ཡ་མ་ཚེ་རིང་།
དེ་ཡང་། རང་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དུས་རིང་པོར་མ་ཐོགས་པ་ན། ཤེར་ཕྱིན་གྱི་མདོ་སྡེ་རྣམས་ལྷ་དང་ཀླུའི་ཡུལ་དག་ཏུ་གདན་དྲངས་ཤིང་། གོ་ལ་འདིར་ཐེག་དམན་ལ་འཆད་ཉན་གྱི་སྲོལ་དར་ཁྱབ་ཆེན་པོ་སོང་བའི་དབང་གིས། ཐེག་ཆེན་གྱི་སྡེ་སྣོད་ལ་ཐོས་བསམ་སློབ་གཉེར་བྱེད་པའི་དོན་གཉེར་ཅན་རྣམས་ནི་ག་ལེར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་ཏེ། ཐེག་ཆེན་གྱི་བསྟན་པ་ཉམས་དམས་སུ་སོང་བར་བཤད།
ཡང་སྐབས་དེར། ཉན་ཐོས་ཀྱི་དགེ་འདུན་རྣམས་ནི་དབྱར་གྱི་མཚོ་མོ་བཞིན་འཕྱུར་ཞིང་། ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་ཏེ། རིགས་དང་འདུལ་བའི་ཕྱག་བཞེས་སོགས་ཅུང་ཟད་མི་འདྲ་བ་ལ་བརྟེན་ནས་རྩ་བའི་སྡེ་པ་བཞི་རུ་གྱེས་ཤིང་། དེ་དག་ཀྱང་ནང་གསེས་ཀྱི་དབྱེ་བས་སྡེ་པ་བཅོ་བརྒྱད་དུ་ཆད། དེ་ཀུན་གྱིས་སོ་ཐར་གྱི་མདོ་འདོན་པའི་སྐབས་རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་སྣ་ཚོགས་པ་དང་ཡུལ་སྐད་མི་འདྲ་བ་རེ་རེའི་ཐོག་ནས་བཏོན་པས། དོན་ལ་གོ་བ་ལེན་སྟངས་ཀྱང་མི་མཐུན་པ་མང་པོ་བྱུང་སྟེ། དཔལ་ལྡན་ཟླ་བས། « བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན།། » ཞེས་ཇི་སྐད་གསུངས་པའི་དཔེ་ལྟར། བཀྲ་མི་ཤིས་པའི་ལྟས་ངན་པ་ཟེར་ན་འདྲ། བློ་ཕམ་ཡི་ཆད་ཀྱི་གནས་ཚུལ་ཟེར་ན་ཆོག མི་ལོ་ཧྲིལ་པོ་དྲུག་ཅུ་རྩ་གསུམ་རིང་དུ། མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་སྐྱོན་མེད་པ་ནི་འདིའོ།། འདི་ཁོ་ན་མཆོག་གོ། གཞན་གྱི་དེ་ནི་རབ་ཏུ་ངན་ནོ།། ལོག་པ་ཁོ་ནའོ།། ཞེས་སོགས་ཀྱིས་ཕན་ཚུན་ལ་རྩོད་པ་འབའ་ཞིག་བྱས་ཏེ་བསྟན་པ་ཉམས་པའི་ལྟས་སྣ་ཚོགས་བྱུང་སྣང་ངོ་།།
དེར་བརྟེན། ཡ་ང་བའི་སྐྱོ་གར་འདི་ཞི་འཇགས་སུ་གཏང་བར་དགོངས་ནས། རྒྱལ་སྲས་བྱང་སེམས། ཉན་ཐོས་དགྲ་བཅོམ་པ། སོ་སྐྱེའི་པཎྜི་ཏ། གཞན་ཡང་སྡེ་སྣོད་འཛིན་པ་སོགས་ཆིག་ཁྲི་བདུན་སྟོང་གདན་གཅིག་ཏུ་འཛོམས། ཁོང་རྣམ་པས་རྒྱལ་བའི་གསུང་རབ་ཁག་ལ་ཞིབ་གཟིགས་ཀྱིས་བསྟན་པ་ལ་དག་ཐེར་བྱས་པ་ན། སྟབས་ལེཊ་པ་ཞིག་ལ་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ཞིག་རྙེད་སོན་བྱུང་སྟེ། དེ་ཉིད་བདེན་པའི་དཔང་དུ་བཞག ཆོས་མ་ཡིན་པའི་ལྟ་བ་གསར་པ་འགའ་ཞིག་སུན་ཕྱུང་ཞིང་། ཡང་མདོ་དེར། མ་འོངས་པ་ན་ཤཱཀྱའི་ཉན་ཐོས་རྣམས་ནི་སྡེ་པ་བཅོ་བརྒྱད་དུ་མཆེད་ཅིང་། ཐམས་ཅད་ཀྱིས་རང་རང་གི་ལྟ་སྤྱོད་དང་མཐུན་པར་ཉམས་སུ་བླངས་ན་མཐར་ཐུག་བྱང་ཆུབ་སྒྲུབ་པར་ནུས་ལ། འབྲས་བུ་རྣམ་གྲོལ་ཐོབ་པའི་ལམ་ཡང་མ་ཉམས་པར་ཡོད། ཅེས་སོགས་གསུངས་པར་མཐོང་ནས་ཕན་ཚུན་མཐུན་པར་བྱུང་ཞིང་། རྩོད་པ་ཞི་བར་གྱུར་ཏོ་ཞེས་དམ་པ་ཀུན་ཀྱིས་སྨྲས་ཤིང་སྨྲའོ། །
