས་མཁོ་ཕུད་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༠༽
༈ བཀའ་དགོངས། བསྟན་ཁག་གསོལ་ཕོགས་ཐོག་གུས་རུ་དགོན་སྤྱི་སྟངས་ནས་འབྲུ་ཁལ་ལྔ་དང༌། གྲྭ་བློ་རྒྱན་ནས་འབྲུ་ཁལ་ལྔ་ནམ་བཞེས་འཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་ཁ་ལྷག་བྱུང་ཚེ་རིམ་བཞིན་༧སྙན་སེང་ཆོག་པ་ཞུ་ཤོག་ཏུ་ཕུལ།
༡༡༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་རྡོ་བྲག་ཆོས་གཞིས་ནས་འབྲུ་ཁལ་ལྔ་བཅུ་ཐམ་པ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ། ད་དུང་མི་སེར་ངན་གྲུལ་གྱི་ལྟོ་སོན་བཏང་ལྷག་ནས་ལྷག་འཕྲོས་བྱུང་མཚམས་༧སྙན་སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༡༢༽
༈ གུས་འབངས་བཞུ་བཀྲས་ཤོད་གཞིས་ནས་འབྲུ་ཁལ་བརྒྱ་དང་ལྔ་བཅུ་ཐམ་པ་དང༌། མི་སྤྱི་ནས་འབྲུ་ཁལ་ཉི་ཤུ་ཐམ་པ་བཅས་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༣༽
༈ བཀའ་དགོངས། གུས་འབང་སྒེར་ཧོ་འུར་ངོ་བོ་ནས་འབྲུ་ཁལ་ལྔ་ལས་ཕུལ་རྒྱུ་མེད་ངེས་དང༌། མི་སེར་འཁྱེར་དམན་ཉམ་དག་རྣམས་ནས་ཁ་ལྷག་འབྲུ་འབུལ་ཞུ་རྒྱུ་རྟེན་ནས་མེད་ངེས་བཅས་ལ་ཧེ་བག་མེད་ཞུ་བའི་ཤོག་ལྷེ་རྟགས་ཕུལ།
༡༤༽
༈ ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་གསོལ་ཕོགས་འབུལ་དགོས་བཞིན། གུས་འབངས་མཚུར་ཆོས་འདོན་ཁོངས་བྲག་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཧྲུལ་གྱི་བུན་འབྲུ་ལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ལམ་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེ་ཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༥༽
༈ བཀའ་དགོངས། གུས་རྒྱལ་བྱེས་དགོན་ནས་ཕོགས་འབྲུ་ཐོག་འབྲུ་ཁལ་ལྔ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་པ་དང། ད་དུང་ལྷག་འཕྲོས་བྱུང་ཚེ་རིམ་བཞིན་སྙན་གསེང་དང་སྦྲགས་འབུལ་ཞུས་ཆོག་པས་ཞུ་ཤོག་ཏུ་ཕུལ།
༡༦༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོག་སྤྱི་ཕེབས་དགོངས་དོན། གཏན་བཞུགས་དམག་སྒར་གྱི་ཐུགས་མཁོ་གུས་འབངས་འཇུན་གཞིས་ནས་འབྲུ་ཁལ་སུམ་བཅུ་ཐམ་པ་དང༌། ལུག་གཅིག མི་སེར་སྤྱི་ནས་འབྲུ་ཁལ་བཅུ་ཐམ་པ་ཕུལ། བཅས་ཕུལ་ཁྲོལ་གཏང་ལྷགས་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་བཅས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༧༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོགས་ལྷེ་སྤྱི་ཕེབས་དོན་ཚན་ལྔ་སོ་སོའི་གནས་ལུགས་གྲྭ་མང་ཚང་མར་ནན་ཏན་འདྲི་ཞིབས་ཀྱིས་རྟ་འུ་དགོན་གྲྭ་སྤྱི་ནས་སྨོན་འདུན་བཅས་དང༌། གཏོང་ལྷག་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྟོན་སྟོང་ལུག་གི་འབུལ་ལམ་ཞུས་ཆོག་པ་བཅས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༨༽
༈ བསྟན་དོན་བསྲུངས་ནས་བཀའ་དོན། གུས་འབངས་བསམ་བློ་གཞིས་འབངས་ནས་ལུག་ལྔ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༡༩༽
༈ བསྟན་བསྲུངས་དམག་སྒར་ཀྱི་བཀའ་དོན། གུས་འབངས་མཚུར་སྒར་འདོན་ཁོངས་གཞིས་གྲྭ་བཟུར་གསུམ་ནས་སྟོན་གཏོང་ཚག་གཡག་གཅིག་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༢༠༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོག་འདོན་ཁོངས་འོད་གླིང་གཞིས་འོག་ནས་འདི་ལོའི་སྟོན་འབབ་གང་ཡོད་མཚུར་དགོན་དགེ་འདུན་རྣམས་ཀྱི་གསོལ་ཕོགས་སུ་ཕུལ་ལྷག་མི་སེར་ངན་ཧྲུལ་གྱིས་བུན་འབྲུ་ལྟོ་སོན་ཐོག་ཕྲན་ཡོད་མ་མཏོགས་མེད་ངེས་ཡང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེ་གཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༢༡༽
༈ ད་ལམ་གོང་དཀར་བསྟན་བསྲུང་ཕོགས་བརྒྱ་ལྷན་ནས་བཀའ་བསྒྱུར་སྤྱི་ཕེབས་དགོངས་དོན། ཁ་སྔོན་སྐྱིད་རྒྱུ་བ་ནས་བསྟན་བསྲུང་དམག་སྒར་དུ་ཕུལ་ལུགས་འབྲུ་ཁལ་ ༡༣༦༠ ཐམ་པ་གཟིགས་སྐྱབས་པར་གཤོར་སྤྲོད་རིན་འདུག་པ་ད་ཆ་དམག་སྒར་དུ་ཕུལ་འཛིན་སྤྱན་ལྟར་དགོས་ལུགས་བཀའ་ཕེབས་ལ་བརྟེན་གུས་འབངས་སྐྱིད་གཡོག་སྟོབས་རྒྱས་ལ་བཀའ་འཛིན་འབུལ་ལམ་ཞུ་རྒྱུ་མེད་རྐྱེན་དམག་སྒར་དུ་ལྷན་བཅར་ཞུ་དགོས་ཕེབས་པ་གུས་པར་གནས་དོན་གང་ཡང་ཞུ་རྒྱུ་མེད་སྟབས་དམག་སྒར་དུ་ཞབས་བཅར་ཞུ་མ་དགོས་པའི་ཐོག་འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུ་དོན་སོན་བཀྲིན་ཆེ་བྱུང་བ་བར་ལམ་འབྲུ་ལག་ཡོད་གྲོ་ཁལ་གསུམ་བརྒྱ་ཐམ་པ་གཤོར་འུལ་ཞུས་འཕྲོལ་འདི་ལོ་སྟོན་སྟེང་རིམ་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༢༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོས་འདོན་ཁོངས་ཆུ་ཤུར་གཞིས་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེས་ཅིག་ཡིན་ངེས་ལ་ཧེ་བགས་མེད་པའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༣༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་དྲུག་ནམ་བཞེས་མཚམས་འབུལ་ལམ་ཞུས་མཆོག་པ་ནས། ད་དུང་སོན་རྩ་སོང་ལྷག་བྱུང་མཚམས་༧སྙན་སེང་ཞུས་མཆོག་པ་ཞུ་རྒྱུ་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
ལྷ་གཞུང་གི་བཀར་འབྲུ་དམ་འབྱར་ཡོད་ཁོངས་ལ་ཇི་ཡོད་ཞུ་རྒྱུ་མེད་ངེས་བཅས་ཤོག་ལྷེར་ཕུལ།
༢༤༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༥༽
༈ བསྟན་སྲུང་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་གཞུང་རབ་གླིང་དགོན་ནས་འབྲུ་ཁལ་བཞི་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༦༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་སྒེར་སྨར་ཁམས་གཞིས་ནས་འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༧༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས་གཟིམ་ཐོག་བསྐྱིལ་འཚལ་ངོ་འབངས་ནས་དམག་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན་ངོ་བོ་ནས་འབྲུ་གྲོ་ནས་སྲན་གསུམ་ཁལ་ ༦༠ ཐམ་པ་ནམ་ཞེས་མཚམས་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོང་ལྟོ་སོན་དགོས་མཁོ་ཕུད་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༨༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༢༩༽
༈ གུས་འབངས་གཞུང་རྒྱུག་ལྕང་ཇི་འདོན་ཁོངས་ནས་ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་གསོལ་ཕོགས་འབུལ་དགོས་ཐད། བདེ་སྐྱིད་གླིང་པ་ནས་ཞལ་འདེབས་འབྲུ་ཁལ་གཉིས་དང༌། ཁང་ཞོར་ནས་འབྲུ་ཁལ་གཅིག་དང༌། དོན་གྲུབ་གླིང་པ་ནས་འབྲུ་ཁལ་གཅིག་དང༌། དེ་བྱིངས་མི་སེར་འཁྱེར་དམན་ངན་ཧྲུལ་ཞེ་གཅིག་པ་ཧེ་བགས་མེད་ངེས་ཀྱི། ཤོག་ལེན་རྟགས་འབྱར་དུ་ཕུལ། ཞེས་འཁོད་ཡོད་པ་རེད།
གོང་གསལ་ཡིག་ཆ་དེ་དག་གི་ཁོངས་ནས། བསྟན་སྲུང་དང་བླངས་དཔའ་བོའི་སྒྲིག་འཛུགས་ཀྱིས་ལྷོ་ཁའི་སྒེར་གཞིས་དང༌། ཡུལ་མི། དགོན་སྡེ་བཅས་པར་ཡིད་ཆེས་བློ་འགེལ་གྱི་ཐོག་ནས་རྒྱལ་སྐྱོབ་བཙན་རྒོལ་དང༌། དགྲ་འཐབ་བསྟན་སྲུང་གི་ལས་རིམ་འཆར་འགོད་ཐོག རང་ཁོངས་མི་སེར་ནང་ཁུལ་བརྡབ་སིགས་མི་གཏང་བའི་སྒོ་ནས། དམག་འཁྲུག་གི་མཐུན་རྐྱེན་མཁོ་སྒྲུབ་བྱས་པ་དང༌། ལྷོ་ཁའི་ཁུལ་གྱི་ཡུལ་དགོན་སྡེ་གསུམ་གྱིས་དང་བ་ཆེན་པོའི་སྒོ་ནས་རང་འཁོས་དང་བསྟུན་ཏེ་འབྲུ་རིགས་དང༌། གཡག་ལུག་སོགས། དམག་སའི་ལྟོ་ཆས་ཐོག་གང་ནུས་ཅི་ནུས་ཀྱིས་རོགས་རམ་གནང་ཞིང༌། གནས་སྐབས་ཆ་རྐྱེན་ཞན་པའི་སྒེར་གཞིས་མི་དམངས་དགོན་སྡེ་དང་བཅས་པས་ཀྱང་། གནས་ལུགས་གསལ་བཤད་ཀྱི་སྙན་ཞུ་འབུལ་བ་སོགས། མདོར་ན། སྐབས་དེར་བསྟན་སྲུང་དང་བླངས་དམག་དང་ལྷོ་ཁའི་ས་ཁུལ་གྱི་མི་དམངས་གཉིས་པོ་བསམ་པ་གཅིག་མཐུན་གྱིས་དགྲ་ཕྱོགས་ལ་སྡང་ཟུག་དང༌། ནང་ཁུལ་ལ་མཐུན་འབྲེལ་ཇི་ལྟར་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད། །
དེ་ལྟར་རེ་ཞིག་དམག་རྒྱགས་འབྲུ་ཕོགས་ཀྱི་འཆར་འགོད་ལེགས་གྲུབ་བྱུང་བ་དང༌། གོང་གསལ་ལས་ཁུངས་ཁག་དང་འགན་འཛིན་ལྷན་ཚོགས་ཀྱིས་གལ་ཆེའི་ཚོགས་འདུ་ཞིག་སྐོང་པ་དེའི་ནང༌།
༡ རྒྱ་རྒོལ་དམག་དོན་དང༌། ལྷོ་ལམ་གཙང་སེལ་དགོས་པའི་གྲོས་འཆར་ལྷུག་པོར་གནང་བས་མཐའ་མའི་ཐག་གཅོད་དུ། རྒྱ་རྒོལ་གཏན་ལྷིང་ཡོང་བ་དང༌། དམག་འཐབ་ནང་རང་ཕྱོགས་བཙན་ས་བཟུང་ཆེད་དམག་སྒར་ཨ་མ་མཚོ་སྣར་སྤོ་རྒྱུ་དང༌།
༢ དེ་ནས་དུ་བ་རྫོང་དང༌། ལྷུན་རྩེ་རྫོང༌། དཔལ་སྡེ། གྲ་ནང༌། བསམ་ཡས། གོང་དཀར། རྩེད་ཐང༌། ཁྲ་འབྲུག སྣར་དཀར། ཆུ་ཤུལ། འོལ་ཁ། དྭགསཔོ་རྒྱ་ཚ། ཀླུ་གོང་གྲུ་ཁ། བན་རྩ་གྲུ་ཁ་སོགས་སུ་ཡོད་པའི་རྒྱ་དམག་གི་དམག་སྒར་མཐར་བསྐྲོད་དང༌། རྫོང་སྡོད་དཔོན་རིགས་ཁག་དང་ལས་བྱེད་ཁག་ལ་རྒྱུས་ལོན་འབྲེལ་བ་བྱེད་ཆེད་དམག་སྒར་ཨ་མ་ནས་འགོ་དམག་རྣམས་ཁག་བགོས་ཀྱི་དཔུང་སྐྱོད་བྱེད་རྒྱུ།
༣ གོ་ལག་འཚོལ་སྒྲུབ་བྱེད་རྒྱུ།
༤ རྒྱ་མིས་མངགས་པའི་སོ་པ་དང་ཉུལ་མ་སོགས་ལ་དྭོགས་ཟོན་ཉུལ་ཞིབ་བྱེད་རྒྱུ།
༥ ཡུལ་མི་ལ་དམག་མིས་འཁྲུག་རྩོད་རྡབ་སིག་མི་འབྱུང་བའི་ཆེད་རྐུ་ཇག་འཕྲོག་བཅོམ་སོགས་མི་ཆོག་པར་ཆུ་སྒང་དམག་ཁྲིམས་དོན་ཚན་ཉེར་བདུན་ཅན་ལ་མུ་མཐུད་ནས་གཅེས་སྲུང་བྱ་རྒྱུ་བཅས་གཏན་འབེབས་བྱས།
ལྷོ་ཁའི་ཁུལ་དུ་བསྟན་སྲུང་དང་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་གྱི་དམག་འཐབ་སྐོར། རྒྱ་དམར་གྱིས་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ། ལྷོ་ཁ་རྩོ་སྒྲིག་པུའུ་ཞེས་པས་བསྒྲིགས་པ། <>ཞེས་པའི་ཆེད་རྩོམ་དེའི་ནང༌།༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས། མངོན་གསལ་དོད་པོས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་བརྩིས་མེད་དུ་བཏང་ཞིང༌། ལྷ་སར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་མ་བསླང་གོང་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་དང༌། ལི་ཐང་རྒྱ་མ་ཚང་བསམ་འཕེལ། སྡེ་དགེ་བྱ་རྒོད་ཚང་རྣམ་རྒྱལ་རྡོ་རྗེས་གཙོ་བྱས་པའི་ངོ་ལོག་ཟིང་འཁྲུག་པ་ཁ་ཅིག ལྷོ་ཁར་བྱང་ངོས་ཀྱི་ཡར་ཀླུང་གཙང་པོས་རང་བྱུང་སྲུང་ཡོལ་དང༌། ལྷོ་ངོས་ཕྱི་རྒྱལ་ས་མཚམས་འབྲེལ་བས་རོགས་སྐྱོར་ཐོབ་བདེ་བ། དེ་བཞིན་ས་རྒྱ་ལེགས་ཤིང་ཐོན་རྫས་ཕུན་སུམ་ཚོགས་པ་སོགས་ཆ་རྐྱེན་ལེགས་པོར་བརྟེན་ཏེ། མངོན་གསལ་དོད་པོས་ལྷོ་ཁ་འདི་བཞིན་བོད་ཡོངས་ཀྱི་གསར་བརྗེར་ངོ་རྒོལ་བྱེད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ཇུས་འགོད་དང༌། ངན་སྐུལ། བཀོད་འདོམས་བཅས་ཀྱི་རྟེན་གཞིར་བཟུང་ཞིང༌། ཁོ་ཚོ་གང་དུ་སླེབས་ཀྱང་དེ་གར་འཕྲོག་བཅོམ་བྱེད་པ་དང༌། བཙན་གཡེམ་བྱེད་པ། གསོད་བསྲེགས་བྱེད་པ་བཅས་ངལ་རྩོལ་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད།
