ཀླུ་སྨྱོན།
བཀྲ་ཤིས་བདེ་ལེགས། འདིར་ཤ་མེད་ཟ་མའི་སྐོར་གླེང་གིན་འདུག ཡ་མཚན་རེད། བཀའ་དྲིན་ཆེ། ང་ལྟ་བུ་ཡིན་ན་རྒྱུན་རིང་པོར་ཤ་མ་ཟོས་པ་རེད། ཐོག་མའི་ཟླ་བ་གཅིག་གཉིས་རིང་དཀའ་ལས་འདྲ་ཁག་སོང་མ་གཏོགས། ག་ལེ་ག་ལེར་ཤ་བརྗེད་སོང་ཟིག ཤ་ཉོ་དགོས་པ་དང་ཤ་བཟའ་དགོས་པ་དང་། ཤ་ཡི་བྲོ་བ་ལ་སོགས་པ་རྩ་བ་ཉིད་ནས་སེམས་ནང་མི་དྲན་གི དེ་འདྲ་ཞིག་རེད། དེ་ནི་ཕྱོགས་གཅིག་ནས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་གི་བྱིན་རླབས་རེད། ཕྱོགས་གཅིག་ནས་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ཤིག་བསྒྱུར་བཏང་བ་དེ་འདྲ་ཞིག་རེད། ཤ་མེད་ཟ་མ་ག་ཚོད་ཟོས་པ་དེ་ཙམ་གྱིས་གཟུགས་པོ་འདི་དྭངས་མོའམ་ཡང་མོ་ཞིག སྣང་བ་སྐྱིད་པོ་དང་སེམས་ཁམས་ཞི་བདེ་ཡ་མཚན་པ་དེ་འདྲ་ཞིག་ཆགས་འགྲོ་གིན་འདུག ཟླ་བ་གསུམ་ཙམ་སྟེ་ཉིན་དགུ་བཅུའམ་ཉིན་དྲུག་ཅུའི་རིང་ལྟ་བུར་དཀའ་ལས་རྒྱག་དགོས་ཀྱི་འདུག དེ་འདྲ་ཞིག་ནས་འཚོ་བའི་ནང་ནས་ཤ་ཞེས་པ་དེ་བརྗེད་འགྲོ་གིན་འདུག ཤ་ཞེས་པ་དེ་ཉིན་རེའི་འཚོ་བའི་ནང་ནས་ཕྱིན་ཚར་བ་རེད། དཔེར་ན་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་མི་ཞིག་ལ་མཚོན་ན་རང་གི་མཛའ་བཤེས་ལྟ་བུར་ཁ་བྲལ་ན་དཀའ་ལས་ཡོད་ཀྱང་། རིམ་བཞིན་མི་དེ་དང་རང་ཉིད་བར་གྱི་དགའ་སྐྱོ་ཆགས་སྡང་གི་དོན་དག་ག་འདྲ་ཞིག་ཡིན་ཡང་བརྗེད་འགྲོ་བ་ལྟ་བུ་ཞིག་རེད། དེ་བཞིན་ཤ་ཞེས་པ་དེ་ཡང་དུས་ཚོད་ངེས་ཅན་ཞིག་ལ་མ་ཟོས་ན་ག་ལེར་བརྗེད་འགྲོ་བ་ཞིག་རེད་འདུག དེའི་ཕྱིར་ཁྱེད་རྣམ་པས་ཀྱང་ཚོད་ལྟ་རེ་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་བཞིན་རྒན་སྨར་ཆུས་གསུངས་པ་བཞིན་རྒྱ་གར་རིག་གཞུང་ནང་དུ་རྒྱ་གར་ཤར་ལྷོ་དབུས་ཁུལ་བཅས་ཚ་བའི་ས་ཆ་ཡིན་པས། སྔོ་ཚལ་གྱི་རིགས་མང་པོ་ཞིག་སྐྱེ་ཐུབ་ཀི་ཡོད་པ་དང་། ལྷག་པར་དུ་འབྲས་དང་ལྡ་ལི་ཞེས་པ་དེ་གཉིས་ཟ་མ་ཧ་ཅང་གལ་ཆེན་ཞིག་རེད། ལྡ་ལི་ཞེས་པ་དེ་ང་ཚོའི་ཕ་ཡུལ་གྱི་སྲན་མ་ལྟ་བུ་ཞིག་རེད། ལོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་གྱི་ཟ་མ་ལྟེ་བ་དེ་འབྲས་དང་སྲན་མ་གཉིས་རེད། ལྡ་ལི་ཞེས་པའི་སྲན་མ་དེ་བཟའ་སྟངས་ང་ཚོའི་ཕ་ཡུལ་ལྟ་བུ་མ་ཡིན་པར། སྲན་མ་དེ་ཆུའི་ནང་བཙོས་ནས་འབྲས་ཀྱི་ནང་བླུགས་ཏེ་མི་མང་ཆེ་བས་ལག་པ་གཡས་པའི་སོར་མོ་ལྔ་བོ་ཁེམ་བུའམ་ཐུར་མའི་ཚབ་བྱས་ཏེ་བཟའ་བ་ཞིག་རེད་ལ། བཟའ་སྡེར་མང་ཤོས་ལི་ལྡེར་ཆེན་པོ་ནང་དུ་གཤོང་རིམ་ཁ་ཤས་ཡོད་པ། གཤོང་རིམ་ཆེ་བ་དེའི་ནང་འབྲས་བླུགས། གཤོང་རིམ་གཞན་དག་ནང་ཚལ་རིགས་ཁ་ཤས་བླུགས། ལྡ་ལི་འབྲས་ཀྱི་སྟེང་ངམ་ལི་ཕོར་ཆུང་ཆུང་ཞིག་གི་ནང་བླུགས་ཏེ་བཟའ་སྲོལ་འདུག རྒྱ་གར་ས་ཆ་གང་ཞིག་ཡིན་ཡང་ཚལ་རིགས་སྣ་མང་མེད་ཀྱང་འབྲས་དང་སྲན་ཆུ་དེ་མེད་ས་ཞིག་ཡོད་རྒྱུ་མ་རེད་ལ། ཟ་མ་དེ་གཉིས་ཡོད་ན་འགྲིག་སོང་བ་རེད། བོད་ཀྱི་ཟ་མའི་ལྟེ་བ་མར་ཆུར་རྩམ་གསུམ་ཡིན་པ་བཞིན་རྒྱ་གར་གྱི་ཟ་མའི་ལྟེ་བ་དེ་གཉིས་རེད། ལྡ་ལི་ཞེས་པའི་སྲན་མ་དེར་ཡ་མཚན་གྱི་བཅུད་ཆེན་པོ་ཞིག་ཡོད་པ་རེད། རྒྱ་གར་གྱི་མི་མང་པོ་ཞིག་རྒྱགས་རིལ་རིལ་འདྲ་ཡོང་བ་དེ་གཙོ་བོ་སྲན་མ་དེའི་ནུས་པས་ཡིན་པ་འདྲ། དེ་བཞིན་འབྲས་ལ་ཡང་བཅུད་ཁྱད་པར་བ་ཞིག་ཡོད་པ་རེད། དེ་བཞིན་རྒྱ་གར་ས་ཆ་མང་ཤོས་ཚ་བའི་ལུང་པ་ཡིན་པས་བོད་བཞིན་དུ་འཁུམས་ནས་སྡོད་མི་དགོས་པས། རང་བཞིན་གྱིས་མིའི་ཤ་པགས་རུས་གསུམ་ལྷུག་པོར་གནས་ཐུབ་པ་རེད།
