འཇིགས་བྲལ་བསྟན་འཛིན།
1). དེང་སང་དགའ་ལྡན་ཕོ་བྲང་བླ་བྲང་ནས་བཟུང་བཀའ་ཤག་དང་། སྤྱི་འཐུས་གྲོས་ཚོགས་བཅས་ཀྱིས་གླེང་ཕྱོགས་དང་གནང་ཕྱོགས་དེ་ཚོ་མང་ཚོགས་ནང་སླེབས་ཡོང་དུས་བསམ་ཚུལ་འདྲ་མིན་འབྱུང་བཞིན་པ་དེར་གནད་འགག་མང་པོ་ཞིག་ཡོད་པ་ཚོར་ནས། དེ་ལ་བསམ་བློ་ག་ཚོད་བཏང་ན་དེའི་ཚོད་ཀྱིས་བློ་འཚབ་ཅིག་ཀྱང་སླེབས་ཡོང་གི་འདུག བློ་འཚབ་འདི་དང་མཉམ་དུ་སྐྱོ་སྣང་ཞིག་གིས་ཤུགས་རིང་རེ་དབང་མེད་དུ་ཤོར་གྱི་འདུག མ་ཟད་གནས་ཚུལ་ཟང་ཟིང་འདི་དག་གི་མཐའ་མཇུག་ཏུ་འཁྲབ་སྟོན་པ་རེ་ཟུང་ལ་ཁེ་ཕན་རེ་རག་གི་ཡོད་ན་མ་གཏོགས། བོད་སྤྱིའི་ད་ལྟ་དང་མ་འོངས་པའི་མདུན་ལམ་གང་གི་ཐད་དུ་དགོས་པ་ཡོད་པ་ཞིག་ཏུ་མཐོང་མཁན་ཉུང་ཚོད་འདུག མ་ཟད་གནས་ཚུལ་ཟང་ཟིང་འདི་དག་ཟུར་གང་ཞིག་ན་མངོན་མེད་ཀྱི་ཟུག་གཟེར་སློང་བྱེད་ཞིག་ཏུ་འགྱུར་བཞིན་འདུག་ལ། ཟུག་གཟེར་འདི་ཇི་སྲིད་བར་མངོན་མེད་དུ་གནས་ཐུབ་མིན་དང་། མངོན་མེད་ནས་མངོན་གསལ་དུ་གྱུར་པའི་སྐབས་དེར་བོད་སྤྱིའི་གནས་སྟངས་སྐྱོ་པོ་འདིའི་ཐོག་ལ་ད་དུང་གནས་སྟངས་སྐྱོ་རུ་གང་འདྲ་འགྲོ་འོང་བསམ་པ་འདུག་ན་ཚང་མས་གཟབ་གཟབ་གནང་རོགས།
2). དོན་དངོས་སུ་ད་ལྟ་བོད་སྤྱིའི་གནས་སྟངས་དེ་འཛམ་གླིང་སྤྱིའི་ཐོག་ནས་བལྟས་ན་རྒྱབ་སྐྱོར་བྱེད་རིན་མེད་པ་ཞིག་གི་ངོ་བོར་ལྷགས་ཡོད་ཀྱང་། བོད་ནང་གི་བོད་མི་དང་། རྒྱ་བལ་འབྲུག་གསུམ། ཡོ་རོབ་དང་ཨ་རི་སོགས་ན་ཡོད་པའི་བོད་མི་ཕལ་ཆེ་བའི་སེམས་པ་དེ། རྒྱ་གར་རྡ་རམ་ས་ལར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་སུ་འཁོར་ཡོད་པ་འདི་ནི་གཞིས་བྱེས་བོད་མི་དང་། བོད་སྤྱིའི་ལོ་རྒྱུས་ལ་གུས་བཀུར་དང་ཤ་ཚ་ཡོད་མཁན་ཞིག་ཡིན་ན་རིན་ཐང་ཆུང་ཆུང་ཞིག་རྩ་བ་ནས་མིན་པ་དེ་ཚང་མས་ཤེས་ཀྱི་ཡོད་པ་བཞིན། འདི་ལྟར་དེང་སང་ཆིག་སྒྲིལ་གྱི་ཁ་གཡང་འབོད་བཞིན་སྒོ་ཁྱི་རྡུང་དྲག་ན་ཉྭ་ལ་སོ་རྒྱབ་མི་ཡོང་ངམ་བསམ་པའི་སེམས་འཚབ་ཅིག་བསམ་ཡོད་མང་པོ་ཞིག་ལ་ཡོད་པའི་མཐོང་སྣང་བྱུང་ལ། མང་པོ་ཞིག་གིས་ང་ཚོའི་འདས་ཟིན་པའི་གནས་ཚུལ་དག་ལ་ཕྱིར་དྲན་བྱེད་དགོས་པའི་བསམ་ཚུལ་གླེང་བཞིན་པ་ཐོས་པས། ད་ནི་ང་ཚོ་ནང་ཁུལ་གྱི་ཟང་ཟིང་གི་ལས་ཀ་འདི་རིགས་མཚམས་འཇོག་བྱས་ཏེ། མ་འོངས་མདུན་བསྐྱོད་བྱེད་ཕྱོགས་དེ་བོད་ཀྱི་ལོ་རྒྱུས་གཞི་ལ་བཞག་པའི་གྲ་སྒྲིག་བྱེད་ཕྱོགས་ཤིག་མ་བྱུང་ན་གནས་སྟངས་གང་འདྲ་ཆགས་ཡོང་བསམ་པ་ཞིག་བྱུང་།
3). ཉེ་དུས་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་བོད་མི་མང་གི་ཚབ་བྱེད་ཐུབ་མིན་གྱི་སྐད་ཆ་ཞིག་ཕྱི་སྡོད་རྒྱ་མིའི་དྲ་ལམ་དུ་སླེབས་པ་དེའི་དོན་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་མང་གི་ཚབ་བྱེད་ཐུབ་མིན་གྱི་སྐད་ཆ་ཞིག་ཏུ་གོ་མཁན་མང་པོ་འདུག་པས། ཆབ་སྲིད་ཀྱི་ཐོག་གི་ཧ་ཅང་གལ་གནད་ཆེ་བའི་གནས་ཚུལ་འདི་དོན་དངོས་ཡིན་མིན་གཞིས་བྱེས་བོད་མི་ཡོངས་ལ་ངེས་པར་གསལ་པོ་བཟོ་དགོས་པའི་གནད་དོན་ཞིག་ཏུ་མཐོང་གི་འདུག གང་ཡིན་ཟེར་ན། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡི་དགོངས་དོན་དང་། བོད་ཀྱི་མ་འོངས་པའི་གནས་བབ་ལ་བསམ་བློ་བཏང་ན་ཡང་ཏག་ཏག་ཅིག་སྡོད་ཀྱི་ཨེ་ཡོད་ན་བསམ་པ་ཞིག་ང་སྒེར་ལ་ཡང་བྱུང་ཞིང་། སྐད་ཆ་འདི་ལ་བརྟེན་ནས་ཕྱི་ནང་མང་ཚོགས་ནང་གོ་བ་ཁྱད་འཚར་དེ་འདྲ་སླེབས་པ་དང་། མཐའ་ན་གནས་ཚུལ་དེ་ཚོས་རྐྱེན་པས་ལྷག་བསམ་ཅན་མང་པོས་སྤྱི་དོན་བློས་གཏོང་གི་གནས་ཚུལ་མང་པོ་ཞིག་མཐོང་བས་དོན་དངོས་གནད་དོན་གང་ཡིན་གསལ་པོ་བྱུང་ན་ལེགས་པ་མེད་དམ་སྙམ།
4). སྐབས་ ༡༥ པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་སྤྱི་འཐུས་རེ་ཟུང་གིས་མིག་ཆུ་གཏོང་ཁུལ་དང་། སྐད་འགག་ཁུལ་བྱེད་པ་མཐོང་དུས་སེམས་གཏིང་ནས་དགོད་རྒྱུ་ཞིག་དང་། ཁ་ཞེ་གཉིས་མེད་ཀྱི་འགན་ཁུར་བྱེད་མཁན་རེ་ཟུང་ཡོད་པ་མཐོང་བྱུང་བས་དགའ་སྐྱོ་གཉིས་ཀ་བྱུང་ལ། གཞིས་ལུས་བོད་མིར་གདུང་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་སྐབས་བོད་རང་དབང་སླར་གསོ་ཟེར་བའི་ཚིག་ཕྱིར་འཐེན་བྱས་པའི་ཐོག་ནས། འཛེམས་དོགས་མེད་པའི་གདོང་ལེན་ཟེར་བ་ཞིག་བོད་མི་ནང་ཁུལ་ལ་བྱེད་ཡག་ཡིན་པའི་ཁ་ཕོ་ཞིག་བཀའ་སྤྱི་གཉིས་ནས་གཞུང་འབྲེལ་གྲོས་ཚོགས་ཀྱི་ཚོགས་འདུར་སྒྲོག་གིན་འདུག་མོད། དངོས་འབྲེལ་འཛེམས་དོགས་མེད་པའི་གདོང་ལེན་གནང་ཡག་ཡིན་ན་གནང་ས་དགྲ་བོ་རྒྱ་དམར་ཡིན་པ་ལས་བོད་མི་ནང་ཁུལ་མིན་པ་དེ་ཐུགས་ལ་འཇོག་རོགས་ཞུ་རྒྱུ་དང་། བཀའ་སྤྱི་ལྷན་རྒྱས་ཀྱིས་གཞིས་ལུས་བོད་མི་ཤི་གསོན་གཉིས་ཀྱི་འབོད་སྒྲ་གཙུག་ཏུ་ཁུར་ནས་དགྲ་བོ་རྒྱ་དམར་ལ་འཛེམས་དོགས་མེད་པའི་གདོང་ལེན་གནང་ཡོང་ན། རྡོག་རྩ་ཆིག་སྒྲིལ་གསུངས་མི་དགོས་པར་བོད་མི་མང་དེའི་རྒྱབ་ཏུ་རྡོག་རྩ་གཅིག་ལ་སྒྲིལ་ནས་ཡོད་པ་དེ་འདས་པའི་གཞིས་བྱེས་གཉིས་ཀྱི་ལོ་རྒྱུས་ཀྱིས་ཁ་གྲག་བཞིན་ཡོད་པ་མཁྱེན་པ་གནང་རོགས།
5). ཉེ་དུས་རྡ་སར་དབུ་མའི་ལམ་དེ་༧གོང་ས་མཆོག་གིས་བཙན་བསྐུལ་གནང་བཞག་པ་ཞིག་མིན་པར་གྲོས་ཚོགས་ནས་ཐག་གཅོད་གནང་བའི་སྐོར་དང་། དབུ་མའི་ལམ་འདི་ཡང་མང་ཚོགས་ཀྱི་མངོན་འདོད་ཡིན་པ་དེ་གསལ་པོ་བཟོ་དགོས་སྐོར་གཏམ་བཤད་གནང་བ་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་གསར་ལམ་དུ་ཐོན་འདུག སྤྱིར་གནད་དོན་འདི་ ༢༠༡༠ ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཀྱང་བཀའ་གནང་ཡོད་ལ། བཀའ་སློབ་དེ་ལོ་དེའི་ཟླ་ ༩ པའི་ཤེས་བྱ་གསར་ཤོག་ཏུ་བཀོད་ཐོན་བྱུང་ཡོད་པ་རེད། གཞན་ཡང་ད་ཆ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་གནང་ཚར་པ་ཡིན་སྟབས། སྤྱི་འཐུས་གྲོས་ཚོགས་ནས་ ༡༩༩༧ ལོར་བཞག་པའི་དབུ་མའི་ལམ་གྱི་གྲོས་ཆོད་དེ་ད་ལྟའི་ཆབ་སྲིད་འཕོ་འགྱུར་དང་འབྲེལ་ནས་འགྱུར་བ་ཞིག་མ་བཏང་ན་མ་འོངས་པའི་ལོ་རྒྱུས་ཡིག་ཚང་གི་ནང་དུ་མཐོང་ཚུལ་ཁྱད་འཚར་ཡོང་སྲིད་པའི་རྒྱུར་འགྱུར་ཉེན་ཆེ་སྟབས། དབུ་མའི་ལམ་གྱི་སྐོར་ལ་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་གསར་པ་གང་འདྲ་ཞིག་འཇོག་དགོས་ཀྱི་ཡོད་ན་འཇོག་དགོས་པ་དེ་གནད་འགག་ཅིག་མིན་ནམ་བསམ་པ་ཞིག་གི་མཐོང་ཚུལ་ཡོང་གི་འདུག
