རང་དབང་།
དེ་རིང་གཟའ་ཉི་མ་རེད། ཕྱི་རོལ་ཏུ་ཉི་འོད་ལམ་ལམ་དུ་འཕྲོས་ཤིང་ངས་སྒེའུ་ཁུང་ནས་ཉི་འོད་ཀྱི་མཛེས་སྡུག་ལ་བལྟ་བཞིན། ཡར་མར་མང་པོ་ཞིག་ལ་འདང་བརྒྱབ་ནས་བསྡད་པ་ཡིན།
ཤ་སློབ་གྲྭ་ནི་བཙན་བྱོལ་ནང་གི་བོད་མའི་སློབ་གྲྭ་མྱིང་གྲགས་ཅན་ཞིག་ཡིན། ང་ཤ་སློབ་གྲར་མ་སོང་གོང་སྣེ་ལེན་ཁང་དུ་ང་ལ་བལྟ་རུ་ཡོང་བའི་ཡུལ་གྲོགས་དེས་དེ་ལྟར་ང་ལ་ཤ་སློབ་གྲྭའི་སྐོར་བཤད་བྱུང་། ཁོའི་སྐད་ཆ་དག་ལ་ཉན་བཞིན་ཉན་བཞིན་རང་ཉིད་ཀྱིས་ཤ་སློབ་གྲྭར་འགྲོ་རྒྱུའི་མིང་ཐོ་བཀོད་ཟིན་པར་དགའ་བ་དཔག་མེད་ཅིག་སྐྱེས། ཐ་ན་ཉི་མ་དེ་ནས་བཟུང་ཤ་སློབ་གྲྭར་འབྱོར་རོགས་བར་དུ་ཤ་སློབ་གྲྭར་སོང་ཟིན་པའི་རྨི་ལམ་རྐྱང་རྐྱང་རྨས།
ཤ་སློབ་གྲྭར་འབྱོར་བའི་ཞོགས་པ་དེ་ནི་ཉི་འོད་ལམ་ལམ་དུ་འཕྲོས་པའི་ཞོགས་པ་ཞིག་ཡིན། ང་དང་མཉམ་དུ་ཕ་ཡུལ་ནས་སློབ་ཆེན་འགྲིམས་པའི་སྐེ་མཚམས་ནས་སླེབས་པའི་བུ་མོ་ཞིག་ཡོད། མོའི་མིང་ལ་ཚེ་རིད་སྐྱིད་ཟེར་ཞིང།རྗེས་མར་ངེད་གཉིས་དགའ་རོགས་སུ་གྱུར་བ་ནས་ངས་མོ་ལ་ཚེ་སྐྱིད་ཅེས་གཅེས་མིང་གིས་བོས་པ་ཡིན། ངེད་གཉིས་སྣེ་ལེན་ཁང་གི་རླངས་འཁོར་ནས་མར་བབས་དུས། ཏག་ཏག་འཛིན་གྲྭ་གྲོལ་སོང་། སྔོ་ཡུག་ཡུག་གི་སློབ་མ་མང་པོ་་ཞིག་ངེད་གཉིས་ཀྱི་ཕྱོགས་སུ་ཡར་ཡོང་བཞིན་འདུག
སྐབས་དེར་ངས་ཁོ་ཚོའི་ངོ་གདོང་དང་སྒྲིག་ཆས་གཉིས་ལས་གང་སྔོ་འདུག་མ་ཤེས། རྗེས་སུ་རང་ཉིད་ཀྱང་ཇེ་སྔོ་རུ་སོང་བ་དང་བསྟུན་སྣང་དེ་རྒྱུན་ལྡན་ཞིག་ཏུ་གྱུར།ཁོ་ཚོ་དེ་ལྟར་སྔོ་ཡུག་ཡུག་གིས་ངེད་གཉིས་ཀྱི་འགྲམ་ནས་ཡར་ཉལ་ཁང་དུ་བུད་ཐལ། ངས་ཁོ་ཚོས་རྒྱབ་གཟུགས་ལ་བལྟ་བཞིན་ཅི་ཡིན་འདི་ཡིན་མེད་པརམསེམས་པ་སྔོ་ཡུག་ཡུག་ཏུ་བཏང་། ཕར་བལྟས་ན་ངོས་ཀྱིས་ཕུ་བོའི་ལོ་ཚོད་ལྟ་བུའི་སློབ་མ་སྔོ་ཡུག་ཡུག་ཅིག་ངེད་གཉིས་ཀྱི་