གཞི་རྩའི་ཆ་ནས་རྒྱ་གར་ལུང་པ་དེ་ཤ་མེད་ཟ་མ་བཟའ་བའི་ལུང་པ་ཞིག་ཡིན་པ་དེ་ཆོས་ལུགས་ཀྱི་ཤུགས་རྐྱེན་མ་རེད་བསམ་བཞིན་ཡོད། གཙོ་བོ་ཡུལ་སྲོལ་གྱི་ཟ་མ་གཙོ་རྒྱུགས་དེ་གང་ཡིན་པའི་རྒྱུ་མཚན་རེད་འདོད། རྒྱ་གར་དང་བལ་བོའི་ཧིན་དུའི་ཆོས་ལུགས་ནང་དུ་སེམས་ཅན་གསོད་པའི་དམར་མཆོད་དེ་ཤུགས་ཆེན་པོ་ཡོད་པ་རེད། དེ་བས་དུད་འགྲོ་སེམས་ཅན་ལ་སྙིང་རྗེ་སྒོམ་ཞེས་པ་དེ་ཧ་ཅང་ཉུང་ཉུང་ཡིན་རྒྱུ་རེད། ང་ཚོ་ནང་པ་བཞིན་དུད་འགྲོ་སེམས་ཅན་ལ་ཡང་མར་གྱུར་སེམས་ཅན་ཞེས་པའི་འདུ་ཤེས་འཇོག་མཁན་ཧ་ཅང་དཀོན་པོ་རེད། ཧིན་དུའི་རིག་གཞུང་ནང་བ་གླང་ལྷ་རུ་བརྩི་བ་དེ་བ་གླང་ཁོ་ཚོའི་ལྷའི་བཞོན་པ་དང་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་ཉེར་སྤྱད་ཡིན་པས་རེད་མ་གཏོགས། བ་གླང་དེ་ཚོ་སྐྱེ་བ་སྔོན་མའི་ཕ་མ་རེད་ཅེས་པའི་འགྲེལ་བཤད་དེ་རྒྱག་མཁན་ཧ་ཅང་དཀོན་པོ་རེད། དེའི་ཕྱིར་ཧིན་དུའི་ཆོས་ལུགས་རང་གི་སྟེང་ནས་བོད་ཀྱི་ཐེག་པ་ཆེན་པོའི་ཆོས་ལུགས་ནང་བཞིན་མར་གྱུར་སེམས་ཅན་ཐམས་ཅད་ཅེས་པའི་འདུ་ཤེས་དེ་དུད་འགྲོ་སྲོག་ཆགས་ལ་འཇོག་གི་མ་རེད། ཡིན་ཡང་དུད་འགྲོ་དེ་ཚོ་ཡང་སྲོག་ལྡན་གྱི་སེམས་ཅན་ཞིག་ཡིན་པ་ཁས་ལེན་པ་དང་། དཀོན་མཆོག་གམ་ཚངས་པས་བཟོས་པ་སུས་བཟོས་པའིི་འགྲེལ་བཤད་རྒྱག་ཡོད་མེད་མི་ཤེས་ཏེ། སེམས་ཅན་དེ་ལ་ཚོར་བ་ཡོད་པས་སྡུག་བསྔལ་མ་སྤྲད་ན་ཞེས་པའི་སྙིང་རྗེ་ཞིག་ཡོད་རྒྱུ་རེད། སྐྱེ་བ་སྔ་ཕྱིའི་སྟེང་གི་ཕ་མའི་འདུ་ཤེས་དེ་ཡོད་པ་མ་རེད་ཞུ་རྒྱུ་ཡིན།
དེ་ནས་རྒྱ་གར་གྱི་གན་དིའི་ལོ་རྒྱུས་ནང་ཁོང་གིས་ཐོག་མའི་དུས་སུ་ཁྱིམ་བརྒྱུད་ཀྱི་ཁྲིིམས་ལུགས་ལྟར་ཤ་ཟ་མི་བཟའ་དང་། རྗེས་སུ་གྲོགས་པོ་ཞིག་གིས་བསྐུལ་ཏེ་ར་ཤ་ཟོས་པས་ར་གསོན་པོ་ཁོག་ཏུ་རྒྱུ་བའི་ཚོར་སྣང་འཇིགས་སུ་རུང་བ་ཞིག་སྐྱེས་པས། དུས་དེ་ནས་བཟུང་ཤ་གཏན་སྤོང་བྱས་པའི་སྐོར་བྲིས་ཡོད་པ་རེད། དེ་ལྟར་གཞི་རྩའི་ནང་ནས་ཧིན་དུའི་ཆོས་ལུགས་དེ་འཚེ་བ་མེད་པའི་ཆོས་ལུགས་ཤིག་རེད་དེ། ང་ཚོའི་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལྟ་བུའི་འཚེ་མེད་ཀྱི་ལྟ་གྲུབ་རྒྱུ་མཚན་ཚད་ལྡན་ཡོད་པ་ཞིག་ཡིན་མིན་མི་ཤེས། གཙོ་བོ་ཁོ་རང་ཚོའི་དམར་མཆོད་ཆེན་མོ་དེ་ཚོའི་སྐབས་སུ་མ་ཧེ་དང་ར་ལུག་བྱ་དེ་སོགས་ས་ཡ་དུ་མའི་སྐེ་བཅད་ནས་ལྷ་ཁང་གི་ཕྱི་ནང་ཁྲག་དམར་གྱིས་ཚོས་འགྲོ་བ་ཞིག་ལོ་རྟག་པར་ཡོད་པ་རེད། ཡིན་ཡང་རྒྱ་གར་དང་བལ་བོའི་མི་དམངས་སྤྱི་ཁྱབ་ནས་ཧ་ཅང་འཚེ་བ་མེད་པའི་མི་རིགས་མཆོག་ཏུ་གྱུར་པ་ཞིག་རེད།
—འབྲུག་མོའི་ཇ་མཁར་ཞེས་པའི་སྐད་འཕྲིན་ཚོམས་ལས་བཤུས།
་་་་་་་་་ ང་ལྟ་བུ་ཡིན་ན་རྒྱུན་རིང་པོར་ཤ་མ་ཟོས་པ་རེད། ཐོག་མའི་ཟླ་བ་གཅིག་གཉིས་རིང་དཀའ་ལས་འདྲ་ཁག་སོང་མ་གཏོགས། ག་ལེ་ག་ལེར་ཤ་བརྗེད་སོང་ཟིག ་་་་་་་་་་
་་་་་་་་་་་ དེ་འདྲ་ཞིག་རེད། དེ་ནི་ཕྱོགས་གཅིག་ནས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་གི་བྱིན་རླབས་རེད། ཕྱོགས་གཅིག་ནས་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ཤིག་བསྒྱུར་བཏང་བ་དེ་འདྲ་ཞིག་རེད། ་་་་་་་་
་་་་་་་་ ཟླ་བ་གསུམ་ཙམ་སྟེ་ཉིན་དགུ་བཅུའམ་ཉིན་དྲུག་ཅུའི་རིང་ལྟ་བུར་དཀའ་ལས་རྒྱག་དགོས་ཀྱི་འདུག དེ་འདྲ་ཞིག་ནས་འཚོ་བའི་ནང་ནས་ཤ་ཞེས་པ་དེ་བརྗེད་འགྲོ་གིན་འདུག ་་་་་་་་་་
ཇི་སྐད་དུ།
ཤ་ིན་སྤངས་བར་བྱ་བ་མ་ཡིན་ཡང་། །
དམིགས་ཤ་ཅན་གྱི་ཤ་ནི་ཟ་མི་བྱ། །
ཡང་།
ང་ཆུབ་སེམས་དཔས་ཤ་ལ་ལོངས་སྤྱོད་ཚེ། །
རང་གི་སྤུན་ཉེའི་ཤ་ཁྲག་སྤྱོད་ལ་མོས། །
ངས་ནི། ཤ་མ་ཟ་བར་ཟླ་བ་མང་པོ་བསྡ་ཐུབ་བགྱིད་འདུག ཡང་། སྤྲོད་སྐྱིད་འདྲ་བཏང་དུས་ཟ་ཤོར་བགྱིད། ཆང་མ་མཐུང་བར་ཟླ་བ་མང་པོ་བསྡད་ཁ་བྱེད་བགྱིད་ཡོད། ཡང་། འཐུང་མཁན་སྡིག་གྲོགས་འདྲ་ཐུག་དུས། ཡང་འཐུང་ཤོར་བགྱིད་འདུག
དེ་ན་xxཟ་གི་ཡོད་པས། xx་མེད་མཁན་གྲ་རྒན་འདི་ཚོས་དུས་ནམ་ཡང་ག་པ་ཡིན་ན་རང་གི་རང་བཀྱག་སྐྱག་པས་རྐུབ་བཀྱག