6). མ་འོངས་པའི་དུས་ཡུན་ནང་བོད་མི་མང་སྤྱི་འཐུས་དང་། གཞུང་ཞབས་ལས་བྱེད་སོགས་ཀྱི་དཀྱིལ་འཁོར་དེ་ཕྱི་གསལ་ནང་གསལ་ཡོང་ཐབས་གནང་དགོས་པ་དང་། བཅའ་ཁྲིམས་རིན་པོ་ཆེ་ལ་བརྩི་བཀུར་མི་ཞུ་མཁན་གྱི་སྤྱི་འཐུས་དང་། ལག་པ་མི་གཙང་བའི་སྤྱི་འཐུས། ལྐོག་ཟ་རུལ་སུངས་བྱེད་མཁན་དང་རང་དོན་སྒྲུབ་མཁན་གྱི་ལས་བྱེད་སོགས་འགོག་ཐབས་ལ་གཞུང་མང་གཉིས་ཀ་འབད་དགོས་པའི་ཐད་མང་ཚོགས་ནང་བསམ་ཚུལ་མང་དག་འདུག་ལ། དེ་ལྟར་མ་བྱུང་ན་དབུས་བོད་མིའི་སྒྲིག་འཛུགས་ལ་བརྩི་བཀུར་དང་ཡིད་ཆེས་ཉམས་ཉེན་ཡོད་པས། རྔམས་སྟོན་སྐད་འབོད་གནང་མཁན་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ནང་གཉིས་ཀ་རུལ་བཅུག་མཁན་དེ་དག་ལ་གནང་དགོས་པ་ལས། བོད་རང་བཙན་རྩོད་ལེན་གྱི་ལངས་ཕྱོགས་འཛིན་མཁན་ཚོར་ངོ་རྒོལ་གནང་ན་དགྲ་དགའ་གཉེན་སྡུག་ལས་ཅང་ཕན་ཐོགས་ཨེ་ཡོད་ན་བསམ་མཁན་མང་པོ་འདུག་པ་འཕྲིན་ཕྲན་སོགས་མང་ཚོགས་ཀྱི་གཏམ་གླེང་རྭ་བ་ཁག་ཉུལ་ཙམ་བྱས་ན་མཁྱེན་རྟོགས་ཡོང་ངེས་འདུག དེ་ལྟར་མཐོ་དམན་མང་པོའི་བསམ་ཚུལ་ཉན་པ་ལས་གྲུབ་པའི་དུམ་ཚན་དྲུག་ཅན་འདི་ཡང་ཤ་ཚའི་ཁ་ལ་གཏམ་སྙན་མེད་ཟེར་བ་ལྟར་གལ་གནད་ཅུང་ཟད་རེ་མེད་དམ་བསམ་ནས་ཕྱོགས་བསྡུས་ཀྱིས་སྤེལ།
ཁ་བརྡ་ཚང་གིས་དྲ་ངོས་བརྗེ་བསྒྱུར་བྱས་པ་འདི་རྒན་རྒོན་མིག་ཐང་ཐང་མེད་པའི་ཆེད་དུ་ཡིན་མ་གཏོག་དྲ་བའི་མཛེས་ཉམས་རྦད་དེ་ཤོར་འདུག།
ད་དུང་བལྟ་མི་འདོད་པ་དང་འཚོལ་ཁག་པོ་ཆགས་འདུག། འདི་ཡར་རྒྱས་རེད་མར་རྒྱས་ཡིན་མི་ཤེས་ཁུ།
མ་གཞི་འཇིག་བྲལ་ལགས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་བསམ་ཚུལ་འདྲ་པོ་འདུག་ཏེ། ཡིན་ཡང་ཐེབས་དྲགས་བའི་ཚིག་འགའ་ཤས་ཤིག་ཡོད་དམ་ཉམས།
ཁྱེད་ཀྱི་གསུངས་པ་མང་པོ་ཞིག་བདེན་པ་རེད། དེང་ཚང་གི་གཞུང་གི་ལས་བྱེད་པ་མང་པོ་ཞིག་ནས་སོ་སོའི་ཐོབ་གོ་ས་མ་ཤོར་བའི་ཁྱེད་དུ་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་ལ་བརྒྱབ་སྐྱོར་ཡིན་ཁུལ་གྱིས་བོད་རང་བཙན་རྩོད་མཁན་ཚོ་ལ་དགྲ་བོ་དྭང་མ་འཛིན་བ་ཞིན་པ་སེམས་ཕམ་ཆེ་། བོད་ནང་ལ་དགྲ་འདྲེ་རྒྱ་དམར་ནས་བོད་རང་བཙན་གནང་མཁན་ཚོ་ཚེ་མེད་སྡུགས་བསྔལ་སྣ་ཚོགས་གཏེར། གུས་པ་ནི་ཆུང་ཆུང་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་གཏད་ནས་གཅེས་པའི་ཕ་མ་ཡང་མ་ཐུག་ནས་ཕྱི་མའི་ལྔ་ལམ་དུ་ཡར་སོང། ད་དུང་ཡང་མ་ཤི་བར་དུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ཡིད་ཆས་བྱེད་རྒྱུར་ཡིན། ཡིན་ན་ཡང་གཞུང་ལས་པ་འགས་གོང་ས་མཆོག་ལ་རྒྱབ་སྐྱོར་ཡིན་ཁུལ་གྱིས་བོད་རང་བཙན་རྩོད་མཁན་ཚོ་ལ་རྒྱ་རོ་དམར་པོའི་བྱེད་པ་ནང་བཞིན་མདུང་ཁ་ནང་ལ་མཛེམ་སོང་མེད་པ་བྱེད་རྒྱུ་ལབ་པ་ངོས་ལེན་མེད་། ལར་ནས་གོང་ས་མཆོག་གི་སྐུ་མདུང་དུ་འཁྲབ་སྟོན་ལས་དོན་འཁྱོལ་བ་ཞིག་ཁ་པོ་རེད།
ཁ་བརྡའི་དྲ་རྒྱ་འདི་རྒྱ་ནག་གི་དྲ་རྒྱ་གུ་དོག་པོ་དེ་ཚོ་ནང་བཞིན་བཟོས་འདུག སྟོང་ཆ་ཉུང་ལ་དགོས་ལ་མི་དགོས་ཚང་མ་ཟིང་ནས་འདུག ད་ག་ལེ་བཞུགས་ཟེར་མགྱོགས་མྱུར་འཐོན་གྱི་ཡིན། ལྟ་འདོད་ཤིག་བློ་ལ་ཡོང་གི་མིན་འདུག ང་རྒྱ་ནག་གི་དྲ་རྒྱ་དེ་ཚོར་འགྲོ་མི་འདོད་པ་གཅིག་ནི་དྲ་རྒྱའི་སྟེང་ལ་ཚང་མ་འཚང་ཁ་ཤིག་ཤིག་ཐོག་ལ་བཀྲམས། སྟོང་ཆ་མེད་པའི་སྟེང་། རྒྱ་ནག་གི་གྲོང་ཁྱེར་མི་ས་ཡ་གིས་འཁེངས་བ་ལྟ་བུ། ག་པར་ཕྱིན་ནའང་། ཟིང་དང་འཚང་ཁ་ཡོད་པ་ལྟ་བུ་རེད། བཀོད་འདོམས་བྱེད་མཁན་འདིའི་བསམ་བློར་གང་ཤར་བ་ཡིན་ནམ། ཕལ་ཆེར་རྒྱ་རིགས་ཤིག་གིས་བཀོད་འདོམས་བྱས་པ་ཡིན་རྒྱུ་རེད། རྒྱ་ནག་གི་དྲ་རྒྱ་ཕལ་ཆེ་བ་འདི་ལྟར་བཀོད་སྒྲིག་བྱེད། དེ་ལས་ལྡོག་ཏེ་ནུབ་ཕྱོགས་པའི་དྲ་རྒྱ་བཀོད་འདོམས་བྱེད་སྟངས་ནི་འདི་ལྟར་མིན།
ཡག་པོ་འདུག སྤྱི་འཐུས་ཁ་ཤས་ཀྱི་བྱེད་སྟངས་འདིས་བཙན་བྱོལ་གཞུང་ལ་ཨ་ཐང་ཆད་མཁན་མང་པོ་འདུག
རང་བཙན་རྩོད་མཁན་རེ་གཉིས་ནས་རང་ཅག་ཁ་བ་རི་པའི་ བལྟ་བའི་མིག།། ་ཁུག་པའི་སྙིང་།། ཕྱི་ཡི་ནོར་བུ་།། ནང་གི་སྐྱབས་གནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་བྱེད་པ་ནི་ནམ་ཡང་ངོས་ལེན་མེད། ཡིན་ན་ཡང་རང་བཙན་རྩོད་མཁན་ཚོ་ལ་རྒྱ་ཆ་རྒྱ་༡༠༠ནས་རྒྱབ་སྐྱོར་ཡོད་། ང་ཚོའི་གཞུང་ལ་ freedom of thought Freedom of opinion freedom of speech བསམ་ཚུལ་རང་དབང་སོགས་ངེས་པར་དུ་དགོས། གུས་པ་སྒེར་ངོས་ནས་དབུ་མ་པ་ཡིན་།། དེ་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆས་མཚོད་བྱེད་ཡིན། ཡིན་ན་ཡང་ངས་དུས་ནམ་དུ་ཡང་དབུ་མའི་ལམ་ཐོག་སྐྱོད་རྒྱུ་ཡིན་ཟེརནས་་འོས་ཤོག་འཕེན་མ་མྱོང་།། བོད་གཞུང་ལ་བོད་མི་དམངས་ནས་དབུ་མའི་ལམ་ཐོག་སྐྱོད་རྒྱའི་འོས་ཤོག་ཐོབ་པ་མེད་ལ། ག་རེ་ཐོབ་རེད་་རེར་ཟེར་ན་རྒྱལ་བ་ཡིན་བཞིན་ནོར་བུས་དུས་་དང་མཐུན་པའི་གང་གསུངས་པ་དེར་འགྲོར་རྒྱུར་འོས་ཤོག་ཐོབ་ཡོད།། གུས་པ་ཡང་ཅིག་ཡིན།། དེར་རྟེན་རྒྱལ་བ་རིན་པོ་ཆེ་ནས་དབུ་ལམ་ལ་བཀའ་གནང་བ་ཡིན་ཙང་གུས་པས་སྔོན་མ་འོས་ཤོག་འཕེན་པ་ལྟར་དབུ་ལམ་ལ་འགྲོ་བཞིན་ཡོད། བོད་མི་མང་ཆེ་བ་ང་ནང་བཞིན་རེད་བསམ། ཡིན་ན་ཡང་གོང་ས་མཆོག་ནས་ཆབ་སྲིད་ཐུགས་འགན་མ་བཞེས་པ་ཕེབས་རྒྱུར་རེད་བསམ་པ་དེ་ཡེ་ནས་མེད་། འོན་ཅང་ད་སྐབས་ དབུ་ལམ་གསུང་མཁན་གོས་ས་མཆོག་ནང་བཞིན་འགྲོ་མ་ཐོབ་པ་ལྟ་བུ་མཐོང་འདུག། མ་འོང་པ་ལ་དབུ་ལམ་ཐོག་འགྲོ་རྒྱུ་གོང་མཆོག་ནང་བཞིན་མ་འཇོན་། རང་བཙན་པ་ལ་དགྲར་ལྟ་བུ་ཆག་ནས་གཉིས་མེད་སེང་གེ་ཞིག་ཆག་མི་ཡོང་ན་སྙམ་པའི་བློ་འཚབ་ཆེ།།
འཇིགས་བྲལ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།
སྟག་གི་སྡེར་མོ་སྤུ་གསེང་ན་ཡོད་ཟེར་བ་ཅིར་མ་བདེན།
འཇིགས་བྲལ་ཡ་་་་འཇིགས་བྲལ།
ཚིག་གི་ཚེར་མ་ལ་དར་ཐུམ་བརྒྱབ་པའི་སྙན་ངག་གསོན་པོ་ཡ།
སུ་ཞིག་གི་སྙིང་དཀྱིལ་ལ་་་་་་་