དེ་ལྟ་ན། དེང་གི་དགེ་འདུན་གྱི་འདུས་ཚོགས་ཆེན་པོ་ཡོད་པའི་བོད་ཕྱི་ནང་གི་ཆོས་སྡེ་ཆེན་པོར་རློམ་པ་ཚོས་ཀྱང་། རང་སའི་མཚན་ཉིད་སློབ་གསོའི་རྒྱུན་སྲོལ་དང་། མི་སྒེར་སོ་སོའི་ལུས་ངག་གི་སྤྱོད་ལམ་སྟེ་འགྲེང་འཆག་ཉལ་འདུག་ཚུན་བསྟན་པ་རྒྱས་པའི་གྲོགས་སུ་འགྱུར་གྱི་འདུག་གམ། འོན་ཏེ་གེགས་སུ་འགྱུར་གྱི་ཡོད་ཞིབ་འཇུག་གནང་གལ་ཆེ་བས། དེ་ཡང་གཙོ་བོ་སྤྱི་སྒེར་གྱི་ལས་སུ་བྱ་བ་དེ་དག སངས་རྒྱས་ཀྱི་དགོངས་པ་དང་མཐུན་མིན་ལ་བལྟ་དགོས་ཏེ། སྤྱིར་རྒྱལ་བའི་གསུང་རབ་ཀུན་ལས་བླང་དོར་གྱི་རྣམ་གཞག་སྟོན་པ་ཞུ་མ་དགོས་མོད། ཁྱད་པར་དུ་ཆོས་འདུལ་བ་ལས། རབ་ཏུ་བྱུང་བ་ཚོས་བྱ་མི་རུང་བ་དང་བྱ་དགོས་པ། བྱས་ཀྱང་ཆོག་ལ་མ་བྱས་ཀྱང་རུང་བ་ཅི་ཡིན་སོགས་ཞིབ་ཅིང་ཕྲ་བ་ཟབ་ཅིང་རྒྱས་པ་གསུངས་ཡོད་པས་རྣམ་པ་ཚོས་གཟིགས་རྒྱུ་མི་བསྙེལ་བར་ཞུ།
འོན་ཀྱང་། དེང་སང་གཞིས་ཀྱི་ཆོས་སྡེ་ལ་ལར། རྒྱུན་ལྡན་དུ་སོང་ཞིང་འཆར་ཅན་དུ་གྱུར་པའི་བགྱི་བ་མང་པོ་ཞིག་ནི་འཆད་ཉན་སློབ་གཉེར་གྱི་གེགས་སུ་གྱུར་ཅིང་། ཆོས་འདུལ་བ་ལས་ཕྱི་རོལ་ཏུ་གྱུར་ཡོད་པས། སངས་རྒྱས་འོད་སྲུང་གིས་ཤཱཀྱའི་བསྟན་པ་འཇིག་པའི་ལུང་བསྟན་དང་འབྲེལ་ནས་ཅུང་ཟད་ཞུས་ན།
གཅིག གླང་ཆེན་གྱི་ལུས་སྐར་ཁུང་ལས་ཐོན་ཀྱང་མཇུག་མ་དེ་ལ་ཐོགས་པའི་རྨི་ལྟས་བཞིན། གཙུག་ལག་ཁང་དང་རང་ཉིད་ཀྱི་བཞུགས་ཤག་ཡན་ལ་མི་ཚེ་སྐྱེལ་ས་ཙམ་ཞིག་ཏུ་བལྟས་ནས། ཅ་ལག་ཡོ་བྱད་ཀྱི་དངོས་པོ་མང་པོ་གསོག་འཇོག་དང་སྒྲིག་ཤོམ་འགྲན་བསྡུར་ལ་དབྱིངས་ཞུགས་ཏེ་ཁྱིམ་གྱི་འདུ་ཤེས་སྤོང་མི་ནུས་པ་དང་།
གཉིས། གླང་པོ་ཆེ་ཕལ་བས་སྤོས་ཀྱི་གླང་པོ་གནས་ནས་སྐྲོད་པ་དང་། མི་གཙང་བས་གོས་པའི་སྤྲེའུས་སྤྲེའུ་གཞན་ལ་མི་གཙང་བ་སྐུད་པའི་རྨི་ལྟས་བཞིན་དུ། ཚུལ་ཁྲིམས་གཙང་མ་ཡོད་མེད་མང་པོ་མཉམ་རུབ་ཀྱིས། ཚུལ་ཁྲིམས་དང་ལྡན་ཞིང་། རྣམ་དཔྱོད་ཅན་གྱི་སྐྱེས་བུ་རེ་ཟུང་གིས་བཀའ་མོལ་དང་ལས་སྟངས་མི་འགྲིག་པ་ཅུང་ཟད་ལ་ཁ་མཆུ་ས་ལ་མ་དར་བ་རེ་བརྒྱབ་སྟེ་གནས་དབྱུང་བཏང་། འདི་ནི་དགེ་འདུན་དབྱེ་བའི་དགག་བྱ་ཡོད་ན། ཆད་པའི་རྒྱུ་ལ་གནས་ཀྱང་སྡེ་སྣོད་འཛིན་པའི་སྐྱེས་བུ་རྣམས་གནས་ནས་དབྱུང་མི་ཆོག་པའི་དམ་ཆོས་འདུལ་བའི་དགོངས་དོན་ལས་ཀྱང་རིང་དུ་བུད་སོང་བ་མིན་ནམ། གལ་ཏེ་ཕྱོགས་ངོས་ཐ་དད་ཅིག་ནས་ཞུས་ན། གནས་ཀྱི་བླ་མ་ཡིན་ན་འདྲ། ཀློག་གི་སློབ་དཔོན་ཡིན་ན་འདྲ།
མདོར་ན། དགོན་པ་དང་གྲྭ་ཚང་དེའི་བྱ་བའི་ཁུར་འཆང་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ཀྱང་། སློབ་གཉེར་པ་དེར་སློབ་སྦྱོང་གི་མཐུན་རྐྱེན་ཚད་ལོང་བ་ཞིག་བསྐྲུན་མ་ཐུབ་པར། ཁོང་ཉིད་གནས་དེར་སྡོད་མ་འདོད་པ་དང་། མཁན་སློབ་དེ་ཉིད་བསྟེན་པའི་འདུན་པ་ལོག་ཚེ། ངེས་པར་རང་ཉིད་ཀྱི་མོས་པ་དང་བསྟུན་ནས་ཆོས་སྡེ་གཞན་དང་། ཡང་ན་མཁན་པོ་དང་སློབ་དཔོན་གཞན་གྱི་དྲུང་དུ་བཏང་ནས་གནས་འཆར་འཇུག་དགོས་པའང་དམ་ཆོས་འདུལ་བ་ལས་གསུངས་པ་མིན་ནམ།