༡༩༥༨ ལོའི་ཟླ་ ༦ པར་ངོ་ལོག་ཟིང་འཁྲུག་པས་ད་ལྟའི་ལྷོ་ཁ་མཚོ་སྨད་རྫོང་གྲི་གུ་ཤང་དུ། ཆུ་བཞི་སྒང་དྲུག་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ། བསྟན་སྲུང་དམག་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་དང༌། བཙན་རྒྱལ་རིང་ལུགས་དང་ངན་པ་ལག་འབྲེལ་བྱས་ནས། ཕྱི་རྒྱལ་བས་ནང་སྐྱེལ་བྱས་པའི་མཚོན་ཆ་དང༌། གནམ་གྲུ་ལས་འཕངས་པའི་དངོས་རྫས་མུ་མཐུད་བསྡུ་ལེན་བྱས་ཐོག་འཆར་གཞི་ཡོད་པ་དང༌། རྩ་འཛུགས་ཡོད་པའི་སྒོ་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཕྱོགས་ཡོངས་ནས་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ནང་གྲོས་དང་བཀོད་སྒྲིག་བྱས་པ་རེད། ཅེས་བྲིས་འདུག
རྒྱལ་གཅེས་ལྷོ་ཁའི་ཡུལ་དགོན་སྡེ་གསུམ་གྱིས༎
ཕྱ་གྲུ་མཉམ་འདེགས་བྱས་པའི་མཐུན་འགྱུར་འོག།
རྒྱ་སྟག་ངར་མ་འདྲ་བའི་ཕོ་རྒོད་ཚོས༎
དགྲ་བོ་འབུར་འཇོམས་བྱེད་པའི་དམག་ཇུས་གཏིང༌༎
སྟོང་པ་ཉིད་དུ་གྱུར། ལྷོ་ཁའི་བསྟན་སྲུང་གིས་གང་བྱས་གང་དུ་འཚོལ།
སྟོང་པའི་ངང་ལས་ལྷོ་ཁ་རྒྱ་ཆེ་མང་ཚོགས་ཀྱི་མཐུན་འགྱུར་འོག་བསྟན་སྲུང་དྭང་བླངས་དམག་གི་མི་རྟའི་འཚོ་རྟེན་གོ་སྒྲིག་ནམ་མཁའི་མཐའ་དང་མཉམ་པར་གྱུར།
གསར་ལམ་ཁག་ཏུ་༧རྒྱལ་བ་ཀརྨ་པ་དཀར་འདོན་བྱེད་རྒྱུའི་གོ་སྐབས་ཡག་ཤོས་གཅིག་ཁོང་གི་དྲུང་ཡིག་ཆེན་མོས་འཕྲོ་བརླག་ཏུ་བཏང་སོང་། རྒྱ་གར་གསར་འགོད་པ་མང་པོས་ཨུ་ཚུགས་ཆེན་པོས་དྲུང་ཡིག་ཆེན་པོ་ཟེར་བ་དེ་དངུལ་དེ་དག་གང་ནས་ཡོང་བ་རེད་ཅེས་འདྲི་སྐབས། དངུལ་རྣམས་དད་ལྡན་ཚོས་འབུལ་བ་དང་ཞལ་འདེབས་རེད་ཅེས་པའི་ལན་སྟབས་བདེ་འདི་འདྲ་ཞིག་བརྒྱག་རོགས་ཅེས་ན་བསམ་སོང་། དེ་ཙམ་ཡང་བརྒྱབ་མ་སོང་། དེ་ལས་ལྡོག་དེ་གསར་འགོད་པ་ཚོར་ལན་ཚིག་བཞི་བརྒྱབ་སོང་། ལན་དང་པོ། ང་ལ་ལན་མེད་ཅེས་དང་། ལན་གཉིས་པ་ང་ལ་ནན་ཚུགས་མ་བརྒྱག ལན་གསུམ་པ། ང་ཁུ་སིམ་པོར་འདུག་རྒྱུའི་རང་དབང་ཡོད། ལན་བཞི་བ། ཁྱེད་ཚོས་མགྱོགས་པོ་གཏིང་ནས་ཧ་གོ་གི་རེད་ཟེར་ཞོར་ལ་ནང་ལ་འཛུལ་སོང་། ངས་བསམ་པར་ལས་དྲུང་གི་བྱེད་སྟངས་དེ་མཐོང་བ་འཕང་སེམས་ཚད་མེད་བྱུང་། ཁོས་་ལྷོད་ལྷོད་བྱས་ནས་གསོར་འགོད་པ་ཚོར་གདོང་གཏད་ནས་སྐད་སངས་པོས། དངུལ་དེ་རྣམས་ཕྱོགས་མཐའ་ཀུན་ན་ཡོད་པའི་དད་ལྡན་མི་མང་གི་འབུལ་དང་ཞལ་འདེབས་རྐྱང་རེད་ཅེས་ལན་གསལ་ཞིང་དག་པ་གཅིག་བརྒྱབ་ཐུབ་ཡོད་ན་ཅི་མ་རུང་། http://timesofindia.indiatimes.com/videos/news/Currency-seizure-Karmapas-gen-secy-quizzed/videoshow/7384613.cms ཉེ་གནས་འདི་འདྲ་ཚོས་ཚོས་ཀརྨ་པ་སྲུང་སྐྱོབ་དང་བདག་པོ་ཡག་པོ་བྱེད་ས་མ་རེད། ཡང་བསྐྱར་གོ་སྐབས་དེ་འདྲ་བྱུང་ན་འཕྲོ་བརླག་ཏུ་མ་རོགས་ཞུ་གི་ཡོད།
འདི་ན་དྲུང་ཡིག་ཆེན་མོས་སྟག་སྨྱོན་པ་ཞིག་གི་ཁ་ནང་ལ་མྱི་ལྕེ་ཞིག་སྤྲད་འདུག།
ནོར་བཅོས།
གསར་ལམ་ཁག་ཏུ་༧རྒྱལ་བ་ཀརྨ་པ་དཀར་འདོན་བྱེད་རྒྱུའི་གོ་སྐབས་ཡག་ཤོས་གཅིག་ཁོང་གི་དྲུང་ཡིག་ཆེན་མོས་འཕྲོ་བརླག་ཏུ་བཏང་སོང་། རྒྱ་གར་གསར་འགོད་པ་ཚོས་ཨུ་ཚུགས་ཆེན་པོས་དྲུང་ཡིག་ཆེན་མོ་ཟེར་བ་དེར་དངུལ་དེ་དག་གང་ནས་ཡོང་བ་རེད་ཅེས་འདྲི་སྐབས། ཁོང་ཀིས་དངུལ་རྣམས་འཛམ་གང་སར་ཡོད་པའི་དད་ལྡན་མང་ཚོགས་ཀྱིས་ཕུལ་བ་དང་ཞལ་འདེབས་ཁོ་ན་རེད་ཅེས་པའི་ལན་སྟབས་བདེ་འདི་འདྲ་ཞིག་བརྒྱག་རོགས་ཅེས་ན་བསམ་ནས་རེ་བ་བརྒྱབ་པ་ཡིན། ཡིན་ནའང་དྲུག་ཡིག་གིས་དེ་ཙམ་ཡང་བརྒྱབ་མ་སོང་། དེ་ལས་ལྡོག་དེ་གསར་འགོད་པ་ཚོར་ལན་ཚིག་བཞི་ཙམ་བརྒྱབ་སོང་། ལན་དང་པོ། ང་ལ་ལན་མེད་ཅེས་དང་། ལན་གཉིས་པ། ང་ལ་ནན་ཚུགས་མ་བརྒྱག་ཟེར་ནས་རྫིག་རྫིག་བཏང་སོང་། ལན་གསུམ་པ། ང་ཁུ་སིམ་པོར་འདུག་རྒྱུའི་ཐོབ་ཐང་ཡོད། ལན་བཞི་བ། ཁྱེད་ཚོས་མགྱོགས་པོ་གཏིང་ནས་ཧ་གོ་གི་རེད་ཟེར་ཞོར་ལ་ནང་ལ་འཛུལ་སོང་། དེ་ནས་ངས་བསམ་པར་ལས་དྲུང་ཆེན་མོས་ཇི་འདྲའི་གོ་སྐབས་རྩ་ཆེན་གཅིག་འཕྲོ་བརླག་བཏང་སོང་དྲན་འཕང་སེམས་ཚད་མེད་བྱུང་། ངོ་ནས་ཡིན་ཁོས་་གསར་འགོད་པ་ཚོར་ཚུར་གདོང་གཏད་ནས་ལྷོད་ལྷོད་བྱས་ཏེ། དངུལ་དེ་རྣམས་ཕྱོགས་མཐའ་ཀུན་ན་ཡོད་པའི་དད་ལྡན་མི་མང་གི་འབུལ་བ་དང་ཞལ་འདེབས་རྐྱང་ཡིན་པ་ལས་ཡོང་ཁུངས་གཞན་ཡོད་མ་རེད་ཅེས་ལན་གསལ་བོ་ཞིག་བརྒྱབ་ཐུབ་ཡོད་ན་ཅི་མ་རུང་། ལས་བྱེད་ཁེངས་དྲེགས་ཅན་ཆོ་མེད་འདི་འདྲ་བ་ཚོས་ཀརྨ་པ་སྲུང་སྐྱོབ་དང་བདག་པོ་ཡག་པོ་བྱེད་ཐུབ་ས་མ་རེད། གང་ལྟར་ཡང་བསྐྱར་གོ་སྐབས་དེ་འདྲ་སུ་ལ་བྱུང་ན་འཕྲོ་བརླག་ཏུ་མ་གཏོང་རོགས་ཞུ་གི་ཡོད།
གཤམ་གྱི་དྲ་ཐག་འདིར་གཟིགས་ན་དྲུང་ཡིག་ཆེན་མོའི་བྱེད་སྟངས་སྐྱོ་བོ་དེ་མཐོང་ན་བློ་ཕམ་ཡོང་གི་རེད།
ttp://timesofindia.indiatimes.com/videos/news/Currency-seizure-Karmapas-gen-secy-quizzed/videoshow/7384613.cms
སྟག་སྨྱོན་གྱི་ཀརྨ་པ་ཆེད་རྩོམ་འདིར་འབྲེལ་བ་མིན་འདུག
བི་བི་སིས་བོད་པ་ལུས་སྲོག་ལོངས་སྤྱོད་བོད་དོན་ལ་བཏང་བའི་ལོ་རྒྱུས་ལ་ཀུ་རེའི་ངོ་བོར་བལྟས་ནས་ཁ་བདེ་བཤད་པར་ཤར་ཕྱོགས་འོད་སྣང་གིས་ཀྱང་ཅལ་འགྲོགས་ཀྱིས་དེའི་རྗེས་སུ་འབྲངས་བ་མི་འོས་པ་མཐོང་།
མེ་དཀར་ཁྱེད་གིས་ཤེས་མེད། གོང་གི་དཔྱད་རྩོམ་དེར་རྩོམ་ལུས་དངོས་མེད་པར་དཔྱད་རྩོམ་གྱི་ཁ་བྱང་གཅིག་པུ་དུས་ཡུན་གང་ཙམ་རིང་བཞག་སོང་། དེར་བརྟེན་ངོས་ནས་རྩོམ་ལུས་འགོད་རྒྱུའི་ཆེད་དེ་ལྟར་བཤད་པ་ལས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་འབུལ་མཁན་གྱི་དཔའ་བོ་རྣམས་ལ་ཀྱལ་ཀ་བྱས་མེད་དོ།་།
མེ་དཀར་ཁྱེད་ཀྱིས་ཞེས་བཅོས་རོགས།
སྔོན་ཆད་དཔའ་བོ་དཔའ་མོ།
དེང་སང་གཤིན་པོའི་རྣམ་གཤིས།
ད་ལྟ་ཆུ་བཞི་སྒང་དྲུག
མ་འོངས་གངས་ལྗོངས་སྲོག་རྩ།
ལྷོ་ཁ་བསྟན་སྲུང་དང་དམག
ད་ལྟ་རྣ་བའི་གཏམ་ཙམ།
མདོ་ཁམས་ཆུ་བཞི་སྒང་དྲུག
འབྱུང་འགྱུར་བོད་ཀྱི་ལས་དབང།
གློ་ཡུལ་བསྟན་སྲུང་དམག་མི།
ད་ལྟ་ས་འོག་གཏེར་རྫས།
མ་འོངས་ཆུ་བཞི་སྒང་དྲུག
གདོང་དམར་བོད་ཀྱི་མདུན་མཆོངས།
དགྲ་རྒོལ་བོད་དམག་བསྟན་སྲུང།
དེ་རིང་ཤོག་བུའི་རིས་མོ།
སང་གི་ཆུ་བཞི་སྒང་དྲུག
བོད་ཀྱི་མེས་པོ་གསར་པ།
མེ་ཏོག་དཀར་པོ་ལགས།
བི་བི་སིས་གསུངས་པ་དེ་ག་རང་རེད། དུས་ཡུན་གང་ཙམ་ཞིག་རྩོམ་ཡིག་གི་འགོ་བརྗོད་གཅིག་པུ་ལས་བཀོད་མེད་པར་བརྟེན་ངས་ཀྱང་གསལ་འདེབས་ཤིག་བྱས་པ་ལས། ཅལ་འདྲོགས་བྱས་པ་ཞིག་གཏན་ནས་མིན།
ཐུགས་ལ་ཕོག་ཐུག་ཏུ་གྱུར་ན་དགོངས་འགལ་མེད་པར་འཚལ།
__________________________________________________________
་་་་་་་་་་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས།།
སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་།།
ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི།།
འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ།།་་་་་་་་་་་་
__________________________________________________________
དགོངས་དག ཉེ་དུས་ནས་གུས་པས་དུས་བབ་ནང་མཆན་འབྲི་མེད་པ་དང་ཁ་བརྡ་ནང་དུའང་ཉུང་དུ་འབྲི་གི་ཡོད། འདིར་མཆན་འབྲི་རྒྱུར་རྒྱུད་རིམ་སླ་བས་ཡིན། བྱས་ཙང་སྐད་ཆ་ག་རེ་ཡོད་ན་ཁ་བརྡ་ནང་བཤད་ན་འདོད་པའི་བརྗོད་གཞི་དང་འབྲེལ་བ་ཡོད་པ་ཞིག་རྙེད་ན་འགྲིག་རེད། གལ་སྲིད་ངའི་བཤད་འདོད་པའི་བརྗོད་གཞི་དང་འབྲེལ་བ་ཡོད་གཅིག་ཁ་བརྡ་ནང་མེད་ན། ང་རང་གིས་བསམ་ས་ཞིག་བྲིས་བཞག་གི་ཡོད། ད་གཟབ་གཟབ་མ་བྱས་ན་༧རྒྱལ་བ་ཀརྨ་པའི་ཉེ་འཁོར་གྱི་མི་ངན་དེ་ཚོས་ཀརྨ་པའི་མཚན་སྙན་བེད་སྤྱོད་ལོག་པར་གཏོང་མེད་པའི་ངེས་པ་མི་འདུག ད་ལམ་དངུལ་གྱི་ཉོག་དྲ་ཡོང་སྟངས་དེའང་༧ཀརྨ་པས་མཁྱེན་རྟོག་གསལ་བོ་མེད་པར་ཡིད་ཆེས་ཡོད།
ཕྱག་མཛོད་དང་དྲུང་ཡིག་སོགས་ཀྱིས་ཁོང་གི་མཚན་ལོག་པར་སྤྱད་ནས་གང་བྱུང་མང་བྱུང་བྱེད་ཀྱི་མེད་པའི་ངེས་པ་མི་འདུག དཔེར་ན་ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་སྤྱི་འཐུས་འོས་མིའི་ནང་བཅུག་འདེམས་ནས་བོད་མི་ནང་ཁུལ་ལ་དཔུང་ཤུགས་ངོམ་ནའང་། བོད་པའི་སྤྱི་ཚོགས་ཉམ་ཆུང་འདིའི་ནང་ཞེད་དགོས་ས་ཡོད་མ་རེད། འོན་ཀྱང་རྒྱལ་སྤྱིའི་ཁྲིམས་དང་སྐྱབས་བཅོལ་ཡུལ་རྒྱ་གར་གྱི་ཁྲིམས་ལ་ཚུལ་བཞིན་བརྩི་ཤེས་ན་ཡག་པོ་ཡོད་རེད། མདོ་དོན་ཉེ་འཁོར་གྱི་ཕྱག་མཛོད་དང་དྲུང་ཡིག་སོགས་ཀྱིས་ལྐོག་ནས་རྒྱལ་བ་ཀརྨ་པའི་མཚན་སྙན་དང་བོད་མའི་འཆི་གསོན་ལ་རྐྱེན་བཟོ་སྲིད་པའི་ཚུལ་མིན་གྱི་ལས་ཀ་བྱེད་སྲིད་པས། ཀརྨ་པ་མཆོག་ནས་འཕྱིས་སུ་སྟངས་འཛིན་ནན་པོ་གནང་བའི་སྐྱབས་འཇུག་ཞུ་བ་སྦྲགས། ད་ལམ་གྱི་རྐྱེན་ངན་འདི་ཡང་གང་མྱུར་གཙང་མ་དང་དཀར་འདོན་ཡོང་བའི་ཡིད་ཆེས་ཡོད།
དགོངས་དག ཉེ་དུས་ནས་གུས་པས་དུས་བབ་ནང་མཆན་འབྲི་མེད་པ་དང་ཁ་བརྡ་ནང་དུའང་ཉུང་དུ་འབྲི་གི་ཡོད། འདིར་མཆན་འབྲི་རྒྱུར་རྒྱུད་རིམ་སླ་བས་ཡིན། བྱས་ཙང་སྐད་ཆ་ག་རེ་ཡོད་ན་ཁ་བརྡ་ནང་བཤད་ན་འདོད་པའི་བརྗོད་གཞི་དང་འབྲེལ་བ་ཡོད་པ་ཞིག་རྙེད་ན་འགྲིག་རེད། གལ་སྲིད་ངའི་བཤད་འདོད་པའི་བརྗོད་གཞི་དང་འབྲེལ་བ་ཡོད་གཅིག་ཁ་བརྡ་ནང་མེད་ན། ང་རང་གིས་བསམ་ས་ཞིག་བྲིས་བཞག་གི་ཡོད། ད་གཟབ་གཟབ་མ་བྱས་ན་༧རྒྱལ་བ་ཀརྨ་པའི་ཉེ་འཁོར་གྱི་མི་ངན་དེ་ཚོས་ཀརྨ་པའི་མཚན་སྙན་བེད་སྤྱོད་ལོག་པར་གཏོང་མེད་པའི་ངེས་པ་མི་འདུག ད་ལམ་དངུལ་གྱི་ཉོག་དྲ་ཡོང་སྟངས་དེའང་༧ཀརྨ་པས་མཁྱེན་རྟོག་གསལ་བོ་མེད་པར་ཡིད་ཆེས་ཡོད།
ཕྱག་མཛོད་དང་དྲུང་ཡིག་སོགས་ཀྱིས་ཁོང་གི་མཚན་ལོག་པར་སྤྱད་ནས་གང་བྱུང་མང་བྱུང་བྱེད་ཀྱི་མེད་པའི་ངེས་པ་མི་འདུག དཔེར་ན་ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་སྤྱི་འཐུས་འོས་མིའི་ནང་བཅུག་འདེམས་ནས་བོད་མི་ནང་ཁུལ་ལ་དཔུང་ཤུགས་ངོམ་ནའང་། བོད་པའི་སྤྱི་ཚོགས་ཉམ་ཆུང་འདིའི་ནང་ཞེད་དགོས་ས་ཡོད་མ་རེད། འོན་ཀྱང་རྒྱལ་སྤྱིའི་ཁྲིམས་དང་སྐྱབས་བཅོལ་ཡུལ་རྒྱ་གར་གྱི་ཁྲིམས་ལ་ཚུལ་བཞིན་བརྩི་ཤེས་ན་ཡག་པོ་ཡོད་རེད། མདོ་དོན་ཉེ་འཁོར་གྱི་ཕྱག་མཛོད་དང་དྲུང་ཡིག་སོགས་ཀྱིས་ལྐོག་ནས་རྒྱལ་བ་ཀརྨ་པའི་མཚན་སྙན་དང་བོད་མའི་འཆི་གསོན་ལ་རྐྱེན་བཟོ་སྲིད་པའི་ཚུལ་མིན་གྱི་ལས་ཀ་བྱེད་སྲིད་པས། ཀརྨ་པ་མཆོག་ནས་འཕྱིས་སུ་སྟངས་འཛིན་ནན་པོ་གནང་བའི་སྐྱབས་འཇུག་ཞུ་བ་སྦྲགས། ད་ལམ་གྱི་རྐྱེན་ངན་འདི་ཡང་གང་མྱུར་གཙང་མ་དང་དཀར་འདོན་ཡོང་བའི་ཡིད་ཆེས་ཡོད།
ད་འུར་ཞེ་དྲགས་མ་རྒྱབ་ན་དགའ་ཀི་རེད་དྰ།
ཁ་དཔེ་ལ།
བསོད་བདེ་ཆེ་ན་ཆག་སྒོ་ཆེ་ཞེས་པ་འདི་ཡིན་པ་འདྲ།
གནས་ཚུལ་ཛ་དྲག་ཆེ་རུ་ཆེ་རུ།
དོན་རྐྱེན་ཟིང་ཆ་མང་དུ་མང་དུ།
འདི་འདྲའི་ཁྲོད་ནས་གཟབ་གཟབ་ཅི་ཙམ་བྱས་ཀྱང་རང་དབང་མེད་པར་བག་མེད་དུ་ཤོར་ཉེན་འདུག
༡༽དགེ་བཤེས་བེར་འཇིགས་ལགས་ཀྱིས་དེ་སྔ་ཆབ་སྲིད་ཀྱི་ལས་ལ་ཞུགས་ན་རྙོག་ཕྲ་རླངས་ཀྱི་ཡོད།ལོ་རྒྱུས་ཀྱི་རྩོམ་ཡིག་རེ་བྲིས་ན་ཕྱོགས་རིས་རྐྱང་བྲིས་ཀྱི་ཡོད་མོད།ད་ཐེངས་ཅུང་བློ་རྣལ་དུ་གནས་ཀྱི་བྲིས་པ་འདྲ་པོ་མཐོང་སོང་།