སར་ཡོང་ནས། བུ་མོའི་སྡོད་ཁང་ཡར་གན་ན་ཡོད།བུའི་སྡོད་ཁང་ཁང་འདི་རེད་ཅེས་ངེད་གཉིས་ཀྱི་ཉེ་འགྲམ་གྱི་ཁང་བ་ཞིག་གི་སྒོ་ཕྱེ་བྱུང་། སྐབས་དེར་ངས་ཁོ་ནི་སྡོད་ཁང་དོ་དམ་ཞིག་རེད་འདོད། རྗེས་མར་འདྲིས་དུས་ཁོ་ནི་ལོ་རིམ་དྲུག་པའི་སློབ་མ་ཞིག་རེད།
ཁོ་ལོ་དུ་ཡིན་བཤད་ན་དགོད་ཀྱི་ཡོང་སྤྱད་ཅིག་ཡིན་ཡང་། འདི་གར་མི་བཤད་རང་བཤད་ཡིན། ཁོ་ལོ་ཉེར་གསུམ་རེད། འདི་ལྟ་བུའི་སྣང་ཚུལ་ནི་ཤ་སློབ་གྲྭ་ལ་མཚོན་ན་སྤྱིར་བཏང་ནང་གི་ར་སྤྱིར་བཏང་ཞིག་ཡིན་པས། སུས་ཀྱང་དེ་ལ་དོ་ཁུར་མི་བྱེད་མོད་རྒྱུས་མེད་ཅིག་གིས་བལྟས་ན། ངོ་མ་ཡ་མཚར་ཞིག་ཡིན། ཡིན་ན་ཡང་ཤ་སློབ་གྲྭར་མཚོན་ན་འདི་ནི་གོ་སྐབས་ཀྱི་རྣམ་གྲངས་ཤིག་ཡིན་ཟེར།
གནས་སྐབས་སུ་ཚེ་སྐྱིད་ཀྱི་སྣེ་ལེན་མཁན་སུ་ཡང་མ་བསླེབ་པས་།ངེད་གཉིས་ཀྱིས་ཅ་ལག་དག་ངའི་རེད་ཅེས་པའི་ཉལ་ཁྲི་ཆག་པོ་དེའི་སྟེང་དུ་སྤོངས་ནས་ཕྱི་རོལ་དུ་བུད་པ་ཡིན།
”ཟ་ཁང་གང་དུ་ཡོད་ནི་རེད་དམ”།
”ཟུར་ཁ་གན་ནས་ཕར་སོང་ན་ཡོད”། བདག་གི་ཕུ་བོ་ལས་ཆེ་བའི་སློབ་མ་སྔོ་ཡུག་ཡུག་ཁོས་དེ་ལྟར་བསྟན།
ཟ་མ་ཞིག་མངགས་ནས་རྐུབ་བཀྱགས་སྟེང་དུ་བསྡད་མ་ཐག ངེད་གཉིས་ཀྱིས་མངགས་པའི་ཟ་མ་འཁྱེར་སླེབས་སོང་། ཚེ་སྐྱིད་ཅུང་ཟད་ཡིད་མ་ཆེས་པར་”འདི་ཐུག་པ་རེད་དམ་”ཞེས་བཤད་ཅིང་ངའི་གདོང་ལ་ཅེར།
ཚེ་སྐྱིད་ལ་ཁག་མི་འདུག་སྟེ་ཐུག་པ་ཟེར་བ་ནི་འདི་ལྟ་བུའི་ཆུ་ཁོལ་གྱི་ཁང་དུ་ཕྱེ་བརྡལ་མ་འགའ་བླུགས་པ་ཞིག་ག་ལ་ཡིན། ཐ་ན་སྔོ་ཚལ་ཙམ་ཡང་མི་འདུག ཡིན་ཡང་།
ངས་”ས་མཐར་སླེབས་པ་ནི་ཡུལ་འདྲ་ཞིག་མིན་པས། གཙོ་བོ་རང་གིས་སྡུག་འཆག་དགོས”་ཟེར་བའི་ཨ་ཕའི་ལུང་བསྟན་འདྲ་བའི་སྐད་ཆ་དེ་ཡིད་ལ་དྲན་བཞིན། ཐུག་པ་ཡིན་ཟེར་བ་དེ་ཨུ་ཚུགས་ཀྱིས་ཧུབ་གང་འཐུང་ཏེ། ཚེ་སྐྱིད་ལ་སེམས་གསོས་ཚུལ་དུ།