གསུམ། སྤྲེའུ་གཅིག་གིས་སྤྲེའུའི་ཚོགས་ལ་དབང་བསྐུར་བའི་རྨི་ལྟས་བཞིན་དུ། བརྟན་པ་དང་མཁས་པའི་ཡན་ལག་རང་ཉིད་ལ་ཚང་མིན་ལ་མ་ལྟོས་པར། གཞན་གྱི་བླ་མ་དང་སློབ་དཔོན་གནང་ཤག་གི་ཐུགས་གཤིས་ངན་པ་འདི་ནི། མི་འོས་པར་ལུང་བསྟན་པ་མ་ཟད། སློབ་དཔོན་ཡོན་ཏན་འོད་ཀྱིས་ཀྱང་། མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱའོ།། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ།། ཞེས་སོགས་གསུངས་པས་ཅི་ཞིག་བསྟན་ཡང་ནས་བསྐྱར་དུ་སོམས་ཤིག
བཞི། ཙན་དན་སྦྲུལ་གྱི་སྙིང་པོ་དང་ཤིང་ཕལ་བ་མགོ་སྙོམ་པ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བའི་རྨི་ལྟས་བཞིན་དུ། མུ་སྟེགས་ཅན་གྱི་གཞུང་དང་། དེ་དང་དགག་བྱ་མཚུངས་པའི་ལྟ་བ་གསར་པ་སྟེ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཀུན་ལ་སྐུར་པའི་གཞུང་དང་སངས་རྒྱས་ཀྱི་བཀའ་གཉིས་ལ་རིན་ཐང་གཅིག་ཏུ་ལྟ་བ་དང་། ལན་དང་གྲགས་པ་རྙེད་བཀུར་སོགས་ཀྱི་དོན་དུ་གཞན་ལ་ཆོས་སྟོན་པ་དང་ཀློག་པའང་ལྟས་བཟང་པོ་ཞིག་ལར་ནས་མིན་ནོ། །
སྤྱིར་བཏང་། དེང་སང་བྱེས་ཀྱི་གདན་ས་ཁག་ནས་བསླབ་པ་མཐར་སོན་པ་མང་པོ་ཐོན་ཏེ། ཁོང་རྣམ་པའི་བཀའ་དྲིན་གྱི་གྲིབ་བསིལ་འོག བོད་ཕྱི་ནང་གི་དགོན་པ་ཕལ་མོ་ཆེ་ཞིག་ཏུ་གསན་བསམ་སློབ་གཉེར་གྱི་ཚ་རླབས་ཆེན་པོ་ཞིག་འཕྱུར་བཞིན་པའི་སྒང་རེད། ལྷག་པར་དུ་གྲྭ་པ་བརྒྱ་སྐོར་རེ་ལས་མེད་པའི་ས་ཁུག་ལུང་དཀྱོག་གི་དགོན་པ་དེ་ཚོའི་ནང་དུའང་། འཆད་ཉན་སློབ་གཉེར་ན་ནིང་ལས་ད་ལོ་བཟང་ཞིང་། ད་ལོ་ལས་ཕྱི་ལོར་ལེགས་པའི་རྟགས་དང་ལྟས་ནི་མཐོང་ཆོས་སུ་ཡོད་པ་དེ་ག་རེད། འདི་ལྟར། ཁོང་ཚོ་ལ་གོམ་གང་མདུན་སྤོས་ཀྱི་རྣམ་པ་ཞིག་ཀུན་གྱི་མཐོང་ས་རིག་སར་ཡོད་ཆོག་ན། ཕྱི་སྣོད་ཀྱི་མཐུན་རྐྱེན་འཛོམས་ཤིང་ནང་བཅུད་ཀྱི་གྲྭ་ཚོགས་མང་བའི་ཆོས་སྡེ་རེ་གཉིས་ཤིག་ཏུ། ད་ལྟ་ད་དུང་མདུན་སྐྱོད་ཀྱི་རྣམ་པ་རྒྱ་མཚོའི་མེ་སྟག་ཙམ་ཡང་མཐོང་རྒྱུ་མེད་དོན་ཅི། དེའི་རྩ་བ་གང་ལ་ཐུག་ཡོད།
ངས་བསམས་ན། འདི་ལ་ཕྱི་ནང་གི་རྒྱུ་དང་རྐྱེན་མང་པོ་ཞིག་ཡོད་པ་གདོན་མི་ཟ་སྟེ། གཙོ་བོ་ནི་སློབ་སྦྱོང་གི་ཁོར་ཡུག་ཕུན་སུམ་ཚོགས་པའི་ཆོས་སྡེ་གཞན་དང་གཞན་གྱི་སློབ་གསོའི་ལམ་ལུགས་མིག་དཔེར་བཟུང་ནས་ལེགས་བཅོས་ཀྱི་བསམ་བློ་མེད་པ། བཀའ་པོད་ལྔ་མཐར་ཆཊ་ལ་འཆད་ཐུབ་པའི་དགེ་རྒན་ཉུང་བ། སློབ་གཉེར་པ་ཚོའི་ངོས་ནས་ཕྱིའི་ཁྲ་ཁྲ་ཟང་ཟིང་ལ་མགོ་འཁོར་ནས་དོན་གཉེར་གྱིས་མ་འདང་བ། དོན་གཉེར་ཅན་འགའ་རེ་ཡོད་དག་པ་ལ་ནི་ཆིག་སྒྲིལ་གྱི་བསམ་བློ་དང་། གུ་ཡངས་བསྟུན་ཤེས་ཀྱི་འདུ་ཤེས། སྤྱི་ལ་ཐུགས་ཁུར་གྱི་ལྷག་བསམ་སོགས་མེད་པས། གཅིག་གིས་སྒ་བཤད་ཀྱི་ཡོད་ན། གཅིག་གིས་སྟན་རྐྱང་བཤད་དེ། ང་ཆེ་ཁོ་བཙན་གྱིས་ཉི་མ་ཟད་ཀྱིན་པ་འདི་ཚོ་ལ་ཐུག་པ་མིན་ནམ་སྙམ་མོ། །