༢༽ས་མིང་ལ་དག་ནོར་ཅུང་ཙམ་ཡོད་རུང་གཞི་རྐང་ཡག་པོ་བྲིས་འདུག
༣༽ཆབ་སྲིད་མ་ཤེས་པར་ཆབ་སྲིད་འཁྲབ་པ་ལས་དེ་བས་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་དང་འཆད་འཁྲིད་སོགས་བོད་ཀྱི་རིག་གནས་དར་སྤེལ་གྱི་ལས་ལ་རྩེ་གཅིག་ཏུ་ཆེན་པོ་གཞོལ་ན་དོན་དང་ལྡན་པར་སྙམ།
སྐུ་ངོ་ཕ་ལྷ་དེ་བོད་མིང་མང་གིས་བརྗེད་མི་ཐུབ་པའི་དཔའ་བོ་ཞིག་ཡིད།
བེ་རི་ལགས། མགྲོན་གཉེར་ཕ་ལྷ་བར་བཅའ་འདྲི་ཞུས་པའི་དེབ་དེ་གཟིགས་ཡོད་ན། བསྟན་སྲུང་དྭང་བླང་དམག་ལ་ལྟ་སྟངས་མ་འདྲ་བ་ཞིག་འདུག་བསམ་སོང། དེ་ནི་གཅིག་བྱས་ན་བཙན་བྱོལ་དུ་འབྱོར་རྗེས་ཁོང་ཚོས་བྱས་པ་ཡང་ཡང་བསྒྲགས་ནས་གོ་སྐབས་ཚང་མ་ལེན་འདོད་བྱས་པས་ཡིན་ནམ། ཡང་ན་དྭང་བླང་དམག་འདི་ཁམས་པས་ཁམས་པ་ཁོ་ནའི་མགོ་ལ་ཚུར་བསྐོན། བསྐོན་ནས་ཀྱང་ལྟོས་མེད་ཀྱི་བྱེད་ཕྱོགས་དག་གི་དབང་གིས་ཡིན་ནམ། གང་ལྟར་སྐབས་དེར་ཨ་འབྲུག་མགོན་བཀྲ་གསང་བ་ཡག་ཉར་བྱེད་མཁན་གྱི་བློ་གཏོད་བཅོལ་སར་རྩིས་མི་འདུག ལྷ་དང་སྲུང་མས་མགོན་སྐྱབས་ཀྱིས་ཁོང་ཚོར་ཕ་ལྷས་འབྲེལ་འདྲིས་བྱས་པ་གུང་བྲན་གྱིས་མ་ཤེས་ཚུལ་གསུངས་འདུག ད་དུང་ལྷོ་ཁ་ཁུལ་དུ་འབྱོར་དུས་དྭང་དམག་གིས་༧སྐུ་མདུན་སྲུང་སྐྱོབ་བྱེད་སྟངས་སོགས་ཀྱང་ཡི་རངས་པ་ཞིག་གནང་མེད་ཚུལ་གསུངས་པ་རྣམས་ལ་གཟིགས་ཚུལ་ག་རེ་ཡོད་དམ།
ད་ལྟའི་ཆུ་བཞི་སྒང་དྲུག་ཟེར་བ་དག་གིས་ལོ་རྒྱུས་ཀྱི་བརྒྱུད་རིམ་མ་དེད་པར་འཁྱོག་ལམ་དུ་ཕྱིན་ཚར་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། ང་ཚོས་དེའི་བྱུང་རབས་ལ་མནོ་བསམ་མཐིལ་ཕྱིན་པ་ཞིག་བཏང་ནས། མི་རབས་གསར་བ་ཚོར་དེ་ངོས་འཛིན་གནང་སྟངས་མ་ནོར་བ་ཞིག་སྤྲོད་དགོས་ས་མ་རེད་དམ།
ས་ཆ་དེ་དམག་སླེབས་ཡོང་དུས་འུ་ཐུག་སྟེ་སྤྲོད་པའི་རིགས་ཤིག་དང་སེམས་བསམ་པས་སྤྲོད་པའི་རིགས་ཤིག རང་དབང་མེད་པར་སྤྲོད་དགོས་པར་ཐུག་པ་སྣ་མང་པོས་འདི་དག་ནི་ལོ་རྒྱུས་ཀྱི་ཁྲོད་དུ་འཚོ་བའི་བསྟན་སྲུང་དམག་མིར་འབྲི་རྒྱུ་གཙོ་བོ་བྱ་རྒྱུ་གལ་ཆེ། འུ་ཚོ་ཅོག་ཙེ་དང་རྐུབ་སྟེགས་བར་ནས་ཡོད་ཚད་སྡོམ་ཚིག་རྒྱག་སླ་བ་ཞིག་མིནལས་ཆེ།
བཀུར་འོས་རྒན་བེ་རི་ལགས། ཁམས་བཟང། བསྟན་སྲུང་དྭང་བླངས་དམག་གི་སྐོར་ལ་ངེད་ནས་ཅིག་ལྟ་ཁུལ་བྱེད་ཀྱིན་ཡོད། ཉིད་ཀྱི་རྩོམ་ཡིག་འདིས་ཕན་བྱུང།
ཨོ། གོང་ན་རིན་པོ་ཆེ་ཟེར་བ་དེའི་དེབ་དེ་ངས་ལྟོས་མྱོང། དཔེ་མཛོད་ཁང་གིས་བཅའ་འདྲི་བྱས་པ་ཞིག་རེད་འདུག འདྲ་བོ་ཅིག་མཐོང་སོང།
མཇལ་ཡོང།
སྔོན་གྱི་ལོ་རྒྱུས་བཤད་པ་ལས་དེ་རིང་ནས་འཇུག་སྐྱོངས་ཐུབ་ན་བཟང་། ཨ་རོགས་དྲྭ་གྲོགས་ཚོ།
དྲ་ཐོག་གི་གྲོགས་པོ་ཚོ།
ད་ལྟའི་ཆུ་བཞི་སྒང་དྲུག་གི་རྗེས་འཛིན་པ་ཡིན་ཟེར་མཁན་ཚོར།ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པ་མང་བོ་ཡོད་པས་ཀུན་ལ་ཕན་པའི་བསམ་ཚུལ་རེ་འབུལ་ཐུབ་ན་ལེགས།འོན་ཀྱང་།སྔོན་ཆད་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་ཚོར་བརྩི་བཀུར་མེད་པའི་སྨྲ་བརྗོད་འདྲ་མིན་སྤེལ་བ་ནི།རང་ཉིད་ལ་ལོ་རྒྱུས་ཀྱི་ཤེས་བྱ་དང་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་ཞན་པའི་རང་རྟགས་སོ།།
གཤམ་དུ་རྒྱལ་སྤྱིའི་ལོ་རྒྱུས་དཔྱད་རྗོད་པ་དང་སྲིད་དོན་རིག་པ་བ་ཚོས་བསྟན་སྲུང་དྭངས་བླང་དམག་མིའི་སྐོར་ལ་བྲིས་པའི་དཔེ་དེབ་འགའ་ངོ་སྤྲོད་བྱེད་ཆོག།གལ་ཏེ་ཁྱོད་ཀྱིས་དཔེ་དེབ་འདི་དག་ཚང་མ་བཀླགས་ཟིན་རྗེས་གཞི་ནས་ཁྱོད་ལ་དཔྱད་གཏམ་སྤེལ་བའི་ཚད་གཞི་དང་དབང་ཚད་ཡོད་པ་ཡིན།དེ་མིན་ཁྲོན་པའི་ནང་གི་སྦལ་བ་བཞིན་གཏོང་གཏམ་མ་འཐེན་རོགས།
1, Shambhala-The Secret Path Of The Warrior, By Teungpa
2, The Snow Lion And The Dragon, By M. C. Goldstein
3, Tibet; Survival In Question, By Pier Antoine Donnet
4, Tibet And Its History, By B.Richardson
5 , Resistance In Tibet, by Robert Barnett
6, Blood On The Lotus, By Lincoln Hall
7, Water Touching Stone,By Eliot Pattison
8, Buddha’s Warrior ,
9, In Exile from The Land Of Snow, By J. F. Avedon
10, Tibet -A Victim Of Geopolitics, By Dibyesh Anand
མ་མཐའ་ཡང་བོད་ཡིག་ཐོག་ཡོད་པའི་ཆུ་བཞི་སྒང་དྲུག་སྐོར་གྱི་ལོ་རྒྱུས་རྣམས་གཞིར་བཞག་ཐོག ཕྱི་ལོག་གི་ཤེས་ཡོན་པ་ཚོས་ཆུ་བཞི་སྒང་དྲུག་ལ་འཛིན་པའི་སྐོར་སྤྱི་ཁོག་ཙམ་ཤེས་རྗེས།གཞི་ནས་རྣམ་དཔྱོད་ཀྱི་ངག་སྒོ་ཡངས་བོར་ཕྱེ་ཤིག་དང་དྲ་གྲོགས་ཚོ།
༡༧༽ Renpo choe ལགས། མགྲོན་གཉེར་ཕ་ལྷ་བར་བཅའ་འདྲི་ཞུས་པའི་དེབ་དེ་བལྟས་མྱོང་བ་མ་ཟད་ཞིབ་ཚའི་ལུགས་སུ་བྱས་ནས་བལྟས་པ་ཡིན། ཁོང་བསྟན་སྲུང་དྭང་བླང་དམག་ལ་ལྟ་སྟངས་མ་འདྲ་བ་ཞིག་ཡོད་ཐག་གཅོད་རེད། དེ་ནི་བཙན་བྱོལ་དུ་འབྱོར་རྗེས་ཁོང་ཚོས་བྱས་པ་ཡང་ཡང་བསྒྲགས་ནས་གོ་སྐབས་ཚང་མ་ལེན་འདོད་ཀྱིས་ཡིན་པ་བསམ་གྱི་མེད། བཙན་བྱོལ་དུ་འབྱོར་རྗེས་སྐུ་དྲག་ཚོར་རིག་གནས་གསར་བརྗེ་ཆུང་ཆུང་ཚུགས་པའི་བྱེད་གཏེ་ལྷ་སྲས་རྒྱལ་ལོ་ལ་ངེས་འཛིན་དང་། སྐབས་དེ་ཆུ་སྒང་ཟེར་ན་རྒྱལ་ལོ་ཟེར་ན་ངོ་བོ་གཅིག་པའི་བཟོ་འདྲ་བོ་ཆགས་སྡོད་ཡོད་ཙང་། ཆུ་སྒང་ལ་བྱས་རྗེས་ཇི་ཙམ་ཡོད་པ་དེ་རྒྱལ་ལོའི་བྱས་རྗེས་སུ་འགྱུར་རྒྱུར་དོགས་ནས། ཆུ་སྒང་ཐོག་འབྲེལ་བརྗོད་དེ་རིགས་གནང་བ་ཞིག་ཡིན་པ་འདྲ། བོད་ཆགས་འཇིགས་ཀྱི་སྐབས་རང་སྲོག་བློས་བཏང་གིས་རྒྱ་ལ་ཁ་གཏོད་འཇལ་མཁན་ཟུར་ཁང་དབང་ཆེན་དགེ་ལེགས་དང་། གཡུ་ཐོག་བཀྲ་ཤིས་དོན་གྲུབ་གཉིས་སྤྱི་ལོ་ ༡༩༦༢ ལོར་བོད་མི་དམངས་ཀྱི་གྲས་ནས་རྒྱང་འབུད་གཏོང་རྒྱུ་རདོར་གླིང་ཚགས་པར་ཐོག་བཀོད་པ་དང་། དེ་རྗེས་མི་རིང་བར་བོད་ཅགས་འཇིགས་ཀྱི་རང་ཉིོད་ཁོ་ནས་འགན་བླངས་ནས་ཨ་རིའི་གསང་ལས་དང་འབྲེལ་བ་བཙུགས་མཁན་ཕ་ལྷ་མགྲོན་ཡང་བཞུགས་བཟོད་མ་བདེ་བར་བྱས་པས་ཏེ་ཝན་འགྲོ་དགོས་བྱུང་བ་དང་།་དེ་ལ་ཁག་བཀྲི་ནས་ཧ་ལམ་ཐེ་ཝན་ཕོགས་ཟོན་པ་ཡིན་པའི་དོགས་གཞི་བསླངས་ནས་སྤྱི་ཚོགས་ནང་མིང་ཆད་བཟོས་པ་སོགས་ཀྱིས་ཐུགས་ནད་མ་བཟོད་པར། ཚིགས་པ་གཡག་ལ་ཟ། འགྲམ་ལྕགས་རྟ་ལ་བྱུགས་པའི་དཔེ་ལྟཡར་སོང་བ་རེད་སྙམ། སྐུ་མདུན་སྲུང་སྐྱོབ་ཀྱི་སྐོར་དེ་ཨ་ཐར་དང་བློ་ཚེ། དབྲ་ཕྲུག་ངག་དབང་གསུམ་གའི་མི་ཚེ་ལོ་རྒྱུས་ཡོད་པར་གཟིགས་ན་གསལ་པོ་ཆགས་ཀྱི་རེད། ཀྱོུ་ཀྱིས་གསུངས་པ་ལྟར་དྭང་བླང་དམག་འདི་ཁམས་པས་ཁམས་པ་ཁོ་ནའི་མགོ་ལ་ཚུར་བསྐོན། བསྐོན་ནས་ཀྱང་ལྟོས་མེད་ཀྱི་བྱེད་ཕྱོགས་དག་གི་དབང་དུ་སོང་ན་མི་འགྲིགས་པར་སྙམ་སྟེ། སྐབས་དེར་ཨ་རི་གསང་ལས་ཐད་ཀར་འབྲེལ་བ་གནང་མཁན་ལྷ་སྲས་རྒྱལ་ལོ་དང་། བོད་གཞུང་གི་མིང་ཁྱེར་ནས་གསང་བའི་ཐོག་ཁག་ཐེག་གནང་མཁན་ཕ་ལྷ་མགྲོན་གཉེར། དྲག་པའི་འཇབ་དམག་གི་མགོ་གཙོ་ཨ་འབྲུག་ཚང་གསུམ་ཀའི་དཔུང་པ་གཅིག་ཏུ་སྒྲིལ་བ་ལས་བྱུང་བ་ཞིག་ལ་ངེས་འཛྀན་མི་བྱེད་མཐུ་མེད་རེད་སྙམ། ཉིད་ཀྱིས། ད་ལྟའི་ཆུ་བཞི་སྒང་དྲུག་ཟེར་བ་དག་གིས་ལོ་རྒྱུས་ཀྱི་བརྒྱུད་རིམ་མ་དེད་པར་འཁྱོག་ལམ་དུ་ཕྱིན་ཚར་བ་ནི་གཡོལ་ཐབས་མེད་པ་ཞིག་རེད། ང་ཚོས་དེའི་བྱུང་རབས་ལ་མནོ་བསམ་མཐིལ་ཕྱིན་པ་ཞིག་བཏང་ནས། མི་རབས་གསར་བ་ཚོར་དེ་ངོས་འཛིན་གནང་སྟངས་མ་ནོར་བ་ཞིག་སྤྲོད་དགོས་ས་མ་རེད་དམ།་ཞེས་གསུངས་པ་ནི། གནད་ལ་འཁེལ་བའི་དགོངས་འཆར་ཞིག་རེད། དེའི་ཆེད་དུ་ང་རང་གིས་ཀྱང་དྲང་པོའི་ཐོག་ནས་དཀའ་ལས་ངེས་ཅན་ཞིག་བརྒྱབ་ཁུལ་བྱས་པ་ཡིན་ལ། ད་དུང་ཡང་ང་ཚོས་དོ་སྣང་བྱེད་ས་ཁག་གཅིག་སྟེ།་སྐབས་དེར་ཆུ་སྒང་དང་དངོས་སུ་འབྲེལ་བ་ཡོད་པའི་ཨ་རི་གསང་ལས་པ་ཚོས་བྲིས་པའི་དེབ་དང་དེ་དག་ལ་ཁུངས་སུ་བཅོལ་བའི་དེབ་དུ་མ་ཡོད་པ་དེ་དག་ལ་གཟིགས་ནས་དངོས་བྱུང་བདེན་བརྗོད་ཀྱི་ལམ་ནས་ཁ་གསལ་གོ་བདེར་འབྲི་རྒྱུ་དེ་རང་རེད་དྲན་གྱི་ཡོད།
ཤར་ཕྱོགས་ཁུག་རྟས་བྱང་རྒྱུད་ནགས་ཀླུང་ནས།།
སྙན་པའི་རྒྱངས་གླུ་ཀ་ཤིའི་གྲོང་འདབས་ནས།།
རྣ་བའི་ནགས་ཀླུང་རྩེན་པས་བདག་གི་ཡིད།།
སྤྲོ་བ་བརྟས་པའི་དཔྱིད་ཀྱི་ལང་ཚོར་འཁུ།།
སྦྲ་རིགས་ཐོགས་མེད་ཀྱིས་བྲིས་པའི་དེབ་ཐོ་དེ་དག་ལས་མང་ཆེ་བ་ལ་ཞིབ་འཇུག་བྱས་པ་ཡིན། ཁ་ཤས་ནི་རྒྱུས་མེད་རྒྱུས་གཏམ་རང་བྲིས་པའང་འདུག་ལ། མང་ཆེ་བ་ནི་དྤཡད་གཞིར་རུང་ཞིང་འགའ་ཞིག་གཞིར་བཅོལ་ས་བྱེད་ཆོག་པའང་། གཙོ་ཆེ་ཤོས་དེ་མེ་ཏོག་པདྨོའི་མིག་ཆུ་དང་། གསང་བའི་འཇབ་དམག་གི་ལོ་རྒྱུས་གཉིས་རེད། དེ་དག་ནི་སྐབས་དེའི་ཨ་རིའི་གསང་པ་དངོས་ཀྱིས་བྲིས་པ་ཡིན་པས་ཤིན་ཏུའང་ཁུངས་བཙན།
༡, Shambhala-The Secret Path Of The Warrior, By Teungpa
2, The Snow Lion And The Dragon, By M. C. Goldstein
3, Tibet; Survival In Question, By Pier Antoine Donnet
4, Tibet And Its History, By B.Richardson
5 , Resistance In Tibet, by Robert Barnett
6, Blood On The Lotus, By Lincoln Hall
7, Water Touching Stone,By Eliot Pattison
8, Buddha’s Warrior ,
9, In Exile from The Land Of Snow, By J. F. Avedon
10, Tibet -A Victim Of Geopolitics, By Dibyesh Anand
དྲ་གྲོགས་ཚོ། དེ་རིང་འདིར་གློ་ཡུལ་གྱི་སྐོར་མཐོང་དུས་ང་རང་ཆུང་དུས་ཨ་མས་གསུངས་པའི་དུམ་བུའི་ལེའུ་ཞིག་བྲིས་འདོད་སྐྱེས། མ་གཞི་གློ་ཡུལ་གྱི་དངས་བླངས་བརྟན་སྲུང་དམག་ལ་སྔགས་བརྗོད་དང་དགའ་བསུ་ཞུ་འདོད་ཡང་བློ་ཕམ་པའི་གནས་ཚུལ་ཞིག་ལ་༡༩༦༠ ནང་ང་རང་གི་སྡེ་བའི་ནང་དངས་བླངས་དམག་སླེབས་སྟེ་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་དེ་ལས་བརྒལ་ཏེ་སེར་དངུལ་རྒྱན་ཆའི་རིགས་འཕྲོག་བཅོམ་དང་ བུད་མེད་ལ་བརྩན་གཡེམ་ ཐ་ན་མི་སེར་གྱི་འཚོ་རྟེན་འབྲུ་རིགས་ཡན་འཕྲོག་སྟེ་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་མྱངས་འདུག་ དེ་ནི་རྒྱ་དམར་གྱི་བྱ་སྤྱོད་ལས་ཀྱང་རྩུབ་པར་སྣང་ གུས་པས་ཨ་མྱེས་རྨ་ཆེན་གྱིས་བཏོན་པའི་བརྩན་རྒྱོལ་རྒྱལ་སྐྱོབ་ཞེས་པའི་དེབ་ཕྲེང་ཁ་ཤས་ཀློག་མྱོང་ ཡིན་ཡང་དེ་ཚོའི་ནང་དངས་བླངས་དམག་གི་འཇོན་རབས་དང་ གཟི་བརྗིད་ཀྱི་མཚན་སྙན་བཀོད་པ་ལས་ མི་དམངས་ལ་ཚ་འདེད་སྐུལ་བའི་རིགས་མཟོངས་རྒྱུ་མིན་འདུག་ དེ་ནི་དྲང་བདེན་གྱི་དེབ་ཕྲེང་ཞིག་ངའི་མིག་ལམ་དུ་མ་འཆར་ གློ་ཡུལ་གྱི་དངས་བླངས་དམག་ལ་དུས་དེ་ནས་ཞེན་པ་ལོགས་སོང་ལ་དུས་ད་ལྟ་ཡང་མི་དགའ་འོ།།།