བོད་བདེ་བ་གཞུང་དང་སྤྱི་འཐུས་རྣམས་ཕྱག་ལས་ཚད་དང་ལྡན་པ་ཞིག་གནང་ནམ་བསམ་པའི་རེ་བ་དང་ཡིད་ཆེས་གཏན་ནས་མེད། མ་ཟད་སྤྱི་འཐུས་རྣམས་བོད་ཕྱི་ནང་གཉིས་ཀྱི་སྡུག་བསྔལ་གསལ་ཐུབ་བའི་རེ་བ་ཡང་མེད།
ལེགས་སོ་ལེགས་སོ།
ཁྱེད་རྣམས་ཀྱི་ཀྱང་འགྲུབ་རྒྱུ་གང་ཡང་མེད་པའི་རང་བཙན་དང་རང་བཙན་བརྩོད་མཁན་ཁ་ལ་འཁྱེར་ནས་བོད་མིའི་སྒྲིགས་འཛུགས་ལ་ཟུར་ཟ་དེ་ཙམ་མ་གནང་ན་ལེགས། རང་བཙན་མི་འདོད་མཁན་ཧ་ལམ་མེད་པ་རེད་འོན་ཀྱང་གོང་གི་སེམས་ཤུགས་ཆེ་མདོག་གི་གསུངས་མཁན་རྣམས་ནས་རང་བཙན་ལེན་རྒྱུའི་དངོས་ཡོད་ཀྱི་ཐབས་ལམ་དང་ཆར་གཞི་སོགས་གང་ཡོད་གསུངས་ཐུབ་ན་དགེ་མཚན་ཆེ།
སྤོབས་པ་མཐའ་ཡས་སོགས་ཀྱི་བསམ་ཚུལ་ལ་སྒུག་ཡོད།
སྔར་གྱི་ཁ་བརྡ་དྲ་བའི་ཀློག་ན་འདོད་པའི་མཛེས་ཉམས་དང་། ཚོར་ཤུགས་འདྲེན་པའི་མཆན་ཐག ད་དུང་མིག་ལ་མཛེས་པའི་ཡིག་གཟུགས་བཅས་མདོར་ན་ཆ་ཚང་བརླག་འདུག་ལགས།
གཞི་རྩའི་དམངས་དཀྱུས་ཀྱི་སྤྱི་ཚོགས་ནང་གླེང་གཞིར་གྱུར་པ་བདེན་པ་རེད་ལ་གྲོགས་ཚོགས་དབུ་འཛུགས་ཚོགས་གཙོའི་གསུང་བཤད་ཀྱིས་གྲོས་ཚོགས་ཆུང་ཆུང་དེ་ཟང་ངེ་ཟིང་ངེ་འདྲ་ཞིག་བཟོས་སོང་། དོན་དངོས་བྱས་ན་སྡེ་འགན་ཡན་གྱི་ལས་བྱེད་ཕོ་བྲང་དུ་བཞུགས་མོལ་ཚོགས་འདུའི་སྐབས་༧རྒྱལ་བ་རིན་པོ་ཆེས་ལ་དྭགས་དང་ཨི་ཊ་ལི་སོགས་ཀྱི་གསུངས་བཤད་ལ་གསལ་འགྲེལ་གནང་བ་ཙམ་ལས་གལ་ཆེར་དོན་ཆེར་དགོངས་ནས་གསུངས་མེད་པ་ཕྱིས་སུ་བཀའ་སྤྱི་གཉིས་ཀྱི་གསར་འགོད་གསལ་བསྒྲག་ལས་གསལ་པོ་ཆགས་པ་རེད། འོན་ཀྱང་བཞུགས་མོལ་ཚོགས་འདུའི་སྐབས་༧རྒྱལ་བ་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་ཁྲོད་གླེང་གཞིར་གྱུར་པའི་སྐུ་དྲག་གསར་པའི་སྐོར་ནན་བཤད་གནང་ཡོད་ཀྱང་། སྐུ་དྲག་གསར་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག་གིས་དད་ཞེན་གྱི་འཚོར་བ་རྣོ་མདོག་གིས་ཁ་ལོ་གཞན་དུ་བསྒྱུར་ཏེས། ལྐོག་ཟ་རུལ་སྲུང་དང་། སྐུ་དྲག་གསར་པའི་འགྱིང་ཉམས་ཀྱི་བྱ་སྤྱོད། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བཙན་གཡེམས་སོགས་ཀྱི་གནད་དོན་ཁག་འགེབས་བསྲུང་གིས་འཛེམས་དོགས་མེད་པའི་གདོང་ལེན་བྱེད་ཕྱོགས་ཀྱི་མདུང་རྩེ་རང་བཙན་ཤོག་ཁག་གི་སྟེང་དུ་གཏད་པ་རེད། འདི་ནི་སེང་གེ་ཚང་གི་རྩ་བའི་དམ་བཅའ་གསུམ་གྱི་ཡ་རྒྱལ་ཆིག་སྒྲིལ་ཟེར་བ་དེ་རྦད་དེ་བརྗེད་སོང་བའམ་ལྡོག་ཟླར་གྱུར་པ་རེད། དེས་མི་ཚད་གྲོས་ཚོགས་ཀྱི་ཚོགས་གཙོས་གསར་ལམ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཉེན་བརྡ་བཏང་ཏེས་རང་བཙན་ཤོག་ཁག་ལ་སྡིང་ཆ་བསྐྲུན་མི་ཆོག་པར་བཤད་པ་རེད། བྱེད་སྟངས་འདི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་བྱ་སྤྱོད་ཁོ་ནར་ཟད། གཞི་རྩའི་རང་བཙན་ཤོག་ཁག་གི་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པར་རྒྱུ་མཚན་དུ་བྱས་ནས་འགལ་ཟླར་གྱུར་པའི་ལམ་དབུ་མ་དང་དབུ་མའི་སྟོན་པར་དགག་བཞག་བྱེད་རྒྱུ་དེ་དམངས་གཙོའི་སྤྱི་ཚོགས་ཞིག་གི་ཆབ་སྲིད་ཀྱི་འགྲོ་སྟངས་ཞིག་ལས་དད་ལོག་དང་མཚན་སྨོད་ཞུས་པར་འགྱུར་མི་སྲིད་པ་རེད།
འོན་ཀྱང་ཡ་མཚན་སྐྱེ་གཞི་ཞིག་ལ་མངོན་སུམ་མཛེམས་མེད་ཀྱིས་མཚན་སྨོོད་ཞུ་མཁན་(དམངས་ཁྲོད་ཀྱི་ཁ་བརྡ་)ཞེས་པའི་ལེ་མཚན་ནང་ལྷ་འདྲེ་གདོན་བགེགས་ཚོགས་པས་བློ་ཡུལ་ལས་འདས་པའི་མཚན་སྨོད་ཞུས་དང་ཞུ་བཞིན་པ་དེ་ཚོར། འཛེམས་དོགས་མེད་པའི་གདོང་ལེན་བྱེད་རྒྱུའི་བསྒྲག་གཏམ་ཡིག་འབྲུ་ན་གཅིག་ཀྱང་མེད་པ་དེས་ག་རེ་མཚོན་པ་རེད་ཟེར་ན་མཚན་སྨོད་ཞུ་མཁན་ལ་འཛེམས་དོགས་མེད་པའི་གདོང་ལེན་མ་ཡིན་པར་དབུ་མ་དང་རང་བཙན་ལྟ་གྲུབ་གཉིས་ཀྱི་འགལ་ཟླ་ཁོ་ནར་འཐུག་འདུག། གནས་སྟངས་དེའི་འོག་ནས་ཀརྨ་ཆོས་འཕེལ་གྱིས་སྔ་ཕྱི་གཉིས་གསར་འགོད་གསལ་བསྒྲགས་སྤེལ་ནས་ངས་༧སྐུ་མདུན་ཞལ་ཞེ་མི་མཐུན་པ་རེད་ཞེས་ནམ་ཡང་བཤད་མེད་ལབ་ཀྱང་ད་དུང་ཨུ་ཚུགས་ཀྱིས་ཤུགས་མ་བསྟན་གྱིས་གོ་སོང་ལབ་སོང་ཞུས་སོང་ཞེས་འ་ཆད་འུ་འཐུག་གི་གནས་ལ་བསྐྱལ་ཏེས་ནག་འདེད་བཏང་པ་རེད། མ་གཞི་བྱས་ན་ཤུགས་མ་བསྟན་གྱི་གོ་སོང་ཟེར་བའི་ཚིག་འདི་ཁྲིམས་ཐོག་ལ་འཁུངས་བསྐྱེལ་མི་ཐུབ་པའི་སྐད་ཆ་ཞིག་རེད། དེས་ན་གནད་དོན་ངོ་མ་དེ་རང་བཙན་ཞེས་པའི་ཚིག་འབྲུ་འདི་གཉིས་ཀྱིས་བཙན་བྱོལ་སྲིད་གཞུང་སྐྱིད་དུ་མི་འཇུག་པར་གསལ་བསྟོན་བྱས་པ་རེད། རྒྱུ་མཚན་གྲོས་ཚོགས་ཀྱི་གྲོས་ཆོད་ཁག་གི་ཡིག་ཆའི་ནང་རང་བཙན་གྱི་ཚིག་ཟུར་(རང་དབང་བསླར་གསོ་)ཞེས་པ་ཕན་ནས་བསྒྱུར་བཅོས་བཏང་བ་ལས་གསལ་པོ་ཆགས་ཟིན་པ་རེད། ད་ནི་ལ་མོ་ཕར་ནང་ཚུར་་ནང་གཉིས་ཀས་འཛེམས་དོགས་མེད་པའི་གདོང་ལེན་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ས་དེ་རང་བཙན་ཤོག་ཁག་ཁོ་ནའོ།
རྩོམ་པ་པོས་བདེན་དོན་བརྗོད་འདུག་རྒྱབ་སྐྱོར་ཡོད། དེ་ནས་ཞོལ་གཡག་འབྲོང་རྒྱུད་ཀྱི་བསམ་ཚུལ་དེ་ཡང་དྲང་བདེན་རེད། མཐར་ངས་ནི་བོད་ཀྱི་བདེན་དོན་དེ་ཆེས་རབ་རིབ་ཅིག་ཏུ་ནང་ཁུལ་གྱིས་བཟོས་སོང་ཞེས་ཞུ་འདོད་བྱུང་།
ད་གང་ཤེས། དབུ་མའི་ལམ་གྱི་དགྲ་བོ་རང་བཙན་དང་། རང་བཙན་གྱི་དགྲ་བོ་རྒྱ་དམར། རྒྱ་དམར་གྱི་དགྲ་བོ་དབུ་རང་གཉི་ག་ལྟ་བུ་རེད་འདུག
ཁྱོད་ཚོ་ནང་ཁུལ་ལ་ཁ་གཏོང་རྒྱུ་ལས་མི་ཤེས་པ་ཅི་རེད། ཨ་ཤི་རེ་ཁོ། བོད་པའི་སྐྱག་འབུ་འདི་ཚོ།
ཁ་བརྡ་དྲ་རྒྱ་སྔོན་མ་དེ་ཡག་འདུག
དྲྭ་རྒྱ་གསར་པ་དེ་ཡག་པོ་འདུག ཡར་རྒྱས་དང་གསར་གཏོད་གལ་ཆེན་པོ་རེད། དེ་མིན་དགེ་ཆོས་ཀྱི་གསུངས་པ་ལྟར། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་གྲགས། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། ཞེས་སོགས་གསུངས་པ་བཞིན་རེད།
བདེན་དོན་སུ་བཤད་ན་རྒྱབ་སྐྱོར་།