དགེ་བཤེས་ཚང་ལགས། གལ་སྲིད་བདག་ཅག་གི་སྟོན་པ་ད་དུང་ཞལ་བཞུགས་ཡོད་ཚེ། དགེ་ཚུལ་སློང་དག ཆགས་སྡང་དང་དྲ་འབུའི་ཚང་དུ་གྱུར་པའི་ཁ་བརྡ་དྲ་ཚིགས་བསྔོག་པར་མི་བྱའོ། །སུས་ཁ་བརྡ་དྲ་ཚིགས་བསྔོགས་ན་ང་དེའི་སྟོན་པ་མིན་ནོ།། དེ་ངའི་ཉན་ཐོས་མིན་ནོ།། ཞེས་གསུངས་ཡོད་རྒྱུ་རེད་དམ་མ་རེད།
རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ཡི་ལྔ་པ་ནས་བཅུ་པའི་བར་ཇི་ལྟར་འགྲེལ་ལམ། ཡ་མ་ཚེ་རིང་ལགས།
ནད་སོས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་མ་རེད། གང་ཡིན་ཞེས་ན་སྨན་ཁ་ཤས་ཞིམ་ལ་མངར་མོ་ཡོད་པ་རེད་དོ། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་རེད། མཁྲིས་པའི་སྨན་དེ་ཧ་ཅང་གི་རོ་ཁ་བོ་ཡོད་པས་རེད། དཔེར་ན་ཏིག་ཏ་ལྟ་བུ་རེད། ང་ཆུང་དུས་ཤིག་ལ་ཏིག་ཏའི་ཁུ་བ་ཞིག་བཏུང་མྱོང་། རོ་ཁ་བ་ལ། །
གོ་སྙོད་དང་ཤ་རུས་སོགས་སྐོལ་བའི་ཁུ་བ་ཧ་ཅང་གི་ཞིམ་པོ་ཡོད་པར་མ་ཟད་རླུང་སྨན་གྱི་ཀྱང་མཆོག་ཏུ་གྱུར་བ་རེད་འདུག །
རང་བྱུང་རིག་རྡོར་ལགས། འདྲ་བོ་ཞིག་བཤད་སོང་སྟེ། ཁྱབ་མེད་པས་མི་འཐད་ཟེར་ན། “ཤ་ཚ་བའི་གཏམ་ལ་སྙན་མོ་མེད།” ཅེས་པའི་ཤོད་སྲོལ་དེའང་མི་འཐད་པར་ཐལ། ཤ་ཚ་བའི་གཏམ་ཡིན་ན། སྙན་མོ་མེད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། མངོན་སུམ་ལ་བསྙོན་འདིང་བ་ཁོ་ནའོ།།
རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་གྱི་མདོ་ཟེར་བ་ཡོངས་གྲགས་ཤིག་དང་། ཡང་། རྒྱལ་པོ་ཀྲི་ཀྲིའི་བུ་མོ་གསེར་ཅན་ལ་རྨི་ལམ་མི་འདྲ་བ་བཅོ་བརྒྱད་བྱུང་བ་གཉིས་སོ་སོར་འདུག་པས་གང་དག་པ་ཡིན་ནམ། ལགས།
རྒྱ་གར་རྒྱལ་པོ་ཀྲི་ཀྲི་འཁྲུངས་ནས་ལོ་ཇི་ཙམ་སོང་ཡོད་དམ།
ཡ་མ་ཚེ་རིང་ལགས། ངས་ཁྱེད་ཀྱི་རྩོམ་གྱི་འགོ་བརྗོད་དེར་འཐད་མི་འཐད་ཀྱི་དགག་བཞག་བཏང་བ་མིན། འབྲོག་ཕྱོགས་ནས་གཏམ་དཔེ་དེ་ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཅེས་གསལ་པོ་བཤད་ཀྱི་འདུག རིམ་པས་འགྱུར་ནས་ལུང་པ་ཁ་ཅིག་ནས་ནད་སོས་པའི་སྨན་ལ་ཞིམ་པོ་མེད་ཅེས་བརྗོད་པར་སྙམ། གཏམ་དཔེ་དེའི་འབྱུང་ཁུངས་མཁྲིས་པ་ཡིན་ས་རེད་ལགས་སྙམ། །