དྲ་གྲོགས་ཚོ། དེ་རིང་འདིར་གློ་ཡུལ་གྱི་སྐོར་མཐོང་དུས་ང་རང་ཆུང་དུས་ཨ་མས་གསུངས་པའི་དུམ་བུའི་ལེའུ་ཞིག་བྲིས་འདོད་སྐྱེས། མ་གཞི་གློ་ཡུལ་གྱི་དངས་བླངས་བརྟན་སྲུང་དམག་ལ་སྔགས་བརྗོད་དང་དགའ་བསུ་ཞུ་འདོད་ཡང་བློ་ཕམ་པའི་གནས་ཚུལ་ཞིག་ལ་༡༩༦༠ ནང་ང་རང་གི་སྡེ་བའི་ནང་དངས་བླངས་དམག་སླེབས་སྟེ་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་དེ་ལས་བརྒལ་ཏེ་གསེར་དངུལ་རྒྱན་ཆའི་རིགས་འཕྲོག་བཅོམ་དང་ བུད་མེད་ལ་བརྩན་གཡེམ་ ཐ་ན་མི་སེར་གྱི་འཚོ་རྟེན་འབྲུ་རིགས་ཡན་འཕྲོག་སྟེ་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་མྱངས་འདུག་ དེ་ནི་རྒྱ་དམར་གྱི་བྱ་སྤྱོད་ལས་ཀྱང་རྩུབ་པར་སྣང་ གུས་པས་ཨ་མྱེས་རྨ་ཆེན་གྱིས་བཏོན་པའི་བརྩན་རྒྱོལ་རྒྱལ་སྐྱོབ་ཞེས་པའི་དེབ་ཕྲེང་ཁ་ཤས་ཀློག་མྱོང་ ཡིན་ཡང་དེ་ཚོའི་ནང་དངས་བླངས་དམག་གི་འཇོན་རབས་དང་ གཟི་བརྗིད་ཀྱི་མཚན་སྙན་བཀོད་པ་ལས་ མི་དམངས་ལ་ཚ་འདེད་སྐུལ་བའི་རིགས་མཟོངས་རྒྱུ་མིན་འདུག་ དེ་ནི་དྲང་བདེན་གྱི་དེབ་ཕྲེང་ཞིག་ངའི་མིག་ལམ་དུ་མ་འཆར་ གློ་ཡུལ་གྱི་དངས་བླངས་དམག་ལ་དུས་དེ་ནས་ཞེན་པ་ལོགས་སོང་ལ་དུས་ད་ལྟ་ཡང་མི་དགའ་འོ།།།
དྲ་གྲོགས་ཚོ། དེ་རིང་འདིར་གློ་ཡུལ་གྱི་སྐོར་མཐོང་དུས་ང་རང་ཆུང་དུས་ཨ་མས་གསུངས་པའི་དུམ་བུའི་ལེའུ་ཞིག་བྲིས་འདོད་སྐྱེས། མ་གཞི་གློ་ཡུལ་གྱི་དངས་བླངས་བརྟན་སྲུང་དམག་ལ་སྔགས་བརྗོད་དང་དགའ་བསུ་ཞུ་འདོད་ཡང་བློ་ཕམ་པའི་གནས་ཚུལ་ཞིག་ལ་༡༩༦༠ ནང་ང་རང་གི་སྡེ་བའི་ནང་དངས་བླངས་དམག་སླེབས་སྟེ་མི་སེར་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་དེ་ལས་བརྒལ་ཏེ་སེར་དངུལ་རྒྱན་ཆའི་རིགས་འཕྲོག་བཅོམ་དང་ བུད་མེད་ལ་བརྩན་གཡེམ་ ཐ་ན་མི་སེར་གྱི་འཚོ་རྟེན་འབྲུ་རིགས་ཡན་འཕྲོག་སྟེ་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་མྱངས་འདུག་ དེ་ནི་རྒྱ་དམར་གྱི་བྱ་སྤྱོད་ལས་ཀྱང་རྩུབ་པར་སྣང་ གུས་པས་ཨ་མྱེས་རྨ་ཆེན་གྱིས་བཏོན་པའི་བརྩན་རྒྱོལ་རྒྱལ་སྐྱོབ་ཞེས་པའི་དེབ་ཕྲེང་ཁ་ཤས་ཀློག་མྱོང་ ཡིན་ཡང་དེ་ཚོའི་ནང་དངས་བླངས་དམག་གི་འཇོན་རབས་དང་ གཟི་བརྗིད་ཀྱི་མཚན་སྙན་བཀོད་པ་ལས་ མི་དམངས་ལ་ཚ་འདེད་སྐུུལ་བའི་རིགས་མཟོངས་རྱུ་མིམིན་འདུག་ དེ་ནི་དྲང་བདེན་གྱི་དེབ་ཕྲེང་ཞིག་ངའི་མིག་ལམ་དུ་མ་འཆར་ གློ་ཡུལ་གྱི་དངས་བླངས་དམག་ལ་དུས་དེ་ནས་ཞེན་པ་ལོགས་སོང་ལ་དུས་ད་ལྟ་ཡང་མི་དགའ་འོ།།།
དགེ་བཤེས་བེར་འཇིགས་ལགས་ཀྱིས་རྒྱ་ལ་ཁ་གཏོད་འཇལ་མཁན་ཟུར་ཁང་དབང་ཆེན་དགེ་ལེགས་དང་། གཡུ་ཐོག་བཀྲ་ཤིས་དོན་གྲུབ་གཉིས་སྤྱི་ལོ་ ༡༩༦༢ ལོར་བོད་མི་དམངས་ཀྱི་གྲས་ནས་རྒྱང་འབུད་གཏོང་རྒྱུ་རདོར་གླིང་ཚགས་པར་ཐོག་བཀོད་པ་དང་། དེ་རྗེས་མི་རིང་བར་བོད་ཅགས་འཇིགས་ཀྱི་རང་ཉིོད་ཁོ་ནས་འགན་བླངས་ནས་ཨ་རིའི་གསང་ལས་དང་འབྲེལ་བ་བཙུགས་མཁན་ཕ་ལྷ་མགྲོན་ཡང་བཞུགས་བཟོད་མ་བདེ་བར་བྱས་པས་ཏེ་ཐཻ་ཝན་ལ་འགྲོ་དགོས་བྱུང་བ་ཞེས་གསུངས་པ་ནི་དོན་དངོས་རེད་སྙམ་གྱི་འདུག
དངོས་གནས་རེད་དེར་རྒྱབ་སྐྱོར་དང་ཡི་རངས་ཡོད།
ད་ཆུ་བཞི་སྒང་དྲུག་གི་ལེའུ་དེ་གཡུག་ཞོག ཆུ་བཞི་སྒང་དྲུག་ཟེར་ན། ཕྱི་བཀྲ་མ་ཤིས། ནང་བཀྲ་མ་ཤིས། མགོ་བཀྲ་ཤིས། བར་དུ་བཀྲ་མ་ཤིས། ཐ་མ་བཀྲ་མ་ཤིས་པའི་ལོ་རྒྱུས་མང་དུ་བཤད་རྒྱུ་ཡོད་པ་རེད། རོབ་ཙམ་ཞིག་མ་བཤད་ན་མ་འགྲིགས་པའི་བཟོ་འདྲ་བོ་འདུག
མགོ་བཀྲ་མ་ཤིས་པ་ནི། དང་པོ་རལ་གྲིའི་སོ་ཁ་བསྣོལ་མ་དེ་ལས་རྟགས་སུ་གཏན་འཁེལ་བ་ནས་བཟུང་། ཆོལ་ཁ་ནང་ཚགས་སུ་དམར་གསོད་གཏོང་བ། རྐུ་འཕྲོག་བྱེད་པ། བུད་མེད་ལ་བཙན་ཚུགས། བཙན་པོ་དབང་ཡོད་ཀྱི་ལོ་རྒྱུས་ཤིག་དང་ཁ་འབྲལ་མྱོང་ཡོད་མ་རེད་ལགས།
བར་དུ་བཀྲ་མ་ཤིས་པ་ནི། བསྟན་སྲུང་དང་བོད་ཁ་བ་ཅན་ཁ་ལ་ཁྱེར། མི་མང་གི་ལག་ནས་རྟ་ཁྲལ། དམག་ཁྲལ། འབྲུ་ཁྲལ་བཙན་བསྡུ་བྱས། སྟེར་མཁན་གྱི་ལག་ནས་བླངས། མ་སྟེར་མཁན་གྱི་ལག་ནས་འཕྲོག གཞུང་ཟེར་ནའང་བློ་དྭོགས་སྐྱེ་དགོས་པ་ཞིག་དང་མི་མང་ཟེར་ནའང་དངངས་སྐྲག་སྐྱེ་དགོས་པ་ཞིག་བྱུང་པ་རེད། མཇུག་ཏུ། བསྟན་སྲུང་ཟེར་བ་ངོ་སོ་བསྟོད། མི་དམངས་བྱིས་པ་དམར་འབྱར་ལྟ་བུ་རྣམས་ཐང་སྟོང་དུ་གཡུགས་ཏེ། སྔ་བ་གསུམ་གྱི་སྔོན་མ་བྱས་ནས་ཁྱི་རྐུན་གྱི་རྔ་མ་བཅད་པ་བཞིན། རྒྱ་གར་ལ་བྲོས་ཕྱིན་ཏེ་ལོ་རྒྱུས་ཀྱི་རྗེས་ཤུལ་ངན་པ་སྐྱག་དྲི་ཁ་བ་ཞིག་བོད་ནས་རྒྱ་གར་དུ་འཐེན་པ་རེད།
ཐ་མར་བཀྲ་མ་ཤིས་པ་ནི། གློ་ཆུ་མིག་བརྒྱ་རྩ་ནས། ནང་ཁུལ་ལ་དམར་གསོད་གཏོང་རེས། ས་དེའི་མི་དམངས་ལ་བཙན་དབང་ཡི་མུག་པ། མཐར་རལ་གྲིའི་སོ་ཁ་ནང་ལ་བསྐོར་རེས་བྱས་ཏེ་རྩ་འཐོར་བྱུང་བ་རེད། རྩ་འཐོར་བྱུང་བ་ཡིན་ན་དགའ་ཡང་དེ་ལྟར་རྩ་འཐོར་རྦད་དེ་བྱུང་བའང་མ་ཡིན་པར། ཆུ་བཞི་སྒང་དྲུག་ཟེར་བའི་མིང་ཙམ་ལྷག་པར་གྱུར་ནས་ད་ལྟ་བར་བཀྲ་མ་ཤིས་པ་ལ་མཚམས་ཆད་མྱོང་ཡོད་མ་རེད། དང་པོར་ནང་ཁུལ་ཕྱོགས་གཉིས་སུ་གྱེས་པ། གུར་སེར་པོའི་རྙོག་དྲ། ཚོགས་པ་བཅུ་གསུམ་ཟེར་བ། ཀོང་པོའི་སྐོར་གྱི་རྙོག་དྲ། ཀུན་བཟང་བླ་མའི་རྙོག་དྲ། ཐའེ་ཝན་དང་མཉམ་ཆིངས་ཡིག་བཞག་པའི་རྙོག་དྲ། ཆུ་སྒང་གསར་རྙིང་གཉིས་སུ་གྱེས་པའི་ཐན་ལྟས། ད་ལྟའང་སྤྱི་འཐུས་གྲོས་ཚོགས་ནམ་འཚོགས་ལ། ཆུ་སྒང་གི་མི་སྣ་དང་འབྲེལ་ནས་ནང་བཀྲ་མི་ཤིས་པའི་རྩོད་རྙོག་བྱུང་དང་འབྱུང་བཞིན་པ་དེ་ཚོ་མཐོང་ན། ཤ་དང་རུས་པའི་གསེང་ལ་ཟུག་གཟེར་ལངས་ཀྱིས།
ཆུ་སྒང་ཕྱོགས་ལ་བསམ་བློ་རེ་འཁོར་སྐབས། རྣམ་རྟོག་དགུ་རྩེགས་ཤིག་སེམས་ལ་འཁོར་ཡོང་གི་འདུག ན་ནིང་ཞིག་ལ་ཆུ་སྒང་གི་ཚོགས་འདུའི་པར་ཅིག་མཐོང་སོང་། རལ་གྲི་བསྣོལ་མའི་ལས་རྟགས་དེའི་དཀྱིལ་ཏག་ཏག་ལ་གྲྭ་པ་ང་རྒྱལ་ཚ་བོ་ཞིག་གིས་ཁོང་ཁྲོ་ཞིག་དང་བཅས་གཏམ་བཤད་གཏོང་གི་འདུག ཆུ་སྒང་གི་ཚོགས་གཙོ་རེད་ཟེར། གཡུང་དྲུང་ཅིག་ཅིག་ཉིག་ཉིག་ཟེར། དགེ་བཤེས་དམག་དཔོན་བྱེད་པའི་དུས་ཟེར་བ་དེ། འདི་ཡིན་པ་འདྲ་བསམས། སེམས་ལ་རྣམ་རྟོག་ཟ་སོང་།