” འཐུང་ར། ཞིམ་གི” ཞེས་བཤད་པ་ཡིན།
ཚེ་སྐྱིད་ལྕགས་ཕོར་དེར་ཅེར་ཅེར་རྗེས། ”ངས་ཕ་ཡུལ་དྲན་གི་ཟེར”། སྐབས་དེར་མོའི་མིག་མཐའ་མཆུ་མའི་གང་འདུག་ཀྱང་ངས་ཅི་ཞིག་བཤད་དགོས་མིན་མ་ཤེས་པར། ཚེ་སྐྱིད་འཁྲིད་ནས་ཤ་སློབ་གྲྭའི་ཟ་ཁང་དེ་ནས་ཕྱི་རོལ་དུ་བུད་པ་ཡིན། སྒོ་ཁ་ནས་ངེད་གཉིས་ཀྱི་དགེ་རྒན་ཡིན་ཟེར་བ་ཞིག་དང་འཕྲད་སོང་། ཁོ་ནི་ཚི་ལེན་དཀར་བོ་གོང་བ་ཅན་ཞིག་གྱོན་ཞིང་།གཟུགས་པོ་ཐུང་ལ་རྒྱགས་པ་ཞིག་པ་རེད། ཨོ་མ་རེད། ཁོ་ནི་ཁོག་སྨད་ཐུང་ལ་ཁོག་སྟོད་ཆེ་བ་ཞིང་། སྐད་ཆ་བཤད་དུས་ཁའི་འགྲམ་གྱི་ཁ་སྤུ་དག་མངོན་གསལ་དུ་འགུལ་བ་ཞིག་རེད།ཁོས་ངེད་གཉིས་འཛིན་ཁང་ཞིག་ཏུ་འཁྲིད་ཅིང་འདི་ཁྱོད་གཉིས་ཀྱི་འཛིན་ཁང་ཡིན་ཟེར། དེ་གར་སློབ་མ་བཞི་བཅུ་ལྷག་འཚངས་ཁ་བརྒྱབ་ནས་བཙོག་འདུག ངེད་གཉིས་གནས་སྐབས་སུ་བཙོག་ས་མི་འདུག་པས་ལྟག་རྒྱབ་ཀྱི་གྱང་ལ་ཁེན་ནས་བསྡད་པ་ཡིན།
”ཁྱོད་ཀྱིས་ཨེ་རིག་ཐལ”།
”ཅི་ཞིག”
”སྒོ་བྱང་།”
”མ་རིག་ཐལ། ཅི་ཞིག་བྲིས་འདུག”
”གོ་སྐབས་འཛིན་གྲྭ་ཞེས་བྲིས་འདུག”
”འདི་ནས་ངེད་གཉིས་ལ་གོ་སྐབས་ཅི་ཞིག་སྟེར་རྒྱུ་ཡིན་ནས་ན”།
”ད་གའི་གི་ཐུག་པ་དེ་ལྟ་བུའི་གོ་སྐབས་ཞིག་སྟེར་ན་ཐང་གི”
ངས་ཚེ་སྐྱིད་ཀྱི་སྐད་ཆ་དེའི་དོན་མ་གོ་བར་འདང་ཞིག་བརྒྱབ་ནས་བསྡད་པ་ཡིན།
”དཔལ་ལྡན་རྒྱལ”། དགེ་རྒན་དེས་ངའི་མིང་ནས་བོས་སོང་། ངས་དགེ་རྒན་འདིའི་ངའི་མིང་ཇི་ལྟར་ཤེས་བ་ཡིན་ནམ་སྙམ་ནས་དགེ་རྒན་གྱི་ཉེ་རུ་བཅར་བ་ཡིན།
”འདི་ཁྱོད་གཉིས་ཀྱི་བོད་ཡིག་སློབ་དེབ་ཡིན”། ངས་རྙིང་ཧྲུལ་དུ་གྱུར་བའི་སློབ་དེབ་གཉིས་འཁྱེར་ཡོང་ནས། གཅིག་ཚེ་སྐྱིད་ཀྱི་ལག་ལ་བཞག་ཅིང་རང་ཉིད་ཀྱི་དེའི་ཁ་ཕྱེ་བ་ཡིན། ‘ཀ་ཁ་ག་ང་།་་་་་ང་ཡིད་མ་ཆེས་པར་ཡང་བསྐྱར་སློབ་དེབ་དེར་གསལ་བོ་ཞིག་བལྟས་པ་ཡིན། སློབ་དེབ་འདི་ནི་ལོ་