ཀརྡོ་རབ་འབྱམས་པ། སོ་སོའི་སྐྱེ་ས་མཆེད་ཁུངས་ལ་དོ་སྣང་དེ་ཙམ་མེད་པའི་མི་རིགས་ཤིག་གིས། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ལ་བྱུང་བའི་མི་ཚོའི་སྐྱེ་ཡུལ་སྐྱེས་ཚེས་སོགས་གཏན་འཁེལ་ནས་འཆད་ཁུལ་བྱས་ཀྱང་སུས་ཡིད་ཆེས་བྱེད། རེད་དེ། གྲགས་ཚོད་ལྟར་ཞུས་ན། རྒྱལ་པོ་ཀྲི་ཀྲི་སངས་རྒྱས་འོད་སྲུང་དང་དུས་མཉམ་དུ་བྱུང་བ་ཞིག་ཡིན་པ་འདྲ། མཛོད་ཀྱི་འགྲེལ་བཤད་དང་། སྙན་ངག་དཔག་བསམ་ལྗོན་ཤིང་སོགས་ལས་ཀྲི་ཀྲིའི་རྨི་ལྟས་བཅུ་དང་། ཡང་དཔེ་འགར་ཀྲི་ཀྲིའི་རྨི་ལྟས་བརྒྱད་ཅེས་འབྱུང་བས། བསྡོམས་བཅོ་བརྒྱད་དུ་འགྱུར་བས་ཡིན་ནམ་མ་གཏོགས། རྒྱལ་པོ་ཀྲི་ཀྲིའི་བུ་མོ་གསེར་ཅན་ཞུ་བ་ཞིག་ལ་རྨི་ལམ་མི་འདྲ་བ་བཅོ་བརྒྱད་བྱུང་བའི་སྐོར་མཇལ་མ་སོང་ལགས།
དགེ་བཤེས་ཡ་མ་ཚེ་རིང་ལེགས་ཀྱི་བརྗོད་པ་མང་ཆེ་བ་བོད་ཀྱི་མཁས་པས་བྲིས་པའི་ཡི་གེའི་དག་ཆ་རྣམས་དང་མཐུན་པར་མཐོང་བས་རྗེས་སུ་ཡི་རང་ཞུ་འོས་སུ་མཆིས། འོན་ཀྱང་བོད་སྐད་རང་ལ་སྐལ་བ་མེདཔས་མིང་ཚིག་འགའ་ཞིག་་ལ་ཕལ་སྐད་ཀྱི་ཤན་ཞུགས་པར་མཐོང་། དེ་དག་ལས་དཔེར་ན། མ་ལྡང་བ་ལ་མ་འདང་བ་ཞེས་བྲིས་པ་ནི། སྔར་གྱི་མཁས་པའི་མིང་ཚིག་རྣམས་དང་མཐུན་པར་བྱས་ཏེ། ཕྱི་རབས་ཀྱི་ཡི་གེ་འབྲི་བ་པོ་དག་་ལ་ཕན་སེམགས་ཀྱིས་བཀོད་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་གཉིས་ལ་བརྩིས་སྟངས་ཀྱིས་དབེན་པར་མཐོང་ངོ་།
“དོན་གཉེར་གྱིས་མ་འདང་བ།”
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཚད་མ་ལོང་བ་ལ་མ་འདང་བ་བྲིས་ན་ག་རེ་འགྲིག་གི་མི་འདུག
བོད་ཤར་ཕྱོགས་ལུང་པ་དག་ཏུ། ལ་མགོ་འཐོན་པ་མེད། བོད་ནུབ་ཕྱོགས་ལུང་པ་དག་དང་། བོད་ཀྱི་མཐའ་མཚམས་ཀྱི་ལུང་པ་དག་ཏུ་ལྷག་པར་ར་ལ་ས་ཡིག་གོ་ཅན་དག་གནའ་བོའི་སྐད་བཞིན་དུ་གསལ་བར་འབོད། བོད་ལུང་ཡོངས་རྫོགས་ཡིག་སྐད་ཀྱི་སྒོ་ནས་གཅིག་འགྱུར་བྱེད་འདོད་ན། མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་རྣམས་ཀྱི་སྐད་བཀོལ་དགོས།
འདང་བ། ཞེས་པ་ཆུ་རྙོག འདང་། དྭངས། དང་། དལྟ་འདས་མ་འོངས་ཀྱི་ཡིག་སྐད་དུ་དེ་ལྟར་ཡིན་དགོས་སྙམ། ཇི་སྐད་དུ། བོད་ཀྱི་སྒྲ་སྒྱུར་པ་ཡེ་ཤེས་སྡེས་བསྒྱུར་པའི་བཀའ་འགྱུར་དཔེ་ཆ་ཞིག་ན།
་
དཔེར་ན་ནོར་བྱ་ཆབ་འདང་བ།
ཤིན་ཏུ་རྣམ་དག་ཆྱ་འདང་བགྱིད།
དེ་བཞིན་དྲང་སྲོང་ཐུགས་དག་པ།
སྐྱེ་བོའི་རྙོག་པ་དང་བར་མཛད།།
་
བོད་ཀྱི་མཁས་པ་ཆེན་པོ། ས་སྐྱ་པཎྜི་ཏས་ཀྱང་།
་
བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།
བློ་ལྡན་ཐབས་ཀྱིས་བདེ་བར་གསོ།
ཆུ་ཀླུང་རྙོག་པས་གསན་པ།
ཆུ་འདང་ནོར་བུས་དྭངས་པར་བྱེད།། ༡༤ །། ལེགས་བཤད་ལེའུ་དང་པོ།
་
བོད་སྒྲ་ཟུར་ཆག་ཏུ་ཡི་གེ་གོང་མ་དོར་བ་དང་། འོག་མ་དོར་ཚུལ་གཉིས་སུ་མཐོང་། སྤྱོད་འཇུག་ན།
་
དེ་སྙེད་ཀོ་བས་ག་ལ་ལང་།
་
ཞེས་པ་ལྟར་འོག་ནས་ཟུར་ཆག་ནས་ལང་ཞེས་པ་བྱུང་། གོང་ནས་ཟུར་ཆག་པའི་དཔེར་བརྗོད། རྫ་ཆུ་སྔོན་མོ་ཁྱོད་ཀྱིས་འགོད་གྲོགས་གྱིས་དང་། ཕལ་སྐད་དུགོང་ནས་ཟུར་ཆག་པའི་ཆག་སྐྱོགས་ཀྱི་་མིང་ཚིག་མང་དུ་མཆིས་སོ།
ནོར་བྱ་ཞེས་པ་ནོར་བུ་ཞེས་ཀློག་པར་མཛོད།
ལ དྭགས་འཇམ་འཇམ་དཔལ་ལགས། ཁྱོད་མི་ཚོད་ལྡན་ཞིག་ཁྭ་ཏའི་སྐྱག་ཚང་ནང་ག་རེ་བྱས་ནས་འཛུལ་པ་ཡིན། དེ་བས་ཞལ་འདོན་འདྲ་གནང་ནས་སྡོད། ད་དགུང་ལོ་ཆེན་པོ་རེད། ང་ཨ་རིེར་ཡོད་དུས་ཁྱོད་དང་ཁ་པར་ཐོག་འབྲེལ་བ་ཐེངས་འགར་བཟོ་མྱོང་པ་ལས་མཇལ་མྱོང་མེད། ཡིན་ནའང་ཁྱོད་མཁས་པ་ཞིག་ཡིན་པ་ཤེས་ཀྱི་ཡོད། དེར་བརྟེན་ངས་སྐུ་ཉིད་ལ་དྲན་གསོ་ཞིག་གཏོང་པ་ཡིན། དྲ་རྒྱ་འདི་གསར་འཛུགས་བྱེད་མཁན་མི་དེ་ཚོ་ཡག་ག་ཞིག་ཡིན་མིན། ལོ་ཁ་ཤས་སྔོན་གྱི་དྲ་རྩོམ་རྣམས་ལ་ལྟོས། ངས་དགེ་ཕྲུག་དང་གྲོགས་པོ་ཕལ་ཆེ་བ་ཞིག་ལ་འདིའི་ནང་མ་འཛུལ་ལབ་ཡོད།
བེར་འཇུག་ཁྱོད་རྒྱ་མིའི་སོ་པ་རེད་ལབ་ན། བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཟུར་པ་ཞིག་ཡིན་པས་མི་འོས། མ་རེད་ཟེར་ན། ༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨོད་ཞུ་རྒྱུར་བག་མི་ཚ་ཞིང་། རྒྱ་ནག་གཞུང་གི་བོད་རིགས་ནང་ཁུལ་དང་། ཆོས་བརྒྱུད་ནང་ཕན་ཚུན། གཞིས་བྱེས་གཉིས་ཀྱི་བར་སོགས་ལ་དཀྲུགས་ཤིང་བརྒྱབ་སྟེ་གོང་བུའི་སྟོབས་ཤུགས་གཅོག་ཐབས་ཀྱི་སྲིད་ཇུས་ནི་ལག་བསྟར་བྱེད་ཀྱིན་འདུག ཁྱོད་ལ་གཏམ་སྙན་གྲགས་དང་དངུལ་མ་གཏོགས་བསམ་རྒྱུ་མི་འདུག ཚང་མས་གཟིགས་དང་། ཁོས་སྤྱོད་པ་སྟོན་སྟངས་འདི་འདྲ་རེད། ཁོས་རང་གི་འབྲེལ་ཡོད་ཚོ་ལ་བསླབ་བྱ་གནང་སྟངས་འདི་འདྲ་རེད། ཞེ་ས་མ་ཞུས་ན། གོང་ས་མཆོག་ལ་ཁོས་མཐོང་ཆ་འཇོག་ག་འདྲ་གནང་གི་ཡོད་མེད། ལོ་ཤས་སྔོན་གྱི་ཁོའི་དྲ་རྩོམ་ཞིག་ལས་ལམ་ཙམ་མཁྱེན་ཐུབ། བེར་འཇུག་ན་རེ། རྒྱལ་གཅེས་ཀརྨས་གཏམ་གྱིས། །རྒྱལ་བ་ཁྲམ་པ་བཟོས་ཟེར། །རྒྱལ་ཁབ་རང་བཙན་མེད་ན། །རྒྱལ་བ་ཡོད་པས་ཅི་ཕན། ཞེས་ཟེར་རོ། །
ངོ་མ་ཐབས་སྡུག་རེད།
བདག་ནི་ནམ་ཡིན་ན་རྒན་ལ་དྭགས་པས་བྲིས་པ་ལ་ལྟ་མཁན་ཞིག་ཡིན་ལ་ཕན་ཡང་ཆེན་པོ་འདུག
བེ་རི་འཇིགས་མེད་ལེགས་ལ་ལན་ཞུ། ལོ་ངོ་༨༤ལོན་པས་རྒན་པོའི་ཚུལ་བཟུང་མ་ཎི་འདོན་པ་སོགས་་ཚུལ་བཞིན་བྱ་འོས་ཀྱང་། སྔར་ལང་དུས་སོགས་འཇམ་དབྱངས་གང་བློ་མ་སོགས་ཁ་ཏོན་འདོན་ཡང་རྣམ་གཡེང་དབང་བཙན་པས། ཨ་ནེ་ཙོའི་འདོན་པ་བཞིན་ཆགས་ཀྱང་། ཆུང་ངུ་ནས་གོམས་པའི་དབང་གིས་འདོན་ཚུལ་ཙམ་ཡིན།
་