ཤ་གཟན་ཞིག་རྩ་གཟན་དུ་བསྒྱུར་བ་ལས་སླ་བོ་དེ་འདྲ་ཨེ་ཡོད་དམ། དེ་སང་གཅན་གཟན་ཁང་ལ་ཤ་མི་དགོས་ཟེར། བདེན་པ་ཡིན་ནམ། མི་འདིའི་རིགས་ཀྱིས་མི་སྒེར་བ་དང་ཉུང་ཤས་ལས་མི་སྤྱི་བ་དང་མི་མང་ས་ཡ་མང་བོའི་འཚོ་བ་ལ་བསམ་བློ་གཏོང་མི་སྲིད་པ་རེད།
གོང་གི་མཆན་འགོད་པ་་བློ་བཟང་ཟེར་བ་དེ། ཁོ་རང་གིས་བཤད་པ་བཞིན་རང་གིས་རང་བཀྱག་སྐྱག་པས་རྐུབ་བཀྱག་བསྡད་པ་ཞིག་ཏན་ཏན་རེད། ཡང་ན་་སེམས་ཁམས་ཐང་པོ་མེད་པ་ཞིག་རེད། དེ་ཡིན་ན་དམིགས་བསལ་རེད། གཞན་གྱི་སྐད་ཆ་དཀྱུས་མ་ཞིག་གི་ཐོག་ལ་འཚིག་པ་ཧ་ཅང་ཟོས་པའི་ཚིག་ངན་ལབ་ཀྱིན་པར་བལྟས་ན། རྟག་པར་སེམས་ཁམས་འཁྲུགས་བསྡད་པ་ཞིག་ཡིན་ཚོད་རེད། མི་འདི་ཅན་པོར་བདེ་སྐྱིད་ཅེས་པ་ཧ་ཅང་དཀོན་པོ་རེད།
༅༅།། དམར་ཟས་སྤོང་གལ་ཆེ་བའི་གོང་བཀོད་རྩོམ་ཡིག་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་། རྩོམ་པ་པོར་རྗེས་སུ་ཡི་རང་ཡོད། སྤྱིར་ན་དམར་ཟས་སྤོང་ཐུབ་མི་ཐུབ་ཞེས་པ་ནི་རང་ཁྲིམས་སྲུང་ཐུབ་མི་ཐུབ་ལ་རག་ལུས་ཤིང་། ང་རང་ལ་ཆ་བཞག་པ་ཡིན་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མཛད་རྣམ་དབྱིན་སྐད་ཐོག་ཡོད་པ། “Food for Bodhisattvas” བཀླགས་རྗེས་དུས་དེ་ནས་བཟུང་དམར་ཟས་སྤོང་རྒྱུ་ཡིན་པའི་བློ་ཐག་བཅད་དེ་ཟླ་བ་དྲུག་ཙམ་འགྲོ་ཡི་ཡོད། འགོ་སྟོད་དུ་ཏོག་ཙམ་དཀའ་ངལ་བྱུང་ན་ཡང་ད་ཆ་གོམས་གཤིས་ཆགས་ནས་དཀའ་ངལ་རྩ་བ་ནས་མི་འདུག གཞན་ལ་ཡང་དེ་འདྲ་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། དམར་ཟས་སྤོང་རྒྱུ་ནི་སེམས་ཅན་ཚེ་ཐར་བཏང་བ་དང་ཁྱད་མེད་ཅེས་གསུང་རབ་འགའ་རེ་ནང་མཐོང་བྱུང་། དེ་འདྲ་ཡིན་ཙ་ན། ཚང་མས་དམར་ཟས་གང་ཉུང་ཉུང་དང་རབ་ལ་རྩ་བ་ནས་སྤོང་གནང་ཐུབ་ན་རྗེས་སུ་ཡི་རང་ཡོད།