རྩོམ་པ་པོ་འཇིགས་བྲལ་ལགས། སྤྱིར་ན་རྒྱལ་བ་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་ཟེར་བ་འདི་དཀའ་ངལ་ཆེན་པོ་ཞིག་རེད། ངས་བསམ་ན་རྒྱལ་བ་རིན་པོ་ཆེ་གནས་སྐབས་རིང་བོད་དུ་ལོགས་པའམ་གནས་གཞན་དུ་སྤོར་བ་སོགས་བྱས་ནས་ཚོད་ལྟ་ཞིག་བྱས་ན་ཡག་ས་རེད་ཀྱང་བསམ་གི་ཡོད། རྒྱལ་བ་རིན་པོ་ཆེ་ལ་གཞིས་བཞུགས་མི་མང་གིས་རེ་ལྟོས་ཆེན་པོ་ཡོད་པས་མ་མཐའ་ཡང་ཁོང་ཚོའི་མཐོང་སར་གཅིག་ཕེབས་ཐུབ་ན་བཟང་ཆ་ཧ་ཅང་ཆེ་བ་རེད། རྒྱལ་བ་རིན་པོ་ཆེས་ཞལ་ཞེ་གཉིས་མེད་ཀྱིས་ཀྲུང་གོའི་སྤྱི་དམངས་བྱ་རྒྱུའི་ཞལ་བཞེས་གནང་ཡོད་སྟབས་ཀྲུང་གོའི་ཕྱིར་སྡོད་བོད་མིའི་མིང་ཐོག་་ནས་བོད་དུ་ཕེབས་ན་ཕྱིར་མི་ཐུབ་དོན་གང་ཡང་མེད། དེ་ནི་རྒྱ་ནག་གི་ང་ཚོར་འཛིན་པའི་དམ་བཅའ་དང་ལངས་ཕྱོགས་ཀྱང་ཡིན། ཁོང་རྡ་རམ་ས་ནས་གཏན་བྲལ་ལྟ་བུ་ཞིག་བྱས་ན་རྒྱལ་བ་རིན་པོ་ཆེའི་ངོས་ནས་ཀྱང་དགོངས་པ་ཞུ་ཐུབ་དང་མི་ཐུབ་གྱི་གནས་སྟངས་གསལ་པོར་གཟིགས་ཐུབ་པ་དང་། བོད་མི་མང་གི་ངོས་ནས་ཀྱང་སྔ་ཕྱི་ལ་མ་ལྟོས་པར་ཚོད་བགམ་འདི་ལས་གཡོལ་དུ་མེད་པས་ན་རྒྱལ་བ་རིན་པོ་སྐུ་ཁམས་བདེ་ཐང་གི་དུས་འདིར་ཚོད་ལྟ་ཞིག་བྱ་རྒྱུ་བྱུང་ན་གྲ་སྒྲིག་ཞིག་ཀྱང་བྱ་རྒྱུ་ཡོད་པ་རེད་བསམ། དེ་མིན་ན་བོད་མི་མང་གི་ངོས་ནས་རྒྱལ་བ་རིན་པོ་ཆེ་ལ་བཅངས་པའི་རེ་བ་དེ་སྔར་མུས་བཞིན་འགྱུར་བ་འགྲོ་མིཐུབ་པའི་ཆ་ནས་སྐུ་དབང་རྩིས་སྤྲོད་ཀྱིས་འབྲས་བུ་བཟང་ཕྱོགས་ནས་སྨིན་ཐུབ་གི་མི་འདུག དེ་ལས་ལྡོག་སྟེ་བོད་མི་ནང་ཁུལ་དུ་སུས་ལྷ་དགོངས་དཀྲུགས་མ་དཀྲུགས་དང་། སུས་བཟོད་གསོལ་ཞུ་མི་ཞུ། སུས་རང་བཙན་གླེང་མ་གླེང་སོགས་དགྲ་དགའ་གཉེན་སྡུག་གི་འཁྲབ་སྟོན་འདི་འདྲ་ཞིག་བྱས་བསྡད་ན་ཕན་ཐོགས་མེད་པ་བརྒྱ་ཆ་བརྒྱ་ཆ་བརྒྱ་རེད། སྔོན་མ་མདོ་སྟོད་སྤྱི་འཐུས་རལ་པ་ཅན་གྱི་གནམ་གྲུའི་གླ་ཆའི་དོན་ལ་གྲོས་ཚོགས་ཚུགས་མ་ཐུབ་པ་དང་། ཉེ་སྔོན་ཀརྨ་ཆོས་འཕེལ་གྱི་སྨོན་ལམ་གྱི་ཚིག་འགྲེལ་སྟངས་ལས་ཟིང་ཆ་ལངས་པ་དེ་ཚོ་གནད་འགག་ཆུང་ཆུང་ཞིག་ཆེན་པོར་བསྒྱུར་ནས་མདོག་ཉེས་པོ་ཞིག་ཆགས་པ་རེད། ང་ཚོའི་གཡས་གཡོན་གྱི་མི་ཁ་ཤས་ཀྱིས་ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་སྤྱི་འཐུས་ཡིན་པའི་ཆ་ནས་བཀའ་རྒྱུད་པའི་བླ་ཆེན་ཚོས་ཁོའི་གོ་གནས་ལེནན་དགོས་མདོག་གི་བསམ་ཚུལ་གླེང་བ་དེ་ཚོ་ནི་ཧ་ཅང་ཐབས་སྡུག་རེད་བསམ་སོང་། བཀའ་རྒྱུད་པའི་བླ་ཆེན་ཚོས་དམངས་གཙོའི་འགྲོ་སྟངས་སྤྱད་ནས་ཡར་བསྐོས་པའི་སྤྱི་འཐུས་ཤིག་བཙན་ཤེད་ཀྱིས་གོ་གནས་ལས་ཕབ་ཆོག་པ་ག་ལ་སྲིད།
ཡ་མཚན།མི་ཁ་ཤས་ལ་བསམ་བློ་དང་རྒྱུ་འབྲས་ཟེར་བ་ཅིག་མི་འདུག ཀརྨ་ཆོས་འཕེལ་གྱིས་བཙན་པོ་དབང་ཡོད་བྱས་ཏེ་༧གོང་ས་མཆོག་གིས་ཞལ་ནས་རང་དབང་གསུང་གི་ཡོད་ཀྱང་ཐུགས་ལ་རང་བཙན་རེད་ཅེས་གཞན་གྱི་ཁ་ནས་མ་བཤད་པ་ཅིག་མགོ་ལ་བཞག་ཆོག་ས་ནས།༧གོང་ས་མཆོག་ནས་དེ་ལ་གསལ་བཤད་དང་ངོས་ནས་མ་བསམ་པ་ཅིག་ཁོས་ངོས་ཀྱི་མགོ་ལ་བཙན་གྱིས་བཞག་པར་བློ་ཕམ་ཡོད་ཅེས་ཅིའི་ཕྱིར་གསུང་མི་ཆོག་པ་རེད།
ལར་ནས་ཀརྨ་ཆོས་འཕེལ་གྱི་བཤད་སྟངས་དེ་ཁྲིམས་འགལ་རེད།མི་གཞན་པས་མ་བཤད་པ་ཅིག་དེ་འདྲ་བསམ་གི་ཡོད་རེད་ཅེས་ན་བཙན་བཙུགས་པ་རེད་ད།ལྷག་པར་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ནམ་རྒྱུན་ནས་དཀྲུག་ཤིང་དང་རྙོག་བྲ་ཧ་ཅང་མང་པོ་བཟོས་ཚར་མ་ཟད།ཁོས་ཤིམ་ལར་སློབ་སྤྱི་བྱེད་དུས་ཧིན་སྒོར་འབུམ་ལྔ་ལྐོག་ཟ་བྱས་པ་སྤྱི་འཐུས་ཀྱིས་ཚོགས་ཆུང་ཆེད་བཙུགས་ཀྱིས་ཕྱིས་སུ་ཤེས་བྱ་གསར་ཤོག་སྟེང་བཏོན་པ་རེད་ད།ཁོ་དེ་འདྲ་མི་གཙང་མ་ཅིག་གང་ཡང་མ་རེད།ཀིརྟི་སྒྲོལ་དཀར་དང་ཁོ་ཚོ་རིགས་གཅིག་པ་རེད།
དེ་ནས་ད་ལོ་རང་བཙན་འཐབ་རྩོད་པ་ཚོར་སྤྱི་འཐུས་ནང་སུ་གང་གིས་དགག་པ་བརྒྱབ་མ་སོང་ད།དགག་པ་བརྒྱབ་པ་མཐོང་ན་ཤོད་དང་ཁྱེད་ཚོས་ཁུངས་སྐྱེལ་མེད་རེད།དེ་ལས་ལྡོག་ཏེ་རང་བཙན་འཐབ་རྩོད་པ་དང་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཡིན་ཟེར་མཁན་གྱི་སྤྱི་འཐུས་ཚོས།གྲོས་ཚོགས་ནང་དུ་གླིང་ཚ་ཚེ་རྡོར་དང་ཤར་ཕྱོགས་ཁུག་རྟ།གངས་དཀར་རྒྱལ་སྲས་སོགས་ལས་འགུལ་བ་དང་དྲ་རྩོམ་པ་ཚུན་གྱི་མིང་དངོས་སུ་སྨོས་ཏེ།ཁོང་ཚོ་རྒྱལ་ཚོང་པ་དང་མགོ་འདོགས་པ།བོད་གཞུང་གཏོར་མཁན་དང་དཀྲུག་མཁན་སོགས་ཀྱི་བསྙོན་འཛུགས་བྱས་སོང་ང་།དེ་འདྲ་གང་ཟག་སྒེར་གྱི་ཆེ་མཐོང་དང་བསམ་ཚུལ་ལ་ཅུང་ཟད་ཙམ་ཡང་ལྟོས་མེད་ཀྱིས་གནོད་འཚེ་དང་ནག་པོ་བཟོས་ན་ཁྲིམས་འགལ་མ་རེད་དམ།དངོས་གནས་གདུག་རྩུབ་ཆེན་པོ་རེད།བོད་མི་ལ་ཁྲིམས་ཀྱི་འདུ་ཤེས་མེད་རེད་མ་གཏོགས།འདི་འདྲ་ཐལ་ཆ་ཅན་གྱི་བཀའ་མོལ་གནང་སྲིད་ཀི་མ་རེད།མདོར་ན།ཚང་མས་ཤེས་དགོས་པ་ནི་དེང་སང་རང་བཙན་ལ་རྒྱབ་སྐྱོར་ཟེར་མཁན་དེ་ཚོས་ལས་སྟངས་བཤད་སྟངས་ལ་ལྟོས་དང་དེ་ཚོ་རང་བཙན་འཐབ་རྩོད་པ་རྩ་བ་ནས་མ་རེད།དེ་ཚོས་རང་བཙན་ལ་ཁ་གཡར་ནས་བོད་མིའི་ཆིག་སྒྲིལ་གཏོར་བརླག་དང་༧གོང་ས་མཆོག་གི་མཛད་འཕྲིན་བཀག་འགོག།བོད་མིའི་རང་དབང་འཐབ་རྩོད་ལ་བར་ཆད་བྱས་ཏེ་རྒྱ་ནག་གཞུང་གི་མངོན་འདོད་ངོ་མ་དེ་སྒྲུབ་བཞིན་ཡོད་པ་རེད།ཁོ་ཚོ་ནི་རང་བཙན་གྱི་འབག་མགོའི་ནང་ཡིབ་པའི་རྒྱ་མིའི་སོ་མྱུལ་རེད་ད།དེ་ཚོ་བོད་མི་ཚོས་ཤེས་ན་ཡག་པོ་ཡོད་རེད།
ང་རང་བརྒྱ་ཆ་བརྒྱ་བོད་རང་བཙན་འཐབ་རྩོད་པ་ཅིག་ཡིན།འོན་ཀྱང་ནམ་རྒྱུན་རང་བཙན་ལ་ཁ་གཡར་ནས་༧གོང་ས་མཆོག་ལ་རྒྱུ་མཚན་མེད་པའི་སྐྱོན་འཛུགས་དང་།བོད་གཞུང་ལ་སྐྱོན་འཛུགས་ཀྱིས་བོད་མིའི་ཆིག་སྒྲིལ་གཏོར་འདོད་པ་ཚོར་ངོས་ལེན་རྩ་བ་ནས་མེད།
ཡང་གོང་ནས་༧གོང་ས་མཆོག་གིས་གསལ་བཤད་ཀྱིས་ལྷག་བསམ་ཅན་ཚོ་སེམས་ཤུགས་ཆག་མདོག་གི་འཇིགས་སྐུལ་བྱས་འདུག་མོད།དེ་ཚོར་ངོས་ལེན་དང་ཞེད་སྣང་རྩ་ནས་མེད།མིས་ཚུར་རྒྱུ་མཚན་མེད་པའི་བསྙོན་འཛུགས་དང་ནག་པོ་བཟོས་ཡོང་དུས།ཕར་གསལ་བཤད་བྱས་ཚེ་སེམས་ཤུགས་ཆག་འགྲོ་ན།དེ་ནི་ཕྱོགས་རིས་ཅན་དང་རྒྱུ་མཚན་མི་ཤེས་པའི་ལྐུག་པ།མི་ཐ་ཤལ་དེ་འདྲའི་བྱེད་སྟངས་རེད་མ་གཏོགས་ལྷག་བསམ་ཅན་ཅིག་གང་ནས་ཡིན།