ཁོ་བོ་ཁ་བརྡར་ཞུགས་པའི་ལོ་རྒྱུས། བོད་ཀྱི་ཆོས་སྐད་དག་ཆ་འདི་དག་པོ་ཞིག་བསམས་ཏེ། གློག་ཀླད་དུ་སྤར་བསྒྲིགས་པའི་དཔེ་ཆ་བཅུ་ཙམ་ལ་དཔེ་ཆ་རྙིང་པ་དག་ལ་བལྟས་ཏེ། ཞུས་དག་བྱས་ཤོག་ལྷེ་༨༠་ཙམ་། ༧གོང་ས་སྐྱབས་མགོན་སོགས་ལ་ཕུལ། སྐུ་སྒེར་ཡིག་ཚང་དང་། རྫོང་གསར་རིན་པོ་ཆེ། སེར་སྨད་རྒྱ་རོང་རིན་པོ་ཆེ་གསུམ་ཁོ་ནས་རྒྱབ་སྐོར་གྱི་བཀའ་ལན་བྱུང་། དེ་བཞིན་གྲོགས་མཆོག་པདྨ་འབུམ་གྱིས་ཁ་བརྡར་བཀོད་པ་ན། སྒོམ་སྡེ་ལྷ་རམས་པས་བདག་ལ་དམའ་འབེབས་ཀྱི་དགག་པ་བྲིས་པ་ལ། ལན་རྒྱབ་དགོས་པས། ཁ་བརྡའི་ངོ་སྤྲོད་ཀྱང་པདྨ་འབུམ་གྱིས་མཛད། དེ་ནས་བཟུང་ཁ་བརྡ་ལ་གོམས་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དག་ཆ་རྣམས་རང་གིས་གང་ཤེས་ཁ་བརྡར་འགོད་པ་ན། དགའ་མཁན་དང་མི་དགའ་མཁན་སྣ་ཚོགས་པ་ཡོད་ཀྱང་། དགའ་མཁན་གཅིག་ཡོད་ཀྱང་། དེ་ཉིད་གཙོ་ཆེ་སྟེ།
་
ཕན་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན། ས་སྐྱ་ལེགས་བཤད་ལེའུ་༥པ། ཚིགས་བཅད་༢༥པ།
་་་་་་་་་་་་ དྲ་རྒྱ་འདི་གསར་འཛུགས་བྱེད་མཁན་མི་དེ་ཚོ་ཡག་ག་ཞིག་ཡིན་མིན། ལོ་ཁ་ཤས་སྔོན་གྱི་དྲ་རྩོམ་རྣམས་ལ་ལྟོས། ངས་དགེ་ཕྲུག་དང་གྲོགས་པོ་ཕལ་ཆེ་བ་ཞིག་ལ་འདིའི་ནང་མ་འཛུལ་ལབ་ཡོད། ་་་་་་་་་་་་་་་་་
ཇི་སྲིད་ནམ་མཁའ་གནས་པ་དང་། །
འགྲོ་བ་ཇི་སྲིད་གནས་གྱུར་པ། །
དེ་སྲིད་བདག་ནི་གནས་གྱུར་ནས། །
ཁ་བརྡའི་སྡུག་བསྔལ་སེལ་བར་ཤོག །
བེ་རི་མཆོག་དང་ལ་དྭགས་མཆོག །
རབ་གསལ་མཆོག་དང་ཅོ་རི་མཆོག །
མཁས་པ་རྣམས་པ་སྣ་ཚོགས་འདུག །
ང་ཡང་དེ་དག་རྗེས་བཞུགས་ཐལ། །
ཡ་མ་ཚེ་རིང་། ཁྱོད་ཚོས། བེ་རིས་ཅིག་བྲིས་པ་རེདྲ། གཉིས་བྱས་པ་རེད། ག་རེ་ལབ་ན་ལོབས། ཁུངས་སྐྱེལ་ཡོད་ན་ཀྲིམས་གཏུགས་བཟོ་སར་ཤོག། དེ་གནད་དོན་གཅིག་ཡིན། གཉིས་པ་དེ་ངའི་མིང་བེ་རི་འཇིག་མེད་དེ་ག་རང་ཡིན། ང་རང་རང་གིས་ངོ་སྤྲོད་ཞུ་ཆོག། ཡ་མ་ཚེ་རིང་ཟེར་མི་དེ་རབ་བྱུང་ན་ཀྱོད་རང་སུ་ཡིན་པ་ངོ་སྤྲོད་གནང་དགོས། གལ་ཏེ་ངོ་སྤྲོད་མ་ཕོད་ན་ ཁ་བརྡ་ཚང་གིས་ངོ་སྤྲོད་གནང་དགོས།
”བེར་འཇུག་ཁྱོད་རྒྱ་མིའི་སོ་པ་རེད་ལབ་ན། བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཟུར་པ་ཞིག་ཡིན་པས་མི་འོས། མ་རེད་ཟེར་ན། ༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨོད་ཞུ་རྒྱུར་བག་མི་ཚ་ཞིང་། རྒྱ་ནག་གཞུང་གི་བོད་རིགས་ནང་ཁུལ་དང་། ཆོས་བརྒྱུད་ནང་ཕན་ཚུན། གཞིས་བྱེས་གཉིས་ཀྱི་བར་སོགས་ལ་དཀྲུགས་ཤིང་བརྒྱབ་སྟེ་གོང་བུའི་སྟོབས་ཤུགས་གཅོག་ཐབས་ཀྱི་སྲིད་ཇུས་ནི་ལག་བསྟར་བྱེད་ཀྱིན་འདུག ཁྱོད་ལ་གཏམ་སྙན་གྲགས་དང་དངུལ་མ་གཏོགས་བསམ་རྒྱུ་མི་འདུག ཚང་མས་གཟིགས་དང་། ཁོས་སྤྱོད་པ་སྟོན་སྟངས་འདི་འདྲ་རེད། ཁོས་རང་གི་འབྲེལ་ཡོད་ཚོ་ལ་བསླབ་བྱ་གནང་སྟངས་འདི་འདྲ་རེད། ཞེ་ས་མ་ཞུས་ན། གོང་ས་མཆོག་ལ་ཁོས་མཐོང་ཆ་འཇོག་ག་འདྲ་གནང་གི་ཡོད་མེད། ལོ་ཤས་སྔོན་གྱི་ཁོའི་དྲ་རྩོམ་ཞིག་ལས་ལམ་ཙམ་མཁྱེན་ཐུབ། བེར་འཇུག་ན་རེ། རྒྱལ་གཅེས་ཀརྨས་གཏམ་གྱིས། །རྒྱལ་བ་ཁྲམ་པ་བཟོས་ཟེར། །རྒྱལ་ཁབ་རང་བཙན་མེད་ན། །རྒྱལ་བ་ཡོད་པས་ཅི་ཕན། ཞེས་ཟེར་རོ། །”