ཆུ་བཞི་སྒང་དྲུག་ཟེར་བ་འདིར་བསྟོད་པ་བྱེད་མཁན་གྱི་སྐྱེས་ཆེན་དམ་པ་ག་ཚོད་ཅིག་ཡོད་མེད་ཀྱང་འཚོལ་ཞིབ་གང་འཚམས་བྱས་པ་ཡིན། ས་དགེ་བཀའ་རྙིང་བོན་དང་བཅས་པའི་བླ་སྤྲུལ་དང་མཁས་པ་སུ་ཞིག་ནས་བསྔགས་བརྗོད་གནང་ཡོད་པ་ཞིག་མོ་གཤམ་གྱི་བུ་ཡི་དོ་ཟླར་གྱུར། ད་ཡིན་ན། མི་གསོད་ཁྲག་སྦྱོར་དང་། གཡོ་སྒྱུ་ཁྲམ་གསུམ། སྤྱི་ཚོགས་དབྱེན་དཀྲུག་དེ་ཆེད་ལས་ཡིན་པའི་དམག་ཚོགས་སམ་ཇག་ཚོགས་འདིའི་ལོ་རྒྱུས། གཟན་དམར་གྱོན་པའི་གྲྭ་པ་བེ་རུ་ག་རེ་ཡིན་ན་ཅིག་གིས་བྲིས་ཡོང་གི་འདུག་པས་ལྷག་ཏུའང་རྣམ་རྟོག་ཟ་སོང་། བདག་ཅག་རྣམ་འདྲེན་ཐུབ་པའི་དབང་བོའི་རྣམ་ཐར་འབྲི་རྒྱུ་མེད་པར། དགེ་སློང་ཞིག་ནས་ཇག་རྐུན་གྱི་ལོ་རྒྱུས་བྲིས་པ་དེ། དགེ་སློང་བ་དང་གྲྭ་པའི་ཞབས་འདྲེན་རེད། ད་དུང་མི་གསོན་པོའི་གཟུགས་པོ་སྦོམ་གྱིས་གཏོར་བ་ལ་བསྔགས་བརྗོད་གཏོང་གི་མི་འདུག་གམ།
ཤ་ཚ་ལྷག་བསམ་གྱི་ངང་ནས་མཚང་ལ་རྒོལ་ན་ཚོགས་པ་ལ་ཡར་སྐྱེད་རེ་ཨེ་ཡོད་བསམས་པ་དང་། དགེ་སློང་དམག་དཔོན་གྱི་ཁ་འཛིན་འདི་ཚོས་ཀྱང་བསྟན་པ་ལ་རྨ་མི་བཏོད་པའི་ཆེད་དུ། ཀུན་སློང་གང་ཡག་ཡག་ཅིག་བཟུང་བའི་ཁུལ་ཡིན་ཡང་། སྙིགས་དུས་ཀྱི་མི་བུ་འདི་ཚོ་ལ་ཡིད་རྟོན་ཞེ་དྲག་ཨེ་ཡོད་མི་ཤེས།
བཀྲ་མི་ཤིས་པ་རྣམས་བཀྲ་ཤིས་པར་གྱུར་ཅིག དགེ་སློང་རྣམས་དམག་དཔུང་ནང་ནས་གྲྭ་ས་ལ་ཕེབས་པར་གྱུར་ཅིག
བེ་རི་ལགས། འགག་རྩར་ཐུག་དུས་སྐད་ཆ་དྲང་མོ་གསུངས་བར་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། མགྲོན་གཉེར་ཆེན་མོས་རྒྱ་གཞུང་ལ་ཞུས་གསལ་ལྟར། མདོ་ཁམས་སྟོད་སྨད་ཀྱི་ཇག་པའི་གནས་སྐབས་སུ་ཆུ་སྒང་ཞེས་པའི་མིང་འདི་དོན་མཐུན་དུ་འདུག་ལ། དེ་ནས་ལྷོ་ཁ་སོགས་སུ་རྒྱ་བསྐྱེད་གནང་དབང་གིས་བསྟན་སྲུང་དྭང་བླངས་དམག་ཞེས་ཁྱབ་རྒྱ་དང་སྒྲིག་འཛུགས་ཀྱི་རིམ་པས་ཕལ་ཆེར་བོད་ཡོངས་སུ་ཁྱབ་པ་ཞིག་མཚོན་གྱི་མེད་འགྲོ་མེད་འགྲོ་བསམ་ལ། མིན། དེང་རྒྱ་འོག་གི་གསེར་རྟ་བཞིན་རྩོད་པའི་ངོ་བོར་འཇོག་རྒྱུར་ངེད་རང་གཏིང་ནས་མོས་མཐུན་མེད་ཀྱང། ཁམས་པས་ཁམས་པ་ཁོ་ནའི་མགོ་ལ་ཚུར་བསྐོན། བསྐོན་ནས་ཀྱང་ཁམས་པ་གཉིས་སུ་གྱེས་པ་ལྟ་བུའམ། དོགས་གཞིའི་དབང་དུ་བྱས་ན་ཐའེ་ཕོགས་ད་དུང་ཡང་རྫོགས་མེད་ཚོད་སོགས་ནི་བོད་སྤྱིའི་རྩ་དོན་ལ་ལྟོས་མེད་རེད། ང་ཁམས་པ་ཞིག་དང་བླ་མིང་ཞིག་ཡོད་པས་གཟུ་བོར་བཤད་ན། དང་དམག་གི་ཆ་ཤས་གཞན་ཚོས་འདི་ལྟའི་ལམ་ཁ་མ་གདམ་པ་ནི་རྩ་དོན་དང་༧སྐུ་མདུན་ལ་བརྩི་བཀུར་བྱས་པ་ལས་གཞན་ཅི་ཡང་མ་རེད་བསམ་གྱིན་འདུག དེའི་རྐྱེན་ཐོག་མར་ང་ཚོས་སྒྲིག་འཛུགས་ཀྱི་མིང་འདིར་ནང་དོན་བྱུང་རབས་དང་མཐུན་པ་ཞིག་མ་ཞུས་ན། དེ་ཡང་ལོ་རྒྱུས་ཀྱི་ནག་ཉེས་གྱོན་འདོད་ཀྱི་སྟ་གོན་ཞིག་རེད།
༢ སྐུ་ཞབས་བེ་རི་ལགས། ཟུར་གཡུ་གཉིས་ཀྱིས་གསར་བརྗེ་ཆུང་ཆུང་དེ་འདོད་མ་འདོད་ནི་ཁ་ཚོན་གཅོད་རྒྱུ་ཉེ་རབས་ལོ་རྒྱུས་ནང་གི་གལ་གནད་ཅན་གྱི་ཞིབ་དཔྱོད་ཞིག་རེད། འདི་ད་བར་སྟོང་ཆའི་ངོ་བོར་གནས་བསྡད་ཡོད། འདིའི་ཐད་སྒྲིག་འཛུགས་འདིས་བྱས་པ་དེ་ཙམ་བཞག་ཡོད་མེད་ངེད་ལ་དོགས་པ་ཡོད། ངས་མཐོང་བའི་ཡིག་ཆ་ལྟར་བྱས་ན། བདེན་པར་འཐམས་འཁྱུད་བྱེད་མཁན་ཆིག་སྒྲིལ་ཚོགས་ཡིན་ཟེར་བ་ནི་བྱུང་རབས་ཆགས་ཟིན་པ་དང། རྒྱ་ལོས་མཐའ་མཚམས་ནས་དྲག་དམག་གི་ལས་དོན་མཇུག་བསྡུ་རྒྱག་རྒྱུ་ནི་༧གོང་ས་མཆོག་དང་བོད་སྤྱིའི་འབྱུང་འགྱུར་ལ་ཕན་རླབས་ངེས་ཅན་ཐོན་འདུག་ལ། ད་ལྟ་ལོ་རྒྱུས་ཀྱིས་གསལ་བཤད་ཞུས་ཟིན་པ་ལྟ་བུ་རེད། གང་ལྟར་ངས་ཤེས་ཚོད་ལྟར་བྱས་ན། སྒྲིག་འཛུགས་འདི་བོད་དང་ཕེབས་ལམ་དག་ཏུ་བྱས་རྗེས་ཅན་ཡིན་རུང། རྒྱ་གར་ཏུ་འབྱོར་བ་ནས་རྒྱ་དམར་ནག་གཉིས་ཀྱི་ནང་དཀྲུག་ལ་མགོ་འཐོམ་ནས་ཡིན་ནམ། རྒྱ་ལོའི་འཛིན་སྐྱོང་གི་རིགས་པའི་གཞུང་ལུགས་རྟོགས་རྒྱུར་རྣམ་དཔྱོད་ཀྱིས་མ་འདང་བས། ནམ་ནམ་ཞར་ཞར་དུ་ང་ཁམས་པ། ང་ཨ་མདོ། ང་དབུས་གཙང་གི་བསམ་ཚོད་ཤུགས་ཆེ་སྒྲིག་འཛུགས་འདིའི་སྟེང་ནས་འབུས་འགོ་ཚུགས་པ་རེད། དེའི་རྗེས་དངོས་སུ་དོན་ཚན་གསུམ་བཞག་པས་ཁམས་པ་གཉིས་སུ་འགྲོ་རྒྱུའི་དབུ་ཚུགས་པ་རེད།
དེ་རིང་དེ་ཙམ་ཡིན། མཇལ་བ་ཁ་ཤས་སླེབས་སོང།
ཡིད་བཞིན་རྒྱལ་བ། ཤ་ཟན་དམར་པོ་ཡིན་ན་འདིས་ཡ་ཡུད་གནག་པོ་བྲིས་འདུག་ད།
ཤ་ཟན་གྱིས་བྲིས་པར་བདེན་དོན་གྱིས་ཕྱུག་འདུག ངས་ཀྱང་དང་པོ་ནས་ས་བཏང་བྲོས་བྱོལ་ནང་དམེའི་རིགས་ལ་དགའ་པོ་རྩ་བས་མེད། བེ་རི་ཞེས་པ་འདིས་སྐབས་དང་དུས་འདི་འདྲ་ཞིག་ལ་ཡང་ཆུ་སྒང་གི་ལོ་རྒྱུས་ཡིན་ཁུལ་གྱིས་འདིར་འདྲ་མིན་བྲིས་ཡོང་བའི་རྒྱབ་ཀྱི་ཀུན་སློང་ཇི་ཡིན་དོགས་པ་ཤིན་ཏུ་ཆེ། ཆུ་སྒང་གི་བྱས་རྗེས་ངོ་མ་ཤེས་འདོད་ན་བོད་ལྷོ་ཁ་ས་གནས་དང་། གློ་ཆུ་མིག་བརྒྱ་རྩ། སྙེ་ཤང་སོགས་ས་སྐྱེས་རྡ་སྐྱེས་ཀྱི་ཡུལ་མི་ལ་དྲིས་དང་ནས་ཤེས་པར་འགྱུར་རོ། །
བེར་འཇིགས་ལགས།
དེབ་དེ་ཚོ་བརླགས་ཟིན་པ་མ་ཟད་ཞིབ་འཇུག་ཀྱང་བྱས་པ་ཡིན་ན་དགའ་བསུ་ཡོད།འོན་ཀྱང་།དེབ་ཐོ་འདི་དག་གི་ནང་དུ་མེ་ཏོག་པདྨའི་མིག་ཆུ་ཞེས་པའི་དེབ་ཅིག་མེད་ལ།གསང་བའི་འཇབ་དམག་གི་ལོ་རྒྱུས་ཞེས་པའི་དེབ་ཅིག་ཀྱང་མེད།
གལ་ཏེ་གོང་དུ་ཁྱེད་ཀྱིས་གསུངས་པ་དག་དབྱིན་ཡིག་ནང་བྲིས་པའི་ཆུ་སྒང་སྐོར་གྱི་དེབ་དེ་འདྲ་ཡིན་ན་གུས་པར་ངོ་སྤྲོད་གནང་རོགས་ཞུ།གུས་པས་ལོ་རྒྱུས་ཀྱི་དེབ་དེ་འདྲ་ཕྱོགས་བསྒྲིགས་བྱེད་བཞིན་ཡོད།