སྤོབས་པ་མཐའ་ཡས་ལགས། ཁྱེད་ནི་ཆོས་ལུགས་ཀྱི་ཞེན་ཁོག་ཧ་ཅང་ཆེན་པོ་ཅན་འཛེ་རོ་མ་ཞིག་ཡིན་པ་ཤེས་ཀྱི་ཡོད། དེ་སྔོན་ཆོས་ལུགས་ཀྱི་མིང་ཁུར་ནས་རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་ཧ་ཅང་མང་པོ་བྱས་སོང་། ད་ཡང་རང་བཙན་གྱི་འབག་མགོའི་ནང་གབ་ཏེ་ཆབ་སྲིད་ཀྱི་མིང་ཐོག་ནས་རྒྱལ་དབང་ལ་སྐྱོན་བརྗོད་ཀྱི་ཐབས་ཤེས་རབ་དང་རིམ་པ་བྱས་ཡོང་དུས། ཁྱོའི་དམིགས་ཡུལ་གང་ཡིན་མ་ཤེས་པ་མི་འདུག། འོན་ཀྱང་། ཀློག་མཁན་ཚོར་གསལ་བོར་བཟོ་འདོད་པ་ཅིག་ནི་སྤོབས་མཐའི་མཆན་ནང་དུ། ༼ཉེ་སྔོན་ཀརྨ་ཆོས་འཕེལ་གྱི་སྨོན་ལམ་གྱི་ཚིག་འགྲེལ་སྟངས་ལས་ཟིང་ཆ་ལངས་པ་དེ་ཚོ་གནད་འགག་ཆུང་ཆུང་ཞིག་ཆེན་པོར་བསྒྱུར་ནས་མདོག་ཉེས་པོ་ཞིག་ཆགས་པ་རེད།༽ཟེར་བ་དེ། རྒྱ་ནག་གཞུང་གི་མངོན་འདོད་སྒྲུབ་མཁན་ཁྱེད་ཚོའི་གྲས་ལ་དོན་ཏག་ཆུང་ཆུང་རེད། འོན་ཀྱང་། བོད་མིའི་རང་དབང་འཐབ་རྩོད་ཐད་དེ་དོན་དག་གནད་འགག་ཆེན་པོ་རེད་ད། རྒྱ་ནག་གཞུང་གིས་ག་དུས་ཡིན་ན་རྒྱལ་བ་རིན་པོ་ཆེས་རང་བཙན་བློས་གཏོང་གི་མེད་པ་རེད། མངོན་པར་མི་གསལ་བ་དང་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་ཡོད་རེད་ཅེས་བསྙོན་འཛུགས་བྱེད་བཞིན་པའི་སྐབས་འདིར། ཀརྨ་ཆོས་འཕེལ་གྱིས་ཀྱང་རྒྱ་ནག་གཞུང་གི་སྐད་ཆ་དེ་རྒྱལ་བ་རིན་པོ་ཆེའི་སྟེང་བསྐྱར་བཟློས་བྱས་ཡོང་དུས། ༧ཁོང་གིས་བཀའ་ལན་ནན་པོ་ཅིག་དང་ཡོངས་གྲགས་ཤིག་མ་གནང་ན། ཀར་ཆོས་ཀྱི་བསྙོན་འཛུགས་དེས་རྒྱ་ནག་གཞུང་གི་བསྙོན་འཛུགས་ལ་བདེན་དཔང་བྱས་པ་རེད། ལྷག་པར་དགྲ་བོ་རྒྱ་ནག་གིས་བདེན་དཔང་བྱེད་མི་དགོས་པར།ང་རང་ཚོས་རང་མི་རང་གིས་བཙོང་སྟེ་དགྲའི་རྫུན་གཏམ་ལ་རང་གིས་བདེན་དཔང་བྱས་པ་རེད་ད། དེ་ཆབ་སྲིད་ཀྱི་གནད་འགག་གལ་གནད་ཆེན་པོ་རེད།
དེ་ཚོ་བོད་མི་ཚོས་ཤེས་ན་ཡག་པོ་ཡོད་རེད་མ་གཏོགས་གཡོ་སྒྱུ་ཅན་གྱི་སོ་པ་ཚོས་འཁྲུལ་བཅུག་གི་རེད་ད།
མང་པོ་བཤད་ཀྱང་དགོས་པ་ཆེར་མེད་ངེས་སྙམ། གང་ཡིན་ཟེར་ན་བོད་གཞུང་ལས་ཀ་དེ་བོད་མི་བྱིངས་ལ་བརྟེན་ནས་སྒྲུབ་བཞིན་པ་རེད། བོད་མི་བྱིངས་ནི་ཡོད་ཚན་མི་གཅིག་གིས་བྱས་པར་འདོས་པའི་ལྟ་གྲུབ་ལས་ནམ་ཡང་བསྒལ་མེད་ཅིང་། དེ་ལས་བསྒལ་བར་བརྩོམ་པ་དག་མངོན་ལྐོག་བརྒྱུད་གསུམ་ནས་རྩ་མེད་དུ་བཟོ་རྒྱུའི་ལས་དོན་ལ་ཞུགས་མཁན་རྐྱང་རྐྱང་རེད། དེས་ནི་སྨྲ་བརྗོད་རང་དབང་ཡང་འགོག་ཅིང་། ལྷག་བསམ་ཆེར་མེད་ཅིང་ཤེས་ཡོན་ཅན་ཚོས་སྤྱི་ཚོགས་ནང་དུ་ལས་ཀ་སྒྲུབ་ཅིང་གྲུབ་འབྲས་མངོན་རྒྱུར་ཡང་འགོག་རྐྱེན་ཆེན་པོ་ཡིན།
༄༄།། སྤོབས་པ་མཐའ་ལགས་ནས་གསུངས་པ་གོ་རྒྱུ་འདུག། ད་ལྟའི་གཞུང་འདི་དོན་ཆུང་དོན་ཆེན་་ལ་སྦྱོར་ནས་༧གོང་ས་མཆོག་ལ་ངོས་དགའ་སྤྲེལ་ཀླེད་འཁྲབ་ཀྱི་འདུག། གོང་ས་མཆོག་ནི་ང་ཚོའི་ཕ་མ་ལྟ་བུ་ཡིན་ཙང་སོ་སོའི་པུ་གུ་ལ་སླབ་བྱ་དང་གཤད་གཤད་གཏང་དང་གཏང་དང། དེ་ཆེན་པོ་དང་ཕལ་ཆེར་རང་བཙན་རྩོད་མཁན་ཚོ་དགྲ་ལ་འཛིན་པ་ལྟ་བུ་ཆག་ན་བློ་ཕམ་རེད། ད་ཡག་རྟགས་མི་འདུག། རང་བཙན་རྩོད་མཁན་་ལ་ཁ་གཏད་བཅའ། རྒྱ་དམར་ལ་ཞི་བའི་གྲོས་མོལ་བྱེད་ན་ག་འདྲ་འདུག། འདས་པའི་ལོ་རྒྱུས་ལ་བསམ་ན་ཆིག་ཡིག་དོན་ཚན་བཅུ་བཞག་ནས་མགོ་སྐོར་གཏང། བོད་ཀྲུང་གྲོས་མོལ་བྱེད་ནས་མགོ་སྐོར་གཏང། ངས་དབུ་ལམ་ལ་འགྲོ་རྒྱུ་མི་འདུག་ལབ་ཀྱི་མེད། གཞུང་ནས་ལང་ཕྱོགས་དབུ་ལམ་ཕྱིན་ནས་བོད་སྐྱོད་ཐབས་བྱེད། རང་བཙན་པས་རང་བཙན་རང་རྩོད་ཕྱིན་ན་བུ་སྤུན་ནང་བཞིན་རེད། དཔེར་ན་གོང་ས་མཆོག་དང་ སྟག་ཙེ་རིན་པོ་ཆེ་ནང་བཞིན་རེད། གལ་སྲིད་རྒྱ་དམར་ནས་དབུ་ལམ་ལ་ཡ་ལེན་མ་བྱེད་ན་ང་ཚོ་ཚོང་གི་མ་རྩ་རང་བཙན་ཡོད་རེད། འོན་ཀྱང་རང་བཙན་རྩོད་མཁན་རེ་ཟུང་ནས་གོང་ས་མཆོག་ལ་བོད་གཞུང་སྡེབ་གསོབ་རྒྱབ་རེདསོང་་ཟེར་ནས་ཁ་གཏང་ཡག་དེ་ཞབ་འདྲེན་ཞབ་འདྲེན་ཞབ་འདྲེན་རེད། བོད་འདི་འཛམ་གླིང་གི་ཐོག་རྒྱ་དང་ཐ་དད་སོ་སོ་ནས࿒ཡིན་པ་དང་བོད་Tibet ཞིག་མཐོང་ཐོས་གོ་རྒྱུ་ཡོད་པ་འདི་གོང་ས་མཆོག་གི་བཀའ་དྲིན་རེད། ཡིན་ན་ཡང་གཞོན་ནུ་ཚོགས་པ་སོགས་ནས་རང་བཙན་ལྟ་བ་དེ་དམ་བཅའ་འགྱུར་མེད་བྱེད་རྒྱུ་་ཧ་ཀྱང་གལ་ཆེ་པོ་རེད། དགུ་བཅུ་གསུམ་ནང་བཞིན་མ་བྱེད་རོག། བོད་རྒྱལ་ོ་ བོད་རྒྱལ་ལོ། རྒྱ་འདྲེ་དམར་པོ་བོད་ནས་ཕར་རྒྱུག་ཤིག་། ང་ཚོའི་ཨ་ཕ་དང་བོད་མི་ས་ཡ་ཅིག་ལས་མང་བའི་ཁྲག་འཇིབ་མཁན་རྒྱ་འདྲེ་དམར་པོ་བོད་ནས་རྒྱ་ཡུལ་ལ་ད་རྒྱུག་ཤིག་ རྒྱ་རོ་ཁྱོད་ལ་ཡིད་ཆས་ནམ་ཡང་མེད། གོང་ས་མཆོག་ལ་དད་པས་དབུ་ལམ་ལ་རྒྱབ་སྐྱོར་ཞུས་པ་ལས་རྒྱ་འདྲེ་དམར་པོས་ང་ཚོ་བོད་ལ་་ཡག་བ་ཞིག་དུས་ནམ་ཡང་བཟོ་མི་སྲིད་དོ།
ཀླད་རྩ་དང་ཁ་སྣ་ལ་སྐྱོན་ཤོར་ཡོད་ན་མ་གཏོགས། བོད་མི་བྱིངས་ལ་དཀའ་ངལ་ཡོད་པའི་སྐབས་ཅིག་སྨན་པ་མཁས་པ་མང་པོ་དགོས་པ་བདེན་མོད། པནཊི་ཏ་སམ་གདོང་རིན་པོ་ཆེ་བཀའ་ཁྲིའི་འོས་མིར་བཞེངས་དུས་མི་གཉིས་ཀྱི་ནང་ནས་གཅིག་བདམ་པ་རེད། འབུམ་རམས་པ་བློ་སེང་འོས་མིར་བཞེངས་དུས་མི་ག་ཚོད་ལོངས་ཡོད་མེད་བོད་མིར་གསལ་གསལ་རེད། རྩ་མི་ཚང་བའམ་ཅུང་ཟད་མི་ཚང་པ་དེ་ཚོར་ཚོར་བ་ཁོ་རང་མེད་པ། རྩ་མེད་བཟོས་པ་ཡིན་ན་རང་གིས་རང་རྩ་མེད་བཟོས་པ་མཁྱེན་པ་གནོང་རོགས། ཁ་བདེ་པོ་རང་དོན་དུ་མི་ལ་མགོ་སྐོར་བཏང་དགོས་ན་ཐུབ་པ། བོད་མི་བྱིངས་འགྲིག་ཡོད་པ་མ་རེད་མདོག་མདོག་མ་བྱས་ལོ།
འདྲ་མཉམ་གྱི་ལྟ་ཚུལ་མེད་པ་དང་དད་གཙོ་སྨྲ་བ་རིང་ལུགས་པར་གནས་ལུགས་དང་རྒྱུ་མཚན་ཡེ་ནས་མི་འགྲོ། གལ་ཏེ་རྒྱ་ནག་གཞུང་གི་མངོན་འདོད་བསྒྲུབ་མཁན་ཞིག་ཡོད་ན་དེ་ནི་འཛེམས་དོགས་མེད་པར་གདོང་ལེན་བྱེད་རྒྱུའི་དམ་བཅའ་ཕྲག་པར་བླངས་ཏེས་རང་བཙན་ཤོག་ཁག་རྩ་མེད་བཟོ་རྒྱུ་དང་རང་བཙན་གྱི་ཚིག་ཟུར་ཙམ་ཡང་གྲོས་ཚོགས་ཀྱི་ཡིག་རའི་ནང་ནས་རྒྱང་ཕུད་བཏང་མཁན་དེ་ཚོ་མ་རེད་དམ། རྒྱུ་མཚན་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་ཁ་བྲལ་ལ་བཅངས་པའི་གདུག་རྩུབ་དེ་ལ་འགྱུར་བ་ནམ་ཡང་ཕྱིན་མེད་པ་རེད། ད་དུང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུར་བྲེལ་ཤ་ལངས་ནས་མགོ་འབུལ་ལུས་འབུལ་གྱིས་དམངས་གཙོ་རྩོད་ཀྱི་མེད་ལ་མི་རིགས་ཀྱི་ལྟ་བ་དོར། མི་རིགས་ཀྱི་ལ་རྒྱ་དོར། མདོར་ན་ཡོད་ཚད་ནས་ཡོད་ཚད་དོར་ཏེས་མེས་རྒྱལ་གྱི་པང་དུ་ལོག་འཇུག་རོགས་ཞེས་ཞུ་འབོད་བྱེད་གྲབས་བྱེད་གྲབས་བྱེད་མཁན་དེ་ནི་ཏང་གི་མངོན་འདོད་གྲུབ་མཁན་ངོ་མ་དེ་རེད། བྱས་ཙང་ཏང་གིས་འདི་འདྲའི་གནས་སྟངས་ཞིག་ལ་བསྒུག་ནས་མཐའ་མ་བོད་དོན་འདི་མཇའ་ལྟར་ཡལ་འཇུག་རྒྱུ་དེ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཏང་ཀྲུང་དབྱང་སྲིད་གཞུང་གིས་ལོ་ངོ་དྲུག་བཅུ་ལྷག་ཕྱི་ཕྱོགས་སུ་བྲོས་བྱོལ་གྱིས་ཁྲིམས་འགལ་གྱི་ཉེས་པ་དེ་ནམ་ཡང་དག་འཇུག་རྩིས་མེད་པ་དེ་རེད་ལ་བོད་ནི་ཏང་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཅིག་ཡིན་པས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་ཞེས་པ་དེ་རེད། དེས་ན་ཡུལ་བགྱར་སྲིད་གཞུང་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་བསྐྱར་གསོ་བྱེད་མཁན་རེད་བཤད་ཡོད་པ་རེད།