སྐད་ཆ་འདི་ང་ཚོས་ཁྲིམས་ས་ནས་ཐག་གཅོད། གལ་ཏེ་ཡ་མ་ཚེ་རིང་ཟེར་ན་འདི་ཁ་བརྡ་ཚང་གིས་ངོ་སྤྲོད་མི་གནང་ན། ཁ་བརྡ་རྩོམ་སྒྲིག་པ་ཚོས་འགན་ཁུར་དགོས། ཁ་བརྡ་ཚང་གྲོགས་པོ་རྙིང་པོ་ཚོ་ང་ཚོ་རྡ་ས་ནས་ཐུག་ཆོག །
ཧཧ
ཡ་ཡ། དེས་ན་འདིར་མང་པོ་མི་བཤད་ཁྲིམས་ཁང་ནང་ནས་མཇལ་ཡོང་།
ངས་ཁྲིམས་གཏུག་བྱེད་ཆོག
༅༅། ཡ་་་བེ་རི་འཇིགས་མེད་ལགས་ཤེས་ལྡན་པར་བརྕི་བཞིན་ཡོད།
ཁོང་ནས་། རྒྱལ་ཁབ་རང་བཙན་མེད་ན། རྒྱལ་བ་ཡོད་པས་ཅི་ཕན་ཞེས་བཤད་ཡོད་པ།
ཧང་སངས་སོང། བེ་རི་འཇིགས་མེད་ཁོ་རང་ནས་བོད་རྒྱལ་ཁབ་ལ་ཕན་པའི་ལས་དོན་
གང་བྱས་ཡོད། རང་བཙན་གྱི་ལས་དོན་གང་བྱས་ཡོད། འཇོན་པོ་རྒོད་པོ་ཡིན་ན་་འབུར་ཐོན་གྱི་ལས་འགུལ་ཞིག་བྱེད་དང།
དེ་མིན་བཤད་རྒྱུ་མང་པོ་དང་བྲིས་རྩོམ་མང་པོ་བྱེད་མ་བྱེད་གང་ཡང་མི་འདུག།
བེ་རེ་འཇིགས་མེད་ཀྱི་སྐད་ཆ་འདི་དེ་རིང་གོ་ནི་ཡིན། གྲྭ་བ་ཞིག་གི་སྐད་ཆ་མ་རེད། ཞེན་པ་ལོག་སོང་། བ
བེ་རེ་འཇིགས་མེད་གྲ་རྒན་འདིས་བྲིས་བ་ལ་ལྟོས་དང་ཁྲིམས་ཁང་ལ་འགྲོ་འེ་སྐྱགས་ཁང་ལ་སོང་རོ་ཁང་ལ་སོང་ངོ་ཚ་ཡ་མེད་རྒྱུ་ཁྱོད། ་་་་་རྒྱལ་གཅེས་ཀརྨས་གཏམ་གྱིས། །རྒྱལ་བ་ཁྲམ་པ་བཟོས་ཟེར། །རྒྱལ་ཁབ་རང་བཙན་མེད་ན། །རྒྱལ་བ་ཡོད་པས་ཅི་ཕན། གྲ་རྒན་ཁྱོད་ཀྱིས་གོང་ས་མཆོག་ལ་འདི་འདྲའི་སྨོད་དོན་གང་ཡིན།
སངས་རྒྱས་འོད་སྲུང་གིས་ལུང་བསྟན་དུ་བཀྲལ་བ་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུ་ནི།
་
གཅིག གླང་པོ་ཆེ་ལུས་སྐར་ཁུང་ནས་ཐོནད་ཀྱང་། འཇུག་མ་ དེ་ལ་ ཐོགས་པ།
གཉིས། གླང་པོ་ཆེ་ཕལ་པས། སྤོས་ཀྱི་གླང་པོ་ཆེ་སྐྲོད་པ།
གསུམ། མི་གཙང་བ་བགོས་པའི་སྤྲེའུས། སྤྲེའུ་གཞན་ལ་མི་གཙང་བ་སྐུད་པ།
བཞི། སྤྲེའི་གཅིག་གིས། སྤྲེའུའི་ཚོགས་ལ་དབང་བསྐུར་བ།
ལྔ། ཙནྡན་སྦྲུལ་གྱི་སྙིང་པོ་དང་། ཤིང་ཕལ་པ་མགོ་སྙོམས་པ།
དྲུག ཕྱེ་བྲེ་གང་དང་། མུ་ཏིག་བྲེ་གང་བརྗེ་བ།
བདུན། གཙུག་ལག་ཁང་གི་ཉེ་འཁོར་ན་ཡོད་པའི་མེ་ཏོག་དང་། འབྲས་བུ་རྐུན་པོས་འཁྱེར་བ།
བརྒྱད། གཙང་ཞིང་ཡིད་དུ་འོང་བའི་ཁྲོམ་པས། མིའི་རྗེས་སུ་བསྙེགས་ཀྱང་མི་འཐུང་བ།
དགུ སྐྱེ་བོ་མང་པོ། སྡེ་རིས་སུ་བཅད་ནས་རྩོད་པ།
བཅུ། རས་ཡུག་གཅིག མི་བཅོ་བརྒྱད་ཀྱིས་བགོས་པས། ཐམས་ཅད་ལ་རས་ཡུག་མ་ཉམས་པ་རེ་ཐོབ་ཅིང་རྩ་བའི་རས་ཡུག་མ་ཉམས་པ།
་
དེ་ནི་སྟོན་པ་ཤྰཀྱ་ཐུབ་པའི་བསྟན་པ་ལ། སྡེ་པ་བཅོ་བརྒྱད་བྱུང་ཞིང་། དེ་ཐམས་ཅད་རང་རང་གི་ལྟ་སྤྱོད་དང་མཐུན་པར་ཉམས་སུ་བླངས་པས་བྱང་ཆུབ་སྒྲུབ་ནུས་ཤིང་། རྩ་བའི་བྱང་ཆུབ་སྒྲུབ་པའི་ལམ་མ་ཉམས་པར་ཡོད་པའི་ལྔ་ལྟས་ཡིན་ནོ། །ཞེས་སངས་རྒྱས་འོད་སྲུང་གིས་ལུང་དུ་བསྟནད་ཏོ།། །།