རིམ་དང་བོའི་སློབ་དེབ་རེད། འདི་ངས་ལོ་དྲུག་གི་སྟེང་ནས་སྦྱངས་ཟིན། ཚེ་སྐྱིད་ངེད་གཉིས་ཀྱིས་མགྲིན་གཅིག་གིས་དགེ་རྒན་ལ་དེ་ལྟར་ཡིད་མ་ཆེས་བས་སྐད་གདངས་ཀྱིས་བཤད་ཀྱང་། དགེ་རྒན་གྱིས་ཅི་སྙམ་པའི་ངང་”འདི་ཁྱོད་གཉིས་ཀྱི་གོ་སྐབས་རེད་ཟེར”།
ཁྱོད་ལ་མཆན་རྒྱག་མཁན་གཅིག་ཀྱང་བྱུང་མི་འདུག ཕར་ཆེར་ཀློག་པ་བོ་ཡང་ང་དང་ཁྱེད་་་དེ་མིན་ཁག་པོ་རེད། སྤྱིར་ཡིན་ན། ཁྱོད་འདི། འབྲི་སྟངས་ལོབས་བསྡད་པ་ཞིག་རེད་དེ། བྲིས་རྩོམ་ནང་དུ་ཁ་སྐད་དང་ལོག་སྐད་བསྲེས་པ་མང་དྲགས་ནས་ཉིད་ཀྱི་ཕ་ཡུལ་གཅིག་པ་ཞིག་མིན་ན། ཕལ་ཆེར་གོ་ཁག་པའི་ཚད་ལ་བསྐྱལ་འདུག རྗེས་སོར་འདི་བཞིན་བྲིས་ན་རིན་ཐང་གང་ཡང་ཡོད་པ་མ་རེད། གསལ་འདེབས་ཡིན།
༼བྲིས་རྩོམ་ནང་དུ་ཁ་སྐད་དང་ལོག་སྐད་བསྲེས་པ་མང་དྲགས་ནས་ཉིད་ཀྱི་ཕ་ཡུལ་གཅིག་པ་ཞིག་མིན་ན།༽ པད་མ་དཀར་པོ་ལགས།
ཁ་སྐད་དང་ལོག་སྐད་ལ་བྱང་ཆུབ་པ་ན། ད་གཟོད་ཁྱོད་པད་མ་ཁ་མདོག་སྔོ་སྐྱ། བློ་སྐྱ། སེར་སྐྱ། ལྗང་སྐྱ་སོགས། མ་མཐའ་ཡང་ཁ་མདོག་གཉིས་ལྡན་གྱི་པད་མ་དཀར་རྐྱང་ལས་དྲགས་པ་ཞིག་ལ་འགྱུར་བའི་རེ་བ་ཡོད། དེ་མིན། ཁྱེད་རང་ཁ་སྐད་དང་ལོག་སྐད་མི་གོ་བའི་སྐལ་ཆད་ཞིག་ཡིན་པ་ཤེས་བར་ཤོག། གཞན་པ་ཚོ་ཡང་དེ་ལྟར་རེད།
བྲིས་ཚིག་ལ་སྒྲ་ནོར་དང་དོན་ནོར་ཡོད་ཀི་འདོད་ན། མིང་དང་ཚིག་དག་ལོག་ཏུ་བཀར་དང་། གཅིག་གིས་གཅིག་ལ་ཡར་རྒྱས་དང་ཞུ་དག་གཏོང་ཆོག་གི་རེད། དེ་མིན། བོད་སྐད་ལ་མཐོང་ཆུང་མ་བྱེད། གོ་ཨེ་བྱུང་ཨ་ཕོ་ལགས།
པདྨ་དཀར་བོ་ཟེར་བ་ཁྱོས་དེ་ལྟར་འདོད་ན། ང་ནི་དགོད་རྒྱུ་ཞིག་ཡོང་མོད། དེ་ཡིས་ཅི་ཕན། དེ་ལས་ཉིད་བརྩམས་སྒྲུང་རིག་པའི་གཞུང་ལུགས་ལ་སྦྱོང་། དེ་མི་ནུས་ན་རྒྱུན་ཤེས་ཙམ་ཨེ་ཤེས་བར་འབད། དེ་ནས་ངེད་གཉིས་ལ་སྐད་ཆ་རེ་ཡོད་ན་མ་གཏོགས། དེ་མིན་་་ཧུཧུ།