ཡང་གཅིག་བཤད་ན་ཕྱེད་རང་བཙན་དང་། རྣམ་པར་མི་གསལ་བའི་རང་བཙན། ངོ་བོ་བསྒྱུར་བའི་རང་བཙན་སོགས་ཀྱི་མིང་འདི་ཟམ་གདོང་སྲིད་གཞུང་གིས་ཀྲུང་ནན་ཧེའེ་ལ་མགོ་འབུལ་ལུས་འབུལ་ཞུས་པའི་རང་སྐྱོང་མངོན་འདོད་ཤོག་ལྷེ་འགའ་དེར་བཏགས་ནས་རྡ་སར་ཕྱིར་བསློག་བཏང་བ་ཞིག་རེད་དྲན་ཡོད། དེ་ནི་གཞན་གང་ཡང་མིན་པར་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་ཟེར་བ་དེ་རེད། དོན་དངོས་བྱས་ན་ཏང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མས་ཞལ་ཞེ་མཐུན་མིན་བོད་མི་ལས་ལྷག་པ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་དངོས་སུམ་ལ་བསྙོན་ཏེས་ཁོང་ལ་བློ་ཡུལ་ལས་འདས་པའི་མཚན་སྨོད་ཞུ་ཡི་ཡོད་པ་རེད་ལ། ཁོང་རང་ཡུལ་དུ་ཕྱིར་ལོག་ཕེབས་འཇུག་རྩིས་མེད་པ་དེ་རེད། གལ་ཏེ་ཁོང་རང་ཡུལ་དུ་ཕྱིར་ཕེབས་གནང་ཚེ་བོད་མི་རིགས་ཀྱིས་ཏང་གི་ཁ་ལ་མ་ཉན་པར་ཁོང་གི་ཞལ་ལ་ཉན་རྒྱུ་ཡིན་པར་རྣམ་རྟོགས་སྣ་ཚོགས་སྐྱེ་ཡི་ཡོད་པ་རེད། དེ་ལྟ་བས་ན་ཁོང་ཡུལ་བགྱར་ནས་སྐུ་ཚེའི་འཕེན་པ་རྫོགས་ན་བོད་ཀྱི་གནད་དོན་ཡང་ཡོངས་སུ་མཇུག་བསྒྲིལ་རྒྱུའི་རེ་ངན་བཅངས་ཡོད་པ་རེད།
ཨ་ཅང་ཅང་རེ་ངན་དེ་འདྲ་འཆང་ཡོད་ཤག་རེད། བཙན་བྱོལ་ནང་ལ་ཡང་མི་བུ་བློ་སྣ་ཐུང་ཐུང་ཚོས་རྒྱ་དཔོན་བློ་སྣ་ཐུང་ཐུང་ཚོ་རོགས་བྱེད་མཁན་འདུག་ག དཔེར་ན་༧གོང་ས་མཆོག་ཁ་ཞེ་གཉིས་མེད་མ་རེད་མདོག་མདོག ༧གོང་ས་མཆོག་གི་བོད་ལ་གྱང་སྤྲད་པ་རེད་མདོག་མདོག བོད་མིའི་བསྒྲིག་འཛུགས་ཀྱིས་བོད་ལ་གྱང་ཆེན་པོ་སྤྲད་པ་རེད་མདོག་མདོག་འདི་འདྲ་སུ་ཞིག་ནས་བྲིས་པ་ཡིན་ན་སྐྱབས་བཅོལ་གྱི་བསྒྲིག་འཛུག་དང་༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བློས་འགེལ་གནང་མཁན་བོད་མི་རྣམས་ཡིད་ཆད་ཡང་ང་། ད་བར་དུ་བོད་ནང་དུ་དྲང་བདེན་མ་ཡིན་པའི་ཁྲིམས་གཞིས་བཙིར་གནོན་གྱིས་བོད་མི་ཚོས་བོད་མིའི་བསྒྲིག་འཛུག་དང་༧གོང་ས་མཆོག་རེ་བ་ཆེན་པོ་བཅིངས་ཀྱིན་ཡོད། རྒྱ་དཔོན་ཚོས་དྲག་སྤྱོད་མཚམས་བཞག་པ་ཡིན་ན་ཡུལ་གྱར་བོད་མའི་བསྒྲིག་འཛུག་ལ་ཆོས་དང་མཐུན་པའི་རྩ་དོན་གཅིག བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་རྩ་དོན་གཅིག་རྒྱ་གཞུང་དང་ལྷན་དུ་རྩོད་ཡ་ལྷག་མེད་པ་མཁྱེན་དགོས། འདི་ཡང་བོད་མི་རྣམས་དད་ལྡན་མི་དམངས་དང་ཆོས་ལ་དགའ་བའི་མི་དམངས་ཅིག་ཡིན་པ་དེ་སྲིད་དུ་གནས་ཀྱི་རེད། བོད་མི་རྣམས་འདྲ་མཉམ་དགའ་ཞིང་ཆོས་དད་ཆེ་བའི་མི་དམངས་ཅིག་ཡིན་ལ་སྙིང་རྗེ་དང་མཁྱེན་དཔྱོོད་ལྡན་པའི་སྐྱེས་བུར་རིགས་ཀྱི་ཁྱད་པར་མེད་པར་གོང་བཀུར་ཞུ་མཁན་གྱི་མི་རིགས་ཅིག་ཡིན། འདི་ནི་ཁྱེད་ཚོས་སྐྱོན་གཅིག་ཏུ་བརྩི་གནང་སྲིད་མོད་ང་དང་བོད་མིས་དེ་ལས་ལྡོག་ཏེ་སྐུ་ཞབས་ཁྱེད་ཚོ་གསོལ་སྨན་མཆོད་ཀ་ཕེབས་རོགས་ཅེས་ཞུ་ཡ་གཞན་ལྷག་མེད་དོ།
རེད་ཡ། ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་ཆོས་དུག་ཏུ་འཛིན་པའི་ལྟ་གྲུབ་འདིའི་འོག་ནས་ཆོས་དང་མཐུན་པའི་རྩ་དོན་གཅིག། བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་རྩ་དོན་གཅིག་རྩོད་རྒྱུ་ལྷག་མེད་པ་ནི་བདེན་པ་བདེན་ཐུབ་ཁོ་ན་ཉིད་དུ་ཟད། རྒྱུ་མཚན་ཇི་སྲིད་དུག་དེ་འཐུང་བ་དེ་སྲིད་དུ་ཚེ་སྲོག་འཇོམས་པར་བྱེད་པ་དེ་བཞིན་དུ་ཏང་ཀྲུང་དབྱང་སྲིད་གཞུང་ལ་ཆོས་དང་མཐུན་པའི་རྩ་དོན་དང་། བསྟན་དང་འགྲོ་བ་བདེ་བའི་རྩ་དོན་འཐབ་རྩོད་བྱས་པ་འདིས་ཏང་ཀྲུང་དབྱང་སྲིད་གཞུང་གི་ཚེ་སྲོག་འཇོམས་པར་བྱེད་པས་ནམ་ཡང་ངོས་ལེན་མེད་པ་རེད་ལ་ནམ་ཡང་ངོས་ལེེན་བྱེད་མི་སྲིད་པ་རེད།
༧གོང་ས་མཆོག་ཞལ་ཞེ་མཐུན་མིན་གྱི་གླེང་རྙོག་འདི་སྣའི་འཚོར་ཤེས་རྣོ་མདོག་བྱེད་མཁན་གྱིས་ཤུགས་མ་བསྟན་གྱིས་གོ་སོང་ཐོས་སོང་བཤད་པ་རེད་མ་གཏོག་དོ་བདག་གིས་དེ་ལྟར་བཤད་མེད་ག་ཚོད་ལབ་ཀྱང་དོན་འབྲས་མ་བྱུང་བ་རེད། རྩོད་གཞི་འདི་ཆུང་ས་ནས་ཆེ་སར་བཙན་གྱིས་དྲུད་ནས་ནང་འཁྲུགས་ཀྱིས་འགོ་བརྩམས་པ་རེད་ལ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ཕན་གནོད་ཅི་ཞིག་ཡོད་མེད་རྣོ་བསམ་ཞིབ་ཏུ་འཐོངས། ད་དུང་པེ་ཅིང་སྲིད་གཞུང་གིས་ཡུལ་གྱར་སྲིད་གཞུང་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དང་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་བྱེད་རེད་ཟེར་བར་གཞོག་འདེགས་བྱས་པ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་བགྲེས་ཡོལ་གནང་ཟིན་པ་རེད་ལ་ཁོང་ཆབ་སྲིད་སྡིང་ཆའི་སྟེང་དུ་བཙན་གྱིས་དྲུད་མཁན་ཚོས་པེ་ཅིང་ཕྱོགས་ནས་ཁོང་གི་ཆབ་སྲིད་བགྲེས་ཡོལ་དེ་རྒྱལ་སྤྱིར་ཁྲབ་སྟོན་རེད་ཟེར་བར་བདེན་ཁ་སྤྲད་པ་མ་རེད་དམ།
ད་ནི་གླེང་རྙོག་འདི་ལས་བརྒལ་དགོས་ལ་མདོ་དོན་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་འདོད་ཡོད་པ་རེད་མེད་པ་རེད། མཐའ་ན་བོད་ཀྱི་གནད་དོན་ཟེར་བ་ཞིག་གླེང་གི་ཡོད་མེད་གནད་དོན་འདི་ལ་འཐུག་འདུག། ད་ནི་པེ་ཅིང་དང་རྡ་སའི་ཁྲབ་སྟོན་འདི་འཚམས་འཇོག་བྱེད་རྒྱུའི་རེ་བས་བལྟས་ཡོད། ཡང་ཅིག་མིན་ན་སྔ་ས་ས་ནས་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ན་ཡག་ཤོས་རེད། དེ་མིན་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ནང་འཁྲུགས་ཁོ་ནས་དུས་བསྐྱལ་བསྡད་ན་ཕན་ཐོག་ཅང་མེད་པ་རེད་དོ།
ཉུང་འཕྲི་གནང་བ་དེ་སྐུའི་གནས་བབས་ཀྱིས་རེད་འདུག
ཉེ་ཆར་མང་གཙོའི་དུས་དྲན་རྗེས་སུ་ཧང་སང་དགོས་པའི་གནས་ཚུལ་ཞིག་མང་ཚོགས་ཀྱི་ནང་དུ་འུར་སྒྲོག་བྱས་སོང། དེ་ནི་སྤྱིར་༸རྒྱལ་བ་རིན་པོ་ཆེ་དགུང་གྲངས་༡༡༣ བར་དུ་བཞུགས་འཆར་ཡོད་པ་ལས་ལོ་༥ ཐུང་དུ་སོང་ཞིང། དེའི་རྒྱུ་རྐྱེན་ནི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་མི་འགའ་ཤས་ཤིག་ལ་ཐུག་ཡོད་པར་རྒྱལ་བ་རིན་པོ་ཆེས་གསུངས་སོང་ཞེས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་རྒྱུན་ལས་སུ་བསྒྲགས་ཤིང། རིམ་བཞིན་སྤྱི་ཚོགས་ནང་ཁྱབ་པ་ཞིག་རེད།
སྐབས་དེར་ངའི་སེམས་ལ་རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཞལ་ནས་གསུངས་པ་དང་བྱིན་གྱིས་བརླབས་པའི་བཀའ་གཉིས་ཡོད་ཚུལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་དུ་སྐབས་དེའི་བཀའ་ཁྲི་ཟམ་གདོང་སྤྲུལ་སྐུས་ལན་གཅིག་མིན་པར་ཡང་ཡང་བསྒྲགས་སོང་བ་མཐོང་ཐོས་ཡོད་པས། དེ་དག་དངོས་ཡོད་གནས་ཚུལ་ཞིག་ཡིན་ན། རྒྱལ་བ་རིན་པོ་ཆེའི་བཀའ་ལ་དྲང་དོན་གྱི་བཀའ་དང་ངེས་དོན་གྱི་བཀའ། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པའི་བཀའ། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་མ་ཡིན་པའི་བཀའ་སོགས་ཀྱང་ཡོད་མི་ཆོག་པ་ཨེ་ཡིན་ན་སྙམ་པའི་དོགས་འདྲི་དང་པོ་བྱུང། གལ་ཏེ་དེ་ལྟར་ཡོད་མ་ཆོག་པ་ཡིན་ན་སྐབས་སྔ་མའི་བཀའ་ཁྲི་ཟམ་གདོང་སྤྲུལ་སྐུའི་སྐད་ཆ་དེ་རང་བཞིན་གྱི་དྲི་བ་ཆེན་པོ་ཞིག་ཏུ་གྱུར་པ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་ལ་མཐའ་དྲུག་པོ་དེ་དག་ཡོད་ཆོག་པ་ཡིན་ན། གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལའང་དགོངས་པ་ལེན་སྟངས་ཤིག་ཡོད་མི་ཆོག་པ་དང། དགོངས་པ་འདི་ལྟ་བུ་ཞིག་རེད་ཟེར་ནས་དགོངས་འགྲེལ་གྱི་བསམ་འཆར་སྐད་ཆ་ཙམ་ཡང་བཤད་མི་ཆོག་པའི་རྒྱུ་མཚན་ག་རེ་ཡིན་ན་སྙམ་པའི་དོགས་འདྲི་གཉིས་པ་དེ་བྱུང།
བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རྒྱལ་བ་རིན་པོ་ཆེའི་ཐུགས་ལ་རང་བཙན་གྱི་དགོངས་གཞི་ཡོད་རེད་བསམ་གྱི་འདུག།རྒྱལ་བ་རིན་པོ་ཆེས་རང་བཙན་བརྩད་པ་རེད་དྲན་གྱི་འདུག་ཅེས་སྒེར་གྱི་ལྟ་ཚུལ་དང་འདོད་ཚུལ་བརྗོད་པ་ཙམ་གྱིས། སྤྱི་ཚོགས་ནང་སྡིགས་ར་དང་བཀའ་སྐྱོན་གནང་རྐྱང་དང་། ཕར་རྒོལ་གནང་རྐྱང་བྱས་པ་ཡིན་ན། འུ་ཅག་གིས་ནམ་ཞག་རྒྱུན་དུ་འབོད་བཞིན་པའི་ཁ་གཡང་གི་དར་ལྕོག་ཟད་པོ་སྟེ། བསམ་བློའི་རང་དབང་དང། སྨྲ་བརྗོད་རང་དབང་ཞེས་པའི་ཚིག་གྲུབ་གསེར་འདྲ་བ་གཉིས་པོའི་ངོ་གདོང་དེ། དོན་ངོ་མར་གནས་བབས་ཅི་འདྲ་ཞིག་ཏུ་ལྷུང་ཡོད་དམ་སྙམ་པའི་དོགས་འདྲི་གསུམ་པ་དེ་བྱུང་བ་མ་ཟད། མ་གཞི་རྒྱལ་བ་རིན་པོ་ཆེའི་ཐུགས་ལ་རང་བཙན་གྱི་དགོངས་གཞི་དེ་རྩ་བ་ནས་ཡོད་མ་མྱོང་བ་རེད་དམ། ཡང་ན་ཡོད་ཀྱང་འཕྲལ་རྐྱེན་འགའ་ཞིག་གི་དབང་གིས་གཉིས་ཕན་དབུ་མའི་ལམ་ཟེར་བ་དེར་ཕེབས་པ་ཡིན་ནམ་སྙམ་པའི་དོགས་འདྲི་ལྔ་པ་དེའང་བྱུང། ཕྱི་མ་འདིའི་དང་པོ་ལྟར་ན་ནི། རྒྱལ་བ་རིན་པོ་ཆེ་ལ་ཐུགས་ཁག་རྩ་བ་ནས་མི་འདུག་ཀྱང། ཕྱི་མ་འདིའི་གཉིས་པ་ལྟར་ན་ནི། ༸རྒྱལ་བ་རིན་པོ་ཆེ་དགོངས་པ་འཁྲུག་དགོས་པའི་རྒྱུ་རྐྱེན་ཞིག་ཁྱོན་ནས་རེད་མི་འདུག་སྙམ།
མདོར་ན་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་བར་ཆད་གཏོང་མཁན་རེད་ཅེས་སྤྱི་ཚོགས་ཀྱི་ནང་དང། དྲ་རྒྱ་དང་བརྒྱུད་ལམ་ཁག་ནས་དྲ་འབུ་དང་རྒྱུག་ཁྱི་དག་གིས་གཞི་མེད་ཀྱི་སྐུར་འདེབས་དང། བག་ཙམ་སྒྲོ་འདོགས་ཁོ་ནས་མི་ནག་པོ་ནག་རྐྱང་ཞིག་ཏུ་བཟོ་རྒྱུའི་སྟ་གོན་ཆ་ཚང་གྲུབ་རྗེས། ཉིན་ཤས་སྔོན་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༦ པའི་ཉིན་༢ པའི་ཚོགས་ཐོག་ཏུ་༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་སྐོར་དང་སྐུ་ཚེ་ཡུན་གནས་ཀྱི་བརྟན་བཞུགས་གྲོས་ཆོད་གྲོས་འཆར་གྱི་དམིགས་བསལ་ལས་རིམ་ཞིག་བཟོས་ཡོད་པ་བཞིན། འཐུས་མི་ཐུབ་བསྟན་ལུང་རིགས་ཀྱིས་ཁ་གཡར་ས་དེ་བརྟན་བཞུགས་སྐོར་ལ་ཡིན་ཡང་དོན་དུ་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་འབྲེལ་བའི་གནད་དོན་སྟེང་ཁ་རྡུང་གཏམ་བཤད་བྱེད་མཁན་རྣམས་ལ་དུས་ཡུན་ཚད་བཀག་མེད་པའི་གོ་སྐབས་སྤྲད་དགོས་པའི་བསམ་འཆར་བཤད་པ་དང་སྦྲགས། ཚོགས་གཙོའི་ཡིད་ལ་བརྣག་པའི་བསམ་དོན་དེ་འགྲུབ་པར་སོང་གཤིས་དེ་ལྟར་ཐག་གཅོད་ཟིན་རྗེས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ཐོག་ཏུ་རིག་གནས་གསར་བརྗེ་གཉིས་པ་ཞིག་ཚེས་ཏེ། ཉིན་གཅིག་གི་རིང་ལ་འཇིགས་སྐུལ་དང་ཁ་རྡུང་དྲག་པོས་འཐབ་རྩོད་རྒྱུན་རིང་བྱས་ཏེ། ནམ་རྒྱུན་བོད་མི་རིགས་དང་འབྲེལ་བའི་ཛ་དྲག་གི་གནས་ཚུལ་ཅི་འདྲ་ཞིག་ཡིན་ནའང་གྲོས་ཚོགས་ཆུ་ཚོད་ལྔ་པ་ཙམ་ནས་གྲོལ་འགྲོ་གི་ཡོད་ཀྱང། དེ་རིང་དེ་ལས་ཟློག་སྟེ་སྤྱི་པའི་དུས་ཚོད་དེ་སྒེར་གྱི་ལག་ཆ་ཆེན་པོ་ཞིག་ཏུ་བེད་སྤྱད་དེ་ཆུ་ཚོད་བདུན་པ་ཙམ་གྱི་བར་ཕྱི་འགྱང་ནར་གཏོང་ངང་ཁ་རྡུང་དང་འཇིགས་སྐུལ་གྱི་འཐབ་རྩོད་མུ་མཐུད་དེ་བྱས་པ་རེད།
དེ་དང་དུས་མཚུངས་སྤྱི་ཚོགས་ཀྱི་ནང་དུ་གླེང་ཕྱོགས་ཆེན་པོ་གཉིས་སུ་གྱུར་ཏེ། སྐབས་འཚོལ་རིང་ལུགས་པ་དག་གིས་གོ་སྐབས་དམ་འཛིན་བྱས་ཏེ། སྐྱོན་བརྗོད་དང་དམའ་འབེབས་འཇིགས་སྐུལ་སོགས་སྣ་ཚོགས་པ་བྱས་ཤིང། ཧམ་པ་ཆེན་པོས་བཀའ་བརྒྱུད་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ལས་ཕྱིར་འབུད་གཏོང་དགོས་པའི་ངོ་རྒོལ་སོགས་བྱས། གཞན་བཀའ་བརྒྱུད་པ་རྣམས་དང་གཟུར་གནས་བློ་ལྡན་གྱི་དཔྱད་བརྗོད་པ་དག་གིས་ནི། ད་ཐེངས་གྲ་སྒྲིག་དང་འཆར་གཞི་ཆ་ཚང་ཡོད་པའི་ཐོག་ནས། འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་དང་དེའི་མཚན་སྙན་ལ་ཧ་ཅང་རྡོག་རོལ་བཏང་བ་དང། སྤྱི་ཚོགས་ཀྱི་ནང་དུ་འགྲོ་མགོན་བཀའ་བརྒྱུད་པ་ལ་ལྟ་སྟངས་དང་མཐོང་སྟངས་མི་ལེགས་པ་བཟོ་བ། འགྲོ་མགོན་བཀའ་བརྒྱུད་པ་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ཏེ། བསད་ཟིན་པའི་རོ་ཐོག་ཏུའང་བྲོ་གར་འཁྲབ་བཞིན་ཡོད་པ་ལས། གང་ཟག་ཀརྨ་ཆོས་འཕེལ་གྱིས་ནག་ཉེས་ཆེན་པོ་ཞིག་བསགས། ནོར་འཁྲུལ་ཆེན་པོ་ཞིག་བྱས་ཡོད་པ་ནི་སུས་ཀྱང་ངོས་འཛིན་བྱེད་ཀྱི་མེད་པ་རེད།
སྟབས་ལེགས་པ་ཞིག་ལ་ཕྱི་ཟླ་༩ པའི་༢༢ ཉིན་ཚོགས་གཙོ་གཉིས་དང་སྲིད་སྐྱོང་མཆོག་བཅས་༸རྒྱལ་བ་རིན་ཆེའི་སྐུ་མདུན་དུ་སླར་ཡང་མཇལ་ཁ་ཞུས་སྐབས། ༸གོང་ས་མཆོག་གིས་གྲོས་ཚོགས་དང་སྤྱི་ཚོགས་ཡོངས་ལ་འཁྲུག་ཐེབས་ཡོད་ཚུལ་གསུངས་ཏེ། ཁོང་གི་དགུང་གྲངས་༡༡༣ ནས་༡༠༨ བར་ཉུང་འཕྲི་མཛད་པའི་གནས་སྟངས་དེ་ལོ་མང་པོ་དེ་འདྲར་བཞུགས་པ་ཡིན་ན་སྐུའི་གཟུགས་བབས་ཀྱི་གནས་སྟངས་དང། དངོས་ཡོད་གནས་སྟངས་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་རྒྱས་པ་ཞིག་སྐུ་མདུན་གྱིས་བསྐྱོན་གནང་བ་རེད། ཅེས་ཚོགས་གཙོས་གྲོས་ཚོགས་ཉིན་༥ པའི་ཚོགས་ཐོག་ཏུ་སླར་ཡང་གསལ་བསྒྲགས་བྱས་པ་དེས། མང་གཙོའི་དུས་ཆེན་གྱི་ཉིན་རྒྱབ་ཏུ་གསུངས་པའི་བཀའ་སློབ་དེ་གཞུང་ཞབས་ལས་བྱེད་རྣམས་ཀྱི་བཟང་སྤྱོད་དང་འབྲེལ་ཡོད་པ་དང། དགུང་གྲངས་ཉུང་འཕྲི་གནང་རྒྱུའི་བཀའ་སློབ་དེ་སྐུའི་གནས་བབས་དང་འབྲེལ་བ་ལས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་སོགས་རྒྱལ་གཅེས་པ་རྣམས་ལ་འབྲེལ་བ་མེད་པ་ནི་དངོས་སུ་བསྟན་པ་དང། ཚོགས་གཙོ་སོགས་སྐབས་འཚོལ་བ་ཁ་ཅིག་གིས་འགྲོ་མགོན་བཀའ་བརྒྱུད་པའི་མཚན་སྙན་དང། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་མི་ཚེ་བཅས་ལ་འཛེམས་ཟོན་དང་བསམ་ཤེས་ཅིའང་མེད་པར་ཆེད་དུ་ནག་བསུབ་དང་རྡོག་རོལ་བཏང་ཡོད་པ་དེ་ཤུགས་ལ་གོ་དགོས་པ་ཆགས་ཡོད།
ཡིན་ངོ་མ་ནི་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་སྐབས་འཚོལ་བ་དེ་དག་གིས་རྒྱལ་བ་རིན་པོ་ཆེའི་གསུང་བཤད་དེའི་ཚིག་འབྲུ་རེ་རེ་བཞིན་ཁ་གསལ་པོའི་ཐོག་ནས་ཤེས་བཞིན་རྟོགས་བཞིན་དགོངས་དོན་ཕྱིན་ཅི་ལོག་ཏུ་འགྲེལ་ནས་མི་མང་མགོ་སྐོར་བཏང་སྟེ་འུར་ཟིང་སློང་བ་དང་གཅིག གནས་ཚུལ་འདི་དག་གོ་ཐོས་བྱུང་བའི་བཀའ་བརྒྱུད་པའི་འདུ་ཤེས་ཅན་གྱི་སྐྱ་སེར་ཡོངས་རྫོགས་ཀྱི་སེམས་ལ་སོས་དཀའ་བའི་རྨ་ཁ་ཆེན་པོ་ཞིག་གཏོད་ཡོད་པ་དང་གཉིས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་བུ་རབས་ཚ་རྒྱུད་དང་བཅས་ལ་དག་ཐབས་མེད་པའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཐུང་དུ་བཅུག་མཁན་ཞེས་མ་ཉེས་ཁག་གཡོག་གིས་གཞི་མེད་སྐྱོན་འཛུགས་བྱས་པ་གསུམ་ནི། ཁྱེད་ཅག་གི་དག་ཐབས་མེད་པར་ཆེད་དུ་བསགས་པའི་ནག་ཉེས་ཤིག་རེད་འདོད་ན། སྤྱིར་བོད་མི་མང། དགོས་སུ་འགྲོ་མགོན་བཀའ་བརྒྱུད་པ། དམིགས་བསལ་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་བཅས་ལ་དགོངས་སེལ་དང་གསལ་བཤད་ཐེངས་གཅིག་ངེས་པར་དུ་བྱེད་དགོས་པ་རེད་སྙམ།།
༢༠༡༣ ཟླ་༡༠ ཚེས་༡ ཉིན་ལྷ་ཐོག་ལྗང་གསར་གྱིས།
མཐའ་མའི་བསྐྱར་བཅོས། ( ‘2013, 10, 3’ )
གང་ལྟར་སྔར་གྲོས་ཚོགས་ཚོགས་མི་ཐུབ་པའི་དཀའ་ངལ་གྱི་བྱེད་གཏེ་ངོ་མ་དེ་སྤེན་པ་ཚེ་རིང་དང་ད་རེས་ཀྱི་ཀརྨ་ཆོས་འཕེལ་གྱི་གནས་ཚུལ་ཆུང་ཆུང་འདི་ཆེན་པོ་གཟོ་ཁན་ནི་སྤེན་ཚེ་དང་ཐུབ་ལུང་གཉིས་ཡིན་པ་གསལ་དུ་གསལ་དུ་རེད་
སྐབས་འཚོལ་བ་སྤེན་ཚེ་དང་ཐུབ་ལུང་ཟེར་བ་དེ་ཚོས་༧གོང་ས་མཆོག་གི་དཀའ་ལ་ལོག་འགྲེལ་གྱི་ནང་དཀྲུག་ཀྱང་ཀྱང་སླང་ནས་༧གོང་ས་མཆོག་གི་སྐུ་ཚེ་ལ་བར་ཆད་གཏང་གི་འདུག་མི་དེ་ཚོ་སྤྱི་མཐུས་གྲོས་ཚོགས་ནས་ཕྱིར་ཕུད་གཏང་དགོས་འདུག་
བདེན་ཁ་སྤྲད་པ་མ་རེད། བདེན་ཁ་མ་སྤྲད་པ་རེད། ༧གོང་ས་མཆོག་གིས་ཨུ་ཚུགས་ཆེན་པོས་དགའ་ལྡན་ཕོ་བྲང་གི་བཀའ་བློན་བོད་མི་དམངས་ཀྱི་བཀའ་བློན་དང་སྲིད་སྐྱོང་རུ་བསྒྱུར་ཡོད། རྒྱ་དཔོན་བློ་སྣ་ཐུང་ཐུང་ཚོས་བསམ་བཞིན་མིན་པར་རམ་འདེགས་བྱས་ཡོད། འདི་ནི་བསམ་ཡུལ་འདས་པའི་དམངས་གཙོའི་བཅོས་བསྒྱུར་ཡིན་སྟབས་བོད་མིར་ཚོར་ཡུན་རིང་ཡུན་རིང་གི་སྦྱངས་བཤད་བརྒྱུད་ནས་གནང་ཡོད། ༧གོང་ས་མཆོག་གིས་སེམས་ཤུགས་ཆགས་ནས་བྱས་པ་མིན་སྟབས་ང་ཡོད་པའི་རིང་ལ་ངས་གཅུ་གཟེར་ཏོག་ཙམ་རྒྱག་ཆོག་ཅེས་བོད་མིར་བློ་སྤོབས་དང་གདེངས་ཀྱི་ཚད་ལོངས་ཕྱིར་བཀའ་གནང་ཡོད། འདི་ལ་ངས་རེ་བ་ཆེན་པོ་བཅིངས་ནས་འོས་འདེམས་ནང་ཞུགས་ཡོད། ཏག་ཏག་དམངས་གཙོའི་བརྒྱུད་རིམ་ནང་བཀུར་འོས་མིས་བཀུར་མི་ལ་རྫུན་ལབ་བྱུང་ང་ངས་མིང་ཐོགས་ནས་མི་ལ་རྫུན་ལབ་ན་ང་དྲུད་ཡོང་གི་རེད་ལ་སུའི་མིང་ཐོགས་ནས་རྫུན་བཤད་ན་དེ་དྲུད་འོང་བ་རེད། འདིི་ལྟར་དྲུད་ཡོང་དུས་གསལ་བཤད་དགོས་པ་དེ་མི་གསོན་པོས་བྱ་འོས་པའི་སྤྱི་དམངས་ཀྱི་འགན་རེད། ངས་ནི་ཞོལ་གཡག་གི་གཞི་བྱེས་ལྷན་འཛོམས་འདོད་ཀྱི་མ་རེད་ཅེས་ལབ་མེད། ང་ལ་ད་དུང་རྒྱུ་མཚན་དང་ཁུངས་རག་མ་བྱུང་བས་རང་ཡིན། རྡ་སའི་བོད་མིའི་བསྒྲིག་འཛུགས་ནི་ཕེ་ཅིང་གཞུང་གིས་རྡབ་གསིག་ལས་གྲུབ་པ་རེད་ལ། སྒོ་རྒྱག་མིན་ཡང་ཕེ་ཅིང་སྲིད་གཞུང་ལ་བརྒྱ་ཆ་བརྒྱ་ཐམ་པས་འགན་ཡོད། དེ་མིན་རང་གིས་བཤད་པ་བཞིན་ནང་འཁྲུགས་སམ་ངའི་འདོད་ཚུལ་ལྟར་དམངས་གཙོོའི་ཐོགས་ནས་གསེལ་ཁྲོལ་རེ་བྱ་བཞིན་འགྲོ་ལོས་དགོས། བོད་མི་ནི་མི་གཤིས་བརྟན་ལ་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་དོན་ཆེད་སྲོག་ལ་ཡང་འཛེམས་སོན་སྤུ་ཙམ་ཡང་མི་གནང་མཁན་གྱི་དཔའ་བོ་མཁས་དབང་ཟམ་གདོང་བླ་མ་ལྟ་བུ་གོང་བཀུར་ཞུ་མཁན་གྱི་མི་རིགས་གཅིག་ཡིན་ལ་གང་ལ་གང་མཚམས་ཀྱི་ཁྱིམ་མཚེ་རྒྱལ་ཁམས་ཚོར་ཡང་ཕོག་ཐུག་བཏང་མ་མྱོང་བའི་མི་རིགས་གཅིག་ཡིན། རྒྱ་འོག་ཏུ་འཆི་ཁ་མ་ཚོས་ཀྱང་ཡང་བསྐྱར་བོད་ལ་སྐྱེ་བའི་སྨོན་ལམ་འདེབས་བཞིན་པ་དེ་རེད། གང་ལྟར་ལས་ཀྱི་སྣེ་མོ་བ་ཚོས་ཧུར་ཐག་འབད་ཐག་གནང་ན་ངས་ཀྱང་དྭངས་བླངས་དཔྱའ་ཁྲལ་སྐྱེ་བ་ནས་སྐྱེས་པར་འཇལ་སྲིད་དོ།
༄༄།དྲི་བ་ཆེན་པོ་ཡིན། ཨོ་ཨོ་ཨོ་ཟམ་གདོང་བླ་མ་ལ་ཡང་བྱིན་གྱི་སླབ་པའི་བཀའ་ལ་རྟེན་ནས་ག་རེ་བྱང་ཡོད་ནམ།
བསྟན་འཛིན་ཆོས་མཛོམ་ཞེས་མ་འདི་eggpalent སྡུ་ལུ་མའི་གནའ་མ་དང་རྒྱ་གར་autorickshaw ཨོ་ཏྲོར་རིག་ཤོག་ཝ་ལའི་དགའ་གྲོགས་ཡིན་ན་བསམ།
གོང་དུ་བཅོས་འ་འཛོམ་རེད།